སྐྱོ་བྲག་དགའ་དབང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་མཚན་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། འདས་ལོར་བོད་མི་མང་པོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་རིགས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་ཆེད། བོད་རྒྱལ་ལོ་ ༢༡༤༠ ལོའི་ལོ་གསར་སྐབས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ལས། སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་མི་གནང་བའི་འབོད་སྐུལ་ཞུས་ཡོད།
སྲོལ་རྒྱུན་གྱི་ལོ་གསར་བྱེད་སྒོ་ནི་སྤྲོ་སྐྱིད་ཀྱི་རིགས་ཡིན་ཕྱིར་དོན་གྱིས་ལོ་སར་མེད་པ་རེད། ལོ་སར་ནི་བོད་མི་རིགས་ཀྱི་ཡབ་མེས་ནས་བརྒྱུད་པ། ཆོས་དང་འཇིག་རྟེན་གཉིས་ཀའི་ཁྱད་ཡོན་ཚང་ཞིང་ཡར་མཆོད་མར་སྦྱིན་གྱི་བཟང་སྤྱོད་ལྡན་པ། རྟེན་འབྲེལ་ལེགས་སྒྲིག་གི་སྲོལ་རྒྱུན་རིག་གཞུང་། སྤྲོ་སྐྱིད་རྣམ་པའི་མཛད་སྒོ་གལ་ཆེན་ཞིག་ཡིན། ཤིག་ལ་ངན་བྱས། སློག་པ་མེ་ལ་སྤར་བའི་དཔེ་བཞིན། ལོ་མང་རིང་ལོ་སར་མེད་པ་གནང་ན། མིག་ལྟོས་དང་ལག་ལེན་གྱིས་ཤེས་དགོས་པའི་སྲོལ་རྒྱུན་རིག་གཞུང་རྣམས་གཞོན་པོ་དང་ཁ་གཏན་བྲལ་དུ་གྱུར་ནས་སྲོལ་རྒྱུན་རིག་གཞུང་རང་ཉིད་ཀྱིས་མེད་པ་བྱེད་ཀྱི་ཡོད་ཅིང་། བོད་མི་རིགས་ཀྱི་ཁྱད་ཡོན་རིག་གཞུང་རྩ་མེད་གཏོང་བར་མ་བཟོད་ནས་ལུས་སྲོག་བློས་གཏོང་གནང་མཁན་ཚོ་ལའང་འགྱེལ་བའི་ཐོག་གི་རྡོག་བརྫིས་སུ་འགྱུར་ཉེན་ཆེ།
འཛམ་གླིང་སྤྱི་མཚུངས་བཞིན་བོད་མི་རིགས་ཁ་འཐོར་དུ་ཡོད་པ་རྣམས་མཉམ་འཛོམས་ཀྱི་དུས་སྐབས་ཡག་ཤོས་ལོ་སར་མེད་ན། དགའ་ཉེ་བློ་དཀར་ཚོའི་མཉམ་འགྲོགས་ཀྱི་སེམས་ཐག་ཉེ་བོ་ལ་ཤུགས་རྐྱེན་ཐེབས་ཏེ་ཆིག་བསྒྲིལ་གྱི་རྩ་བ་མེད་པར་བྱེད་ཀྱིན་ཡོད། སྲོལ་རྒྱུན་གྱི་ལོ་སར་སྤྲོ་སྐྱིད་དང་རྒྱས་སྤྲོས་ཀྱི་རྣམ་པས་རྩེད་རིགས་འཁྲབ་སྟོན་སོགས་མང་པོ་ཞིག་གསར་གཏོད་ཡོང་བ་ལའང་འགོག་རྐྱེན་བྱེད་ཅིང་། བོད་ནང་གི་བོད་མི་རྣམས་ཕྱོགས་གཉིས་ཀྱི་བྲག་དབར་དུ་ཚུད་ནས་ཆེས་ལྕི་བའི་དཀའ་ཚེགས་མང་པོ་ཞིག་འཕྲད་བཞིན་ཡོད་པ་ལ་བསམ་མནོ་གཏོང་དགོས་པའི་འགན་འཁྲི་ང་ཚོ་ལ་ཡང་ཡོད་པ་ཡིན།
རིག་པ་གསར་བ་ཞེ་པོ་ཞིག་རྙེད་ཡོད་བསམ་ནས་བྲིས་བ་འདི་བསམ་ན་ཡིད་སྐྱོ་འོ། རང་རའི་བློ་སེང་དང་ཁོང་གི་འཁོར་ཡུག་གི་མི་སྣ་ཆེ་ཕྲ་ཆུང་གསུམ་ལ་འདི་འདྲ་ཞིག་གི་དཀར་ནག་དབྱེ་སྡུར་བྱེད་པའི་བསམ་བློ་ཡང་མེད་ཀི་འདོད་ན། ཁྱོས་རང་མགོ་རང་རྐུབ་ནང་ལ་བཅུག་ཡ་མང་དྲག་པ་རེད།
དྲ་གྲོགས་ལྷན་རྒྱས་རྣམ་པར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་་ཞུ་བ་དང་ལོ་གསར་བ་ནང་དུ་སྐུ་ཁམས་བདེ་ཞིང་ཇི་བསམ་ཡིད་བཞིན་འགྲུབ་པའི་ཞོར་འོ་སྐོལ་བོད་ཀྱི་སྤྱི་དོན་ལ་བདེ་སྐྱིད་དང་རང་དབང་གི་ཉི་མ་ཤར་བར་སྨོན།
བོད་གཞི་ལུས་མི་མང་དང་བཙན་འབྱོར་བོད་མིའི་འཛམ་གླིང་གང་སར་གནས་པའི་བོད་མི་ཚང་མ་ལ། བཀྲ་ཤིས་བེད་ལེགས་བོད་ལོ་གསར་པ་འདིར་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟེན་ཅིང་། མཛད་འཕྲིན་སྔར་ལྷག་རྒྱས་པའི་སྨོན་མདུན་དང་ རྒྱ་མར་བཙན་རྒྱལ་རིང་ལུག་བོད་ནས་མཐར་འཕྲོད་ཐོག བོད་མདོ་དབུས་ཁམས་གསུམ་འཅམ་མཐུན་ཐོག་དུས་རབས་བདུན་པ་དང་བརྒྱད་སྐབས་ཀྱིས་མངའ་ཐང་དར་པའི་རྟེན་དྲེལ་ཞུ།
༄བཀྲ་ཤིས་རིན་ཆེན་མཆོག་གསུམ་རྒྱ་མཚོ་དང་།
།བཀྲ་ཤིས་དགེ་བའི་སྡོང་གྲོགས་སྒོ་གསུམ་བཏུད།
།བཀྲ་ཤིས་དབྱངས་རྟས་གྱེར་ནས་ཆུ་སྦྲུལ་གྱི།
།བཀྲ་ཤིས་ལོ་གསར་ངོམ་མེད་སྤྱོད་གྱུར་ཅིག
ཅེས་དྲྭ་གྲོགས་ཚང་མར་ལོ་གསར་བཀྲིས་བདེ་ལེགས་དང་
གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ།
རིགས་རུས་གཅིག་པའི་གཉེན་ཡིན་ཟེར། །
ཕ་མ་གཅིག་པའི་སྤུན་ཡིན་ཟེར། །
ལས་དང་ལ་རྒྱ་གཅིག་ཡིན་ཟེར། །
ང་ཚོ་ཚང་མ་གཅིག་ཡིན་ཟེར། །
སྐྱིད་ཀྱིས་རྟ་ཕོ་མཉམ་ཞོན་ཟེར། །
སྡུག་གིས་ཁུར་པོ་མཉམ་འཁུར་ཟེར། །
གདུང་སེམ་མཉམ་སྐྱེད་ཡོད་དོ་ཟེར། །
ཁྱེད་ཚོར་དམིགས་དཔེར་ལྟ་བཞིན་ཟེར། །
ཟེར་ཟེར་གཏམ་འདི་སྙན་སྙན་འདྲ། །
དོན་དངོས་ཁ་ཁོག་མི་མཚུངས་པའི། །
ཁྲེལ་མེད་རིགས་ཀྱིས་ལོ་གསར་འདིར། །
དབང་མེད་མིག་ཆུ་ཤོར་བྱེད་ཤིག །
ཁ་བ་ཅན་ལ་འདི་ལོའི་ལོ་གསར་མེད། །
ཁ་བ་ཅན་པའི་རོ་ཐོག་བྲོ་མི་འཁྲབ། །
ཁ་བ་ཅན་ལ་ངོ་ཚ་ཁྲེལ་གཞུང་ལྡན། །
ཁ་བ་ཅན་ནི་མི་ངན་ཁྱོད་འདྲ་མིན། །
ཁ་བ་ཅན་ལ་སྡུག་ཀྱི་མུན་པའི་བསྒྲིབས།།
ཁ་བ་ཅན་ལ་བདེ་སྐྱིད་ཉི་གཞོན་མེད། །
ཁ་བ་ཅན་པའི་ཚེ་སྲོག་མེ་ལ་ཤོར། །
ཁ་བ་ཅན་ཚོ་ལས་འབྲས་བག་ཡོད་གནང་། །
ཁ་བའི་ཉིན་མ་གཞན་ཡུལ་འཚོལ་དགོས་བྱུང་། །
ཁ་བའི་དུང་ཟླ་མུན་ནག་བཙོན་དུ་ཚུད། །
ཁ་བའི་སྐར་ཚོགས་སྤྲིན་པ་ནག་པོས་གཡོགས། །
ཁ་བས་ལོ་གསར་རོལ་ན་ཁྱི་རྒན་རེད། །
ཁ་བའི་ལོ་རྒྱུས་མ་གྲགས་གོད་ཆག་དང་། །
ཁ་བ་ཅན་གི་ལས་དབང་འདི་བསམ་ཚེ། །
ཁ་བར་ལོ་གསར་བསྐུལ་མཁན་མི་ངན་ལ། །
ཁ་བའི་བུ་ཆུང་སེམས་ཁོངས་མིག་ཆུས་ཁེངས། །
ཁ་བར་གནས་པའི་ཁ་བའི་དཔའ་རྒོད་ཚོས། །
ཁ་བའི་དགྲ་ལ་རྒོལ་ཕྱིར་ལོ་གསར་མེད། །
ཁ་བའི་རྒྱབ་ཏུ་གནས་པའི་ཁ་ནག་ཚོས། །
ཁ་བའི་བདེ་སྡུག་ཁ་ཟས་དོན་དུ་བོར། །
ཁ་བའི་བདེ་སྡུག་དགྲ་ལ་བཙོང་མཁན་དང་། །
ཁ་བ་བོད་རིགས་ཁྲེལ་མེད་ཀླད་སྟོང་ཁྱོད། །
ཁ་བའི་བེམ་རོ་བརྒྱ་ལྷག་ཁ་ཟས་སུ། །
ཁ་བ་མགོ་སྟོང་ཁྱོད་ཀྱིས་གང་འདོད་རོལ། །
ཁ་ཁོག་མི་གཅིག་ཁ་བ་མགོ་སྟོང་ཁྱོད། །
ཁ་བས་ལོ་གསར་སྤྲོལ་སྐྱིད་རོལ་འདོད་ན། །
ཁ་བས་ཟུང་ཁྲག་དྲོན་མོ་མཐུང་ཞོལ་དུ། །
ཁ་བ་འདས་པོ་དགྱེས་པའི་མཆོད་སྤྲིན་ཕུལ། །
ཁ་བས་བདེ་སྡུག་ཁ་ཡག་སྤྲོ་སྐྱིད་མིན། །
ཁ་བས་ལོ་གསར་རོ་ཐོག་བྲོ་བརྡུང་མིན། །
ཁ་བས་ལས་དབང་ཁ་ཡི་རྒྱན་ཆ་མིན། །
ཁ་བ་ཅན་ཚོ་ཁ་ཁོག་མཚུངས་གྱུར་ན། །
ཁ་བས་ལོ་གསར་རོལ་བས་ཉི་མ་ཞིག །
ཁ་བས་ལྗོངས་སུ་ཡོང་བ་ཆོས་ཉིད་ལ། །
ཁ་བས་བུ་ང་ཡིད་ཆེས་རི་ལས་བརྟན། །
ཁ་ཁོག་ཁ་ཁར་སོང་བས་ཁ་བའི་བུ། །
ཁ་བ་གངས་ཅན་པ་ཡིས་གད་སྙིགས་ལ། །
ཁ་བ་པ་ཚོས་ངོས་འཛིན་མ་གནང་ན། །
ཁ་བའི་ཕུག་མདུན་ཁོང་ཚོས་རླགས་པར་བྱེད། །
ཁ་བས་བདེ་སྡུག་ཁ་ནས་བཤད་བཤད་ནས། །
ཁ་ཡིག་མགོ་རྒྱན་ཅན་གྱི་ཁ་རྩོམ་ལ། །
ཁ་བཤད་ལས་ཀྱང་བདེ་བ་ཁ་རྩོམ་དག །
ཁ་བ་གངས་ཆུ་ལས་ཀྱང་ཤིན་ཏུ་མོད། །
ཁ་བས་བུ་ཆུང་འཇམ་དབྱངས་བྱང་སེམས་ང་། །
ཁ་བ་ཅན་གྱི་མི་བུ་ཡིན་པས་ན། །
ཁ་བས་ལས་དབང་གླེང་བར་འོས་བབ་ཡོད། །
ཁ་བས་བདེ་སྡུག་བཤད་པར་འགན་དབང་ཡོད། །
དེ་རིང་ཉིན་གོང་བྲིས་པས་ཁ་རྩོམ་འདི། །
ཁ་བ་ཅན་ཚོས་ཐུགས་ལ་ཕོག་སྲིད་ཡང་། །
མི་འགྱོད་ཁ་བས་བདེ་སྡུག་གླེང་བ་ཡིན། །
མི་འདོད་མཁན་དག་མི་མཐོང་ས་རུ་སོང་། །
ཁ་བ་ཅན་ལ་དུང་སེམས་ཆེ་དྲག་ནས། །
ཁ་ནས་གང་བྱུང་ཐལ་བས་ཉེས་ཚོགས་ཀུན། །
ཁ་བས་བུ་ཆུང་བདག་གི་བཟོད་གསོལ་དང་། །
ཁ་བས་གྲོགས་མཆོག་ཡོངས་ལ་འགྱོད་བཤགས་ཡོད། །
ཁ་བས་བུ་ང་ཁ་འདི་ངན་ངན་ནས། །
ཁ་བ་ཅན་ཚོས་ཐུགས་སེམས་དཀྲུགས་དོགས་ནས། །
ཁ་ཙམ་མིན་པར་འགྱོད་བཤགས་འབུལ་བ་འདི། །
ཁ་བ་ཅན་པའི་ཐུགས་ལ་འཛིན་པ་ཞུ། །
འདས་པའི་ལོ་རྒྱུས་གཅིག་པ། །ད་ལྟའི་ལས་དབང་གཅིག་པ། །མ་འོང་མངོན་འདོད་གཅིག་པ། །ཤ་རུས་གདུང་རྒྱུད་གཅིག་ལས་འཆེད་པའི་ཁ་བ་གངས་ཅན་པ་ཡོངས་རྫོགས་ལ་ངས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་པའི་ཁ་གཡང་གང་ཡང་མེད། གང་ཡོད་པ་དེ་ནི་ཁྱེད་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྲོལ་རྒྱུན་ལམ་ལུགས་སོགས་གང་ལ་ཁ་གཡར་ནས་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ལོ་གསར་རོལ་བ་ཡིན་ན་དེ་ནི་བསྟན་པ་ཆབ་སྲིད་ཀྱིས་དོན་དུ་སྐུ་སྲོག་ཤོར་བས་དཔའ་བོ་དཔའ་མོ་བརྒྱ་ལྷག་ཞིག་བྱུང་ཟིན་པ་དེ་ཚོས་ཤ་ཕྲག་དེ་དག་ཁྱེད་ཚོས་ཁ་ཟས་སུ་ལོངས་སྤྱོད་པ་ཞིག་ལ་ངོས་འཛིན་ངེས་ཡིན། །
ཁ་ཞེ་མཐུན་པའི་ནང་མི་བཅས་པ་བློས་བཏང་སྟེ། །
ཁ་བའི་དོན་དུ་མེ་ལ་འབར་བའི་སྤུན་ཟླ་ཚོར། །
ཁ་སྟབས་ཞེན་པའི་འདྲེ་ངས་སྙིང་ནས་རྗེས་དྲན་ཕྱིར། །
ཁ་ལ་ཆུ་ཙམ་མི་འཐུང་ལོ་གསར་ཚེས་གཅིག་ཉིན། །
ཁ་ལ་མ་ཎི་ཡོད་པ་འདྲ་འདྲ་ཡིན་ཞིང་། །
ཁ་ནས་ལས་འབྲས་གླེང་བ་འདྲ་མཚུངས་ཡིན་པའི། །
ཁ་བའི་བོད་པ་ང་ཚོ་གཅིག་པ་ཡིན་པས། །
ཁ་དང་སེམས་པ་རྡོག་རྩ་གཅིག་ལ་ཞོག་ཅིག །
གོང་ནས་བྲིས་བའི་རྩོམ་ཡིག་གི་ནང་ནས་སྲོལ་རྒྱུན་ལོ་སར་ཟེར་བ་ནི་སྤྲོད་སྐྱིད་ཀྱི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་སོང་དེ་ཡང་སྲིད་སྐྱོང་ལགས་ཀྱིས་གསུང་བ་ཡིན་མདོག་མདོག་འདྲ་བཤད་སོང་དེ་ནི་ངས་ལྟོས་ན་ནོར་བ་མིན་འགྲོ་དྲན་སོང་གང་ཡིན་ཟེར་ན་བོད་ཀྱི་སྲོལ་རྒྱུན་ལོ་སར་ཟེར་བ་དེ་དེ་འདྲ་ཞིག་མ་རེད་སྲོལ་རྒྱུན་ལོ་སར་ལ་གྲངས་མང་པོ་ཡོད་ཚེས་པ་གཅིག་བླ་མའི་ལོ་སར་ཚེས་གཉིས་རྒྱ་པོ་ལོ་སར་ཚེས་གསུམ་སྐུ་དྲག་གི་ལོ་སར་སོགས་མང་བོ་ཡོད་དེ་དག་ནི་སྤྲོད་སྐྱིད་བཏང་བ་ཞིག་མིན་སྤྲོད་སྐྱིད་ཀྱི་ལོ་སར་ཟེར་བ་འདི་ལོ་ངོ་དྲུག་བཅུའི་ཡར་ངོན་ནས་ཡོང་བ་ཞིག་རེད་མ་གཏོགས་དེའི་སྔོན་ནས་དེ་འདྲ་ཞིག་མེད་པ་འདྲ་ཡང་གོང་ནས་ཁ་ཤས་ཀྱིས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་མིན་དེ་འདྲ་གསུངས་འདུག་དེ་ནི་ངས་ལྟོས་ན་བླུན་རྟགས་རང་རེད་ལོ་གསར་བ་ནས་འགོ་རྩམ་སྟེ་བཀྲ་ཤིས་བ་དང་ཚེ་རིང་བ་སོགས་ཀྱི་སྨོན་འདུན་ཞུ་འོ་བ་ཞིག་རེད་ལོ་སྔོན་མ་ལ་བཀྲ་ཤིས་པར་ཤོག་ལབ་པ་མ་རེད་དེ་ནི་མི་བཀྲ་མི་ཤིས་བའི་ལོ་རེད་ཟེར་ན་མི་ཆོག་པ་མེད་པ་འདྲ་
སྐྱོ་བྲག་དགའ་དབང་མིང་ཅན་འདི་ཕ་མ་ཤི་ན་ཡང་ལོ་གསར་གཏོང་མཁན་དགོས་ཟེར་ས་རེད།
ལོ་གསར་གཏོང་དགོས་ཟེར་ས་རེད།
འབྲུག་གི་ལོ་དེ་དམར་པོ་མེ་ཡིས་བསྲེགས།།
སྦྲུལ་གྱི་ལོ་འདི་དཀར་པོ་རེ་བས་བསུ།།
སྙིང་གི་བླ་མའི་གསེར་ཞལ་ཉི་མའི་ཟེར།།
ཁ་བའི་ཞིང་ལ་མྱུར་དུ་འཆར་བར་སྨོན།།
དཔའ་བོ་ཀི་སྒྲའི་ཀློང་ནས་མེ་ལ་འཐིམ།།
འགའ་ཞིག་མུན་པའི་བཙོན་ན་སྡུག་གིས་མནར།།
ལ་ལས་ཤོག་སྦག་ཁྲོད་ནས་གནམ་ལོ་བསུ།།
མགོ་ནག་སྐྱིད་སྡུག་མི་གཅིག་སྙིང་གཟེར་ཞིག།
གནམ་ལོ་གསར་དུ་བཞད་ཀྱིས་འདོད་དོན་གསར་དུ་བཞད་པར་སྨོན།