ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།
-གཉན། 《བོད》
༤》
ད་རེས་ས་ཁུལ་སོ་སོ་ནས་རྒྱ་བོད་མི་སེར་བར་ལ་བྱུང་བའི་འགལ་བ་དེ་ནི་ཐད་ཀར་དམར་བོའི་གཞུང་ཕྱོགས་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། གཞུང་ཕྱོགས་ཀྱིས”དོན་དག་རྙིང་བ”ཐག་གཅོད་མ་བྱས་པར་ཕྱིར་འགྱིང་བཏང་བའི་མཇུག་འབྲས་དེས་བོད་སྤྱིའི་སྤྱི་ཚོགས་བརྟན་བརླིང་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་བསྐྲུན་ཡོད་པ་མ་ཟད།ཕྱོགས་གཉི་གའི་མི་མང་གི་ཚེ་སྲོག་རིན་པོ་ཆེར་ བསམ་ཡུལ་འདས་པའི་གོད་ཆག་ཆེན་པོ་ཐེབས་ཤིང༌།གཞུང་ཕྱོགས་ཀྱིས་ནམ་ནམ་ཞར་ཞར་ལ་ཁ་འབོད་བྱེད་ཀྱིན་ཡོད་པའི་མི་རིགས་མཐུན་སྒྲིལ་ཟེར་བ་དེའང་ད་ལྟ་ཁྱོད་ཤི་ང་གསོན་གྱི་མཚམས་སུ་གཏུགས་ཚར་བ་རང་རེད།མི་རིགས་ཆེན་པོའི་མི་རྣམས་ཀྱི་ཚེ་སྲོག་ལ་ཚེ་སྲོག་གི་རྩིས་ཐང་སྟེར་བ་དང༌། གཞན་པའི་ཚེ་སྲོག་དང་ཁེ་དབང་ཡོད་ཚད་ཀྱི་རྩིས་ཐང་རྡོག་འོག་ཏུ་གནོན་ཅི་ཐུབ་བྱེད་པའི་དམར་ཤོག་པའི་ཀུན་སྤྱོད་ལྟ་བ་དེ་ལ་ནམ་ཡང་རྒོལ་བ་རྩོམ་རྒྱུ་ཡིན་པ་མ་ཟད།སྡུག་གི་མཆི་མ་ཁོག་ཏུ་མིད་ནས་བསྡད་ཡོད་པའི་མི་རིགས་ཤིག་གི་ཡུལ་མི་སྤུན་ཟླ་རྣམས་ལ་དྲག་གནོན་དྲག་རྡུང་དྲག་གསོད་ཧ་ལས་པ་བྱས་པ་དེ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ཅིང༌། གཉོམ་ཆུང་གི་སྐེ་རྩ་བསྒག་རྒྱུ་ སྲོལ་རྒྱུན་དུ་ཆགས་ཚར་བའི་སྤྱི་ཚོགས་འདི་ནི་ནམ་ཡང་སྐྲག་དངངས་འཇིགས་གསུམ་གྱིས་ཁེངས་ཡོད་པ་ཞིག་ཡིན་ནའང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་སོགས་ལ་སྐོམ་པ་ཆུ་འདོད་ལྟར་བརྩོན་ལེན་བྱས་ནས་ཤི་བོའི་རྗེས་ཀྱི་གསོན་པོ་བག་མ་འཁུམས་པ་ཞིག་ཨེ་ཡོང་གི་ཀུན་སློང་དང༌། སྐྱིད་སྡུག་མཉམ་ཁུར་བྱེད་པའི་འུ་ཅག་གི་སྤུན་ཟླ་ཕོ་མོ་དེ་ཚོར་དམྱལ་བ་ངོས་སྟོན་བྱས་པའི་ན་ཚ་སེམས་ལ་བཅངས་ནས་རང་རང་ས་ནས་མིག་མདུན་གྱི་ལས་ཀ་ཐ་དག་ལ་ནན་གྱིས་འཇུག་རྒྱུ་དེ་འུ་ཅག་གི་ཕྲག་ཏུ་བབས་པའི་འོས་འགན་གཡོལ་ཐབས་མེད་པ་ཞིག་གོ
༥
ལྷ་ས་གྲོང་ཁྱེར་ནས་བཟུང་ཁམས་དང་ཨ་མདོའི་འབྲོག་པའི་བར་དུ་གསོད་རྡུང་ཕུན་སུམ་ ཚོགས་པ་བྱས་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།གངས་རིའི་ཞིང་གི་ཡུལ་མི་སྤུན་ཟླ་རྣམས་ཀྱི་སྡུག་གི་མཆུ་ཏོ་བསུམས་ནས་བདེན་པའི་སྐད་ཆ་ཚིག་གཅིག་ཀྱང་གོ་ལའི་ཁྱོན་ལ་བསྐུར་མི་ཆོག་པ་རེད།འུ་ཅག་གི་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་བླ་མ་དང་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམས། མིང་གི་ལྷག་མར་གྱུར་བའི་བོད་ཀྱི་གནས་སོ་སོར་བསྐོ་བཞག་གནང་བའི་མགོ་ཁྲིད་དང་བོད་རིག་པར་ཞིབ་ འཇུག་བྱེད་པའི་ལས་དོན་རླབས་པོ་ཆེ་སོགས་ཕྲག་སྟེང་དུ་འཁུར་བའི་ཆེན་པོ་རྒྱག་པོ་ལྷན་རྒྱས་ ཀྱིས་ཀྱང་ད་ཐེངས་བོད་མི་རིགས་ཀྱི་མགྲིན་ཚབ་བྱས་ནས་བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་སྟེང་དུ་དཀར་ནག་དབྱེ་འབྱེད་དང༌།བདེན་པའི་དཔང་འདུག་བྱས་ནས་ཡུལ་མི་སྤུན་ཟླ་རྣམས་ཀྱི་རྨ་ཐོག་ཏུ་ཚ་བཏབ་པར་བཀའ་དྲིན་ཞུ་འོས་པ་དང༌། དུས་མཚུངས་སུ་ཞིན་ཧྭ་གསར་འགྱུར་ཁང་ གི་དྲ་ཚིགས་བརྒྱུད་ནས་ད་ལྟ་ཕྱིར་དྲན་རགས་ཙམ་ཡང་བྱེད་པའི་དགོས་པ་འདུག་སྙམ་མོ།
ཟླ༣པའི་ཚེས༢༡ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་བསང་ཆུ་རྫོང་དུ་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་མཐོ་རིམ་སློབ་གླིང་གི་སློབ་གཙོ།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་བཞད་པས་གསུངས་བཤད་དུ་བསྟན་དོན། “ང་ཚོས་ཐེངས་འདིའི་གཏོར་བཤིག་བྱ་འགུལ་ནི་ཏཱ་ལིའི་ཚོགས་ཁག་གིས་ངན་ཇུས་མཐའ་གཅིག་ཏུ་བྱས་པར་སྒོ་ཀུན་ནས་ཤེས།དོན་དངོས་ཀྱིས་མི་རིགས་དང་ཆོས་ལུགས་ནི་ཁོ་ཚོའི་མི་ལ་མགོ་སྐོར་གཏོང་བྱེད་ཀྱི་དར་ཆ་ཡིན་པ་དང༌། བོད་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་གཏོར་བརླག་བྱེད་པ་དང༌། བོད་ཁུལ་གྱི་དགོན་པ་སོ་སོའི་སྒྲིག་ལམ་གཏོར་བཤིག་བྱེད་པ་ནི་ད་གཟོད་ཁོང་ཚོའི་དམིགས་ཡུལ་ངོ་མ་ཡིན་པ་ར་སྤྲོད་བྱུང༌།” (2008-3-22ཉིན་གྱི་ཞིན་ཧྭ་དྲ་ཚིགས་ལས་དྲངས)
2རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཚེས༢༣ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་ འགོད་པ་གདན་འདྲེན་ཞུས་ཏེ་ཉེ་ཆར་ལྷ་སར་བུད་པའི་དོན་རྐྱེན་ལ་དམིགས་ནས་གསུངས་བཤད་སྤེལ་ཡོད། ཁོང་གིས་བསྟན་དོན།”འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་བྱེད་ཐབས་སྤྱད་ནས་དུས་ཐོག་ཏུ་འོས་འཚམ་གྱིས་ཐག་གཅོད་བྱས་པ་དེ་དགོས་ངེས་ཤིག་རེད་གསུངས།” (2008-3-23ཉིན་ཤིན་ཧྭ་གསར་འགྱུར་ཁང་ནས)
3ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་བའི་སྤྱི་ཁྱབ་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ཀྱིས་བསྟན་དོན། “ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་གྱི་དོན་རྐྱེན་བུད་རྗེས། སྲིད་གཞུང་གིས་དེ་མ་ཐག་ཏུ་བྱེད་ཐབས་བླངས་ནས་གནས་ཚུལ་ཚོད་འཛིན་བྱས་ཡོད་པ་ནི་དངོས་གནས་ཡང་དག་པ་ཞིག་རེད།” (2008.3.24ཉིན་གྱི་ཤིན་ཧྭ་གསར་འགྱུར་དྲ་ཚིགས་ལས་དྲངས)
④བོད་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང༌། ཞིབ་འཇུག་པ། མིང་དུ་གྲགས་པའི་བོད་རིག་པ་མཁས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེས་བཤད་དོན།
“ཉེ་ལམ་པེ་ཅིན་ནས་ལྷ་སར་ཐོན་མ་ཐག་ཡིན་ལ། སྲང་ལམ་ནས་ཁྲིམས་འགལ་བས་བཅག་པ་དང་མེར་བསྲེགས་ཚར་བའི་ཚོང་ཁང་དང་རླངས་འཁོར།སྤྱི་སྤྱོད་སྒྲིག་ཆས་རིག་དུས། ཡིད་ལ་བརྗོད་དཀའ་བའི་ཁོང་ཁྲོ་ལངས་བྱུང་ཟེར།”
(ཤིན་ཧྭ་གསར་འགྱུར་ཁང་དུ་ལྷ་ས་ནས་ཟླ3པའི་ཚེས26ཉིན་འབྱོར་བའི་གློག་འཕྲིན་ལས་དྲངས།)
1ཟླ༣པའི་ཚེས༢༡ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་བསང་ཆུ་རྫོང་དུ་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་མཐོ་རིམ་སློབ་གླིང་གི་སློབ་གཙོ།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་བཞད་པས་གསུངས་བཤད་དུ་བསྟན་དོན། “ང་ཚོས་ཐེངས་འདིའི་གཏོར་བཤིག་བྱ་འགུལ་ནི་ཏཱ་ལིའི་ཚོགས་ཁག་གིས་ངན་ཇུས་མཐའ་གཅིག་ཏུ་བྱས་པར་སྒོ་ཀུན་ནས་ཤེས།དོན་དངོས་ཀྱིས་མི་རིགས་དང་ཆོས་ལུགས་ནི་ཁོ་ཚོའི་མི་ལ་མགོ་སྐོར་གཏོང་བྱེད་ཀྱི་དར་ཆ་ཡིན་པ་དང༌། བོད་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་གཏོར་བརླག་བྱེད་པ་དང༌། བོད་ཁུལ་གྱི་དགོན་པ་སོ་སོའི་སྒྲིག་ལམ་གཏོར་བཤིག་བྱེད་པ་ནི་ད་གཟོད་ཁོང་ཚོའི་དམིགས་ཡུལ་ངོ་མ་ཡིན་པ་ར་སྤྲོད་བྱུང༌།” (2008-3-22ཉིན་གྱི་ཞིན་ཧྭ་དྲ་ཚིགས་ལས་དྲངས)
2རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཚེས༢༣ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་ འགོད་པ་གདན་འདྲེན་ཞུས་ཏེ་ཉེ་ཆར་ལྷ་སར་བུད་པའི་དོན་རྐྱེན་ལ་དམིགས་ནས་གསུངས་བཤད་སྤེལ་ཡོད། ཁོང་གིས་བསྟན་དོན།”འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་བྱེད་ཐབས་སྤྱད་ནས་དུས་ཐོག་ཏུ་འོས་འཚམ་གྱིས་ཐག་གཅོད་བྱས་པ་དེ་དགོས་ངེས་ཤིག་རེད་གསུངས།” (2008-3-23ཉིན་ཤིན་ཧྭ་གསར་འགྱུར་ཁང་ནས)
3ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་བའི་སྤྱི་ཁྱབ་ལས་སྒྲུབ་པ་ལྷག་པ་ཕུན་ཚོགས་ཀྱིས་བསྟན་དོན། “ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་གྱི་དོན་རྐྱེན་བུད་རྗེས། སྲིད་གཞུང་གིས་དེ་མ་ཐག་ཏུ་བྱེད་ཐབས་བླངས་ནས་གནས་ཚུལ་ཚོད་འཛིན་བྱས་ཡོད་པ་ནི་དངོས་གནས་ཡང་དག་པ་ཞིག་རེད།” (2008.3.24ཉིན་གྱི་ཤིན་ཧྭ་གསར་འགྱུར་དྲ་ཚིགས་ལས་དྲངས)
④བོད་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང༌། ཞིབ་འཇུག་པ། མིང་དུ་གྲགས་པའི་བོད་རིག་པ་མཁས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེས་བཤད་དོན།
“ཉེ་ལམ་པེ་ཅིན་ནས་ལྷ་སར་ཐོན་མ་ཐག་ཡིན་ལ། སྲང་ལམ་ནས་ཁྲིམས་འགལ་བས་བཅག་པ་དང་མེར་བསྲེགས་ཚར་བའི་ཚོང་ཁང་དང་རླངས་འཁོར།སྤྱི་སྤྱོད་སྒྲིག་ཆས་རིག་དུས། ཡིད་ལ་བརྗོད་དཀའ་བའི་ཁོང་ཁྲོ་ལངས་བྱུང་ཟེར།”
(ཤིན་ཧྭ་གསར་འགྱུར་ཁང་དུ་ལྷ་ས་ནས་ཟླ3པའི་ཚེས26ཉིན་འབྱོར་བའི་གློག་འཕྲིན་ལས་དྲངས།)གོང་གསལ་གཏམ་བཤད་དང་རྩོམ་ཡིག་ཐུང་ཐུང་རྣམས་ལ་ཕྱིར་དྲན་བྱས་ཚར་དུས་ཡོད་ཚད་ཧ་གོ་མི་ཡོང་ངམ།གཏམ་བཤད་དང་རྩོམ་ཡིག་ཐུང་ཐུང་དེ་དག་ནི་ད་གཟོད་ཡང་དག་པའི་ལག་ ཆ་ཡིན་གི་ཡོད་པ་རེད། དེ་དག་གིས་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། དེ་དག་གིས་བོད་མི་རིགས་ཀྱི་ཚབ་བྱས་ནས་བརྙན་འཕྲིན་ཚགས་པར་སོགས་སུ”ཡང་དག་པའི་ལྟ་ཚུལ”བཏོན་ཡོད་པ་རེད། དེ་དག་གིས་དོན་དངོས་སུ་འུ་ཅག་གི་ཡུལ་མི་སྤུན་ཟླ་རྣམས་ཀྱི་སེམས་ཀྱི་སྒྲ་དབྱངས་མཚོན་པའི་སྐད་ཆ་མང་པོ”ཁོང་ཁྲོ་ལངས”ནས་བཤད་ཡོད་པ་རེད། ཕྲ་ས་གཉོམ་ས། དཀའ་ས་སྡུག་སར་གཏུགས་དུས། ཡུལ་མི་སྤུན་ཟླ་རྣམས་ཀྱི་གཅེས་པའི་སྲོག་དང་སྐྱིད་སྡུག་ལ་ འབྲེལ་བ་ཡོད་པའི་གཏམ་བདེན་པ་སྨྲ་མཁན་ཉིན་མོའི་སྐར་མ་བཞིན་དུ་དཀོན་ན་ཡང་འུ་ཅག་གི་འགོ་བ་དང་དཔོན་པོ་དང༌།བླ་མ་སྤྲུལ་སྐུ། བོད་རིག་པའི་མཁས་པ་རྣམས་ཀྱིས་ད་གཟོད”གཏམ་བདེན་པ་ཡོ་འཁྱོག་མེད་པ”གསུངས་ཡོད་པ་རེད།
ངས་དེ་དག་གི་གཏམ་བཤད་ལ་ཉན་གྱིན་ཉན་གྱིན་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་གཅེས་ ཆོས་གཅེས་ཀྱི་མཚན་སྙན་གནང་སའི་པཎ་ཆེན་སྐུ་ཕྲེང་བཅུ་བ་དྲན་འོངས། པཎ་ཆེན་སྣང་བ་ མཐའ་ཡས་ཚང་གི་སྐད་ཆ་དུམ་བུ་ཞིག་དྲན་འོངས། ཁོང་གིས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་ བའི་སྙན་ཞུ《ཡིག་འབྲུ་ཁྲི་བདུན་མའི》མཇུག་བྱང་དུ”ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད”ཅེས་གསུངས་ཡོད་པ་དང༌། ཡང་ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་མ་བྱས་གོང་དུ་བོད་ཀྱི་བླ་སྤྲུལ་ཆེ་ཁག་སྐོར་ཞིག་པེ་ཅིན་དུ་བསྡུས་ནས་བསམ་འཆར་བསྡུ་ལེན་བྱེད་དུས།རང་གི་ཁེ་དབང་དང་ལྟ་ཚུལ་གྱི་ཆེད་དུ་ཀྲུང་ དབྱང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སྔུན་ནས་ལག་པ་འགྱོགས་མཁན་གྱི་ཨ་ལགས་གུང་ཐང་ ཚང་དང༌།མི་ལོ་བཅོ་བརྒྱད་ལ་བཙོན་འཇུག་བྱས་ཤིང་དཀའ་ལས་ཁག་པོ་རྒྱག་མྱོང་བའི་འབའ་བ་ཕུན་ཚོགས་དབང་རྒྱལ། རང་གི་མཐོན་པོའི་མགོ་བོ་གཞན་གྱི་རྐང་འོག་ཏུ་སྒུར་མ་མྱོང་བའི་རུས་པ་སྲ་མཁྲེགས་པོ་ཅན་གྱི་ཡི་དམ་ཚེ་རིང་སོགས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་ཨ་མའི་བུ་རྣམས་དྲན་འོངས་པ་དང༌། ཁོང་རྣམ་པ་ཚོ་དགའ་ས་ནི་རང་གི་རྐང་འོག་གི་ས་གཞི་འདི་ཡིན་གི་ཡོད་པ་རེད།ཁོང་རྣམ་པ་ཚོ་ནི་རང་ཡུལ་གད་པ་ཡིན་རུང་དགའ་ས་དུངས་ས་ཡིན་གི་ཡོད་པ་རེད། ཁོང་རྣམ་པ་ཚོ་དགའ་ས་ནི་རང་གི་སྐད་དང་ཡི་གེ་སྙིང་ཉེ་བ་དེ་ཡིན་གི་ཡོད་པ་རེད། དེ་རིང་ཁ་སང་རྒྱུ་དང་དབང་གྲགས་ཀྱི་སྔ་སོར་ཡ་ཡ་ལགས་ལགས་ཞུ་བའི་བླ་ཆེན་དཔོན་ཆེན་མཁས་ཆེན་དག་གི”ཡང་དག་པའི་གཏམ་དང་ཡང་དག་པའི་ལྟ་ཚུལ”རྣམས་ནི་བལྟ་ཉན་མེད་པ་ཞིག་མ་རེད་ཨང༌། “ཕ་བསད་པའི་ཁར་རྒྱ་རྔ་རྡུང་མཁན”དེ་ཚོ་བུ་རབས་ཚ་རྒྱུད་ཚོས་མ་བརྗེད་ན་འགྲིག་གི་རེད།འུ་ཅག་གི་སྣང་བརྙན་རྫོད་མཁན་གྱི་མི་རྣམས་ནི་ལོ་རྒྱུས་ཀྱི་ཉེས་ཅན་ལ་བརྩིས་ན་འགྲིག་གི་རེད། ཟ་བརྒྱགས་ལྟོ་བརྒྱགས་ལ་སོང་བའི”ལག་ཆ”དེ་ཚོས”གཏོར་བཤིག་བྱེད་པ་ནི་ད་གཟོད་ཁོང་ཚོའི་དམིགས་ཡུལ་ངོ་མ་རེད”ཅེས་གླེང་འགེལ་བ་དང༌། ཡང”དུས་ཐོག་ཏུ་འོས་འཚམ་གྱིས་ཐག་གཅོད་བྱས་པ་དེ་དགོས་ངེས་ཤིག་རེད”ཅེས་བཤད་ཡོད་པ་རེད། ཅི་ཞིག་ལ”དགོས་ཤིག་རེད”ཟེར་གི་ཡོད་པ་ཡིན་ནམ། སེར་སྐྱ་ཕོ་མོ་ཚོའི་ཚེ་སྲོག་ཤོར་སོང་བ་དེ་དགོས་ངེས་ཤིག་རེད་ཟེར་བ་ཡིན་ནམ། ཡང་ན་དྲག་རྡུང་དྲག་གསོད་བྱས་པ་དེ་དགོས་ངེས་ཤིག་རེད་ ཟེར་བ་ཡིན།ཞིབ་འཇུག་པ་ན་རེ། “དེ་མ་ཐག་ཏུ་བྱེད་ཐབས་བླངས་ནས་གནས་ཚུལ་ཚོད་འཛིན་བྱས་ཡོད་པ་ནི་དངོས་གནས་ཡང་དག་པ་ཞིག་རེད”ཟེར། དེ་མ་ཐག་ཏུ་ཅི་ཞིག་གི”བྱེད་ཐབས་བླངས་པ”ཁྱོད་ཀྱིས་དངོས་སུ་ཨེ་རིག་ཐལ། དམག་ཁྲེ་དང་(འདི་ཕྱོཊ་ནས་དམགི་རླངས་འཁོར་ལ་གོ)མེ་མདའ་མང་པོ་ཁྱེར་ཡོང་བ་དེ་ལ་ཟེར་བ་ཡིན་ནམ། ཡང་ན་སེར་སྐྱ་མང་པོའི་ཐོག་ལ་བོའུ་ཁ་བསྐོར་བ་དེ”ཡང་དག་པ་ཞིག་རེད”ཟེར་བ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་མཚན་ཉིད་རིག་པ་བ་ད་རེས”ཁོང་ཁྲོ་ལངས”ཐུབ་ཡོད་ས་རེད། ཚོང་ཁང་ཁ་ཤས་མེར་བསྒྲོན་པ་དེས”ཡིད་ལ་བརྗོད་མི་ཤེས་པའི་ཁོང་ཁྲོ་ལངས”ཐུབ་པ་དང༌། སྤུན་ཟླ་མང་པོར་དྲག་པོའི་དཔུང་གིས་འཇིགས་སྐུལ་བཟོས་པ་དེ་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཕོད་པ་ནི་ཁོག་རྒྱ་ཆེན་པོ་ཡོད་པ་མ་ཡིན་ནམ། “ཕྱི་སྡུག་ནང་ལ་བསྐོར”མཁན་གྱི་ཚོང་བ་དག་གིས་ཨ་མ་ལགས་ལ་བླ་བཙག་དཔྱི་རྡུང་བྱས་པ་འདི་ནི་ཅི་འདྲའི་ཡ་རེ་ང་བ་ལ། “ནང་བླ་ཕྱི་ལ་བཙོང”མཁན་གྱི་ཧུར་བརྩོན་པ་དག་ལ་རང་གི་རྐུབ་སྟེགས་ལས་ལྷག་པའི་གཅེས་ནོར་ཞིག་མེད་པ་དེ་ཅི་འདྲའི་ཡིད་རེ་ཕམ་པ་ལ། ད་ལྟའི་དུས་ནས་བཟུང”བར་ཁེ་རང་ལུགས་པ”དེ་ཚོའི་གདོང་འབག་ཀྱང་བཤུ་རན་མ་ཡིན་ནམ། མཐར་གཏུགས་ན་ངས་བཤད་བསམ་པ་ནི་སྐད་ཆ་རྡོག་གཅིག་ཡིན་ཏེ་མི་རིགས་ཤིག་གི་རྣམ་ཤེས་ནི་མི་རེ་རེའི་རྣམ་ཤེས་དང་འབྲེལ་བ་དམ་པོ་ཡོད་ཟེར་བ་ཡིན།
(མུ་འགོད)