འདུས་བྱུང་ཕུན་ཚོགས་ཚེ་རིང་།
བོད་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དང་འོས་མི་རྣམས་གསལ་བསྒྲགས་བྱས་པ་བརྒྱུད་ཚང་མས་མཁྱེན་གསལ་ལྟར། དངོས་གཞིའི་འོས་བསྡུ་དེ་ཡང་འོས་མི་གསུམ་ལས་འབུམ་རམས་པ་བློ་བཟང་སེང་གེ་ལགས་ལ་འཐོབ་རྒྱུ་ཧ་ལམ་གཏན་འཁེལ་ཟིན་པ་ལྟ་བུར་གྱུར་ཡོད།དེ་ན་བློ་བཟང་སེང་གེར་སྔོན་འགྲོའི་འོས་བསྡུ་ལམ་ལྷོང་དེ་ལྟར་བྱུང་བའི་རྐྱེན་དང་། ཁོང་གིས་ཕྱིར་བསྒྲགས་གནང་བའི་དགོངས་པ་ཁག་ལ་ཅུང་ཟད་དཔྱད་པར་འདོད་པས། དེ་ལྟར་བྱའོ།།
སྤྱིར་དམངས་གཙོའི་ལམ་ལུགས་སྲ་བརྟན་ཡོང་བ་དང་།ཡང་དག་པར་འགྲུབ་པ།སྒོ་གང་ས་ནས་ཚད་མཐོན་པོར་ལོངས་སུ་སྤྱོད་ཐུབ་པའི་སླད་དུ།གནད་དོན་ལ་དཔྱད་བརྗོད་དང་། སྦས་བསྐུངས་མེད་པར་བགྲོ་གླེང་ཁ་གསལ་བྱ་དགོས་ཤིང་། དེ་དག་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཁག་ཡིན།དེས་ན་ལྟ་བ་དེ་གཞིར་བཟུང་ཐོག་རང་གི་བསམ་ཚུལ་ཁག་ཞུ་བར་འདོད་པས། ཐོག་མར་ཁོང་ལ་སྔོན་འགྲོའི་འོས་དེ་འདྲ་མང་པོ་ཐོབ་པའི་རྒྱུ་མཚན་བརྗོད་ན།དེ་ནི་གཙོ་བོ་རྣམ་པ་གསུམ་དུ་མཐོང་སྟེ།
༡ ཁོང་གི་ཤེས་ཡོན་ལག་ཁྱེར་དང་འབྲེལ་བ།༼ཧར་ཝར་ཌིའི་འབུམ་རམས་པ།Harvard, Ph D.༽
༢ འོས་ཤོག་འཐོབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་ཕྱོགས།
༣ “བོད་ཀྱི་ཨོ་བྷ་མ།”དང་”རྒྱ་ནག་གི་ཨོ་བྷ་མ་”ཞེས་པའི་འབོད་ཚིག་བསྒྲགས་ཏེ་གྲགས་ཅན་ཆབ་སྲིད་མི་སྣ་གཞན་དང་མཚུངས་བསྡུར་བྱས་པ་བཅས་གསུམ་ཡིན།
༡ ཤེས་ཡོན་ལག་ཁྱེར་ཚད་མེད་ངོམ་པ།༼ཧར་ཝར་ཌིའི་འབུམ་རམས་པ།༽
གོ་ལ་ཧྲིལ་པོ་འདིའི་སྟེང་ང་ཚོ་དང་དུས་རབས་མཉམ་པའི་ཆབ་སྲིད་མི་སྣའི་ཁྲོད་དུའམ། ཡང་ན་ཆབ་སྲིད་པ་བྱེད་འདོད་པའི་མི་སྣའི་ཁྲོད་དུ་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུབ་པའེ་ཆེད་དུ་ཤེས་ཡོན་ལག་ཁྱེར་བསྐྱར་སྐོར་ཡང་སྐོར་བྱེད་དེ་བརྗོད་མཁན་ནི་ད་བར་བློ་བཟང་སེང་གེ་ལགས་མ་གཏོགས་བྱུང་མེད་ཅེས་བརྗོད་ནའང་ཧ་ལམ་ཐལ་ཆ་མེད།
ཤེས་ཡོན་ལག་ཁྱེར་ངོམ་བཞིན་པའི་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱིས་འོས་ཤོག་སློང་བའི་དྲིལ་བསྒྲགས་ཆེད་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། གདན་ས་ཁགདེ་བཞིན་གསར་འགྱུར་བརྒྱུད་ལམ་བཅས་པར་ཡང་ནས་བསྐྱར་དུ་བརྗོད་རྒྱུའི་དོན་ཞིག་ནི། ཁོང་ཉིད་བོད་མི་ས་ཡ་དྲུག་གི་དཀྱིལ་ནས་ཧར་ཝར་ཌི་ནས་ཐོན་པའི་ཆེས་ཐོག་མའི་འབུམ་རམས་པ་དེ་ཁོ་ན་ཡིན་པ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་དུ་གཏོགས་པའི་ས་ཁུལ་ཡོངས་ནས་ཀྱང་ཁོང་ཉིད་ལས་བྱུང་མྱོང་མེད་ཅེས་ཆུ་མ་ཎི་འདོན་པ་ལྟར་བཤད་མུས་རེད། ངམ་བཤད་དེ་ལ་བརྟགས་ན་བོད་མི་ཚོས་ཁོང་གི་འབུམ་རམས་པའི་ལག་ཁྱེར་དེར་ཆ་འཇོག་འདེང་ངེས་པ་ཞིག་མི་འདུག་སྙམ་པའི་སེམས་འཁྲལ་ཞིག་ཁོང་གི་བློ་སྦུབས་ན་ཡོད་པ་མངོན་པ་དང་། གཉིས་ནས་བྱེད་སྟངས་དེ་ནི་བོད་མི་ཕལ་པ་ཚོའི་བསམ་བློ་འགུག་པའི་ཐབས་ལམ་ཞིག་ཡིན་པར་མཚོན།དེ་མཚོན་པ་ཙམ་དུ་མ་ཟད། ད་ཆ་གྲུབ་འབྲས་ཀྱང་ངེས་ཐོན་བྱུང་ཡོད།
བློ་སེང་གིས་འབུམ་རམས་པའི་ལག་ཁྱེར་དེའི་གོ་དོན་ཁ་གསལ་ཡོང་སླད། འགྲེལ་བཤད་སྣ་ཚོགས་རྒྱག་བཞིན་ཡོད། སྐབས་རེ་ལག་ཁྱེར་དེ་ནི་དགེ་བཤེས་ལྷ་རམས་པ་དང་གཅིག་མཚུངས་ཡིན་གསུངས་བཞིན་ཡོད། ༼གཏམ་གླེང་ཞལ་པར་ཐོག༢༠༡༠་༡༢་༣ལ་གསན་རོགས་གནང་།༽ འགྲེལ་བཤད་དེ་ལྟར་བྱེད་དགོས་དོན་ནི། བློ་སེང་རང་ཉིད་རང་ཉིད་ཀྱི་འཇོན་ཐང་ལ་ཧ་ལས་ཧོན་ཐོར་ཏེ་གནས་ཡོད་པ་ཇི་བཞིན་དུ་བོད་མི་ཚོས་དེ་ལྟར་གནང་གི་མི་འདུག་སྙམ་ཡོད་པས་རེད།
གང་ལྟར་ཡང་ཁོང་གི་གཏམ་བཤད་གནང་ཕྱོགས་དང་། རྔམ་སྟོན་གནང་སྟངས་དེ་ནི་ཤེས་ལྡན་པ་ཞིག་དང་། རྣམ་དཔྱོད་ཡོད་མཁན་གྱི་གནང་ཕྱོགས་ལས་ཐ་དད་ཡིན་པར་ངས་མཐོང་ལ། བློ་གཟུ་བོར་གནས་པའི་བསམ་ཡོད་ཀྱི་རང་རིགས་པ་མང་པོ་ངོ་ནོངས་དགོས་པའི་རྒྱུ་ཞིག་གྲུབ་ཡོད།
དེས་ན་ད་ལམ་འོས་མིའི་ལས་འགུལ་ནང་མཉམ་བཞུགས་སྐབས་ཁོང་གིས་ཧར་ཝར་ཌི་སློབ་ཐོན་ཡིན་པའི་གནས་ཚུལ་ཡང་ཡང་གླེང་བའི་རྒྱུ་མཚན་དེ་ཁོ་ན་ཙམ་ཆགས་ཡོད་པར་བརྟེན། ངས་ཀྱང་ཁོང་ཧར་ཝར་ཌི་རུ་སླེབས་ཕྱོགས་ཐད་ཀྱི་གནས་ཚུལ་ཅུང་ཟད་ཅིག་འབྲི་རྒྱུ་ཡིན།
ཧར་ཝར་ཌི་ནི་འཛམ་གླིང་ཤེས་ཡོན་གྱི་སྡིངས་ཆའི་ཐོག་རྩེ་ཕུད་འཛིན་སའི་གཙུག་ལག་སློབ་ཆེན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་སའི་གོ་ལ་ཧྲིལ་པོ་འདིའི་ཡུལ་གྲུ་གང་སར་སྙན་གྲགས་ཆེ་བའིོ་གཙུག་ལག་སློབ་ཆེན་དུ་མ་ཡོད་ཅིང་། ཡང་དགོས་སུ་ཡོ་རོབ་ཡུལ་གྲུའི་གཙུག་ལག་སློབ་གྲྭ་ཁག་ནས་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱས་པ་ཆེ་བའི་ཚན་རིག་པ་དང་བསམ་བློ་བ་ཆེན་པོ་གྲངས་ལས་འདས་པ་བྱུང་ཡོད་པ་ནི། དཔེར་ན། ཌར་ཝིན་(Darwin)དང་། ཨ་འིན་སི་ཊན།(Einstein) ནེའུ་ཊོན་(Newton)ལ་སོགས་པ་ཡིན། དེར་བརྟེན་ཡོ་རོབ་ཀྱི་གཙུག་ལག་སློབ་ཆེན་ཁག་གིས་ཐོག་མཐའ་བར་གསུམ་དུ་མདུན་བགྲོད་པའི་གནས་རིམ་བཟུང་ཡོད་ལ་ད་ལྟ་བཟུང་མུས་ཀྱང་རེད།
སྤྱིར་འབུམ་རམས་པའི་ལག་ཁྱེར་ལ་རིགས་མི་འདྲ་བ་དུ་མ་ཡོད་ཅིང་། དཔེར་ན་རང་བྱུང་ཚན་རིག་ཐོག་ཐོབ་པའི་འབུམ་རམས་པ་རྣམས་ནི་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་དུས་ཚོད་དང་ནུས་པ་ཧ་ཅང་འདོན་དགོས་ཀྱི་ཡོད། དེར་བརྟེན་འབུམ་རམས་པའི་ལག་འཁྱེར་ཐོབ་ཐབས་ལའང་ནུས་པ་འདོན་སྟངས་དང་། རིག་པ་འགྲིམ་ཕྱོགས་མི་འདྲ་བ་ཡོད་པས་ན་འབུམ་རམས་པའི་མཚན་ཁག་གཅིག་ནི་ལས་སླ་པོའི་ཐོག་ནས་རག་གི་ཡོད་པ་ལས། འབུམ་རམས་པའི་མཚན་ཡོད་པ་ཙམ་གྱི་ཐམས་ཅད་མཁྱེན་པར་མི་གྲུབ་པར་སྙམ།
བློ་བཟང་སེང་གེ་ལགས་ཇི་ལྟར་བྱས་ནས་ཧར་ཝར་ཌི་རུ་ཚུད་ཡོད་དམ།
གནད་དོན་ཁ་གསལ་ཤེས་མཁན་ཚོས་ད་བར་དངོས་ཤུགས་བརྒྱུད་གསུམ་ནས། བློ་སེང་ལགས་ཧར་ཝར་ཌི་རུ་ཇི་ལྟར་ཚུད་པའི་ཐད་གནས་ཚུལ་སྣ་མང་མཁོ་འདོན་བྱས་ཡོད་པས་འདིར་མང་པོ་འབྲི་བའི་ངལ་བ་མི་བསྟེན། གང་ལྟར་ཁོང་རང་དཀའ་ལས་ཧ་ཅང་བརྒྱབ་མ་དགོས་པར་དམིགས་བསལ་བོད་མི་ཚོར་དམིགས་པའི་ཤེས་ཡོན་སློབ་མའི་མིང་ཐོག་ནས་འགྲོ་ཐུབ་ཡོད་ལ། རླུང་རྟ་རྒྱུགས་པ་རེད་ཅེས་བརྗོད་ནའང་འདྲ། ཉེ་དགའ་ཕྱོགས་ཞེན་རེད་ཅེས་བརྗོད་ནའང་འདྲ། གང་ལྟར་གདམ་བྱའི་ཐོ་གཞུང་དུ་ཁོང་རང་ཨང་རིམ་དགུ་པ་ཡིན་བཞིན་དུ། ཁོང་གི་དགའ་ཕྱོགས་པས་ཁོང་ལ་རིན་ཆེན་ནོར་ལས་ལྷག་པའི་གོ་སྐབས་རྩ་ཆེན་ཞིག་གནང་ཡོད།
ཁོང་གིས་”༡༩༥༩ ནས ༢༠༠༥ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་། དམངས་གཙོའི་འཕེལ་རིམ་” ཞེས་པའི་བརྗོད་གཞིའི་ཐོག་འབུམ་རམས་པའི་རྩོམ་ཡིག་དེ་བྲིས་ཡོད། དྲང་པོར་བརྗོད་ན་གོ་སྐབས་དེ་ལྟ་བུ་ཐོབ་མཁན་གྱི་བོད་མི་སུས་ཀྱང་བརྩམ་བྱ་དེའི་ཐོག་ལས་སླ་པོར་འབྲི་ཐུབ་རྒྱུ་རེད་བསམ་གྱི་འདུག དེ་ལྟར་ཡིན་རུང་ཁོང་གིས་དེར་དུས་ཚོད་ལོ་མང་བཏང་ཡོད་ཅིང་། འོད་སྟོང་འབར་བའི་གོ་སྐབས་སྤྱད་དེ་བརྩམས་པའི་རྩོམ་ཡིག་བཀླགས་མྱོང་མཁན་ཚོས་ཁོང་གི་རྩོམ་དེ་ཚད་གཞི་མཐོ་ལ་སྤུས་དག་པའི་ཞིབ་འཇུག་བརྩམས་ཆོས་ཤིག་ལ་གདེང་འཇོག་བྱེད་ཀྱི་མི་འདུག
ང་ཚོའི་སྤྱི་ཚོགས་ནང་ངོ་གནོང་མི་དགོས་པར་འབུམ་རམས་པའི་ལག་ཁྱེར་ཡོད་མཁན་དུ་མ་ཡོད་ལ། ལྷག་པར་དུ་སློབ་དཔོན་གྱི་མཚན་སྙན་ཡོད་མཁན་ཡང་མང་པོ་ཡོད་པ་དཔེར་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེ། སློབ་དཔོན་པདྨ་རྒྱལ་པོ། སློབ་དཔོན་ངག་དབང་ཕུན་ཚོགས། སློབ་དཔོནའཕྲིན་ལས་དོན་གྲུབ། སློབ་དཔོན་ཚེ་རིང་ཤཱཀྱ། སློབ་དཔོན་ནམ་མཁའ་ནོར་བུ། སློབ་དཔོན་ཨ་ཡ་པ་སངས་ཡོན་ཏན་སོགས་ཡོད་ཅིང་། གཞི་ལུས་བོད་མིའི་ཁོངས་སུ་ཡོད་པའི་སློབ་དཔོན་མང་དག་ཡོད་པ་ཁོང་རྣམ་པའི་མཚན་འདིར་གླེང་རྒྱུ་མིན།
དེ་ན་ཧར་ཝར་ཌི་རང་ལ་མཚོན་ནའང་བོད་པའི་འབུམ་རམས་པ་གཞན་ཡོད་པ་དཔེར་ན་བུད་མེད་འབུམ་རམས་པ་བཀྲ་ཤིས་རབ་རྒྱས་ལྟ་བུ་ཡིན་ལ། བཀྲ་ཤིས་རབ་རྒྱས་ནི་བློ་སེང་དང་མི་འདྲ་བར་རང་གི་ཤེས་འཇོན་ཉག་ཅིག་ལས་ཧར་ཝར་ཌི་གཙུག་ལག་སློབ་ཆེན་དུ་ཚུད་པ་ལས། བློ་སེང་བཞིན་དུ་བཟང་པོ་ལག་སྦྲེལ་གྱི་སྒོ་ནས་ཕེབས་པ་དེ་འདྲ་མིན།
གོང་ཞུས་ཀྱི་བོད་རིགས་སློབ་དཔོན་དང་འབུམ་རམས་པ་ཁོང་རྣམ་པ་དང་། རྒྱལ་གཅེས་ལྷག་བསམ་ཅན་གྱི་སྐྱེ་བོ་ཕོ་མོ་མང་པོས་ལོ་མང་རིང་ཁུ་སིམ་མེར་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཁྱབ་ཁོངས་སམ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་སོགས་སུ་ལྷག་བསམ་རྣམ་པར་དག་པའི་རྒྱབ་རྟེན་ཐོག་སོ་སོར་འཁྲིད་པའི་ལས་འགན་རྣམས་བོད་མིའི་བདེ་སྡུག་ཆེད་ཧུར་ཐག་ཞབས་འདེགས་ཞུ་བ་ལས།འུར་སྒྲ་དང་ཁྲོམ་བསྒྲགས་ཀྱིས་མ་བྱས་བྱེད་མདོག་དང་། མ་ཡོད་ཡོད་མདོག་གི་ཚུལ་འཆོས་དེ་རིགས་སྟོན་གྱིན་མེད།
བློ་སེང་ལགས་ཀྱི་ངོམ་བཤད་དེ་ཚོ་ལས། ཁོང་ནི་ཤེས་ལྡན་པའི་འདུལ་སེམས་དང་མི་ལྡན་ཁར་བོད་མི་དཀྱུས་མའི་ཁྲོད་དུ་ཁེངས་སེམས་ཕྱིར་སྟོན་བྱེད་པ་གསལ་པོ་ཡིན།
“རང་ལ་རིན་ཐང་ཡོད་ན། གོང་ཐང་མི་ཡི་རྒྱབ་ཡོང་།” ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བྲིས།
༢ འོས་ཤོག་འཐོབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་བ།
བློ་སེང་ལགས་རྒྱུད་མངའ་ཡོད་པའི་མི་ཚོས་བཤད་པ་ལྟར་ན། བློ་སེང་ལགས་ཀྱིས་ ༢༠༠༥ ནས་བཟུང་བཀའ་བློན་ཁྲི་པའི་ཁྲི་དེ་རག་ཐབས་ཀྱི་སྟ་གོན་ལ་གཟབ་ཞུགས་བྱས་ཡོད་ཟེར། ངས་བལྟས་ནའང་དེ་ལྟར་དུ་མཐོང་། དེས་ན་ཁོང་གི་སྟ་གོན་བྱང་ཆུབ་པ་བྱ་ཚུལ་རྣམས་གཤམ་དུ་འགོད་རྒྱུ་ཡིན།
དང་པོ། དཔལ་འབྱོར་གྱི་རྒྱབ་རྟེན་གྱ་ནོམ་པ་ཡོད་པ།
གཉིས་པ། གཞོན་ནུ་ཚོའི་རྣ་བར་འདོད་པའི་སྐད་ཆ་བླུགས་པ།
གསུམ་པ། བོད་མི་ཚོ་གནས་སྐབས་མགོ་བོ་རྨོངས་སུ་བཅུག་པ། བཅས་ཡིན།
བློ་སེང་ལགས་ལ་ཡོད་ཅིང་། བཀའ་བློན་ཁྲི་པའི་འོས་མི་གཞན་སུ་ལའང་མེད་པའི་རྒྱབ་རྟེན་གཅིག་ནི་ཁོང་གི་དཔལ་འབྱོར་གྱི་ནུས་པ་དེ་རེད། དཔལ་འབྱོར་གྱི་རྒྱབ་རྟེན་ལ་བརྟེན་ནས་ཁོང་གིས་ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། ཡོ་རོབ་ཁུལ་གནས་བོད་མིའི་གཏན་གཞིས། ཨ་མི་རི་ཁའི་བོད་རིགས་ཡོད་པའི་ས་ཁུལ་ལ་སོགས་པར་དཀའ་ཚེགས་མེད་པར་སྐོར་བསྐྱོད་བྱས་ཐུབ་ཡོད།
ལས་འགུལ་སྐོར་བསྐྱོད་དང་འབྲེལ་གཏམ་བཤད་གནང་བའི་བརྒྱུད་རིམ་ནང་། ཁོང་གིས་ཡང་ཡང་འགྲེལ་བརྗོད་བྱས་པའི་སྐད་ཆ་གཅིག་ནི། ཁོང་རང་ས་གནས་སོ་སོར་ཉམས་མྱོང་གསོག་རྒྱུ་དང་བདེ་སྡུག་ཉན་རྒྱུར་ཡོང་ཡོད་ཅེས་བཤད་ཡོད།
འོན་ཀྱང་དོན་དངོས་ཐོག་ས་ཆ་དེ་ཚོར་སྐོར་བསྐྱོད་བྱས་པ་ནི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་གོ་ས་དེ་ཁོ་ནའི་ཆེད་དུ་རྙེགས་པ་རེད་སྙམ།
ང་ཚོ་བཙན་བྱོལ་བས་བགྲོད་བཞིན་པའི་དམངས་གཙོའི་ལམ་བུ་དང་། བཀའ་བློན་ཁྲི་པའི་འོས་བསྡུའི་ལམ་སྲོལ་དག་གཙང་ཡོང་བའི་སླད། མི་སྒེར་དང་། ཚོགས་སྡེ། གཞུང་འབྲེལ་ལས་ཁུངས་གང་ཞིག་གིས་འོས་མི་སུ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མཁོ་སྤྲོད་བྱེད་པ་ཕྱི་གསལ་ནང་གསལ་ཆགས་དགོས་པར་མཐོང་།དེ་བས་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་རྒྱུའི་ལས་འགུལ་གྱི་ཆེད་དུ་བཏང་བའི་དཔལ་འབྱོར་གྱི་འབྱུང་ཁུངས་ཤེས་རྒྱུ་འགག་རྩ་ཆགས་ཡོད་ཀྱང་ད་བར་འབུམ་རམས་པ་བློ་སེང་ལགས་ཀྱིས་རྩིས་ཁྲ་ཁ་གསལ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།
བློ་སེང་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་འབོད་ཚིག་ལ་”འགྱུར་བ།” དང་། དྲིལ་བསྒྲགས་ཤོག་བྱང་ཐོག་ཨོ་བྷ་མའི་སྲིད་འཛིན་འོས་བསྡུའི་སྐབས་ཀྱི་ཚོད་གཞི་འདམས་པ་དེ་ལ་དཔེ་བླངས་ཡོད། བྱེད་ཕྱོགས་དེ་ནི་ན་གཞོན་ཚོའི་བསམ་པ་འགུག་ཐབས་དེ་རང་རེད།
རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་ཁག་ངག་ཐོག་ཏུ་འདོན་ཐུབ་པའི་འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་རྣམས།བོད་མི་དཀྱུས་མ་ཞིག་གིས་ཉན་སྐབས་བློ་སེང་ལགས་ཀྱི་ངག་སྐྱོར་ནུས་པ་དེ་ལ་ཁོང་ཚོ་ངོ་མཚར་ཧ་ཅང་སྐྱེ་བགྱི་ཡོད། དེ་ནི་བློ་སེང་ལགས་ཀྱི་ལོ་མང་རིང་གྲ་སྒྲིག་བྱས་པའི་གྲུབ་འབྲས་གཅིག་རེད་ལ། ཁྱད་ཆོས་འདིའི་སྒོ་ནས་ཁོང་གིས་བོད་མི་དཀྱུས་མ་ཚོ་ཧང་སང་དུ་བཅུག་གི་ཡོད།
འོན་ཀྱང་ངག་སྐྱོར་དེ་ཙམ་ཐུབ་པས་ད་གཟོད་བཀའ་བློན་ཁྲི་པའི་སྐུ་འགན་བཞེས་ཐུབ་བམ་ཞེ་ན། ང་ཚོར་དགོས་རྒྱུ་ནི་ཤེས་ཡོན་ཡོད་པ་ཙམ་མ་ཡིན་པར། ལོ་མང་རིང་སྤྱི་ཚོགས་ནང་ཕྱག་ལས་གནང་སྟེ་ཉམས་མྱོང་གི་གཞི་མ་བརྟན་པ། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སྒྲུབ་པའི་གོམས་བྱང་མཐོ་བ། ཆབ་སྲིད་ཀྱི་སེམས་ཁམས་བྱང་ཆུབ་པ་ཞིག་དགོས་པ་ལས། གསར་དུ་ཉམས་མྱོང་གསོག་མཁན་ཞིག་དང་། སོ་སོས་སོ་སོར་ཡིད་མོས་དང་ཧང་སང་མཁན་ཞིག་དགོས་པ་ཨེ་ཡིན།
༢༠༡༡་༡་༨ ཉིན་བྷོ་སེ་ཊོན་(Boston)བོད་མིའི་སྤྱི་མཐུན་ཚོགས་པ་ནས་བློ་སེང་ལགས་བཀའ་བློན་ཁྲི་པའི་འོས་མིར་རྒྱབ་སྐྱོར་ཡོད་མེད་ཐད་ཀྱི་ཡི་གེ་ཞིག་བོད་ཀྱི་སྲིད་དོན་བསྐྱར་ཞིབ་(Tibetan Political Review)ཅེས་པའི་དྲྭ་རྒྱར་མཐོང་རྒྱུ་ཡོད་ལ། དེར་གཏམ་དཔེ་འདི་འདྲ་ཞིག་ཀྱང་ཀློག་རྒྱུ་འདུག་སྟེ།”དེ་རིང་གི་རྫུན་གྱིས་སང་ཉིན་མི་འཁྱོལ།”དེ་ནི་གནད་ཆེ་བར་སེམས་སོ།། ཀློག་མཁན་ནང་ཐུགས་བཞེད་གནང་མཁན་ཡོད་ཚེ་ཞིབ་པར་དྲྭ་རྒྱར་གཟིགས་པར་ཞུ།
ལོ་རྒྱུས་ཡུན་རིང་མིན་པའི་ང་ཚོའི་དམངས་གཙོའི་ལམ་ལུགས་དེ་དང་། ང་ཚོས་ལོངས་སུ་སྤྱོད་བཞིན་པའི་དམངས་གཙོའི་བརྒྱུད་རིམ་དེ་ལ་ནན་ཏན་གྱིས་ཐོག་ནས་ཡིད་ཟབ་མ་བྱས་ན། ད་གཟོད་སྲིད་སྟོན་པའི་མགོ་སྐོར་གཏོང་ཡུལ་གྱི་བྲན་གཡོག་ལ་མི་འགྲོ་བ་མི་སྲིད་ལ། དེ་ནི་ཐེངས་འདིའི་འོས་བསྡུ་དང་འབྲེལ་བའི་གནས་སྟངས་ལས་གནས་ཚུལ་ཁག་གཅིག་མངོན་ཐུབ་ཀྱི་འདུག
དེར་བརྟེན་བློ་བཟང་སེང་གེ་ལགས་ཀྱི་གདམས་ངག་བཞི་ཡོད་པས་ དེ་རྣམས་རེ་རེ་ནས་ཞུ་ན།
གདམས་ངག་དང་པོ། དགེ་འདུན་པ་མང་པོར་འདོད་པའི་ཁམས་པའི་གདམས་ངག
གདམས་ངག་གཉིས་པ། དད་ཅན་པས་འདོད་པའི་༧ གོང་ས་མཆོག་ཁ་རུ་ཁྱེར་བའི་གདམས་ངག
གདམས་ངག་གསུམ་པ། ཡིག་རྨོངས་པས་འདོད་པའི་ཧར་ཝར་ཌི་ཡི་འབུམ་རམས་པའི་གདམས་ངག
གདམས་ངག་བཞི་པ། གཞོན་ནུའི་བློ་འགུག་པའི་རང་བཙན་གྱི་གདམས་ངག་བཅས་རེད།
ད་བར་ཁོང་གིས་ས་ཆའི་གནས་བབས་དང་ཉན་པ་བོའི་ཡིད་དབང་ལ་བསྟུན་གང་ཐུབ་ཀྱི་སྐད་ཆ་བཤད་ཡོད། དེར་བརྟེན་གོང་གི་གདམས་ངག་དང་པོའི་བརྗོད་བྱ་དང་འབྲེལ་བ་ཡོད་པ་ཞིག་ནི་ལུང་ཚན་ཕྱོགས་ཞེན་རིང་ལུགས་པའི་བསམ་པ་དེ་རེད།
ལྟ་བ་དེ་ནི་ད་ལམ་བློ་སེང་ལགས་ཀྱི་ལས་འགུལ་ནང་དངོས་ཤུགས་བརྒྱུད་གསུམ་ནས་མངོན་ཡོང་གི་འདུག
རང་ཉིད་ལ་འོས་ཐོབ་རྒྱུའི་སླད་དུ་ཕྱོགས་ཞེན་རིང་ལུགས་པའི་བསམ་པ་དང་ལྟ་བ་བེད་སྤྱོད་བྱེད་པ་དེ་ནི་སྤྱི་ཚོགས་ཀྱི་འགན་འཁུར་མ་བླངས་པ་དང་མི་རིགས་ཀྱི་ཆགས་འཇིག་གི་ལས་དབང་ལ་བསམ་བློ་དེ་བས་མི་གཏོང་བར་ངོས་འཛིན་བྱེད་ཀྱི་ཡོད།
གོང་སྨྲོས་ཀྱི་ལྟ་བ་དེ་ནི་གཞི་ལུས་བོད་མིའི་བསམ་བློ་དང་ཡོངས་སུ་འགལ་ཡོད་པ་ནི་༢༠༠༨ ཀྱི་ས་བྱི་ཞི་རྒོལ་ཆེན་མོ་དེ་ལས་གསལ་པོར་མངོན་ཐུབ།
རྩོམ་རིགས་བྲིས་པའི་རྣམ་པའི་ཐོག་ནས་བློ་སེང་ལགས་ཀྱིས་བོད་སྐད་ཡིག་ལ་བྱང་ཆུབ་པ་ཡིན་པའི་ཚུལ་སྟོན་གྱི་ཡོད། འོན་ཀྱང་བརྩམས་ཆོས་དེ་ཚོ་ཁོང་གིས་བྲིས་མེད་པ་ཚང་མས་ཤེས་ཀྱི་ཡོད། ཁོང་ལ་བོད་སྐད་ཡིག་གི་ཡོན་ཚད་འདང་ངེས་པ་ཞིག་མེད་ནའང་ཆོག འོན་ཀྱང་ད་ཆ་ཁོང་ནི་བོད་མི་ཚོའི་ཆབ་སྲིད་ཀྱི་འགོ་འཁྲིད་མཐོ་ཤོས་ཆགས་རྒྱུའི་མཚམས་སུ་སླེབས་ཡོད། རྣམ་ཀུན་ང་ཚོས་རྒྱ་མིར་རྒྱུ་མཚན་དང་ལྡན་པའི་ཐོག་ནས་རྩོད་གླེང་བྱ་རྒྱུ་གཙོ་བོ་ཞིག་ནི་རྒྱ་མིས་བོད་ནང་བོད་སྐད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་གཏོང་གི་འདུག་ཅེས་པ་དེ་རེད། དེ་ལྟར་ནའང་རང་དབང་ཆ་ཚང་ཡོད་པའི་བཙན་བྱོལ་གྱི་ཁོར་ཡུག་ཏུ་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐོགས་པ་མེད་པ་ཞིག་བཀའ་བློན་ཁྲི་པར་གདམ་རྒྱུ་མིན་ནམ།
སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་བཀའ་བློན་ཁྲི་པ་ལས་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གདན་ས་སེ་རར་དགེ་འདུན་པ་ཚོར་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་བཀའ་སློབ་ཐུང་ངུ་ཞིག་གནང་ཡོད་པ་དེ་ལ་ང་ཚོས་སེམས་ནང་འགན་འཁུར་དང་བཅས་ཏེ་བསམ་གཞིགས་ནན་པོ་བྱ་དགོས་འདུག་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་ནང་བློ་སེང་ལགས་ཀྱིས་ཡང་ནས་བསྐྱར་དུ་གཏམ་བཤད་སྤེལ་བ་ལྟར་ན་ ༢༠༠༥ལོར་ཁོང་རང་པེ་ཅིན་དུ་བསྐྱོད་ཡོད་པ་དང་། དེ་ཕྱོགས་སུ་གཙུག་ལག་སློབ་ཆེན་ཁག་གི་ཤེས་ཡོན་ཅན་དང་། ཆབ་སྲིད་མི་སྣ་ཐུག་འཕྲད་བྱས་ཡོད་པ། ལྷག་པར་དུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནད་དོན་གླེང་བ་བཅས་ཚིག་ཐག་ཆོད་པོས་སྨྲ་བཞིན་ཡོད། ༼ཀུན་གླེང་།༽ ངས་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་པ་རྣམས་ལ་གནང་བའི་འགྲུལ་སྐྱོད་ལག་ཁྱེར་སེར་པོའི་ཐོག་རྒྱ་གཞུང་གིས་མཐོང་མཆན་(visa)སྤྲོད་ཀྱི་མེད། དེ་ལྟར་ཡིན་ན་འབུམ་རམས་པ་མཆོག་ཕྱིར་སྡོད་རྒྱ་མིའི་མིང་ཐོག་ནས་བསྐྱོད་པ་རེད་དམ། ཡང་ན་ཐབས་གཞན་ཞིག་གི་བརྒྱུད་ནས་ཕེབས་པ་རེད། དྲི་བ་འདི་ལ་ད་བར་ཁོང་གིས་ལན་ཁ་གསལ་ཞིག་གནང་ཐུབ་མི་འདུག དེ་སྔ་ང་ཚོའི་སྤྱི་ཚོགས་ཁྲོད་ནས་བོད་མི་ཆེ་གེ་མོ་ཞིག་གིས་བརྒྱུད་ལམ་དེ་ལྟ་བུ་བྱས་ཏེ་འགྲོ་མཁན་རྣམས་ལ་ང་ཚོའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་ནན་པོ་བྱས་མྱོང་ཡོད།
༣ “བོད་ཀྱི་ཨོ་བྷ་མ།”དང་”རྒྱ་ནག་གི་ཨོ་བྷ་མ”ཡིན་པར་རློམ་པ།
བློ་སེང་ལགས་ཀྱིས་ད་བར་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ནང་ཁ་ཡོད་ལག་ཡོད་ཀྱི་ཉམས་མྱོང་གསོག་པའི་བྱ་བཞག་གང་ཡང་སྒྲུབ་མེད་པ་རེད།
ཐེངས་གཅིག་ཁོང་ལ་ཐད་ཀར་གནས་ཚུལ་དེའི་ཐོག་འདྲི་བ་དྲིས་སྐབས་ཁོང་གིས་དེའི་ལན་དུ་བརྗོད་གསལ། ལོ་རྒྱུས་ཐོག་ཕུལ་དུ་བྱུང་བའི་སྐྱེ་མཆོག་ཆོས་རྒྱལ་སྲོང་བཙན་དང་། རླབས་ཆེན་གྱི་ཨེ་ལེག་ཟན་ཌར།(Alexander the Great) དེ་བཞིན་ཨོ་བྷ་མ་སོགས་བྱུང་ཡོད་པའི་གནས་ཚུལ་བརྗོད་སོང་། མིའི་རིགས་ཀྱི་ལོ་རྒྱུས་ནང་སྐབས་རེ་ཕུལ་བྱུང་གི་སྐྱེ་བོ་དམ་པ་དེ་འདྲ་བྱུང་ཡོད་པ་བདེན་མོས། འོ་ན་ད་གཟོད་ཁོང་ཡང་ཕུལ་བྱུང་གི་སྐྱེ་བོ་དམ་པ་གཅིག་ཆགས་ཟིན་པར་བརྩི་དགོས་སམ།
བློ་སེང་ལགས་ཀྱིས་རང་ཉིད་ཨོ་བྷ་མ་དང་གཅིག་མཚུངས་སུ་འཛིན་པའི་རྣམ་པ་མང་པོ་བསྟན་ཡོད་པའི་ཁྲོད་ནས་སྐབས་གཅིག་ལ་བགྲོ་གླེང་ཞིག་ཏུ།ཁོང་ནི་”རྒྱ་ནག་གི་ཨོ་བྷ་མ”བྱ་རྒྱུ་ཡིན་གསུངས་ཡོད་པ་དང་། བོད་མིའི་རྩ་དོན་གྱི་འཐབ་རྩོད་དེ་བཞིན་ཨེ་མི་རི་ཁའི་མི་རིགས་ནག་པོ་ཚོའི་འབངས་མི་སེར་གྱི་ཐོབ་ཐང་རྩོད་ལེན་དང་འདྲ་མཉམ་ལྟ་བུར་ངོས་འཛིན་བྱས་ཡོད། སྐད་ཆ་དེ་ནི་རིགས་པའི་གཞུང་ལུགས་དང་ཡོངས་སུ་འགལ་ཡོད།ང་ཚོས་ཀུ་ཤུ་དང་ཚ་ལུ་མ་གཅིག་པ་མ་ཡིན་པ་དེ་ཤེས་ཀྱི་ཡོད་ལ།ང་ཚོར་ཨོ་བྷ་མའི་བཤད་སྲོལ་ལུང་འདྲེན་བྱེད་པའི་རྒྱ་ནག་གི་བཀའ་བློན་ཁྲི་པ་བྱེད་འདོད་མཁན་གྱི་མི་ཞིག་དེ་བས་ཀྱང་མི་དགོས།
༧རྒྱལ་བའི་སྐུ་ཕྲེང་དང་འབྲེལ་བའི་གནད་དོན་ཐོག་བློ་སེང་ལགས་ཀྱི་བཀའ་མོལ།
༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐད་བློ་སེང་ལགས་ལ་དྲི་བ་ཕུལ་སྐབས་དྲི་ལན་དུ། ཁོང་གི་དགོངས་པ་ལྟར་བྱས་ན། མ་འདས་སྤྲུལ་སྐུ་ཕེབས་དགོས་ཚུལ་དང་། དེ་ཡང་ཕྲུག་གུ་ལོ་༡༤ནས་༢༠ བར་ཡིན་དགོས་ཚུལ། འཁྲུངས་ས་ཡང་མོན་རྟ་དབང་ཁུལ་ནས་ཡིན་དགོས་ཚུལ་གསུངས་སོང་། བཀའ་མོལ་དེ་ཐོས་སྐབས་དེ་མ་ཉིད་དུ་ངའི་བསམ་པར། སྟབས་ལེགས་པ་ཞིག་ལ་བློ་སེང་ལགས་ད་ཆ་དགུང་གྲངས་ཉེ་ཤུ་བརྒལ་ཟིན་འདུག་སྙམ་པ་དྲན་བྱུང་།
ངའི་བསམ་པར་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་དེ་ནི་གནས་ཚུལ་ཕལ་པ་ཞིག་རྩ་བ་ནས་མིན་པར། བོད་མིའི་སེམས་ཁམས་དང་ཆེས་གཏིང་ཟབ་ཀྱི་སྒོ་ནས་འབྲེལ་བའི་གནད་དོན་ཞིག་ཡིན་ལ། མ་ཟད་ཆོས་ལུགས་དད་ལྡན་པའི་ངོས་ནས་བཤད་ན་དོན་གནད་འདི་ནི་ཆབ་སྲིད་ཀྱི་ལག་ཆར་གཏོང་ཐབས་མེད་པའི་གནད་དོན་རྩ་ཆེན་པོ་ཞིག་རེད། དེ་ལྟར་ནའང་འདས་པའི་ལོ་ཟླའི་ཁྲོད་དུ་རྒྱ་གཞུང་གིས་སྤྲུལ་སྐུའི་ལམ་ལུགས་དེ་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་བྱེད་མུས་ཐོག དད་ལྡན་པ་དང་བོད་མི་ཚོའི་རྩ་ཆེའི་སེམས་ཁམས་ལ་བརྩི་བཀུར་མི་བྱེད་ལ། བསམ་ཤེས་ནི་དེ་བས་བྱེད་ཀྱི་མེད།
ད་ང་ཚོས་ཀྱང་དད་ལྡན་པའི་མྱོང་ཚོར་ལ་མནོ་བསམ་ཙམ་ཡང་མི་གཏོང་བའི་གཏམ་བཤད་སྒྲོག་ཅིང་ །
། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ།
།དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
ཅེས་པའི་བྱང་ཆུབ་སེམས་དཔའི་ཐུགས་དམ་ཟབ་མོ་ལ་བསམ་བློ་ཙམ་ཡང་མི་གཏོང་བར། རྒྱ་གཞུང་ཆོས་ཁས་མི་ལེན་མཁན་དེས་ལག་རྩེད་འཁྲབ་སྟོན་བྱ་སའི་སྡིངས་ཆའི་སྟེང་། ང་ཚོས་ཀྱང་བྲོ་འཁྲབ་མཉམ་དང་རྔ་བརྡུང་མཉམ་བྱེད་པ་ནི་མཐར་ང་རང་ཚོ་རྒྱལ་སྤྱིའི་ནང་ཡིད་ཆེས་མི་བྱ་ས་ཞིག་ཆགས་རྒྱུ་མ་རེད་དམ།བོད་མི་དད་ཅན་ཚོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་རྒྱུ་མ་ཡིན་ནམ། “མགོ་བདེ་པོས་ཞྭ་མོ་བརླག་”ཟེར་བའི་དཔེ་དང་མཚུངས་པ་མ་ཡིན་ནམ།
ཚང་མས་ཤེས་གསལ་ལྟར་ ༧གོང་ས་མཆོག་ནི་འཛམ་གླིང་ནང་ཆེས་ཤེས་རབ་ཟབ་ཤོས་ཀྱི་སྐྱེ་བུ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ལ། ཚན་རིག་པ་མཁས་ཅན་དང་། ཤེས་ལྡན་མི་སྣ། བསམ་བློ་བ་ལ་སོགས་པའི་བློ་སྟོན་ཞུ་ཡུལ་གྱི་སྐྱེ་བུ་དམ་པ་ཞིག་ཡིན་པ་ནི་སྨྲ་ཅི་དགོས། འོན་ཀྱང་ནང་ཆོས་ཀྱི་ལྟ་གྲུབ་ཁོངས་སུ་མི་ཆུད་མཁན་གྱི་ནུབ་ཕྱོགས་སློབ་ཆེན་ཐོན་པ་སྤྱང་དྲུང་ལྡན་མདོག་ཁ་པོའི་མི་ཞིག་ནས་༧སྐུ་མདུན་མཆོག་ལ་སློབ་སྟོན་ཕུལ་བ་ནི་ཁྱད་གསོད་བྱས་པར་ངས་ངོས་འཛིན་ཞུ་རྒྱུ་ཡིན།
ཕྱོགས་བསྡོམས།
ཉག་ཕྲའི་ལོ་རྒྱུས་ཀྱི་དུས་རིམ་འགྲིམ་བཞིན་པའི་ང་ཚོའི་མི་རིགས་འདི། ཆགས་འཇིག་གི་གནས་སུ་ལྷུང་ཡོད་པའི་དུས་མཚམས་ཤིག་ཏུ་སླེབས་ཡོད་ཅིང་། ༧སྐྱབས་མགོན་༧རྒྱལ་བའི་དབང་པོ་སྐུ་ན་མཐོ་པོར་ཕེབས་ཡོད་པ་དང་། བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བར་བྱེད་པའི་རྒྱ་མི་ས་ཡ་མང་པོ་ཁ་བ་གངས་ལྗོངས་སུ་གཞིས་ཆགས་ཟིན་པ། གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་བརྗོད་དོན་ལྟར་ན་མ་འོངས་ལོ་སུམ་ཅུའི་ནང་བོད་ཀྱི་ལས་དབང་དེ་ཐག་ཆོད་རྒྱུ་ཡིན་པའི་དུས་སྐབས་དེ་འདྲ་ཞིག་ལ་སླེབས་ཡོད།
ང་ཚོ་བོད་མི་ཚོར་མཚོན་ན་དུས་ཚོད་ནི་འགག་རྩ་ཆགས་ཡོད། འདི་འདྲ་ཡིན་དུས་ཆུ་ཚོད་དང་། སྐར་མ། ཐ་ན་སྐར་ཆ་གཅིག་ཡིན་རུང་། མི་རིགས་འདི་འཆི་གསོན་གྱི་འགག་མཚམས་ཤིག་ཡིན། དེར་བརྟེན་ལོ་ལྔ་ཚན་གྱི་མ་འོངས་བཀའ་བློན་ཁྲི་པ་དེ་ནི་ཉམས་མྱོང་དང་ཤེས་འཇོན་གཉིས་ལྡན་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སེམས་ཁམས་བྱང་ཆུབ་པ། ལྷག་བསམ་དག་ཅིང་གཞུང་སེམས་དྲང་བ་ཞིག་གདམ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། ཉམས་མྱོང་མེད་པ་དང་ཆབ་སྲིད་ཀྱི་ལྟ་བ་སྲ་བརྟན་མེད་མཁན་ཞིག་གི་ལག་ཏུ་བོད་མི་ཚོའི་ལས་དབང་ཆ་ཚང་སྤྲོད་པ་ནི་རང་ཤི་རྒྱག་རྒྱུའི་སྟ་གོན་བྱེད་པ་རང་དུ་མཐོང་།
ཞལ་བདེ་བའི་བློ་སེང་ལགས་ཀྱིས་ཉན་པ་པོའི་འདོད་པ་ལྟར་གྱི་སྐད་ཆ་འབའ་ཞིག་བཤད་པ་ལས། ཁོང་རང་ལ་རང་ཚུགས་བརྟན་པའི་ཆབ་སྲིད་ཀྱི་ལྟ་བ་ཞིག་མེད་ལ། ལོ་ལྔ་ཅན་གྱི་ཆབ་སྲིད་ཀྱི་འཆར་གཞི་ཁ་གསལ་ཡང་མེད། དེས་ན་ཁོང་གིས་༢༠༡༡ཟླ་༡ཚེས་༡༨ཉིན་རྒྱལ་ས་ལྡི་ལིར་སློབ་ཕྲུག་གི་དྲི་བ་ཞིག་ལ་ལན་བསྐྱོན་པའི་སྐབས།”ཕྲན་རང་སྔར་ནས་ད་བར་རང་བཙན་གཙང་མར་མཐའ་གཅིག་ཏུ་འདོད་བཞིན་ཡིན། འོན་ཀྱང་བཀའ་བློན་ཁྲི་པ་ཆགས་པ་ཡིན་ཚེ་ཁོར་ཡུག་དང་གནས་བབས་ལ་དཔག་པའི་ལས་ཀ་བྱ་རྒྱུ་ཡིན་”ཞེས་གསུངས་ཡོད། སྐད་ཆ་དེ་ནི་རྒྱ་ནག་གཞུང་ལ་དགོས་རྒྱུའི་གཏམ་ཞིག་ཆགས་ཡོད། ཆགས་སྟངས་འདི་ལྟར་ཏེ་རྒྱ་ནག་གཞུང་ནས་ལམ་དབུ་མར་མོས་མཐུན་མི་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ལམ་དབུ་མའི་རྒྱབ་ལ་རང་བཙན་གབ་ནས་འདུག་ཅེས་ཟེར་བ་དེ་རེད། གལ་ཏེ་བློ་སེང་ལགས་འདེམ་ཐོན་བྱུང་བ་ཡིན་ན། ད་གཟོད་ཏག་ཏག་རྒྱ་གཞུང་ལ་ལག་པ་ཕྱིས་ས་དང་ཁ་གཡར་ས་ཞིག་ཆགས་རྒྱུ་རེད།དེར་བརྟེན་ཁོང་གིས་རང་ཉིད་ལ་འོས་ཤོག་རགས་ཐབས་ཆེད་སྐད་ཆ་འགན་མེད་པ་ཞེ་གཅིག་བཤད་ཀྱིན་དུ་ཡོད་ཙ་ན། ངའི་ངོས་ནས་ཁོང་འོས་མིར་རྩ་བ་ནས་འོས་པར་མི་མཐོང་།
བློ་སེང་ལགས་ལ་རྒྱལ་ཁ་ཐོབ་པ་ཡིན་ན་ད་དུང་ཞོར་འབྲས་ངན་པ་གཞན་ཞིག་ཡོད་པ་དེ་ནི། ལོ་མང་རིང་བཙན་བྱོལ་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་སྤྱི་ཚོགས་ནང་ལྷག་བསམ་རྣམ་དག་གི་ཐོག་ནས་སྲིད་ཞུ་སྒྲུབ་མཁན་ཚོ་སེམས་ཤུགས་ཆག་རྒྱུའི་རྒྱུར་མི་འགྲོ་མི་སྲིད་པ་མིན། ལུས་སེམས་གཉིས་ཀྱིས་ལོ་རབས་དུ་མར་སྐུ་ལས་སྐྱོན་མཁན་ཚོ་ལ་ད་ཆ་ང་ཚོའི་ཆབ་འབངས་ནས་དེ་ཙམ་གྱི་དོ་སྣང་མ་བྱེད་པར། ཁ་བདེ་ལྕེ་སྙན་གྱི་མི་ལ་མགོ་འཁོར་བའི་འཇུག་འབྲས་ངན་པ་ཡོང་སྲིད།
གོང་འཁོད་ངའི་སྐད་ཆ་རྣམས་ཁྱེད་རྣམ་པའི་ཀློག་རྗེས་སུ། ད་གཟོད་ང་ནི་བློ་སེང་ལགས་བཀའ་བློན་ཁྲི་པར་མི་འོས་པར་མཐོང་མཁན་གྱི་གྲལ་ནས་ཡིན་པ་མཁྱེན་ཐུབ། ང་སྒེར་གྱི་ཆ་ནས་བློ་སེང་ལགས་མཇལ་མ་མྱོང་ལ། ཁོང་དང་མཉམ་དུ་ཡིག་འབྲེལ་ཙམ་ཡང་བྱས་མ་མྱོང་། ཁོང་དང་སྒེར་གྱི་མ་འགྲིག་པ་དང་མ་མཐུན་པ་གང་ཡང་མེད་ལ། བཀའ་བློན་ཁྲི་པའི་འོས་མིའི་ཁོངས་ཀྱི་མི་སུ་ཡང་ངོ་མི་ཤེས་ལ། ཁོང་རྣམས་དང་ཡིག་འབྲེལ་ཙམ་ཡང་བྱས་མ་མྱོང་། འོན་ཀྱང་མི་རིགས་ཤིག་གི་ལས་དབང་དང་འབྲེལ་བའི་གནས་ཚུལ་ཡིན་པས་གོང་ཞུས་ཀྱི་གནས་ཚུལ་རྣམས་དྲྭ་རྒྱ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ལས་ཤེས་རྟོགས་བྱུང་བ་དག་ཕྱོགས་སྒྲིག་ཞུས་པ་ཡིན།
མཐའ་འཇུག་ཏུ་ཞུ་རྒྱུར་འབུམ་རམས་པ་བློ་བཟང་སེང་གེ་ལགས་གང་ས་ཅི་ཐད་ནས་ཉམས་མྱོང་གི་དབུལ་བ་དང་། རང་ཉིད་རང་ལ་གདེངས་འཇོགས་ཆེ་དྲག་པའི་གང་ཟག་ཞིག་ཡིན་པས། བོད་ཀྱི་རྩ་དོན་ཁོང་གི་ལག་ཏུ་བཞག་མི་རུང་ཞེས་ནན་སྐུལ་བྱ་རྒྱུ་དང་། གཞན་སུ་འདེམ་རུང་བདག་གིས་ཁྱད་པར་མི་མཐོང་ངོ་།།
༢༠༡༡་༢་༤ བཟང་པོར་རྗར་མེ་ནིའི་གྲོང་ཁྱེར་ཧྥིརང་ཧྥར་ཌི་རུ་བྲིས།
Comments on “ང་ཚོས་གདམས་པའི་མི་དེ་བཀའ་བློན་ཁྲི་པ་རྩེ་ཕུད་ཅིག་ཨེ་ཡིན།”
Comments are closed.
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཁྱེད་རང་གི་དཀའ་ལས་ཞེ་པོ་ཅིག་རྒྱབ་ནས་དོན་དག་ཡོད་པའི་སྐད་ཆ་ཅིག་ཀྱང་བཤད་མི་འདུག། གཙོ་བོ་དེ་ཁྱེད་རང་གི་མ་འཇོན་པར་བློ་སེང་ལ་ཁྲག་དོག་གི་སྐད་ཆ་ཀྱང་བཤད་འདུག། དེ་ནས་བཙན་བྱོལ་ནང་གི་བོད་མི་ཁྲི་གཉིས་ལྷག་ཙམ་དེ་ལྐུག་པ་རེད་འདོག་འདོག་མཐོང་ཆུང་བྱས་འདུག། ཁྱེད་རང་བོད་མི་ཅིག་ཡིན་པའི་ཆ་ནས་བོད་མི་སུ་འདྲ་ཞིག་ཡིན་རུང་གྲགས་ཅན་མཐོ་སློབ་ཁག་ནས་སློབ་ཐོན་བ་རྣམས་ལ་རྩི་བཀུར་ཞུ་རྒྱུ་ནི་ང་ཚོའི་འོས་འགན་རེད། བོད་རྒྱལ་ལོ།
ཐ་ན་རང་གི་མིང་ཙམ་ཡང་རྫུན་བཟོ་བྱེད་མཁན་མི་འདི་ལྟ་བུ་ནི་ཁྲམ་པ་ཆེན་པོ་ཞིག་མིན་ན་ཡང་དེའི་ཉེ་འཁོར་ལ་འདུག ང་ཚོ་ཕྲུ་གུ་ཡིན་སྐབས་ཀུན་གྱིས་བློ་བཟང་དང་བློ་སངས་སོགས་འབོད་བཞིན་ཡོད། ཁོས་ཀྱང་བློ་བཟང་སངས་རྒྱས་ཟེར་འབྲི་གིན་ཡོད།Harvard, Ph D.ལག་ཁྱེར་ཐོབ་མ་ཐོབ་མཚམས་ཤིག་ལ་སངས་རྒྱས་དེ་སངས་མ་རྒྱས་པར་སེང་གེ་རུ་ཆགས་སོང་། བློ་བཟང་སེང་གེ་ཡིན་ན་ཅིག་ཟེར་གི་འདུག འདི་ལྟས་ངན་མིན་ན་ཅི་ཡིན། ཀུན་གྱིས་ཞེགས་པར་བརྟག་དང་བློ་སངས་ཀྱི་སྔོན་ལHarvard, Ph D.ཐོན་ཚར་བའི་བོད་མ་བུ་བུ་མོ་ཉུང་མཐའ་ཡང་བཞི་ཙམ་འདུག མིང་ལ་ཚེ་སྒྲོན་ཟེར་པ་དང་གཡུང་དྲུང་མཚོ་མོ་ཟེར་པ་ང་ཚོའི་ཕ་ཡུལ་སྡེ་དགེ་ཡིན་གཉིས་དངོས་སུ་མཇལ་མྱོང་ཡོད།
དེ་རིང་གི་རྫུན་གྱིས་སང་ཉིན་མི་འཁྱོལ།”
འདི་མཐོང་མ་ཐག་ངས་ཆུང་དུས་པོ་པོས་བཤད་པའི་ཨ་ཕོ་ཕག་མགོ་ཟེར་བ་དེ་ཡིད་ལ་འཁོར་ཡོང་གིས།
ཨ་ཉོག་གི་ཨ་གསར་ལས་རྒན་པོ་ཚོ་བརྟན་པོ་ཡོད་རེད་ད།
ད་དུང་བློ་སངས་ཡར་རྒྱུགས་མར་རྒྱུག་བྱེད་བྱད་དངུལ་སྤྲོད་མཁན་དེ་སུ་ཡིན་པ་ནི་ཧ་ཅང་ཧ་ཅང་ཧ་ཅང་གི་དོགས་གཞི་རེད།
འདི་མི་ངོ་རྩིས་ཐོ་གསལ་ཁ་ཆོད་པ་མ་འཕྲོད་ན་ནི། མ་འོང་པར་བོད་གཞུང་གི་རྩིས་ཕྲ་ག་འདྲ་ཆགས་རྒྱུར་དེ་ཡང་ཁོས་སྔ་ས་ནས་ལན་བརྒྱབ་འདུག་ག
བོད་ལ་ས་བྱིའི་ལས་འགུལ། ས་ཡོམ་དང་ཆུ་སྐྱོན་གངས་སྐྱོན་བསྟུད་མར་བྱུང་དུས།
ཁོས་འདིའི་སྐོར་ལ་གདུང་སེམས་འཛིན་སྟངས་དང་རྣམ་འགྱུར་སྟོན་སྟངས་ཞིབ་ཕྲ་ལ་ལྟོས་དང་།
བོད་དོན་ཤ་ཞེན་དངོས་མ་ཡོད་མཀན་ཞིག་ཨེ་མ་ཡིན།
འདུས་འབྱུང་མཆོག་གིས་དཔྱད་བརྗོད་ལེགས་པོ་བྲིས་གནང་འདུག ཐུགས་རྗེ་ཆེ། ང་ཚོས་གཟབ་ནན་བྱེད་ངེས་ཡིན། འོན་ཀྱང་ད་དུང་ཡང་བོད་མི་མང་པོ་ཞིག་གཉིད་སད་མི་འདུག ཁག་མེད། ཁོ་ཚོར་ཤེས་ཡོན་དེ་ཙམ་མེད། དཔེར་ན། རྒྱ་ནག་གཞུང་བློ་སེང་ལ་ཞེད་ཀྱི་འདུག ཅེས་པ་དང་། བོད་ནང་གི་མིས་བློ་སེང་བཀའ་ཁྲི་ཆགས་རྒྱུར་སྒུག་ཡོད་ཅེས་པ་སོགས་ཤོད་མཁན་རང་ཉིད་ཡོན་ཏན་རྩ་བ་ནས་མེད་པ་སྟོན་བྱེད་ཀྱི་བཤད་ཡམས་དེ་དག་ལ་མི་མགོ་འཁོར་གྱི་ཡོད། དངོས་གནས་གད་མོ་སློང་ཡས་རེད། དོན་དག་འདི་ཙམ་ཞིག་ཧ་མ་གོ་བར་ད་དུང་བོད་ཀྱི་མ་འོངས་པའི་དོན་བསམ་གཞིགས་བྱེད་ཐུབ་བམ། གང་ལྟར་ད་ལོའི་བཀའ་ཁྲིའི་འོས་འདེམས་འདི་རྒྱན་བཙུགས་དང་ཆ་རེད། དོན་དངོས་ལ་དཔྱད་པ་བྱེད་ཐབས་མེད་པར་རླུང་རྟ་ལ་སྒུག་རྒྱུ་རེད།
འདུས་འབྱུང་ཕུན་ཚེ་ཟེར་བ་འདིས། བློ་སེང་ལ་ཞིབ་འཇུག་ཞེ་དྲག་བྱས་པའི་ཁུལ་རེད་དེ། ཞིབ་ཏུ་ལྟ་ཡོང་དུས་དོན་མེད་ཀྱི་སྐྱོན་འཛུགས་དང་། རྐང་པ་ནས་འཐེན་ཐབས་ཀྱི་གཡོ་བྱུས་ནག་པོ་ཞིག་ཏུ་མངོན་ཡོང་བ་ལས། གཏམ་དྲང་པོ་ཚིག་གཅིག་བཤད་མི་འདུག དེར་བརྟེན་ཁྱོད་རང་གིས་རྫིག་རྫིག་བྲིས་པར་གུས་པ་མགོ་འཁོར་དགོས་དོན་མི་འདུག
ཁྱོད་སྙིང་རྗེ། བློ་སེང་ལ་འོས་ཤོག་བླུགས་མཁན་གྱི་མི་ཁྲི་གཉིས་ལྷག་ཙམ་དེ་དག་ཚང་མ་གླེན་པ་ཅི་ཡང་མི་ཤེས་མཁན་རྐྱང་རྐྱང་དུ་བགྲང་གི་ཡོད་ན། ཁྱོད་ཀྱང་དེ་དག་ལས་ཀྱང་གླེན་པ་མ་ཟད། ཁོག་པ་ནག་པའི་མི་ཞིག་ཏུ་གྲུབ་མི་འདུག་གམ།
འདུས་བྱུང་ཕུན་ཚོགས་ཚེ་རིང་ཟེར་བ་ཁྱོད་ཀྱིས། མི་ཁོག་དུད་འགྲོའི་རྣམ་ཤེས་ཞུགས་ཏེ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གཞི་མེད་སྐུར་འདེབས་ཀྱི་འཆལ་གཏམ་འབྲི་ཁུལ་གྱིས་རང་གི་རང་མཚང་དམར་རྗེན་དུ་སྟོན་པ་འདི་སུ་ཡི་རྣ་བར་འགྲོ། ཁྱོད་ཀྱི་སྨྲ་འདོད་ཁ་སྒོར་རིགས་སྔགས་རྒྱ་ཡིས་འདེབས་སོ།
བཀའ་ཁྲི་སུ་ཐོབ་ཀྱང་། མང་མོས་ཀྱིས་བཀུར་བའི་སྤྱི་མི་ཞིག་ལ། གུས་ཞབས་དང་ལྡན་པའི་སྒོ་ནས། རང་རང་སོ་སོར་ཡོད་ཡོད་པའི་བོད་མི་རིགས་ཀྱི་ལ་རྒྱ་དེ་ཡང་། གཅིག་ཏུ་སྤུངས་ནས། ལས་འགུལ་ནང་ལ་བཞུགས་རྒྱར། ད་ལྟ་ནས་བློ་ཐག་བཅད་ནས་། སྡོད་ཐུབ་པ་ཅིགདལྟ་ནས། གྲ་སྒྲིག་མ་ཕྱི་བ་ཞིག་བྱོས་དང་། མ་འོངས་པར་བོད་རིགས་སྤྱི་ཡི་མཐུན་འདྲིལ་གྱི་ནུས་པ་ལ་ཕན་བགྱི་རེད། བཀའ་ཁྲི་རྒྱལ་འགྱུར་ཅིག ། བོད་རྒྱལ་ལོ། །
དངོས་གནས་ལྟད་མོ་ཆེན་པོ་འདུག
ཡོད་གཅིག་ཐོལ། ཚེག་གཅིག་ཆད། ་་་འདྲིལ་དེ་མཐུན་སྒྲིལ་ལ་བཅོས། ད་དུང་ཡིག་ནོར་ཡོད་ན་དགོངས་དག
དྲ་གྲོགས་འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཀྱིས་གཟུ་བོའི་བློ་ཡིས་ཞིབ་འཇུག་ཞིབ་ཚགས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་དུང་གདམས་ངག་ལྔ་པ།བློ་བཟང་སེང་གེ་ལགས་ཀྱིས་བོད་མི་རྒན་དར་གཞོན་གསུམ་ཚང་མར་དམིགས་ནས་རྒྱ་མིར་བརྡ་ལན་སྤྲོད་ཚུལ་བརྗོད་ཀྱི་ཡོད་པ་རེད།་
གདངས་ངག་དྲུག་པ།མི་རབས་གསར་རྙིང་གི་འཐབ་རྩོད་བསླངས་པ།
གདམས་ངག་བདུན་པ།ཁྱིམ་བརྒྱུད་དང་སྐུ་དྲག་བཅས་ཀྱི་འབོད་སྒྲ་བསླངས་པ།
གདམས་ངག་བརྒྱད་པ།མཁས་དབང་གི་དར་ཆ་འཕྱར་གྱི་ཡོད་པ།
གདམས་ངག་དགུ་པ།འོས་བསྡུའི་དྲིལ་བསྒྲགས་ཆེད་བསྐོར་བསྐྱོད་བྱས་པ་དེར་མང་གཙོ་གོང་འཕེལ་ལ་ཕྱིན་སྐོར་བརྗོད་བཞིན་པ།
གདམས་ངག་བཅུ་པ།བོད་ཡིག་མ་ཤེས་ཤེས་ཁུལ་བྱེད་པ་བཅས་དེ་ཙམ་དུ་མཚམས་བཞག་གོ།
ལ་རྒྱའི་བདག་པོ་འདི་བློ་བཟང་སེང་གེ་ལགས་ཀྱི་སྟེང་ལ་བཙུགས་བཞག་པ་འདྲ་པོ་ཞིག་འདུག ཡིན་ན་ཡང་འགྲིགས་ཤག གོ་རྟོགས་སྤེལ་ཡས་ལ་དགོས་པ་ཆེན་པོ་ཡོད། ཨོྃ་བདེ་ལེགས་སུ་གྱུར་ཅིག །
ལ་རྒྱའི་བདག་པོ་གཉིད་ཁུགས་ཚེ། །
བློ་སེང་སག་བགྲོད་ངང་ཚུལ་གྱིས། །
ཐོད་རྒལ་གོམས་སྟབས་ཆེན་པོ་ཡིས། །
བཀའ་ཁྲིའི་ཞབས་སྟེགས་རྩ་ཆེན་འདི། །
སག་སྟེ་ཁ་ལ་ཞུ་འདོད་པས། །
བྱི་ལས་ཙི་ཙིར་མེལ་ཚེ་ལྟར། །
ལ་བདག་མ་ཉལ་བཀའ་ཁྲི་ཡི། །
ཞབས་སྟེགས་བྱ་ར་ལྷོད་མེད་གྱིས། །ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། ཧུཧུུུུུུུུུུུུུུུུུུུུུཧཧཧཧཧུུུུུུུུུུུུུུུུུཧཧུུུུུུུུུུུུུུུཧཧུུུུཧུ་ཧུཧུུུུུུ། ཧོཧཧོོོོོོོོོོོོོོོོཧཧོོོཧོོཧོཧོཧོོཧོཧོཧཧོཧོོོོཧ་ོཧོཧཧོཧོཧོཧོོཧོཧོཧོཧོཧོཧོཧོཧོཧོ
འབྱུང་འདུས་ཕུན་ཚོགས་ཚེ་རིང་ལགས།
ཁྱེད་ཀྱི་འདི་ལྟར་གསུངས་འདུག
“རང་ལ་རིན་ཐང་ཡོད་ན། གོང་ཐང་མི་ཡི་རྒྱབ་ཡོང་།”
དངོས་གནས་ཁྱེད་རང་བདེན་པ་རེད།
བློ་སེང་ལགས་ལ་རིན་ཐང་ཡོད་ཙང་། སྔོན་འགྲོའི་འོས་བླུགས་སྐབས་བོད་མི་ཚོས་གོང་ཐོང་ཆེན་སྤྲད་སོང་ག།
ད་ལྟ་དུང་ཡང་དངོས་གཞིའི་སྐབས་འཐོབ་ངེས་རེད་ཅེས་ཁྱོད་རང་གིས་ཤོད་ཀྱི་འདུག་ག།
༧གོང་ས་མཆོག་གིས་ཀྱང་བོད་མི་མང་ཚོགས་ཀྱིས་བཀའ་ཁྲི་སུ་ལ་བླུགས་ན་དེ་ལ་ཁོང་ཉིད་ཀྱི་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་མི་དྲན་ནམ།
གཞི་མེད་ཀྱི་སྐུར་འདེབས་མེད་བྱེད།
བློ་སེང་གི་འབུམ་རམས་ལག་ཁྱེར་ཚད་ལྡན་རེད།
ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་མགོ་སྐོར་བཏང་མེད། དེ་ཡང་ཁྱེད་ཀྱིས་གསུངས་པ་བཞིན། “རང་ལ་རིན་ཐང་ཡོད་ན། གོང་ཐང་མི་ཡི་རྒྱབ་ཡོང་།” ཞེས་པ་དེ་རེད།
དེ་བཞིན་ཐུབ་བཀའ་ཁྲི་ཐོབ་ཆེད་༢༠༠༥ ནས་གྲ་སྒྲིག་བྱེད་པ་ཙམ་མ་ཚད་ཆུས་དུས་ནས་གྲ་སྒྲིག་བྱེད་པ་ཞིག་རེད། དེ་མིན་ཧོབ་སྟེ་ཤེས་འཇོན་གཉིས་ལྡན་ཡོངས་ཀྱི་མ་རེད།
དེ་བཞིན་དུ་ཕྱོགས་མཐའ་ཁག་ཏུ་ཕེབས་བསྡད་པ་དེ་འོས་ཀྱི་ཆེད་དུ་རེད་ཟེར། དེ་ཁྱོད་རང་བདེན་པ་རེད།
གཞན་དག་བཀའ་ཁྲི་རྣམས་པ་ཕེབས་པ་དེའང་འོས་ཀྱི་ཆེད་དུ་རེད་མ་གཏོགས་ཆོས་གསུངས་ཡ་དང་དབང་བསྐུར་ཡའི་ཆེད་དུ་མ་རེད།
དེ་འཛམ་གླིང་རྒྱལ་སྤྱི་དང་མཐུན་པ་ཞིག་རེད།
དེ་ལས་བཤད་ཡ་མི་འདུག་ན་ཁ་ནང་དུ་མཛུ་མོ་བཙུགས་ནས་བསྡད་ན་ན་དགའ།
ཧ་ཧ་ཧ་།
ངའི་འོས་ནས་བློ་སེང་ལ་དབང་ཡང་། བཀའ་ཁྲིའི་འོས་མི་གཞན་གཉིས་ལའང་གུས་བཀུར་དང་དགའ་མོས་ཆེན་པོ་ཡོད།
འདུས་ཆུང་ཕུན་ཚོགས་ཚེ་རིང་གི་རྩོམ་ཡིག་ཁུངས་དང་རྒྱུ་མཚན་ཡོད་པ་ལེགས་པོ་བྲིས་འདུག་སྙམ་གལ་ཏེ་ཁོ་པས་བྲིས་པའི་གནས་ཚུལ་བདེན་པོ་མིན་སྙམ་ན།ཁྱེད་ཀྱིས་ཀྱང་ཁུངས་ལུང་རྒྱུམཚན་དྲངས་ཏེ་དགེ་འདོན་སྐྱོན་སེལ་བྱེད་གོས་པ་ལས་གཞི་མེད་སྐྱོན་འདོགས་དང་བཟང་སྤྱོད་དང་བརྒལ་བའི་ཚིག་ངན་འཕངས་ན་རང་ཉིད་རྒྱུ་མཚན་ཕོངས་པ་འཇབ་ཆུང་ཞིག་ལས་སྐད་ཆ་དྲང་པོ་བཤད་མཁན་ཞིག་ལ་མི་བརྩི།མ་འོངས་པའི་བཀའ་བློན་ཁྲི་པ་སུ་ཡིན་རུང་རང་ཉིད་ཀྱི་ལྟ་བ་གང་ཡིན་པ་བརྟན་པོ་དང་།་ལངས་ཕྱོགས་ཀྱང་བརྟན་པོ་འགྱུར་བ་མེད་པ་ཞིག་དགོས་ལ།་སྐད་ཆ་ཡང་མིའི་ངོ་ལ་མ་ལྟས་པར་དྲང་པོ་ཤོད་མཁན་ཞིག་ཡིན་དགོས།རང་གི་ཁེ་ཕན་གཅིག་ལ་ཐུག་དུས་མིའི་འདོད་པ་ཇི་ཡོད་ལྟར་སྐད་ཆ་བཤད་ན་མི་འདི་ནི་སྐབས་འཚོལ་རིང་ལུགས་པ་ཞིག་ལས་མི་རང་ཚུགས་ལྡན་པ་ཞིག་ཆགས་ཀྱི་མེད་སྟབས་མ་འོངས་པའི་བཀའ་བློན་ཁྲི་པ་ཚད་ལྡན་ཞིག་མ་རེད།
བློ་བཟང་སེང་དགེར་རྷ་སའི་དཀྱིལ་འཁོར་ནང་འཛིན་སྐྱོང་གྱི་ཉམས་མྱོང་ཡོད་མ་རེད་ཟེར་སྐྱོན་འདོགས་བྱས་དང་བྱེད་བཞིན་པ་དེར་ལན་ཞིག་ཡོད་རེད་ཟེར་ཤོད་བཞིན་པ་དེ་ནི་ཁོང་དེ་སྔོན་རྷ་སར་ཡོད་པའི་ཆུ་སྒང་གསར་པའི་དྲུང་ཆེ་གནང་སྟེ་ཆུ་སྒང་གསར་པ་དབུ་འབྱེད་མཛད་སྒོའི་སྐབས་ཆུ་སྒང་ཚོགས་མི་རེ་ཟུང་གིས་སྐབས་དེའི་བཀའ་སྤྱི་གཉིས་ལ་བཀའ་སྐྱོན་གནང་བར་དྲུང་ཆེ་བློ་བཟང་སེང་དགེ་ལགས་ནས་མཛད་སྒོ་མཇུག་བསྡོམས་གསུང་བཤད་གནང་སྐབས་གོང་རིམ་ལ་གུས་བཀུར་མ་ཞུས་པ་མ་རེད་ཨ་རོ་ཁམས་པའི་གཤིས་སྤྱོད་རེད་ཟེར་གསུངས་སྐོར་གྱི་ལོ་རྒྱུས་དེ་དག་ཁོང་གི་བཀའ་ཁྲིའི་འོས་མིའི་ལོ་རྒྱུས་ནང་མ་བཀོད་པ་དེ་དངོས་གནས་ལན་ཚ་པོ་ཞིག་ཡིན་པ་འཕང་པོ་རེད་སྙམ།
དྲ་གྲོགས་ལྷག་བསམ་ལགས།
སོ་སོས་བཟའ་འདོད་མེད་པའི་ཁ་ལག་དང་།བྱེད་འདོད་མེད་པའི་ལས་ཀ།གྱོན་འདོད་མེད་པའི་གོས་ལོག
མཐོང་འདོད་མེད་པའི་ལྟད་མོ་སོགས་མིག་ངོར་འཆརཡོང་ན་དེ་མུར་བཏང་སྙོམ་ལ་བཞག་ན་ཚོར་སྣང་མེད་པའི་གླེན་པའི་རྟགས་རེད།
འདོད་པ་མེད་ཚུལ་བརྗོད་ནས་རྒྱང་རིང་དུ་དོར་དགོས་མ་ཡིན་ནམ།
ཨོ་ཧོ། ད་རིན་པོ་ཆེ་ཡང་དངོས་སུ་ཕེབས་འདུག ཁོང་གི་བཀའ་མོལ་ཚང་མ་དྲང་བཞག་རེད་འདུག སྐྱེ་བོ་ཕལ་པ་དང་འདྲ་ས་མི་འདུག སྐྱེ་བོ་ཕལ་པ་འདི་ཚོས་ཐུག་མ་ཐག་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་རྒྱུ་མཚན་རྣལ་མ་མེད་པར་ཡིད་དུ་དུག་གསུམ་གྱི་གཞུ་མོ་བཀང་སྟེ་ཁ་ནས་ཚིག་རྩུབ་ཀྱི་མདའ་མོ་འཕེན་བཞིན་འདུག་པ་ནི་ཧ་ཅང་ཐབས་སྐྱོ། དེ་འདྲ་སོང་ཙང་རིན་པོ་ཆེ་ཡང་ཡང་ཕེབས་ན་མ་གཏོགས་མི་འདི་ཚོས་དྲ་སྟེང་འདི་གཡུལ་ས་ཞིག་ཏུ་འགྱུར་ས་རེད།
“རང་ལ་རིན་ཐང་ཡོད་ན།
གོང་ཐང་མི་ཡི་རྒྱབ་ཡོང་།”
གོང་ཐང་མི་ཡི་རྒྱབ་ནས་།
འོས་ཤོག་རྩེ་མོར་ཕེབས་ཞག་།
རྒྱ་ཆ་ཐོན་པོར་ལོན་ཞག་།
མང་མོས་དགའ་མོས་ཐོབ་ཞག་།
སྙན་གྲགས་ཆེ་གཤོས་ཆགས་ཞག་།
བཀའ་ཁྲི་ཐོབ་ལ་ཉེ་ཞག་།
གོང་ཐང་མི་ཡི་རྒྱབ་དུས་།
འགའ་རེས་སྙིང་ལ་ཟུགས་རྒྱབ་།
ལས་ཐབ་གཉིད་ཐབ་བཅག་ནས་།
གོང་ཐང་བཅོག་རྕིས་བྱེད་ཀྱི་།
གོང་ཐང་བཅོག་རྒྱུ་ཕར་ཞོག་།
གསུམ་པའི་ཉི་ཤུ་ཉིན་མོ་།
བློ་སེང་བཀའ་ཁྲིར་མཁོད་རེན་།
ཁོན་སེམས་སྡང་སེམས་ཅན་ཚོ་།
སྙིང་རྩ་ཆད་ནས་ངུ་རེན་།
དྲ་གྲོགས་མགོ་ལོག་གངས་བུ་བསམ་འགྲུབ་དང་།་ཁ་རུ་ཁ་ཐུག་ཞིང་པའི་བུ་བཅས་ཀྱིས་མི་མང་ཚིག་ངན་རྐྱང་བརྗོད་ན་ཀློག་པ་པོ་སུ་ཡིན་ནའང་རྒྱུ་མཚན་བརྗོད་རྒྱུ་མེད་སྟབས་དེ་ལྟར་ཚིག་ངན་གཞི་གཅིག་བརྗོད་ཀྱི་ཡོད་པར་སྙམ་གྱི་རེད།
དེས་ན་ཁྱེད་ཚོས་རྒྱུ་མཚན་ལྡན་པའི་སྒོ་ནས་བློ་སེང་གི་དགེ་མཚན་མང་ཙམ་དྲངས་ཐུབ་ན་དོན་ངོ་མའི་ཁྱེད་ཚོའི་དགག་ལན་ཞིག་རེད།
སྤྱི་བཏང་འོས་བསྡུའི་ལས་རིམ་ནང་བློ་སེང་གི་ཁ གཏད་ཡིན་ན་བློ་སེང་ལ་སྐྱོན་བརྗོད་བྱེད་པར་ཧང་སང་དགོས་དོན་མེད།དེ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག
ཐྲག་ཐྲག་་་་་་་་་་ཐྲག དབུ་ལེའི། དབུ་ལེའོ། བཞུགས་མཁན་ཡོད་པས། ཐྲག་ཐྲག་་་་་་་་་་ཐྲག དབུ་ལེའི། དབུ་ལེའོ། བཞུགས་མཁན་ཡོད་པས། ཨོའོ། །ད་སྒོ་བརྡུངས་མ་བརྡུངས་མི་འདུག ད་བྱེད་དུས་ལ་རྒྱའི་བདག་པོ་ཁོང་བཞུགས་མེད་པ་འདྲ།
དབུ་ལེའི། ལ་རྒྱའི་བདག་པོ་ལགས། འོན་སེང་མ་གནང་ན་བཀའ་ཁྲིའི་ཞབས་སྟེགས་མིས་གཡོག་འཕྲོག་བྱེད་ས་རེད་ད། ཕལ་ཆེར་ཁོང་ཆོས་གཏོགས་བཀྱག་ནས་ཕྱིན་པ་འདྲ། ཁག་མེད་དེང་སང་ཁོང་ལ་མི་ངན་རེ་ཟུངགིས་འཇིགས་སྐུལ་ཞེ་དྲག་བྱེད་ཀྱི་འདུག ད་ཁོང་བྲོས་ཚར་བ་ཡིན་གྱི་རེད།
ཀ་རྡོར་སྒང་ན་ཡོད་དུས།།
བོད་པ་མཐོང་ཆུང་བཏང་ཁར།།
གཞུང་ལ་ཞེན་ལོག་བྱས་མྱོང།།
ཟ་རྒྱུ་ལྕེ་ཡིས་ཚོར་དུས།།
ཁེ་ཕན་གང་ཐོབ་བྱས་སོང།།
གང་ནས་ཕོགས་ཤིག་ཐོབ་ན།།
རང་ཚུགས་ཟེར་བ་མི་དགོས།།
གཞུང་ལ་ལག་པ་བརྐྱངས་ནས།།
ཕྱི་རྒྱལ་འགྲོ་རྩིས་བྱས་སོང།།
ཕྱི་ལ་སློབ་གྲྭར་འགྲོ་དུས།།
བོད་ཡིག་སྣང་མེད་བྱས་སོང།།
ཆུ་སྒང་རྙིང་པའི་ནང་གི།
དྲུང་ཆེ་ལས་དོན་རྙེད་པས།།
དམ་སྲི་འཇུ་ཆེན་ངག་ལ།།
མོས་གུས་ཆེན་པོས་ཉན་སོང།།
བོད་གཞུང་རྒྱབ་ལ་གཡུག་སོང།།
གྲོས་ཚོགས་ཤར་ལ་གཏད་སོང།།
ཆུ་སྒང་རྙིང་པའི་ལོ་རྒྱུས།།
བ་སྤུ་རླུང་གིས་ཁྱེར་འདྲ།།
ལོ་འགར་ཁྲིམས་ལ་སྦྱངས་ཀྱང།།
བཀའ་ཁྲིར་ནག་འགལ་བྱས་སོང།།
བཀའ་ཁྲི་སྒྲོ་ལོར་འཐིམས་པའི།།
གཞི་མེད་སྐྱོན་འཛུགས་རྒྱབ་ན།།
ཁྲིམས་ལུགས་ཆེད་མཁས་ཡོད་པ།།
བློ་བཟང་སེང་གེ་རེད་འདུག།
ད་ལྟ་འཛུམ་ཁ་ཤིག་སེ།།
མཐོན་པོའི་ཁྲི་ལ་བསམས་ཀྱང།།
ལྷ་དང་ཆོས་སྐྱོང་སྲུང་མས།།
རང་དགར་གཏོང་བ་སྲིད་དམ།།
སྐད་ཡིག་རིག་གཞུང་མེད་པས།།
བཀའ་ཁྲི་ཁྱེད་འདྲའི་ཅི་བྱེད།།
ཆོས་དང་ཞགས་རྩི་མེད་པས།།
བློ་སེང་ཁྱེད་འདྲའི་ཅི་བྱེད།།
དེ་བས་དམའ་ས་བཟུང་ནས།།
མི་ལ་ཡིད་ཆེས་བསྐྲུན་ན།།
མཐོ་བ་བཀའ་བློན་ཁྲི་པ།།
ནམ་ཞིག་ཐོབ་ཀྱང་སྲིད་དོ།།
འདུས་འབྱུང་མི་བུ་རྣམ་དཔྱོད་མཁའ་ལྟར་ཡངས། །
རིགས་ཀྱི་ཞེན་པ་ཏེ་སིའི་ལྷུན་པོར་འགྲན། །
གནས་དུས་མཁྱེན་དཔྱོད་དུས་ཐོག་ཆར་པ་ལྟར། །
ལྗགས་ཀྱིས་འགུལ་བསྐྱོད་ཐན་པའི་གསོས་སུ་སྨན། །
རིན་པོ་ཆེ་འདི་བདེན་དོན་ཚངས་ཐིག་རེད། །
སྐུ་ཞབས་ལྷག་བསམ་ལེགས་ཉེས་ཤན་འབྱེད་མཁས། །
ལ་རྒྱ་བདག་པོ་རིགས་ལ་གློ་བ་དཀར། །
དེ་འོག་ཞིང་པ་ལུང་ཁུག་རྨོངས་པ་རེད། །
མགོ་ལོག་གངས་བུ་ཅལ་འདྲོགས་གཞུ་མོ་རེད། །
རང་བཙན་མདེའུ་འཐེན་འཁྱེར་མདའ་མོ། །
རང་བཙན་མགོ་ལོག་མདའ་ལྟོང་སྦྱར་བ་འདི། །
ལུང་ཁུག་ཞིང་རྒན་ཁྱི་ར་རྒྱག་ཆེད་འབུལ། །
BBC འདི་བདེན་དོན་འཚོལ་མཁན་ཡིན།།
མ་འོངས་བོད་ཀྱི་རླུང་འཕྲིན་ཨ་མ་ཡིན།།
གནས་ཚུལ་འཚོལ་ཞིབ་རིག་པ་ཡག་དྲགས་ནས།།
རྒྱལ་ཡོངས་བོད་མིས་བརྩི་ཞིང་བཀུར་བར་འགྱུར།།
པདྨ་མཚོ་མཆོག་ལ་ཆེད་ཞུ། ཁྱེད་ཀྱིས་མི་རིགས་ཀྱི་ཆེད་བློ་སྤོབས་ཆེན་པོས་སེམས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུ། །ཁྱེད་ཀྱིས་བདེན་པའི་སྣེ་འཁྲིད་གནང་བའི་རེ་འདུན་དང་། རང་གི་ཉེ་འཁོར་གྱི་མི་རྣམས་ཁྲམ་པའི་གཡོ་འོག་ཏུ་མ་ཚུད་པའི་ལམ་སྟོན་ཅིས་ཀྱང་ཡོད་པ་མཁྱེན། །
BBC དང་པད་མ་མཚོ་གཉིས་ལ་རྒྱབ་སྐྱོར་ཡོད།
BBC ལགས་སུ་ཞུ་རྒྱུར།བོད་མི་མང་གིས་མཐའ་མའི་གདམ་ཁ་ནོར་གྱི་མ་རེད་བསམ་གྱི་འདུག
མི་མང་གིས་མཐའ་མ་དེར་སུ་གདམ་ཡང་ངས་ཀྱང་དེར་བརྩི་བཀུར་ཞུ་རྒྱུ་ཡིན།
ད་ང་ཚོ་ཞོགས་པའི་ཚོུད་༥་ཡོལ་སོང་།ད་ང་ཉལ་བར་འགྲོ་རྒྱུ་ཡིན།
BBC རྗེས་སུ་མཇལ་ཡོང་།
གཟབ་གཟབ་མ་བྱས་ན་མི་དམངས་མགོ་བོ་རྨོངས་ནས་མགོ་ལོག་རྩེ་སྲིད། ལྟོས་དང་། སྔོན་འགྲོའི་འོས་ཤོག་བླུགས་སྐབས་གང་འདྲ་བྱུང་འདུག གོམས་ཞེང་ཆེན་པོ་གཅིག་གིས་མཐོ་སློབ་ནས་བཀའ་ཁྲིའི་ཞབས་སྟེགས་བར་བསྙབས་མི་འདུག་གམ།
འདི་གང་ལྟར་སློབ་གྲྭའི་རྒན་བདག་འདེམས་ཀྱི་ཡོད་པའི་ཚོར་སྣང་ཞིག་ལས་རྒྱལ་ཁབ་གཅིག་གི་སྲིད་བློན་འདེམས་ཀྱི་ཡོད་པའི་ཚོར་སྣང་གང་ཡང་མི་འདུག འདི་འཛམ་གླིང་ཐོག་སློབ་གྲྭའི་རྒན་བདག་ལ་འོས་འཕེན་པའི་གཞི་རྒྱ་ཆེ་ཤོས་ཞིག་རེད། ཧ་ཧ་ཧ། དབུ་ལེའི། གསན་བྱུང་ངམ།
རང་བཙན་མདེའུ་འཐེན་འཁྱེར་མདའ་མོ་རེད། ཅེས་པར་བཅོས།
ད་ལྟ་དྲ་གྲོགས་གཅིག་གིས་དོན་གཅིག་དྲན་གསོས་བསླངས་སོང་།ལོ་ཤས་གོང་གི་སྤྱི་འཐུས་གྲོས་ཚོགས་ནང་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ཀྱིས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་དོན་ཟུར་རིན་ཆེན་དར་ལོས་ཌོ་ལར་བཟས་སྐོར་གླེང་སློང་གནས་ཚུལ་བྱུང་སྟེ་བཀའ་ཀྲི་ཟམ་གདོང་རིན་པོ་ཆེས་དོན་གནད་དེའི་སྐོར་གསལ་བཤད་གནང་བར་སྤྱི་འཐུས་བསོད་སྟོབས་འདོོད་པ་མི་ཁེངས་པར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞབས་ཡ་གཅིག་ཌོ་ལར་ནང་ཐིམས་འདུག་ཅེས་བཤད་པར་སྤྱི་ཚོགས་ནང་དེ་སྐོར་གླེང་གྲགས་ཆེན་པོ་བྱུང་ཞིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་དབྱངས་སྒྲོལ་ལགས་ནས་དེའི་སྐོར་སྤྱི་འཐུས་བསོད་སྟོབས་དང་བོད་ནས་གསར་དུ་འབྱོར་བ་ལྷུན་གྲུབ་གཉིས་རླུང་འཔྲིན་ལེ་ཚན་ནང་དོན་འདིའི་སྐོར་བགྲོ་གླེང་བྱེད་སྐབས་དོན་དུ་ཁོང་གཉིས་རྩོད་པ་ཤོར་དུས་དབྱངས་སྒྲོལ་ནས་བར་འདུམ་ཚུལ་དུ་སྤྱི་འཐུས་བསོད་སྟོབས་ཀྱིས་ཟམ་གདོང་རིན་པོར་སྐྱོན་འཛུགས་ཞུས་པ་འགྲིགས་མིན་ཁྲིམས་ལུགས་མཁས་པ་ཞིག་ལ་སྐད་ཆ་དྲིས་པར་ཁྲིམས་མཁས་པ་དེས་བསོད་སྟོབས་ཀྱི་བྱེད་སྟངས་ནོར་མེད་ཚུལ་བཤད་སོང་ཞེས་བཤད་འདུག་པས་ཁྲིམས་ལུགས་མཁས་པ་དེ་མིང་བཏོན་མེད་ཀྱང་མཇུག་ཏུ་ཁྲིམས་ལུགས་མཁས་པ་འདི་ནི་བློ་བཟང་སེང་དགེ་ཡིན་འདུག་པས་མི་རྣམས་ཀྱིས་རྷ་སའི་ཆུ་སྒང་དྲུང་ཆེས་ལྡི་ལིའི་ཆུ་སྒང་ལ་རྒྱབ་སྐྱོར་བྱེད་དགོས་དོན་གང་ཡིན་ཞེས་མི་ཚོས་དྲི་སྐབས་ལངས་ཕྱྱོགས་བརྟན་པོ་ཟེར་རྒྱུ་གལ་ཆེན་པོ་མ་རེད།གལ་ཆེ་ཤོས་སོ་སོར་ཁེ་ཕན་གང་དུ་ཡོད་མིན་ལ་ལྟ་ཡི་ཡོད་པ་དེ་རེད་ཟེར་མིས་བཤད་པ་དངོས་བདེན་ཡིན་མིན་དོ་བདག་ལ་དྲིས་ན་ཤེས་ཐུབ།དེ་ནས་གླེང་འདོད་བྱུང་བ་ནི།་སྤྱིར་མང་གཙོའི་འགྲོ་ལུགས་ལྟར་འོས་མི་གཉིས་འོས་གཞིའི་ནང་ལངས་ཏེ་འོས་འཐོབཤོར་སྐབས།་སྔོན་འགྲོའི་འོས་ཤོག་མང་ཉུང་ལ་རྒྱལ་ཕམ་གྱི་ཐག་གཅོད་ཡོང་རྒྱུར་རྩོད་གཞི་ཡོད་པས།་སྔོན་འགྲོའི་འོས་ཤོག་མང་བ་ཙམ་གྱིས་མཐའ་མའི་རྒྱལ་ཁ་ལོན་ཞེས་པ་ད་ལྟ་ཁ་མཚོན་བཅད་ན་ཅུང་སྔ་དྲག་ཅིང་མི་མང་པོ་ཞིག་གིས་དང་པོ་ཕྲུ་གུ་དགའ་རུ་འཇུག་ཅེས་བཤད་སྲོལ་ལྟར་འོས་ཤོག་རྩེད་མོ་རྩེ་མཁན་ཡོད་དུས་རྒྱལ་ཕམ་གྱི་སྐད་ཆ་ད་ལྟ་བཤད་ན་ཅུང་སྔ་དྲག་སོང་སྙམ།ཆུ་ཤིང་བསྟན་བཅོས་ལས།ཉམ་ཆུང་སྟེང་དུ་དཔའ་ཐལ་ན།་ཉམ་ངའི་གཡང་དུ་ལྷུང་གྱུར་ཏེ།ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།་སྐེམ་ལ་ཡར་ན་འཆོ་བར་གྱུར།ཞེས་པ་ལྟར་རོ།
ཆུ་ཤིང་བསྟན་བཅོས་ལས།ཉམ་ཆུང་སྟེང་དུ་དཔའ་ཐལ་ན།་ཉམ་ངའི་གཡང་དུ་ལྷུང་གྱུར་ཏེ།ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ།་སྐེམ་ལ་ཡར་ན་འཆི་བར་གྱུར།ཞེས་པར་བཅོས་རོགས་གནང་།
སྐུ་ཞབས་འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས།
ཁྱེད་ཀྱི་དཔྱད་རྩོམ་ལ་རིན་ཐང་འདུག་ཅེས་མི་ཆུང་ཆུང་གིས་སྐད་ཆེན་པོས་ཞུ་རྒྱུ་ཡིན། ང་རང་བློ་སེང་ལ་ཐོག་མ་ནས་འོས་ཤོག་འཕེན་མཁན་ཞིག་མིན་མོད། རང་གི་འོས་ཤོག་མི་འཕེན་རྒྱུའི་རྒྱུ་མཚན་བཤད་ན་དོན་ལ་མི་རྟོན་ཕྱོགས་ལྷུང་གིས་ཁྱེར་འགྲོ་བ་ནི་མངོན་སུམ་རེད་བསམ་པ་དེ་ཉིད་ཀྱིས་ཀྱང་ཚོར་འདུག
ངས་བཀུར་འོས་འོས་མི་གསུམ་གྱི་གཏམ་བཤད་ནང་བསྡུར་བྱས་དུས། བློ་སེང་གི་འབུམ་རམས་པའི་ཆེད་རྩོམ་དེ་ནི་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱིས་མཁྱེན་དགོས་ཀྱི་འདུག་བསམས་ནས་ཡིག་བསྒྱུར་བྱེད་རྒྱུར་དྲ་ངོས་འདི་ནས་སྐུལ་མ་བྱས་ཀྱང་དོན་འབྲས་མ་སོན། ངས་ཆེད་རྩོམ་དེར་ཞིབ་མཇལ་ཞུས་པ་ཡིན། རང་ཉིད་བཙན་བྱོལ་བོད་གཞུང་གི་ཡིག་ཆ་རྙིང་པའི་ཞིབ་འཇུག་པའི་ཁུལ་འཛིན་མཁན་ཞིག་དང། དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་རྣམས་དང་། ཉེ་འཆར་གྱི་ལོ་རྒྱུས་ལ་ལྟ་མཁན་ཞིག་ཡིན་སྟབས། ཁོང་གིས་སྐུ་ངོ་རྟ་ར་དང་བཀའ་ཁྲི་མཆོག་གི་མཚན་གནས་དྲངས་བ་དེ་ཙམ་གྱིས་སྲིད་དོན་གྱི་རྩེད་མོ་ཡིན་པ་གསལ་བོ་ཤེས་ཀྱི་འདུག་ལ། ཤེས་ཡོན་པའི་རང་ཚུགས་དང་གྱེད་ནས་ཡོད་པ་ནི་དངོས་ཡོད་རེད།
འབུམ་རམས་པའི་མཚན་གནས་མེད་ཀྱང་ང་ཚོའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་ཐུབ་མཁན་དང། ཞིབ་འཇུག་གི་གྲུབ་དོན་ཚན་རིག་དང་མཐུན་པ་འབྲི་ཐུབ་མཁན་ཡོད་པ་ནི་མཁྱེན་ལྡན་དག་གིས་ཤེས་ཐུབ་ཀྱི་རེད་ལ། དེའི་རྐྱེན་བློ་སེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་རེད་བསམ་པ་ཞིག་ཁྱེད་ལྟར་མཐོང་མེད་མཁན་ང་ཚོའི་སྤྱི་ཚོགས་འདིའི་ནང་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད་ལ། དེའང་ཤེས་ཡོན་པའི་སྡེ་དང་བྱས་པ་ཅན་གྱི་སྡེ་མིན་ནམ་བསམས། གང་ཡིན་ཞེ་ན་སྐུའི་གསུངས་བསྒྱུར་དང་བློ་བཟང་སྦྱིན་པ་ལྟ་བུ་སོགས་ནི་མངོན་སུམ་གྱི་དཔེ་མཚོན་ཞིག་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་གཞན་ཞིག་གིས། སོ་སོའི་མི་རིགས་ཀྱི་འབྱུང་འགྱུར་གང་དུ་ཁྱེར་འགྲོའམ་བསམས་པས་སེམས་ཁྲལ་སྤྱི་མཚུངས་ཤིག་ཡོད་པའང་དངོས་ཡོད་གནས་ཚུལ་རེད། དེ་ཙམ་མ་གཏོགས་ཞུ་རྒྱུ་མི་འདུག
གང་ལྟར། ད་བར་བཀའ་ཁྲིའི་སྐོར་གྱི་ཆེད་རྩོམ་ཁྲོད་ནས་ཁྱེད་ཀྱི་རྩོམ་ཡིག་འདི། གྱ་ནོམ་པ་དང་ཕུན་སུམ་ཚོགས་པ་རེད་ཅེས་ཡང་བསྐྱར་ཞུ་རྒྱུ་དང། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཏེར་ནས་བཞེས་པའི་གདམས་ངག་རྩ་ཆེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨོའོ་ཧོ། རིན་པོ་ཆེས་གཏེར་ནས་གདམས་པ་ཟབ་མོ་ཞིག་བཞེས་འདུག གཏེར་བཏོན་པ་ལགས། ཐུགས་རྗེ་ཆེ། ཁོ་རལ་པ་ཅན་ལས་ངན་རེད། ཁོ་འགྲོ་ཁར་བོད་ཀྱི་གྲོས་ཚོགས་དཀྲུགས་པའི་ལས་ངན་བསགས་པ་མ་ཟད། ཆོལ་གསུལ་བོད་མིའི་དམ་ཚིག་ལའང་གས་སྐྱོན་བཏང་སོང། ཨའ་ལས། བློ་སེང་གིས་རལ་པ་ཅན་གྱི་རྒྱབ་ཏུ་ལངས་པ་འདྲ། མི་འདི་ཁྲམ་པ་ངོ་མ་རེད་ལེ། ད་དངོས་གནས་སློབ་གྲྭའི་རྒན་བདག་ཁོང་དཀའ་ལས་ཁག་ཚོད་ཡིན། བོད་རྒྱལ་ཁབ་འདི་སློབ་གྲྭ་མ་རེད་ལ། ང་ཚོ་བོད་མི་དམངས་ཀྱིས་སློབ་གྲྭའི་རྒན་བདག་འདེམས་ཀྱི་མེད། བོད་མི་ཚོ་ད་གཉིད་སད་རན་འདུག གྱོང་རག་སྐབས་ཚང་མར་མཉམ་རག་རེད་མ་གཏོགས། སློབ་གྲྭའི་རྒན་བདག་གིས་ཁྱེད་ཚོར་རོགས་རམ་བྱེད་ཐུབ་ཀྱི་མ་རེད་དོ། །
ཆུ་དང་ཤིང་གི་བསྟན་བཅོས་དང་། ཆུ་ཤིང་བསྟན་བཅོས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དང་པོ་དེ་ཤིང་དང་ཆུ་དཔེ་དོན་ལ་སྦྱར་བའི་ལུགས་ཀྱི་བསྟན་བཅོས་དང་།
ཆུ་ཤིང་ནི། འབྲས་བུ་སྐྱེས་ཐེངས་གཅིག་རྗེས་ལ་སྐམ་འགྲོ་མཁན་ཤིང་ཞིག་ལ་གོ་སྟེ། དཔེ་ལ་སྦྱར་ན། སྙིང་པོ་མེད་པའི་དོན་ལ་སྦྱར་རུང་བ་ཙམ་མོ། འདི་སྔོན་མ་ཅིག་གིས་གསལ་བཤད་བྱུང་ཟིན་སོང་བ་ཅིག་ཀྱང་དྲན།
ཤེས་བྱ་ནོར་གྱིས་དུད་པ་ཤར་ཕྱོགས་པའི།།
རང་འགན་ནོར་མེད་དྲང་བོའི་ལམ་ཁ་ནས།།
དངོས་མིང་འདོན་བཞིན་ཕེབས་པའི་སྙིང་སྟོབས་ཀྱིས།།
སྙིང་གི་བརྟན་པ་ཅིག་ཅར་འཕྲོག་པར་བྱས།།
ཐུགས་རྗེ་ཆེ།།
BBC དེ་ཟེར་མ་ར་མགོ་རེད་
ཁ་བརྡའི་ནང་དུ་ཁྱི་སྨྱོན་ཁྱམས་ཁྱམས་ཁྱམས་
གཞན་ལ་ཚིག་ངན་དམོད་ཚིག་ཀྱང་ཀྱང་ཟེར་
མི་དཀྲུགས་དགུ་དཀྲུགས་ཐུག་པ་དཀྲུགས་དཀྲུགས་དཀྲུགས་
ཅི་གང་མི་ལྗོན་ལྗོན་ཏོག་པ་རིལ་ཁྲབ་
རང་གི་མིང་ཡང་བོད་ཡིག་བྲི་མི་ཤེས་
བཅོལ་ཆུང་གཏམ་འདོད་BBCཡིན་མདོག་
ཨིན་ཡུལ་རླུང་འཕྲིན་ཁང་གི་ཞབས་ནས་འདྲེན་
ཁོ་རེ་སྡུག་ཚོད་ཟིན་ནས་དམོད་ཚིག་སྤོངས་
ཡང་སྐྱར་ཁ་བརྡའི་ཉེན་བརྡ་རག་ཡོང་ངོ་།
མི་ཞིག་གིས་དཀའ་ལས་བརྒྱབ་ནས་མི་མང་གི་སྣེ་ཁྲིད་པའི་དུས་ལ་སླེབས་སྐབས་བོད་པའི་སྤྱི་ཚོགས་ནང་དེ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ཏུ་རྐང་པར་འཇུས་ནས་མར་འཐེན་མཁན་མང་།་་བློ་བཟང་སེང་གེས་གང་ལྟར་མི་མང་ལ་མགོ་སྐོར་གཏོང་གི་ཡོད་ན་འདྲ།་ཧམ་བཤད་བྱེད་ཀྱི་ཡོད་ན་འདྲ།་ཁོང་ལ་དབུ་ཁྲིད་ཅིག་གི་ཁྱད་ཆོས་(leadership quality) ཚང་འདུག
ཁོང་གི་སྐད་ཆ་བཤད་དུས་ཀྱི་གདེང་ཚོད(over confidence)དང་ཧམ་བཤད་(boastful character)དེ་ལ་ངས་ཡིད་སྨོན་བྱེད་ཀྱི་ཡོད།ཆབ་སྲིད་ཀྱི་དབུ་ཁྲིད་ལ་གདེང་ཚོད་དང་ཁ་བདེ་བོ་དགོས་པ་རེད།བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་པའི་མི་ཚོར་གདེང་ཚོད་དེ་མེད་སོང་བས་རྗེས་ལུས་ཐེབས་ནས་བསྡད་ནས།in the school the the tibetan youngsters’ confidence,that must be promoted, was undermined sysmatically .so they all are timid and incapable in the wider world.
མི་ལ་ཤེས་ཡོན་མི་འདུག་ཟེར་ན་དང་ཐོག་harvard ཚུད་ཐུབ་ཀྱི་འདུག་ལྟོས།་ཁ་ནས་བཤད་ཡ་ལས་སླ་བོ་རེད།
ལྷག་པར་དུ་harvard law school ནས་ཐོན་རྗེས་ང་ཡང་harvard law school ནས་ཐོན་ཡིན།་ཁྱོད་ལས་ང་དྲག་ཅེས་བཤད་ན་འོས་འཚམ་རེད།
བློོ་བཟང་སེང་གེས་སྐོར་སྐྱོད་བྱས་པ་དེ་ལའང་དགག་པ་རྒྱག་གི་འདུག་་་་་ད་མི་འདི་ཚོ་ལ་དགག་པ་རྒྱག་རྒྱུ་ཞིག་ལྷག་མེད་པ་འདྲ།དོན་ངོ་མར་བོད་པ་ཚོ་གཉིད་སད་མེད་དམ་ཡང་ཁྱེད་རང་གཉིད་སད་མེད།
བློ་བཟང་གི་སྐོར་སྐྱོད་དེས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་དུ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་བ་བྲིས་པ་མ་ཡིན་ནམ།་་་་་་འདི་ལའང་རྒྱབ་སྐྱོར་མེད་ཟེར་ན་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཀའ་བློན་ཁྲི་པའི་སྐོར་ལ་བྲིས་པའི་རྩོམ་དེར་ལྟོས་་ལོད།་་་ད་དུང་ཞུ་རྒྱུ་ཞིག་ཁྱོད་ཀྱིས་བདམས་པའི་མཁས་དབང་ཚོའི་ཐོ་གཞུང་ནང་ན་མཁས་དབང་འཇམ་དབྱངས་ནོར་བུ་ལགས་མེད་སོང་བ་དེ་ཁྱེད་ཀྱིས་ཉི་མ་བཞག་ནས་ཟླ་བའི་འོད་སྣང་ལ་ཧོན་འདྲ་འཐོར་ནས་བསྡད་པ་དང་འདྲ་གི་འདུག་ད
ཐ་ ན་རང་གི་མིང་ཙམ་ཡང་རྫུན་བཟོ་བྱེད་མཁན་མི་འདི་ལྟ་བུ་ནི་ཁྲམ་པ་ཆེན་པོ་ཞིག་ མིན་ན་ཡང་དེའི་ཉེ་འཁོར་ལ་འདུག ང་ཚོ་ཕྲུ་གུ་ཡིན་སྐབས་ཀུན་གྱིས་བློ་བཟང་དང་བློ་སངས་སོགས་འབོད་བཞིན་ཡོད། ཁོས་ཀྱང་བློ་བཟང་སངས་རྒྱས་ཟེར་འབྲི་གིན་ཡོད།Harvard, Ph D.ལག་ ཁྱེར་ཐོབ་མ་ཐོབ་མཚམས་ཤིག་ལ་སངས་རྒྱས་དེ་སངས་མ་རྒྱས་པར་སེང་གེ་རུ་ཆགས་སོང་། བློ་བཟང་སེང་གེ་ཡིན་ན་ཅིག་ཟེར་གི་འདུག འདི་ལྟས་ངན་མིན་ན་ཅི་ཡིན། ཀུན་གྱིས་ཞེགས་པར་བརྟག་དང་བློ་སངས་ཀྱི་སྔོན་ལHarvard, Ph D.ཐོན་ ཚར་བའི་བོད་མ་བུ་བུ་མོ་ཉུང་མཐའ་ཡང་བཞི་ཙམ་འདུག མིང་ལ་ཚེ་སྒྲོན་ཟེར་པ་དང་གཡུང་དྲུང་མཚོ་མོ་ཟེར་པ་ང་ཚོའི་ཕ་ཡུལ་སྡེ་དགེ་ཡིན་ གཉིས་དངོས་སུ་མཇལ་
དེ་རིང་གི་རྫུན་གྱིས་སང་ཉིན་མི་འཁྱོལ།”
འདི་མཐོང་མ་ཐག་ངས་ཆུང་དུས་པོ་པོས་བཤད་པའི་ཨ་ཕོ་ཕག་མགོ་ཟེར་བ་དེ་ཡིད་ལ་འཁོར་ཡོང་གིས།
ཨ་ཉོག་གི་ཨ་གསར་ལས་རྒན་པོ་ཚོ་བརྟན་པོ་ཡོད་རེད་ད།
ད་དུང་བློ་སངས་ཡར་རྒྱུགས་མར་རྒྱུག་བྱེད་བྱད་དངུལ་སྤྲོད་མཁན་དེ་སུ་ཡིན་པ་ནི་ཧ་ཅང་ཧ་ཅང་ཧ་ཅང་གི་དོགས་གཞི་རེད།
འདི་མི་ངོ་རྩིས་ཐོ་གསལ་ཁ་ཆོད་པ་མ་འཕྲོད་ན་ནི། མ་འོང་པར་བོད་གཞུང་གི་རྩིས་ཕྲ་ག་འདྲ་ཆགས་རྒྱུར་དེ་ཡང་ཁོས་སྔ་ས་ནས་ལན་བརྒྱབ་འདུག་ག
རྣམ་དཔྱོད་ལྡན་པའི་དཔྱད་གཏམ་སྤེལ་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་མིན་བདག་བསྟོད་གཞན་སྨད་དང་ན་ཙིའི་རིང་ལུགས་ལྟ་བུའི་དབྱེ་འབྱེད་དང་་གཞན་ལ་འཇིག་སྐུལ་གྱིས་སྡིག་རྭ་གཏོང་བ་སོགས་ནི་དུས་རབ་ཉེར་ཅིག་པ་འདིའི་ནང་ཀུན་གྱི་འཕྱ་སྨོད་བྱེད་སའི་ཡུལ་ཞིག་ཡིན་པས་ཚང་མས་ཐུགས་སྣང་དང་བཀའ་ཁྲིའི་འོས་མིའི་ཐོག་དཔྱད་གཏམ་མང་ཙམ་གྱིས་མ་འོངས་བཀའ་བློན་ཁྲི་པའི་འོས་མི་དེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་འབྲེལ་བས་འདམ་ཀ་མ་ནོར་བ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བས་མུ་མཐུད་དེ་མཐའ་གཉིས་སྤངས་ཏེ་དཔྱད་གཏམ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་ནོ།།
http://tibet.net/tb//wp-content/uploads/2010/10/kalon.pdf
ལོ་སྔོན་མར་རྒྱལ་ཡོངས་ཚོགས་ཆེན་སྐབས་གནང་པའི་བཀའ་སློབ་དེ་ནི་རྒྱ་ནག་གི་རྣམ་འགྱུར་ལ་ལྟོས་མི་དགོས་པར་བཙན་བྱོལ་གཞུང་གི་སྒྲུབ་བྱ་གོང་ན་མེད་ཡིན་ཚུལ་མཁས་པ་དག་གིས་དཔྱད་སྡོམ་གནང་བཞིན་ཡོད། བཀའ་སློབ་དེའི་ནང་མཚན་ཉིད་གླེགས་བམ་ཅིག་འཇོག་དགོས་པའི་བཀའ་སློབ་ཕེབས་པ་དེ་ནི་ནང་པ་ཁོ་ན་དང། གྲྭ་ས་གྲྭ་ཚང་ཁོ་ན་ཞིག་གི་དོན་དག་མིན་པར། བོད་མི་རིགས་འདིའི་མུ་མཐུད་ཁྱེར་དགོས་པའི་ངོ་བོ་དངོས་གནས་བ་དེ་དང། ༧གོང་ས་མཆོག་རང་གི་ཐུགས་དགོངས་ཀློང་གི་བོད་མི་རིགས་ཀྱི་མ་འོངས་པའི་སྒྲོམ་གཞི་དངོས་གནས་དེ་ཡིན་པར་མཁྱེན་ལྡན་ཚོས་ཐག་གཅོད་གནང་འདུག་པ་འདིར། བློ་བཟང་སེང་གེ་ལགས་བཀའ་ཁྲིར་སླེབས་ན་ཅི་ལྟར་དགོངས་གཞི་འདི་ལེགས་འགྲུབ་བྱ་རྒྱུ་རེད་དམ། དོན་དམ་པས་བཤད་ན་ཁོང་གིས་འདིར་འཇོན་ནི་མ་རེད་ལ། བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་བྱེད་རྒྱུར་རྒྱལ་ཁབ་གཞན་གྱི་སྲིད་དོན་འགྲོ་ལུགས་ཁོ་ན་ཞིག་དཔེར་ལེན་བསམ་ན་དེ་རྩ་བ་ནས་ནོར་བ་རེད། དེ་བས་བློ་སེང་གིས་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཐུབ་ཀྱི་མ་རེད་ལ། རྟོགས་ནི་མ་རེད་ལགས། བོད་མི་ཚོས་བསམ་བློ་གཏོང་དགོས་པ་རེད། ཕྱོགས་ཞེན་ཅན་ཚོས་སྤྱི་ལ་བསམ་བློ་གཏོང་དགོས་ཀྱི་རེད། ༧སྐུ་མདུན་ལ་བསམ་བློ་གཏོང་དགོས་པ་རེད། ཁོང་གི་བྱས་པས་རྣམས་ཐལ་བར་མ་བསྲེས་རོགས།
ཆགས་གཏམ་ཁོ་ནས་དུས་འདའ་བ་འདི་སུའི་ལུགས་སྲོལ་ཡིན་ནམ། དངོས་ཕངས་པོ་རེད། གསེར་ལས་རྩ་ཆེ་བའི་དུས་ཚོད་ཆུད་ཟོས་སུ་བཏང། མི་ཚེ་སྟོང་ཟད་ཟེར་བ་དེ་འདི་ལྟ་བུ་ཟེར་བ་མིན་ནམ།
ཁ་བརྡའི་དྲ་གྲོགས་ཚོས་གོང་གི་རྩོམ་ཡིག་ཆ་ཚང་བཀླགས་ཡ་རག་མེད་པར་འདྲ། དང་པོ་བཀོད་དུས་རྩོམ་ཡིག་འདིར་ཆ་ཚང་མི་འདུག ད་ལྟ་ཆ་ཚང་བ་བཀོད་འདུག་པས་དྲ་གྲོགས་ཚོས་བསྐྱར་ཀློག་ཞིག་བྱེད་ན་འདུས་ཕྱུང་ཕུན་ཚོགས་ཚེ་རིང་ལགས་བཀའ་མོས་ཞིབ་ཚ་བ་བྲིས་འདུག་པས་ཀློག་རིན་ཡོད་པ་ཞིག་འདུག
sosལགས་བློ་སེང་ཁོ་རང་མིང་ལ་ག་རེ་བྲིས་ཀྱང་རང་དབང་རེད་། ཡོ་རོབ་ནང་ཡིན་ན་མི་ཅིག་མི་ཚེའི་ནང་མིང་ཐེངས་གསུམ་བསྒྱུར་ཆོག་གི་རེད་དེ་ཁྲིམས་མཐུན་རེད་། བཙན་བྱོལ་ནང་མི་ལོ་ལྔ་བཅུ་ལྷག་ཙམ་ནང་རིགས་ཅིག་རྐང་འཛིན་ཐོན་མཁན་བདུན་ཅུ་རྒྱད་ཅུའི་ནང་ནས་བློ་སེང་ཁོ་རང་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱེད་གི་ཡིན་ཟེར་ཡོང་དུས་དེ་ལ་དགའ་སུ་ཞུ་དགོས་པ་རེད་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད་། ད་བར་གཞུང་གི་ལས་བྱེད་ཡིན་ན་འང་འདྲ་ཕྱི་རྒྱལ་ནས་སློབ་ཐོན་པ་ཡིན་ན་འདྲ་མང་ཆེ་བ་རང་གི་ཁེ་ཕན་ཆེད་འགྲོ་གི་ཡོད་པ་རེད་། བོད་གཞུང་གི་ཞབས་ཕྱི་ཞུ་གི་ཡིན་ཟེར་མཁན་རྒྱ་ཆ100ནང་ནས་ལྔ་དྲུག་ཙམ་རེད། བཀའ་ཁྲི་སུ་ལ་ཐོབ་རྩི་བཀུར་དང་རྒྱབ་སྐྱོར་མཐའ་ཅིག་དུ་ཞུ་རྒྱུ་ཡིན་། བོད་རྒྱལ་ལོ།།།
འདུས་བྱུང་ལགས་ནས་ཡག་པོ་བྲིས་འདུག ལག་ཁྱེར་གཅིག་པོས་ལྟོ་གཏེར་གྱི་ཨེ་ཡོད་ནམ་སྙམ། ཨ་རིའི་ནང་ཧ་ཝ་ཌེ་ནས་ཐོན་པའི་སློབ་ཕྲུག་འབུམ་མང་པོ་ཡོད་ཀྱང་ཚང་མ་ཡག་ག་ཡིན་པའི་ངེས་པ་མི་འདུག གང་ལྟར་ང་ཚོའི་བཀའ་ཁྲི་དེ་ཁ་བདེ་པོ་ཤོད་ས་དང་། ཉམས་མྱོང་གསོག་ས་མིན་པས་ཁྲི་ཐོག་ལ་སླེབས་པའི་ཉི་མོ་དེ་ནས་ལས་ཀ་བྱ་ཐུབ་པ་ཞིག་དགོས།
ཨ་མ། མ་མ་མ། འདུས་འབྱུང་ལགས་ཀྱིས་འདི་འདྲའི་རིང་ལ་ལེགས་པ་ཞིག་བྲིས་འདུག དངོས་གནས་བསམ་གཞིགས་གཏིང་ཟབ་གནང་འདུག ད་བོད་ཀྱི་ལྷ་མི་གཉིས་ཀའི་ལས་དབང་ལ་སྒུག་ནས་སྡོད་རྒྱུ་རེད། ད་ལྟའི་གནས་སྐབས་སུ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཕལ་མོ་ཆེ་ཤེས་ཡོན་ཚད་མ་ལོངས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་དམན་པ། དེ་བཞིན་བློ་ཕུགས་སུ་འཐེན་འཁྱེར་གྱི་ཀུན་སློང་ཤུགས་ཆེ་ཡོད་པ་སོགས་ལས་གྲུབ་པའི་གོང་བུ་ཞིག་རེད། གང་ལྟར་ཁོ་ཚོས་སྔ་བསམ་ཕྱིས་བསམ་རྩ་བ་ནས་བྱེད་ཀྱི་མི་འདུག བོད་ཀྱི་རྩ་དོན་ལ་དེ་བས་ཀྱང་བསམ་བློ་གཏོང་ཁག་པོ་རེད། ད་ཉེན་ཁ་ཧ་ཅང་ཆེ། བློ་སེང་བཀའ་ཁྲིར་འཁོད་ན་ཁོ་རང་ལ་དཀའ་ངལ་ཤིན་ཏུ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་སྨོས་མེད་རེད། དབང་འཛིན་པ་དང་ལས་བྱེད་སོགས་ཀྱི་དབར་འཐབ་རྩོད་ཡོང་རྒྱུ་ཤོད་མི་དགོས་པ་ཞིག་རེད། གངས་སྐྱིད་ཀྱི་ར་བ་འདི་དབང་ཆའི་འཐབ་རྩོད་ཀྱི་སྡིང་ཆ་ཞིག་ཆགས་རྒྱུ་དང་། སྐབས་དེ་དུས་བཙན་བྱོལ་གཞུང་གི་ནུས་པ་དེ་གངས་སྐྱིད་ཀྱི་ར་བ་ལས་བརྒལ་ཐུབ་ཀྱི་མ་རེད། དེ་དུས་བོད་ཀྱི་རྩ་དོན་ཟེར་བ་གང་འདྲ་བྱས་ཏེ་བསྒྲུབ་དགོས། དཔེར་ན། གངས་སྐྱིད་དུ་ལོ་མང་བོད་རྒྱལ་ཁབ་ཀྱི་ཆེད་ཕྱག་ལས་གནང་མྱོང་བའི་བཀའ་ཟུར་དང་། དྲུང་ཆེ། ལས་བྱེད་དཀྱུས་མ། དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གི་སྐུ་ཚབ་དོན་གཅོད་ཁག གཞིས་ཆགས་ཁག་གི་གཞིས་འགོ་ཁག་སོགས་བྱས་པ་ཅན་དང་། ཤེས་ཡོན་ཅན་མང་པོ་འདི་ལྟ་བུ་རྣམས་བྱས་རྗེས་དྲུད་ཤུལ་ངོ་སོ་ཐོན་པ་འདི་ཡིན་ཞེས་སྟོན་རྒྱུ་མེད་པའི་གསར་བུ་ཞིག་གི་བཀའ་ལ་ཉན་ནས་སྡོད་ཀྱི་རེད་དམ། སོ་སོའི་སྟེང་ལ་སླེབས་དུས་སྤྱི་པ་ལ་བསམ་བློ་བཏང་ནས། ལགས་ལེ་སེ། ཅི་གསུང་བཀའ་སྒྲུབ་ཞུས་ཆོག་ཟེར་མཁན་ཞིག་ཤིན་ཏུ་ཁག་པོ་རེད། གང་ལྟར་སྐབས་དེ་དུས་གཞུང་ཞབས་རྙིང་གྲས་དེ་ཚོས་སྤྱི་དོན་མི་བསམ་པར་བློ་སེང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱ་རྒྱུར་ཐེ་ཚོམ་མེད། དེ་ལྟར་དུས་ཚོད་དབང་ཆའི་འཐབ་རྩོད་ཁྲོད་བསྐྱལ་ན། ད་གཟོད་བོད་ཀྱི་རྩ་དོན་ཟེར་བ་འདི་ཇི་འདྲ་ཞིག་ཏུ་འགྱུར་གྲང། ཚང་མས་བསམ་བློ་ཐོངས། བློ་སེང་ལ་གཏོང་དགོས་པའི་དྲི་བ་ནི། ཁོ་པ་བོད་རྒྱལ་ཁབ་དང་མི་རིགས་ལ་དེ་ཙམ་གྱི་ཤ་ཞེན་ཡོད་ན་སློབ་གྲྭ་ཐོན་པ་ནས་བཟུང་ད་བར་གླ་ཕོགས་མཐོ་སར་སྡོད་པ་ལས་དཀའ་ངལ་ཆེ་སར་གཞི་རིམ་གྱི་ལས་ཀ་མི་བྱེད་པ་གང་ཡིན། གཞུང་གིས་རང་འཇགས་ཧ་ཝ་ཌ་རུ་སྡོད་གསུངས་ཀྱི་འདུག་ཅེས་པའི་ལག་པ་འཕྱིད་སའི་སྐད་ཆ་དེ་ལ་ཡིད་ཆེས་རྩ་བ་ནས་མེད། གལ་ཏེ་ཧ་ཝ་ཌེ་རུ་སྡོད་དགོས་དེ་བོད་དོན་ལ་གལ་ཆེན་པོ་དེ་ཙམ་ཆགས་ཀྱི་ཡོད་ན། ད་ཆ་གཞུང་ནས་སྡོད་མི་ཟེར་བ་གང་ཡིན། ད་ཆ་གལ་ཆེན་པོ་མེད་པ་ཆགས་ཟིན་པ་རེད་དམ། ཁོ་པའི་རྒྱུ་མཚན་ནི། རྒྱ་མི་ལ་བོད་ཀྱི་གནད་དོན་འགྲེལ་བཤད་རྒྱག་དགོས་གསུངས་བྱུང་ཟེར། ད་ཆ་ཧ་ཝ་ཌེ་རུ་རྒྱ་མི་སློབ་ཕྲུག་ཡོང་མཁན་རྒྱུན་ཆད་པ་རེད་དམ། ཁོ་ཚོ་ལ་བོད་ཀྱི་བདེན་དོན་འགྲེལ་བཤད་རྒྱག་མི་དགོས་པ་ཆགས་ཟིན་པ་རེད་དམ། གང་ལྟར་སྐད་ཆ་ཚང་མ་ནང་འགལ་ཤ་སྟག་རེད། དོན་དངོས་དབང་ཆ་དང་ཁེ་ཕན་ཁོ་ནའི་ཆེད་དུ་རེད། ཡང་ཁོ་པས་ཁོ་རང་བཀའ་བློན་དུ་འོས་པའི་སྒྲུབ་བྱེད་དུ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་པའི་བོད་ཀྱི་གཏམ་དཔེ་ལུང་འདྲེན་བྱེད་ཀྱི་འདུག འདི་བསྟན་གཤིགས་རང་རེད། ༸ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ནས་ད་བར་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་བར་ཕེབས་པ་ཚང་མ་དཀའ་སྤྱད་སྡུག་ཁུར་གྱིས་ས་བརྒྱབ་སར་ས་བརྒྱབ། རྡོ་བརྒྱབ་སར་རྡོ་བརྒྱབ་སྟེ་ཐེམ་པ་རིམ་འཛེགས་ཀྱིས་མཐར་དགའ་ལྡན་གསེར་ཁྲིར་ཕེབས་པ་ཤ་སྟག་ལས། ཁོ་ནང་བཞིན་གཞི་རིམ་གྱི་ལས་གནས་བརྒྱུད་མ་མྱོང་མཁན་ཞིག་ཐོད་རྒལ་གྱིས་མཐོན་པོའི་གོ་སར་ཧམ་བཟུང་བྱེད་ཡས་ལ། དགའ་ལྡན་ཁྲི་པ་རྣམ་པ་དཔེ་མཚོན་དུ་སྦྱོར་བ་ནི་ལྟས་ངན་རེད། དོན་དངོས་ཐོག་བོད་ཀྱི་བདེན་དོན་རྩོད་པར་ཆབ་སྲིད་ཀྱི་ཐད་ཉམས་མྱོང་ཚད་ལྡན་ཞིག་མེད་ན་བོད་ལ་ཕན་པའི་བཀའ་ཁྲི་ཞིག་ཡོང་ཐབས་མེད། མང་པོ་ཞིག་ནས་བཀྲས་མཐོང་ལགས་ཀྱི་ཤེས་ཡོན་དེ་བློ་སེང་ལས་ཞན་པར་སེམས་བཞིན་ཡོད་ཀྱང་། རྒྱུས་ཡོད་ཀྱིས་བཤད་པ་ལྟར་ན་ཁོང་གི་དབྱིན་སྐད་ཀྱི་ཆུ་ཚད་དང་བོད་སྐད་ཀྱི་ཆུ་ཚད་དེ་བློ་སེང་ལས་ལྡབ་མང་པོས་ལྷག་པ་ཡོད་ཚུལ་གསུངས་ཀྱི་འདུག ད་དངོས་གནས་ང་ཚོས་གཟབ་གཟབ་མ་བྱས་ན་ལོ་ལྔའི་བཀའ་ཁྲིའི་དུས་ཡུན་དེ་ནང་ཁུལ་རྙོག་གྲའི་ཁྲོད་ལྷུང་ཉེན་ཆེན་པོ་འདུག་གོ །མ་ཟད་ད་ལོའི་བཀའ་འོས་འདེམས་བྱེད་སྒོ་འདི་སློབ་གྲྭ་ཞིག་གི་རྒན་བདག་འདེམས་ཀྱི་ཡོད་པའི་ཚོར་སྣང་ལས་རྒྱལ་ཁབ་གཅིག་གི་སྲིད་བློན་འོས་འདེམས་བྱེད་ཀྱི་ཡོད་པའི་སྣང་ཚུལ་ཞིག་རྩ་བ་ནས་བསྐྲུན་ཐུབ་ཀྱི་མི་འདུག འདི་ཕལ་ཆེར་འཛམ་གླིང་ནང་ནས་རྒན་བདག་འདེམས་རྒྱུའི་ལས་གཞི་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཆོག ད་འདི་འཛམ་གླིང་གི་ཟིན་ཐོར་འཁོད་ཐུབ་པ་བྱ་དགོས། མཐའ་དོན་ཚང་མས་སྤྱི་དོན་ལ་བསམ་ཚེ་གནས་ཚུལ་འདི་ལྟ་བུ་ཡོང་མི་སྲིད་པ་ཞིག་རེད་དོ།
དྲ་གྲོགས་བཀྲིས་ལགས་སུ་བཀྲིས་བདེ་ལེགས་ཞུ་བ་སྦྲགས།
༡༽ཉིད་ཀྱིས་བློ་་བཟང་སེང་གེ་ལགས་བཀའ་ཁྲིའི་འོས་ཆོས་ཚང་བའི་དག་འབུད་བྱེད་སྟངས་དེ་འདྲ་ཨེ་ཡིན།ཁྱེད་ཀྱིས་མཆན་གྱི་ནང་གསལ།༼མགོ་འཁོར་གཏོང་ཡོད་ན་འདྲ།ཧམ་བཤད་བྱེད་ཀྱི་ཡོད་ན་འདྲ།ཁོང་ལ་དབུ་ཁྲིད་གཅིག་གི་ཁྱད་ཆོས་ཚང་འདུག་༽ཅེས་གསུངས་འདུག་ཀྱང་།་མི་མང་ལ་མགོ་འཁོར་གཏོང་བ་དང་།ཧམ་ཤད་བྱེད་མཁན་ཡིན་ན་བཀའ་ཁྲིའི་རྩ་བའི་འོས་ལྔའི་ནང་གི་ལྷག་བསམ་ཞེས་པ་དང་འགལ་བས་བཀའ་ཁྲིའི་འོས་ཆོས་ཚང་མེད།
༢༽བློ་བཟང་སེང་གེ་ལགས་ལ་ཤེས་ཡོན་ཡོད་མེད་ཅེས་པ་ནི།ཁོང་བོད་མི་ཞིག་དང་བཀའ་ཁྲིའི་འོས་མི་ཞིག་ཡིན་པའི་ཆ་ནས་གླེང་དགོས།དེ་ཡང་བོད་མི་ཞིག་ལ་ཤེས་ཡོན་ཡོད་མེད་འདབ་ཤོག་གཉིས་ལྡན་ཏེ་དབྱིན་བོད་གཉིས་ཀའི་ཤེས་ཚད་ངེས་ཅན་ཡོད་དགོས་པ་དང།་ལྷག་པར་བཀའ་ཁྲིའི་འོས་མི་ཞིག་ལ་ཤེས་ཡོན་ཡོད་མེད་ཅེས་པ་ནི་དབྱིན་ཇི་དང་།་བོད་ཡིག་་བོད་དང་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་སྤྱི་འཁོག་དང་།བོད་ཀྱི་རིག་གནས།ཆོས་ལུགས།སྤྱི་ཚོགས་ཀྱི་གནས་ཚུལ་སོགས་སྤྱི་ཡོངས་ཀྱི་ཤེས་ཡོན་དང།་ཆབ་སྲིད་ཀྱི་གོ་རྟོགས་བཅས་ཀྱི་ཐད་ནས་བརྗོད་དགོས།
༣༽དབྱིན་ཇི་དང་་ཁྲིམས་ལུགས་ཤེས་པ་ཙམ་གྱི་བོད་ཀྱི་བཀའ་ཁྲིའི་རྩ་བའི་འོས་ཆོས་ཀྱི་ཤེས་ཡོན་འཛོམས་ཡོད་པར་བརྗོད་ན་ཕྱོགས་ལྷུང་དང་།དྲ་གྲོགས་ཚོས་གསུངས་པ་ནང་བཞིན་གཡག་ཞར་བས་རྩ་བ་ནང་བཞིན་ཆགས་ཀྱི་རེད།
ཐྲག་ཐྲག་་་་་་་་་་ཐྲག དབུ་ལེའི། དབུ་ལེའོ། བཞུགས་མཁན་ཡོད་པས། ཐྲག་ཐྲག་་་་་་་་་་ཐྲག དབུ་ལེའི། དབུ་ལེའོ། བཞུགས་མཁན་ཡོད་པས། ཨོའོ། །ད་སྒོ་བརྡུངས་མ་བརྡུངས་མི་འདུག ད་བྱེད་དུས་ལ་རྒྱའི་བདག་པོ་ཁོང་བཞུགས་མེད་པ་འདྲ། མ་རེད། ཁོང་གཉིད་ཉལ་ཡོད་ས་རེད། མི་འདི་གཉིད་སད་ཁག་པ་ལ། ད་ཨམ་ཅོག་འཁྲིས་ལ་དུང་ཆེན་གཏོང་དགོས་ས་རེད། མི་འདི་གཉིད་ལ་དགའ་པོ་འདི་འདྲ་གང་འདྲ་རེད།
ཧའ་ལོ། ལ་རྒྱ་ལགས། གཟིགས་དང་། འདུས་འབྱུང་ནས་ཡང་བསྐྱར་དཔེ་མི་སྲིད་པ་ཞིག་བྲིས་འདུག དེའི་སྟེང་སྐུ་ཞབས་ལྷག་བསམ་ལགས་ནས་དེ་ལས་ཀྱང་བདེན་ལ་ལེགས་པ་ཞིག་བྲིས་འདུག ད་ལ་བདག་ཁྱེད་རང་གིས་ཀྱང་གཅིག་བྲི་དགོས་ཚོད་རེད།
དབུ་ལེའི། ལ་རྒྱའི་བདག་པོ་ལགས། གསན་བྱུང་ངམ་། ད་གྲོགས་པོ་ཁོང་མདང་དགོང་ཨ་ཅེས་ཏག་ཏག་བཟོས་ཚར་བ་འདྲ་། ཨ་ཅེ་འདི་ཚོས་གནས་སྐབས་རིང་སྡུག་རུས་བྱས་ན་མི་འགྲིགས་པ་གང་ཡོད། ལྟོས་དང་། ད་ཁོང་མཚན་ལས་མང་དྲགས་ནས་ལུས་ཟུངས་ཤོར་བ་མ་ཟད། ད་རང་ལངས་ཡས་ཀྱང་མི་འདུག
ཡ་ད་འོ་ན་ཤི་མ་ཤི་གཅིག་འཁྲབ་ཨའ། ཨ་ཅེ་དེ་ཚོ་ཡིན་ན། ད་ཡང་བཀའ་ཁྲིའི་ཞབས་སྟེགས་ལ་བྱ་ར་བྱེད་མཁན་མི་འདུག ད་ངས་བྱས་ཆོག ད་ང་འགྲོ་གི་ཡིན། ཨོྂ་མཎི་པདྨེ་ཧུྂ། ཨོྂ་མཎི་པདྨེ་ཧུྃ། ཨོྂ་མཎི་པདྨེ་ཧུྃ། ཨོྂ་མཎི་པདྨེ་ཧུྃ། ཨོྂ་མཎི་པདྨེ་ཧུྃ། ཨོྂ་མཎི་པདྨེ་ཧུྃ།
ཨོའོ། ལ་རྒྱ་ལགས་བཞེངས་ཚར་འདུག བཞེངས་པས་མ་ཚད་་་་་་་་་་་་་་་་་་་་་་་་་་་་་་་་ཨོའོ།
ད་གཡུག་ཞོག
དབུ་ལེའེ། ལ་རྒྱ་ལགས། ད་ལོ་བཙན་བྱོལ་བོད་མིས་རྣམས་ཀྱིས་མཐོ་སློབ་ཀྱི་རྒན་བདག་འདེམས་ཀྱི་ཡོད་པ་རེད་ཟེར་གྱི་འདུག་དེ་བདེན་པ་ཡིན་ནམ། ད་བོད་མི་ཚོ་ཚུ་ཚད་མཐོ་སེ་བྱུང་། མི་དམངས་ཀྱིས་རྒན་བདག་ཀྱང་འོས་བསྡུའི་ལམ་ནས་འདེམས་ཀྱི་འདུག བློ་སེང་ལགས། རྒན་བདག་ལ་བདམས་ན་འཚམ་ཤོས་རེད། རྒན་བདག་འདེམས་དུས་ངའི་འོས་དེ་ཁོང་ལ་འབུལ་རྐྱང་ཡིན་ད།
ཨོ་ཧོ། མ་རེད། ལ་བདག་ཁོང་ད་ལྟ་གཞི་ནས་ཉལ་རྒྱུ་རེད་འདུག ཁོང་ལས་ཀ་ནས་སླེབས་མ་ཐག་ཡིན་ཚོད།
སྤུན་གྲོགས་ཚོའི་གཟིགས་དང་།
ཁ་བརྡ་དྲ་རྒྱ་འདིའི་ནང་མི་ངན་རེ་གཟུང་གིས་རང་གི་ཧམ་བཤད་ལ་གཞན་གྱིས་རྒྱབ་སྐྱོར་ཡོད་ཁུལ་བྱེད་ནས་མིང་འདྲ་མིན་བཟོ་བ་ནི་། ལགས་རྒྱའི་བདག་པོ་་་་ལྷག་བསམ་་་bbsཟེར་བ་སོགས་རེད་།
ཁ་སང་དེ་རིང་གསར་འགྱུར་གལ་ཆེན་ཞིག་ནི་་་་ལྷོ་ཕྱོགས་མོན་གྷོ་བཀའ་ཁྲིའི་བགྲོ་གླེང་ལ་བཀྲས་མཐོང་བློ་བུར་དུ་དགོངས་ཞུ་བཏང་དགོས་གང་ཡིན་ནམ་ཞེས་གླེང་ལྷོང་བྱེད་བཞིན་པ་དེ་ཡིན་།
་ལྐོག་ཟ་རུས་སུངས་ཀྱི་ནག་ཉེས་ཡོད་ཙང་གཡོལ་ཐབས་བྱས་པ་ཨེ་ཡིན་ཧཧཧཧ་་་ལྟས་མོ་འདུག་
ཨོ་ཧོ། འདི་དངོས་གནས་གསར་འགྱུར་ཡ་མཚན་པོ་ཞིག་རེད། ཕལ་ཆེར་ཞེད་པ་ཐག་ཆོད། ཡང་མིན་ན་མི་དམངས་མདུན་དོན་པའི་སྤོབས་པ་བརླགས་ཟིན་པ་མིན་ནམ། ཡང་མིན་ན་གནོང་ཆེན་པོ་ཞིག་ཡོད་རྒྱུ་རེད། ད་དུང་ཡང་ཐག་གཅོད་སྔ་དྲག་རྒྱུ་མེད། ཁོ་རང་ལ་ཁོག་རྩིས་ཡོད་སྲིད། ཕལ་ཆེར། ཕལ་ཆེར་། རྒན་བདག་གི་ཁ་གཏད་མ་ཆོག་པ་ཡིན་གྱི་རེད།
གྲོགས་མཆོག་BBC མཇལ་བར་དགའ་པོ་བྱུང་།
ང་ཚོ་མཚན་མོའི་ཚོུད་དང་པོ་དང་ཕྱེད་ཀ་རེད་འདུག
༡༽རྒན་བདག་འདེམས་པ་གཅིག་བུ་རེད་མི་འདུག
༢༽ད་དུང་ངས་གོ་བར་གཞིགས་ན་ཁྱེའུ་ཞིག་ཡང་སྲིད་ངོས་འཛིན་བྱས་ནས་བླ་མ་ཆེན་པོ་ཞིག་གིས་ཁྲིར་མངའ་གསོལ་བྱ་རྩིས་རེད་འདུག
༣༽ད་དུང་རྒྱལ་པོའི་སྲས་ཤིག་རྒྱལ་ཁྲི་མཐོ་པོའི་སྟེང་མངའ་གསོལ་རྩིས་རེད་འདུག
ཨོ་ཧོ། ད་ང་རྦད་དེ་མགོ་འཐོམས་སོང་། ད་ཡང་བླ་མ་སུའི་ཡང་སྲིད་ངོས་འཛིན་བྱེད་རྩིས་ཡོད་པ་ཡིན་ནམ། མ་གཞི་ནས་ད་ལོ་རྒན་བདག་འདེམས་ཀྱི་ཡོད་པ་ཚང་མས་ཧ་གོ་འདུག
དྲ་གྲོགས་ཕག་པ་ལགས།བཀྲིས་བདེ་ལེགས།
༡༽དགོངས་པ་ཞུས་ན་ལུགས་དང་མཐུན་པ་རེད།་དེ་བས་སྐྱག་རྫུན་བཤད་ན་མ་འགྲིགས།སྐྱག་རྫུན་བཤད་ན་ནམ་ཕུགས་འཁྱོལ་གྱི་མ་རེད།
༢༽ཨ་ཙི།བོད་མི་མང་ལ་ནམ་ལངས།ཉི་མ་ཤར།ད་ཉིན་གུང་ཆགས་དུས།ཁྱེད་རང་ད་དུང་གཉིད་སད་རྒྱུ་རེད་འདུག་་ཨ་ག་ག་རེ་བཟའ་སྟངས་མ་འགྲིགས་པ་ཡིན་ནམ།ཡང་ན་ཕག་པས་བལྟས་ན་ཕག་ཚང་ཞལ་ཡས་ཁང་ཞེས་པར་ལྟར་མཐོང་ནས་ཁ་སྐུབ་སྤྲད་ནས་རང་དྲི་རང་གིས་མ་ཤེས་པ་གཉིད་ལ་ཡོར་ནས་གནས་ཡོད་ཀྱི་རེད།
མི་འགྱུར་མཛའ་བ་ལར་ཞེན་འོ་མའི་མདངས།།
རང་གི་རིགས་ལ་མཆོད་རྒྱུ་མང་དྲགས་པས།།
ཁ་སྟབས་སྐྱོ་བ་མི་ཡི་ལུང་པ་འདིར།།
༧རྒྱལ་བའི་འོག་གི་དབུ་ཁྲིད་མཐོ་ཤོས་དེ།།
བློ་སེང་ལྟ་བུའི་ལག་ཏུ་ཕུལ་བ་ན།།
མི་རིགས་འདི་ཉིད་གསོན་དང་ཤི་མིན་གྱི།།
ཡིད་གཉིས་ཐེ་ཚོམ་སྐྱོ་བོས་ནོན་ལགས་ན།།
ཕྱོགས་ལྷུང་མ་བྱེད་སྤྱི་དོན་ལས་ལ་འབུངས།།
ན་གཞོན་བྱུང་ན་བུད་མེད་ཡག་རབས་ཀྱི།།
བཀའ་དེའི་དོན་སྙིང་ཟབ་མོར་བསམ་ཤེས་ཀྱིས།།
ན་གཞོན་ཤེས་མྱོང་ལྡན་པའི་གཤོག་ཟུང་འོག།
ཡིད་ཆེས་བྱས་ན་འོས་མཁན་བདམས་དགོས་སོ།།
འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་བྲིས་པ་འདི་སྤྱི་ཚོགས་འཁྲུགས་འཛིང་སློང་རྐྱེན་ལས་ནང་དོན་ཆོ་གང་ཡང་མི་འདུག གལ་ཏེ་ཁོས་བཀོད་པའི་རྩོམ་དེར་དཔྱད་ཞིབ་བྱེད་ཚེ་སྔ་ཕྱི་འབྲེལ་མེད་ཀྱི་སྐད་ཆ་་མང་དག་ཞིག་འདུག་པ་བློ་གཟུ་བོར་གནས་ནས་བལྟས་ཚེ་གསལ་པོར་མཐོང་ཐུབ་རྒྱུ་ཞིག་ལགས་ན་འདིར་ངས་བྲི་གོས་པ་མ་མཐོང་། འབྲི་མཁན་གྱི་མི་དེ་ནི་བོད་སྤྱི་པའི་བདེ་རྩར་བསམ་བློ་མི་བཏང་བར་འགེར་དོན་ལ་བརྟེན་ནས་སྤྱི་དོན་ཕུང་བཅུག་མཁན་ཞིག་དང་། ལྷག་པར་དུ་བློ་སེང་མཁས་པ་མིན་རབ་དང་རང་ཉིད་མཁས་པ་ཡིན་ཚུལ་ཡང་བཤད་འདུག གཞན་ཡང་བཀའ་བློན་ཁྲི་པ་དེ་བོད་ཀྱི་ནང་ཆོས་དང་རིག་གཞུང་ཁོ་ན་ལ་མཁས་པ་ཞིག་དགོས་ཚུལ་ཡང་བཤད་འདུག་པས་ད་འོ་ན་ང་ཚོ་ཡང་ཀྱར་གདན་ས་ཁག་ནས་གྲྭ་པ་བླ་རྒན་ཞིག་འཚོལ་བར་འགྲོ་དགོས་ས་རེད། ད་དུང་བློ་སེང་བཀའ་ཁྲིར་སླེབས་ཚེས་གཞུང་ཞབས་མང་པོ་སེམས་ཤུགས་ཆགས་རབ་ལྟ་བུ་བཤད་པ་དེ་ནི་ཡ་འཚར་དགོས་པ་ཞིག་འདུག ངས་བལྟས་ན་གཞུང་ཞབས་སྤོར་ཏོ་དེ་ཚོ་སེམས་ཤུགས་ཆགས་པ་མ་རེད་སྙིང་ཀློང་ལང་པ་རེད། གང་ཡིན་ཟེར་ན་མི་དེ་ཚོས་མི་ཚེ་གཅིག་སྡེ་པ་གཞུང་ལ་འཕོ་བ་བཙོང་ནས་སྡད་ནས་གོ་སྐབས་མི་རག་སྟབས་ད་ཆ་༧གོང་ས་མཆོག་གི་དགོངས་པ་ལྟར་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཁྲི་སྟེང་ལ་སླེབས་ལ་ཉེ་དུས་མི་དེ་ཚོའི་སེམས་ནང་སྡང་སེམས་དྲག་པོ་ལང་པ་དེ་ཟུར་བལྟས་ལེབ་མཐོང་རེད། གང་ཡིན་ཟེར་ན་གཞུང་ཞབས་སྤོར་ཏོ་མང་པོ་ཁོང་ལྟ་བུར་མི་དགའ་བས་རེད། མདོར་ན་འདུས་བྱུང་ཕུན་ཚོགས་ཟེར་བ་ཁྱོད་རང་ཡང་མི་རྒན་དེ་ཚོའི་བསམ་བློ་མཐུན་ཕྱོགས་གྲས་ཞིག་ཡིན་ཟོ་འདུག་གང་ལྟར་སྤྱི་ཚོགས་རྙིང་པའི་མི་དཔོན་སྐུ་དྲག་རིང་ལུགས་དེ་ཚོ་མེད་པ་བཟོས་ནས་བོད་མི་སྐྱབས་བཅོལ་བ་སྐྱུས་མ་རང་ཉིད་ཀྱི་ཤེས་བྱོན་ཁོ་ནར་བརྟེན་ནས་བཀའ་ཁྲིའི་ཁྲི་སྟེང་དུ་སླེབས་རུ་བཅུག་ན་མི་ལེགས་བསམ།
ཨ་རོགས་ལ་རྒྱའི་བདག་པོ་ལགས།་ཁྱེད་ཀྱིས་འཆད་བཞིན་པའི་ལྷག་བསམ་དེ་ཚད་གཞི་གང་འདྲ་ཞིག་གི་ཐོག་ནས་འཇོག་གི་ཡོད།དེང་རབས་ཀྱི་ཤེས་ཡོན་ཡོད་པའི་མི་རབས་གསར་བས་མི་འགྲིག་ན་ཆབ་སྲིད་ཀྱི་སྡིངས་ཆར་ནང་ཆོས་ཀྱི་ལྟ་གྲུབ་འགྲེལ་བཤད་རྒྱག་མཁན་གྱི་གྲྭ་རྒན་ཞིག་ཡང་བསྐྱར་གདམ་ན་འགྲིག་པ་ལ།་་་་་ང་ཚོ་བཙན་བྱོལ་བ་ཚོས་བོད་ཡིག་དང་དབྱིན་ཇི་གཉིས་ཀ་མི་ཁྱོངས་དེ་ངས་ཤེས་ནི་རེད།་དེ་ལས་སྣ་གཅིག་ལ་ཡག་ཐག་ཆོད་ཅིག་ཡོད་ན་དེ་དགའ་ཨང་།་གཉིས་ཀ་ཤེས་མདོག་མདོག་བྱས་ནས་བསྡད་པས་མི་ལོ་ལྔ་བཅུའི་རིང་ལ་ང་ཚོའི་ཤེས་ཡོན་ཁ་ཆག་རྣ་རལ་དུ་གྱུར་བ་རེད།བགྲེས་སོང་བ་ཚོར་ཕོགས་རེ་སྤྲད་ནས་རྒན་ཡོལ་ཞུ་རུ་བཅུག་ན་དགའ་ཞེས་པའི་སྐད་ཆ་དེ་ངའི་བློ་ངོར་འབབ་ཀྱི་འདུག་ད།
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ཀྱི་རྩོམ་ཤོག་ཏུ་བཀོད་པའི་གནད་དོན་ཁག་ཅིག་རྩོམ་པ་པོའི་རེ་དོགས་ཙམ་ལས་དཔང་རྟགས་གསལ་ཁ་མེད་པ་ལྟ་བུར་མཐོང་ཡང་། མང་པོ་ཞིག་ལ་ཁོང་གིས་དཔང་རྟགས་ལུང་འདྲེན་གསལ་པོ་བྱས་འདུག་པས་རྩོམ་ཤོག་འདི་གནད་འགགས་ཆེན་པོ་ཞིག་ཏུ་མཐོང་། རྩེ་ཕུད་བྱུང་ན་བཀའ་ཁྲི་འོས་མི་གསུམ་ཀའི་སྐོར་ལ་མིག་ངར་རྣོ་པོས་བལྟས་ཏེ་བསམ་གཞིགས་བྱ་རྒྱུ་ནི་ཚང་མའི་འོས་བབས་ཀྱི་ལས་འགན་ཞིག་ཡིན། རྩོམ་གྱི་ནང་གནད་དོན་དུ་མ་ཞིག་གླེང་བའི་ནང་ནས་ཁོ་བོས་དོན་གནད་གཉིས་པ་འོས་ཐོབ་པའི་ཐབས་སུ་བྱ་ཐབས་སྣ་ཚོགས་སྤེལ་བ་ཞེས་པའི་སྐོར་ཏོག་ཙམ་འབྲི་བའི་འདུན་པ་ཤར། སྤྱིར་འོས་ཤོག་ཐོབ་ཕྱིར་ལས་འགུལ་སྤེལ་བ་ཆོས་ཉིད་ཡིན་ཞིང་། དྲིལ་བསྒྲགས་གཏོང་སའི་མི་ཚོགས་དང་བསྟུན་ཏེ་སྐད་ཆ་བཤད་པའང་ལས་འགུལ་གྱི་ཆ་ལག་སྙིང་པོ་ཞིག་ཡིན། འོན་ཀྱང་གཏམ་བཤད་རྣམས་སྔ་ཕྱི་མི་འགལ་བ་ཞིག་དང་། རྩ་བའི་ལངས་ཕྱོགས་ཁ་གསལ་སྟོན་པ་ཞིག་དགོས་ནའང་། བློ་སེང་གི་གཏམ་བཤད་རྣམས་ལ་ཁྱད་ཆོས་དེ་གཉིས་ཀ་མི་འཚང་། ཁོང་གིས་ཉན་མཁན་མི་ཚོགས་ཀྱི་སེམས་གཤིས་དང་བསྟུན་ཏེ། རང་བཙན་ཉན་འདོད་པ་རྣམས་ལ་རང་བཙན་དང་། དབུ་མའི་ལམ་ཉན་འདོད་པ་རྣམས་ལ་དབུ་མའི་ལམ་དགོས་གལ་ཆེ་བའི་གཏམ་བཤད་སྤེལ་བཞིན་འདུག གཞི་རྩའི་གནད་དོན་དེ་འདྲ་ཞིག་ལ་ཐུག་སྐབས་ཀྱང་བློ་ཐག་ཆོད་པོའི་རང་གི་ལངས་ཕྱོགས་མི་སྟོན་པ་དེས་ཁོང་ནི་རླུང་རྒྱུན་གང་རྒྱུགས་ཕྱོགས་སུ་འཕུར་བའི་ཤོག་གྱར་ལྟ་བུར་མཐོང་། གཉིས་ནས་བཀའ་ཁྲིར་ཕེབས་རྗེས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱ་དགོས་པ་ཤེས་བཞིན་དུ་རང་བཙན་འཐོབ་བྱར་བཟུང་བའི་གཞོན་ནུ་རྣམས་ལ་རང་བཙན་གྱི་འཐབ་རྩོད་ལ་གོ་སྐབས་ཡོད་པའི་སྐད་ཆ་ཤོད་རྒྱུ་ནི་ཧ་ཅང་གི་བསླུ་གཏམ་ཞིག་ཡིན། དེ་ལྟའི་སྔ་ཕྱི་མི་མཐུན་པའི་གཏམ་བཤད་མི་སྤེལ་བར་རང་གི་ལངས་ཕྱོགས་གསལ་པོ་དང་བརྟན་པོ་ཞིག་བློ་སེང་ལགས་ཀྱིས་ངེས་པར་དུ་གསུང་དགོས་འདུག
གཡུལ་རྒྱལ་གཡུལ་ནས་ཕམ་པའི་སྡུག་སྐད་ལས།།
དཀྲུགས་ཤིང་ཡིན་པས་རྒྱུ་མཚན་མ་རྙེད་པ།།
བསམ་ཞིང་བསམ་ན་སུས་དཀྲུག་ཉི་ཤར་ལྟར།།
ཨབ་ཕྲུག་ཞིག་གིས་འགེབས་ཐབས་ཅི་ལ་ཡོད།།
ཆུ་སྒང་རྙིང་པའི་ན་ཚ་གསོ་མཁན་དང།།
བཀའ་ཁྲི་དམ་པར་སྐུར་བ་བཏབས་པ་སོགས།།
ཁམས་པ་ནང་ནས་འཐོར་བའི་ལྟས་ངན་དག།
བློ་སངས་སེང་གེའི་མཛད་པའི་ལག་རྗེས་ཡིན།།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com