ཚྭ་རུ་མ་ཐབས་མཁས།
རང་རེ་བོད་དང་བོད་པའི་ལས་བསྐོས་ཀྱི་ལས་དབང་གི་ལོ་ཟླ་སྐྱོ་སྣང་དང་། ཛ་དྲག་གིས་བཞུར་དང་བཞུད་ཀྱིན་པའི་དུས་སྐབས་འདིར་། གཞིས་སྡོད་རང་རེའི་སྤུན་ཟླ་ཚོས་རང་སྲོག་བློས་གཏོང་བྱས་པའི་རེ་འདུན་འགྲུབ་ཆེད་དང་། རང་རེའི་རྩ་དོན་གྱི་རང་ཡུལ་རང་སྐྱོང་གི་རང་དབང་འཐོབ་ཕྱིར་དུ་ང་ཚོ་བོད་པ་བྱེས་སྡོད་པ་ཡོངས་ཀྱིས་སྔར་ལས་ལྷག་པའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་བཏང་ནས། རང་ཅག་ཡོངས་ལ་འཁྲི་བའི་བོད་དང་བོད་པའི་དེང་སྐབས་ཀྱི་ཛ་དྲག་གི་གནས་ཚུལ་ངོ་མ་འཛམ་གླིང་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གསལ་བསྒྲགས་ནུས་ཤུགས་ཆེན་པོ་ཨང་དང་པོ་ཞིག་ཡོང་བར་ང་ཚོས་ཐབས་ལམ་ཡོད་རྒུ་བཙལ་ནས་ད་དུང་ཤུགས་སྣོན་བྱ་དགོས་པར་མཐོང་།
ད་ལྟའི་མིག་སྔའི་གནས་ཚུལ་ལ་གཞིགས་ན་ང་ཚོའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་མང་བཅས་ནས་རང་རང་གི་འཇོན་ནུས་ལ་དཔག་པའི་ལས་འགུལ་སྤེལ་བར་གང་ཐུབ་ངང་འཕག་འཚག་རྒྱག་གིན་ཡོད་མོད། ད་དུང་རྒྱལ་སྤྱིའི་ཐོག་རྒྱ་མཚོའི་ནང་ཁ་བ་འབབ་པ་ཇི་བཞིན་ང་ཚོའི་ཛ་དྲག་གནས་ཚུལ་དྲིལ་བསྒྲགས་ནི་ཅི་ཡང་གྲག་འགུལ་མེད་པའམ། ང་ཚོའི་ད་ལྟའི་ཧ་ཅང་ཛ་དྲག་གནས་བབ་ལ་དཔག་ན་འཛམ་གླིང་གསར་འགྱུར་ཨང་དང་པོར་མ་སླེབས་ན་ཡང་ཨང་གཉིས་པར་ངེས་པར་སླེབས་དགོས་པ་ཡིན་མོད། ང་ཚོའི་ཛ་དྲག་གནས་ཚུལ་གྱི་གསར་འགྱུར་ཁག་ནི་ཕར་འཛམ་གླིང་རྒྱལ་སྤྱིའི་ཐོག་མི་ཁྱབ་པར་ཚུར་ང་རང་ཚོ་བོད་དང་བོད་པའི་མིག་དང་རྣ་བ་རུ་སྐོར་བ་བརྒྱབས་ནས་ཡོད་པར་མཐོང་གིན་འདུག
དེས་ན་འདི་ལ་བསྐྱར་ཞིབ་དང་བསམ་བློ་གཉིས་པ་ཞིག་ངེས་པར་དུ་གཏོང་བའི་དུས་རེད་འདུག རྒྱ་ནག་རྒྱལ་སྤྱིའི་ཐོག་ནུས་ཤུགས་འདི་ལྟར་ཆེ་ན། ང་ཚོས་ཀྱང་ཁ་ཕྱོགས་དང་ལམ་ཁ་གཞན་པ་ཞིག་བཙལ་ནས་ལས་འགུལ་སྤེལ་ན་ཅིས་མི་ཆོག དེང་སྐབས་རྒྱ་ནག་དཔོན་རིགས་ནང་ཁུལ་འཆམ་མཐུན་མེད་པ་དང་། རྒྱ་ནག་གི་མང་ཚོགས་དང་སོག་པོས་ཡར་ལངས་བྱེད་ཀྱིན་ཡོད་པ། ཕྱི་སྡོད་རྒྱ་མི་མང་གཙོ་དོན་གཉེར་པ་དང་རྒྱ་ནག་དང་འགལ་ཟླའི་རྒྱལ་ཁབ་སོགས་འདི་དག་ཡོད་ཚད་ང་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གོ་སྐབས་དང་། འཐབ་གྲོགས་རེ་ཡིན་པ་ངེས་པར་དུ་ཤེས་དགོས་པའི་དུས་ལ་སླེབས་འདུག་སྙམ།
ང་ཚོའི་གཞུང་དང་མི་མང་ཡོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་འགའི་གཞུང་གི་སྒོ་རྩར་འདི་ལྟར་ཞུ་འབོད་བྱེད་པ་གཅིག་པུས་འདང་གི་མེད་པ་ཧ་ཅང་གསལ་པོ་རེད་འདུག
མཉམ་འབྲེལ་རྒྱལ་ཚོགས་ནི་ཤོག་གུའི་སྟག་རེད་ཟེར་བ་དོན་ལ་གནས་ཤིང་། རྒྱལ་ཁབ་སུ་ཞིག་ཡིན་ཡང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་འཛིན་རྒྱུ་ཡིན་པ་སུས་མི་ཤེས།
རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་ད་དུང་འདི་ལྟར་མཇུག་འབྲས་མེད་པ་ཤེས་བཞིན་དུ་ཨུ་ཚུགས་བྱེད་པ་རང་གིས་རང་ལ་མགོ་སྐོར་གཏོང་བ་ལྟ་བུའི་ལས་ཀ་ཞིག་དང་། དུས་ཚོད་དང་གོ་སྐབས་མེད་བརླགས་བྱས་པའི་ང་ཚོས་ང་ཚོའི་ལོ་རྒྱུས་ནང་ནག་ཉེས་ཤིག་གསོག་གིན་ཡོད་པར་སེམས།
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་གིས་ཉོས་པ་མིན་ཡང་ཉོས་པ་འདྲ་བ་དང་། རྒྱལ་ཁབ་སུ་ཡིན་ཡང་རྒྱ་ནག་ལ་དགའ་བཞིན་མེད་ན་ཡང་དགའ་མདོག་དང་འཆམ་མཐུན་མི་བྱེད་ཀ་མེད་ངང་ཡོད་པ། དྲང་བདེན་ནི་ནམ་ཡང་དྲང་བདེན་ཡིན་ཡང་དུས་སྐབས་དང་གནས་ཚུལ་ཛ་དྲག་ལ་ཐུག་ན་ནུས་པ་འདི་ལྟར་ཆུང་བ་སོགས་ལ་བསམས་ན། ང་ཚོས་བཞུད་ཟིན་པའི་རྐང་རྗེས་ནང་ཕྱི་མིག་ཅིག་བལྟས་ནས་བསམ་བློ་གསར་པ་ཞིག་དང་ཐབས་ལམ་གཉིས་པ་ཞིག་འཚོལ་དགོས་པའི་དུས་ལ་བབ་ཡོད་པར་སྙམ།
སྐབས་དང་དུས་ལ་སླེབས་ན་འཇུ་དགོས་པ་དང་འཇུ་གི་ཡིན་ཟེར་བའི་ང་ཚོའི་བཀུར་འོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡང་ཡང་བཤད་པ་བཞིན་ཁོང་གིས་ཨ་རི་དང་ཡོ་རོབ་ཁུལ། ཉི་ཧོང་སོགས་སུ་ཆེད་བསྐྱོད་ཀྱིས་ལས་འགུལ་ཁྱབ་སྤེལ་བྱས་དང་བྱེད་མུས་སུ་འདུག་ཀྱང་ད་དུང་ཅི་ཞིག་གིས་མ་འདང་བ་ཡིན་ནམ། ང་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་གི་གཅེས་སྲོག་མེ་རུ་བསྒྲོན་ན་ཡང་། ད་དུང་སྔོན་བེ་ཁྲི་ནེམ་གྱི་གྲྭ་པ་མེར་སྦར་མཁན་གཅིག་པོ་དེའི་ནུས་པའི་ཤུགས་རྐྱེན་ཙམ་ཡང་རྒྱལ་སྤྱིའི་ཐོག་མ་བྱུང་ཞིང་། རང་རེའི་གཞིས་སྡོད་སྤུན་ཟླ་མང་པོ་བསད་རྨས་དང་བཙོན་འཇུག་གིས་བོད་ནང་ནི་དམྱལ་ཁམས་གསོན་པོ་རུ་བསྒྱུར་བཞིན་ཡོད་ན་ཡང་། ད་དུང་རྒྱ་གར་དང་བལ་ཡུལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་བོད་རྒྱ་ཁོངས་དང་ཆ་ཤས་ཡིན་མིན་གྱི་དྲི་བ་མ་དྲིས་ན་ཡང་ཡིན་པར་བཤད་ཀྱིན་ཡོད་པ་རེད།
དེས་ན་ད་ལྟའི་དུས་སུ་ང་ཚོ་བོད་ལ་ང་ཚོ་ལས་ལྷག་པའི་རེ་འབོད་ཞུ་ཡུལ་ཞིག་མེད་པར་སེམས་ན། ད་ནི་བཙན་བྱོལ་བོད་པ་ཡོངས་ཀྱིས་འཆམ་མཐུན་ཆིག་སྒྲིལ་སྔར་ལས་ལྷག་ཅིག་བྱས་ནས་ལས་འགུལ་གྱི་ནུས་པ་ཆེན་པོ་ཞིག་འདོན་རན་ཡིན་ཞིང་། མང་གཙོ་དང་སྨྲ་བརྗོད་རང་དབང་ཁ་ལ་གྱེར་བཞིན་རང་གཞུང་དང་། རང་གིས་བདམས་པའི་འགོ་དཔོན་ཚོར་སྐྱོན་བརྗོད་དང་ལེ་ལན་འདེད་པའི་ཀུ་ཅོ་རེ་ཞིག་མཚམས་བཞག་ནས། ཐབས་ཇུས་དང་གོ་སྐབས་དམ་འཛིན་བྱས་ཏེ་ང་ཚོའི་ནང་ཁུལ་ལ་གཏད་བཞིན་པའི་མདའ་ཁ་མདུང་རྩེ་ཕྱི་རུ་སྐོར་བའི་དུས་ཡིན་པ་ངེས་པར་དུ་ཤེས་རན་རེད་སྙམ།
ང་ཚོས་རང་ས་རང་ཡུལ་ཤོར་ནས་དེང་སྐབས་གཞན་ལ་སྐྱབས་བཅོལ་ཞིང་ས་ཆ་གཡར་ནས་བསྡད་ཡོད་པས། ང་ཚོ་ལ་ཆོལ་ཁ་དང་གསར་རྙིང་གི་བོད་པའི་དབྱེ་འབྱེད་མི་དགོས་ཤིང་། ལྷག་པར་དུ་རྒན་རབས་དང་གཞོན་རབས་ཚོས་བསམ་ཚུལ་འགལ་ཟླར་མི་འཛིན་པར་ང་ཚོ་ཚང་མས་ནུས་ཤུགས་ལྷན་ཅིག་ཏུ་བཏོན་ནས། རང་རང་གི་ཤ་རུས་ཀྱི་གསེང་ན་བོད་བཙན་པོའི་ཁྲག་རྒྱུན་ངོ་མ་ཞིག་འཁོར་བསྐྱོད་བྱེད་ཀིན་ཡོད་ན། རང་རེའི་བོད་ཀྱི་ཆེས་ཛ་དྲག་གི་དུས་ཚོད་འདིར་རང་རང་གི་ནུས་པ་དང་འཇོན་ཐང་ཡོད་ཚད་སྤྲུག་སྤྲུག་བྱེད་པའི་དུས་སྐབས་ཡིན་པར་ཤེས་དགོས་སྙམ།
ད་ལྟའི་དུས་སྐབས་འདིར་ང་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་གི་ཡོད་ཚད་མེ་རུ་བསྒྲོན་པའི་མེ་ལྕེ་འབར་བཞིན་ཡོད་ལ། གཞིས་སྡོད་བོད་པ་ཡོངས་ཀྱིས་བོད་དང་བོད་པའི་སང་ཉིན་གྱི་ཆེད་དུ་མེ་མདའི་རྩེ་ན་ཞི་རྒོལ་དང་ཞི་བའི་འབོད་སྒྲ་ལྷང་ལྷང་ངང་སྒྲོག་གིན་ཡོད།
འདས་ཟིན་པའི་ལོ་ཟླ་གང་མང་ལྟར་ང་ཚོས་ད་དུང་ཅི་ཞིག་ཡོང་བ་ལ་ངང་སྒུག་བྱས་ནས་མི་སྡོད་པར། ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་པའི་གོམ་སྟབས་ཆེན་པོ་ཞིག་སྤོ་དགོས་པའི་དུས་ལ་སླེབས་འདུག་པར་སེམས།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་དོན་གྱི་ལས་འགན་ཡོད་ཚད་ང་ཚོར་གནངས་ཟིན་ན་ཡང་། ང་ཚོས་ད་དུང་ཆབ་སྲིད་ཀྱི་ལས་འགུལ་དོན་ལྡན་ཞིག་ཀྱང་སྤེལ་མི་ཐུབ་པར་བསྡད་ན་༧ ཁོང་གི་དགོངས་གཞི་སྒྲུབ་ཐུབ་ཀྱི་ཡོད་དམ།
མ་ཟད་ང་ཚོས་ང་ཚོ་ནི་བོད་ཀྱི་ལོ་རྒྱུས་ནང་ཉེས་མིང་ཁུར་མཁན་གྱི་ཆེས་དམན་པའི་མི་རབས་ཤིག་གི་མིང་བྱང་འབྲི་མཁན་དུ་འགྱུར་བར་ངེས་ན། ང་ཚོས་ངེས་པར་དུ་དུས་ཚོད་ཛ་དྲག་ཅན་འདི་ནས་ང་ཚོའི་རྩ་དོན་ཐོག་གྲོས་བསྡུར་དང་ཆིག་སྒྲིལ། ལས་འགུལ་དང་ཁྱབ་བསྒྲགས་སོགས་སྔར་ལས་ནུས་པ་ཆེན་པོ་ཞིག་དང་། སྔར་ལས་གནད་དུ་ཁེལ་པའི་འཕག་འཚག་གསར་པ་ཞིག་ངེས་པར་རྒྱག་པའི་སྐབས་དང་དུས་ཡིན་ཞིང་། སྐབས་དང་དུས་འདི་མི་ཤོར་བར་བྱས་ཏེ་ང་ཚོས་ངེས་པར་དུ་སྐབས་དང་དུས་ལ་བབས་པ་འདི་ལ་འཇུ་དགོས་པ་དང་འཇུ་བའི་དུས་ལ་སླེབས་འདུག་གོ ། ༡༤ ༤ ༢༠༡༢
བམ་ཀློག་བྱས།
བཀླགས། ཆིག་སྒྲིག་ནི་ནུས་ཤུགས་ཀྱི་རྩ་བ་ལོས་ཡིན།
རེད་དེ། ལས་འགུལ་གྱི་ཁ་ཕྱོགས་དང་ཐབས་ལམ་སོགས་ཁ་གསལ་བོའི་སྒོ་ནས་བཤད་ན་བསམ་བློ་གཏོང་གི་རེད། དེ་མ་གཏོགས་ཅིག་བྱ་དགོས་རེད་ལབ་བསྡད་ན་ཕན་ཐོག་དེ་ཙམ་མི་འདུག་ག
སྤྱིར་བཏང་གི་ཆ་ནས་ཚྭ་རུ་མའི་ཐབས་མཁས་ལགས་ཀྱིས་སྐད་ཆ་འདི་དག་སེམས་ཚོར་དང་ལྷག་བསམ་རྣམ་དག་གིས་བཤད་པར་ང་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཡོད། འོན་ཀྱང་གོ་སྐབས་དམ་འཛིན་བྱེད་དགོས་ལུགས་དང་། ལས་འགུལ་སྤེལ་སྟངས་འགྲིག་གི་མེད་ཚུལ། ལས་འགུལ་གྱི་ཁ་ཕྱོགས་བསྒྱུར་དགོས་ལུགས། འཐབ་རྩོད་ཀྱི་ནུས་པས་འདང་གི་མེད་ལུགས། ང་ཚོའི་ཛ་དྲག་གི་གནས་ཚུལ་དེ་དག་འཛམ་གླིང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་འཐབ་རྩོད་ཅིག་ཏུ་འགྱུར་ཐུབ་ཀྱི་མེད་ལུགས། ད་ལྟའི་བོད་ནང་གི་ཛ་དྲག་གི་དོན་རྐྱེན་དེ་དག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ནུས་པ་ཐོན་པའི་ཁྱབ་བསྒྲགས་ཤིག་བྱེད་ཐུབ་ཀྱི་མེད་ལུགས། བྱེས་འབྱོར་བོད་མི་ཡོད་དོ་ཅོག་གི་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་ལུགས། བོད་མི་ཚང་མས་ནུས་པ་ཡོད་རྒུ་འདོན་དགོས་ལུགས། ད་རང་རང་ལ་ནུས་པ་ཅི་ཞིག་ཡོད་ན་འདོན་རན་ཚུལ། འདས་པའི་ལོ་རྒྱུས་ལ་ཕྱིར་དྲན་གྱིས་ད་བསམ་བློ་གཏོང་རན་ལུགས། ང་ཚོའི་བསམ་བློ་གཞན་ཞིག་གཏོང་དགོས་ལུགས་སོགས་བཤད་པ་དེ། རྒྱུན་ལྡན་གྱི་སྐད་ཆ་ཞིག་ལས་གསར་པ་ཞིག་གང་ཡང་མིན།
ཆོལ་གསུམ་བོད་མི་རྣམས་དཀའ་ངལ་དང་ཛ་དྲག་ཅན་དུ་ཇི་ཙམ་གྱིས་གྱུར་ན་དེ་ལྟར་དུ་འུ་ཅག་གི་དམིགས་འདུན་འགྲུབ་ཆེད་རྒྱ་སྐྱོར་བྱེད་མཁན་དང་། ང་ཚོའི་ཁ་གཏད་རྒྱ་དམར་གཞུང་ལ་ནུས་པ་ཐོན་པའི་གནོན་ཤུགས་སྤྲོད་མཁན་གྱི་དཔུང་སྡེ་ཞིག་མ་རག་དུས། དཀའ་ཁག་དང་སྡུག་བསྔལ་གང་མང་ཞིག་གིས་དུས་ནས་དུས་སུ་གནོན་དང་མནར་བཞིན་པ་འདི་ལ་འུ་ཅག་གིས་ཁོང་ཁྲོ་དང་ཚིག་ངན་བཤད་པ༌ཙམ་གྱིས་ཕར་ཕྱོགས་དགྲ་བོ་ལ་མི་གནོད་པ་དང་ནུས་པ་ཞིག་མ་ཐོན་དུས། རང་རེའི་གཞུང་དང་ཁ་འཕྲོའི་འགོ་པ་ཚོ། སྣེ་ཁྲིད་པ་ཚོར་ཚིག་ངན་སྣ་ཚོགས་ཤོད་རྒྱུ་དང་། དེ་དག་གིས་ལས་སྟངས་བྱེད་སྟངས་ཀྱིས་འགྲིག་གི་མེད་ལུགས་སོགས་ཀྱི་སྡུག་སྐད་ཅིག་ཚང་མས་ཤོར་གྱི་ཡོད་པ་རེད། འདི་ནི་འུ་ཅག་གཅིག་པུ་མ་རེད་ཀུན་གྱི་སྤྱི་འགྲོས་ཤིག་ཡིན་པས་ཧ་ལས་ཧང་སང་དགོས་དོན་ཅི་ཡང་མེད།
འོ་ན་དེ་སྔ་དང་མ་འདྲ་བའི་གོ་སྐབས་དམ་འཛིན་བྱེད་ཚུལ་དང་། ནུས་ཐོན་པའི་ལས་འགུལ་སྤེལ་ཚུལ། རྒྱལ་སྤྱིའི་རང་བཞིན་ཅན་གྱི་གསར་འགྱུར་དུ་འགྱུར་ལུགས། གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་རུ་གཏོང་ལུགས། འཐབ་རྩོད་ཀྱི་ཁ་ཕྱོགས་བསྒྱུར་སྟངས། བོད་མི་མི་རེ་ངོ་རེ་ནས་ནུས་པ་འདོན་ལུགས། ལས་འགུལ་གྱི་ནུས་པ་གཅིག་ཏུ་སྤུངས་ཚུལ་སོགས་རེ་རེ་ནས་འདི་ལྟར་བྱས་ན་དགེ་མཚན་ཡོད་ལུགས་དང་། འདི་འདྲ་བྱས་ན་འུ་ཅག་གི་རེ་བའམ་དམིགས་ཡུལ་དེ་འགྲུབ་པའི་སྐོར་ལ་ཁ་ནས་མི་འགྲིག་ཚུལ་དང་། མི་ལེགས་ཚུལ་བཤད་པས་མི་ཕན་པར་དོན་དུ་རང་ཉིད་ནས་ལམ་སྟོན་དང་། སྣེ་ཁྲིད་བྱས་ན་ད་གཟོད་ཁེ་ཕན་རང་བཞིན་གྱི་སྐད་ཆ་ཞིག་ཏུ་འགྱུར་བ་ལས་རྒྱུན་ལྡན་གྱི་སྐད་ཆ་ཞིག་གཟུངས་སྔགས་བགྲང་བ་ལྟར་བསྐྱར་ཟློས་ཡང་ཟློས་བྱས་ན་དེ་ལ་ནི་དགོས་པ་དང་རྒྱུ་མཚན་དེ་ཙམ་མཐོང་རྒྱུ་མི་འདུག
དཔེར་ན། ཁ༌ནས་རྒྱུན་དུ་གསར་བཏོད་དགོས་ལུགས། སྙིགས་དོར་བཅུད་ལེན་བྱེད་དགོས་ཚུལ་ལྟ་བུ་བཤད་པ་ཙམ་གྱིས་མི་འགྲིག་པར་དེ་ལྟར་བྱེད་སྟངས་དང་། བྱེད་པའི་ཐབས་ལམ། བྱེད་མཁན་ལ་ལམ་སྟོན་བྱེད་དགོས་པ་མ་རེད་དམ།
དངོས་གནས་ཡག་པོ་གསུངས་འདུག
ཐུགས་རྗེ་ཆེ་ཞུ། ད་ལྟ་སྲིད་སྐྱོང་དེ་སྔོན་མ་འོས་མར་ལངས་དུས་ཀྱི་གདེང་ཚོད་དང་སྤོབས་པ་མེད་པ་དེ་གང་དུ་ཕྱིན་པ་ཡིན་ནམ།
མི་མང་པོ་ཞིག་གིས་ཁོང་ཁྲིམས་ཞེད་པོ་ཞིག་མཁས་པོ་ཡོད་ཚུལ་སྒྲོག་གི་འདུག
ད་དེས་ཕན་ག་རེ་ཐོགས་གི་འདུག ད་ཤུགས་རྒྱག་དགོས་པའི་དུས་ལ་སླེབས་བཞག
བཤད་སྟངས་འདི་གསར་པ་ཞིག་གང་ཡང་མ་རེད་ཐེངས་མང་པོ་གོ་མྱོང་ཡོད་། འདི་ལྟར་བཤད་ནས་ང་ཚོ་འདི་ལ་སླེབས་པ་རེད། དེའི་ན་ཁྱོད་ཀྱིས་ཐབས་ལམ་གསར་པ་ཇི་ལྟར་སྤེལ་སྟངས་ཅིག་ཤོད་དང་ང་ཚོ་ལ་མཁོ་བ་ངོ་མ་དེ་འདི་རེད།
བྱ་བ་འདི་འདྲ་གཞིས་སྡོད་རང་རེའི་སྤུན་ཟླ་ཚོས་རང་སྲོག་བློས་གཏོང་བྱས་པའི་རེ་འདུན་འགྲུབ་ཆེད་འེ་རེད????????????
བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་གཞུང་དངུལ་ལྐོག་ཟ་བྱས་འདུག་ཟེར།བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཕྱི་ཚེས་༡༠ ཉིན་དྷ་སའི་ཉེ་འགྲམ་དྷ་ཤོད་བོད་ཁྱིམ་དུ་ཚོགས་བཞིན་ཡོད་འདུག་པ་དང་། སྐབས་དེ་དུས་ས་གནས་ཀྱི་ཚོགས་མི་ཞིག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་གཞུང་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་ཞིག་ཡོད་ཚུལ་འདུག་པས། དེའི་སྐོར་གསལ་བཤད་དགོས་པའི་དྲི་བ་བཏོན་པར།
གསལ་བཤད་ལན་འདེབས་གནང་ཡོད་འདུག ད་ལྟའི་ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་མདོ་སྨད་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཚོགས་ཆེན་དུ་ཕེབས་མེད་ཚུལ་འདུག་ལ། ཁ་ཤས་ཀྱིས་ཁོང་སྨན་ཁང་དུ་ཡོད་ཚུལ་བརྗོད་ཀྱི་འདུག ངའི་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས། ཚོགས་གཞོན་བསམ་གཏན་ལགས་ཕྱོགས་བསྐྱོད་ཀྱི་སྐབས་སུ་བུད་མེད་ལྷན་ཚོགས་ཀྱི་དངུལ་འཛིན་ལ་ས་ཡིག་བརྒྱབ་པ་ཟིན་པ་ཞིག་ཏུ། དྲུང་ཆེ་ཚེ་དབྱངས་ལགས་ཀྱི་ས་ཡིག་རྫུན་འགོད་ཀྱིས། ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་རང་ཉིད་ཀྱི་ནང་དུ་བཏང་ཡོད་ཚུལ་འདུག མཐར་དབུས་རྒྱུན་ནང་དངུལ་འཛིན་གཅིག་ཚང་མིན་གྱི་སྐད་ཆ་ལྷགས་པ་དང་། དངུལ་ཁང་དུ་རྩད་གཅོད་བྱས་པའི་སྐབས་ཧིན་སྒོར་འབུམ་གཉིས་དེ་རྡོ་རྗེ་གླིང་དུ་བཏང་ཡོད་པ་དང་། དངུལ་འཛིན་ལ་ས་ཡིག་ཚོགས་གཞོན་དང་དྲུང་ཆེས་བརྒྱབ་ཡོད་འདུག་ཀྱང་། དྲུང་ཆེའི་ས་ཡིག་ངོ་མ་མ་ཡིན་པར་རྫུན་བཟོ་བྱས་པའི་གནས་ཚུལ་བྱུང་ནས་རྩད་གཅོད་བྱེད་པའི་སྐབས། བྱ་བ་དེ་རྩོམ་མཁན་དབུས་རྒྱུན་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ཡིན་པ་ར་སྤྲོད་བྱུང་ཡོད་ཚུལ་ལ་བརྟེན། ད་ལན་ཚོགས་ཆེན་དུ་ཚོགས་ཕེབས་མ་བྱས་པ་ཡིན་པ་ཚུལ་ཡང་བརྗོད་ཀྱི་འདུག་ལ། ད་ལྟའི་ཆར་དྷ་སའི་སྲང་ལམ་ཀུན་ཏུ་ཁྱབ་འདུག
འབྲེལ་ཡོད་མི་སྣ་ཞིག་ལ་བཅར་འདྲི།
དྲི་བ། མོས་ལན་དེའི་ནང་དུ་ཕྱིར་བསྒྲགས་བྱེད་རྒྱུ་མིན། དེ་རྒྱ་མིས་བེད་སྤྱོད་གཏོང་སྲིད་པ་རེད་ཟེར་འདུག དེ་བདེན་པ་ཡིན་ནམ། ལན། གནས་ཚུལ་དེ་བདེན་པ་རེད་འདུགརྒྱ་མིས་བེད་སྤྱོད་བཏང་ནའང་རྐུ་མ་ལ་རྐུ་མ་ཟེར་རྒྱུ་ཙམ་ལས་གཞན་བེད་སྤྱོད་ལྷག་མ་གཏོང་རྒྱུ་ཅི་ཡོད། དྲི་བ། བུད་མེད་ཚོགས་པའི་ཚོགས་གཙོའི་མགོ་ལ་ཆུ་ཚ་པོ་བླུགས་ནས་ན་ཡོད་སྐོར་ཞིག་ཐོན་འདུག་དེའི་སྐོར་ཅི་གོ་རྒྱུ་འདུག་གམ། ལན། གཞན་དག་གིས་བཤད་ན་ཆུ་ཚ་བོ་བླུག་ནས་སྐེད་པའི་ཕྱོགས་ལ་ཚིགས་འདུག་ཟེར།ངས་དེའི་སྐོར་ཤེས་མ་སོང་།མོ་རང་གིས་ཟེར་ནས་སྐེད་པ་བརྡབ་སྐྱོན་བྱུང་སོང་ཟེར་ནས་བཤད་ཡོད་འདུག་ལ་ཟླ་བ་གཅིག་ཙམ་ལ་ཉལ་ཁྲིའི་ཐོག་ཁ་སྦུབ་ནས་ཉལ་དགོས་ཡོད་འདུགབདེ་ལེགས་སྨན་ཁང་དུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་སྦས་བསྐུང་བྱས་འདུག་ཟེར་བསད་ཀྱི་འདུག དྲི་བ། བུད་མེད་ཚོགས་པའི་ཚོགས་གཙོའི་མགོ་མཐོང་ཡོད་པ་ཡིན་ནམ། ལན། མགོ་ལ་རྨས་སྐྱོན་མི་འདུག་མི་འདུག་ཟེར་་མགོ་ལ་ཆུ་ཚ་པོ་བླུགས་མེད་སིག་ད་།དང་པོ་ས་སྣུམ་ཁུར་ཤོག་ལབ་པ་རེད་ཟེར། དེ་རྗེས་ཆུ་ཚ་བོ་རུམ་ལ་བཤོས་པ་རེད་ལབ་ཀྱི་འདུགདེ་ཚོ་བདེན་པ་འདྲ་བོ་འདུག དྲི་བ། རྒྱུན་ལས་ནང་དུ་ཐག་བཅད་པ་ཡིན་ཟེར་འདུག་དེའི་སྐོར་གང་འདྲ་ཡིན་ནམ།ལན། རྒྱུན་ལས་ནང་སྐད་ཆ་དེའི་སྐོར་ལ་ཉིན་བཞི་ཙམ་ལ་རྩོད་པ་བྱུང་བ་རེད་ཟེར། དྲི་བ། གསར་འགྱུར་བརྒྱུད་ལམ་ཁག་ནས་མི་འདོན་པར་གསང་ཐབས་བྱེད་དགོས་དོན་ག་རེ་ཡིན་ནམ། ལན། རྐུ་མ་ཕུག་ཏུ་སྦས། སྒོ་ཁྱི་ཕྱི་ལ་ཟུག་ཟེར་བ་དེ་འདྲ་རྐྱང་རྐྱང་བྱས་ན་ཡོང་ཐབས་མེད་པ་རེད་དེ།ཡིན་ན་ཡང་མོ་རང་གི་གནས་སྟངས་དེ་ཚོ་ལ་ལྟས་དུས་སྙིང་རྗེ་ཞིག་ཀྱང་ངང་གིས་སྐྱེ་གི་འདུགགསར་འགོད་པ་དེ་ཚོས་གསང་བ་བྱེད་ཀྱི་ཡོད་འདུག དང་པོ་བང་ཆེན་ནང་དུ་གཅིག་བཏོན་འདུག་ཀྱང་རྗེས་སུ་བསུབ་ཚར་འདུགམདོར་བསྡུས་ན་བུད་མེད་ཚོགས་པས་རྐུ་མ་གསལ་འདོན་མི་བྱེད་པར་སྦས་དགོས་དོན་གང་ཡིན་ནམ། ཞེས་ལན་རྒྱབ་བྱུང་། དྲི་བ། དེའི་སྐོར་ད་ཆ་སྤྱི་འཐུས་རྒྱུན་ལས་ནང་དུ་མང་པོ་ཞིག་བཤད་པ་དང་། སྙན་ཞུ་འབྱོར་སྐད་འདུག་པ་དེའི་སྐོར་ཅི་ཤེས་སོང་ངམ།ལན། གནས་ཚུལ་དེ་འདྲ་ཞིག་སྤྱི་འཐུས་རྒྱུན་ལས་ནང་དུ་སླེབས་ཡོད་དུས་ཚོགས་གཙོ་སྤེན་པ་ཚེ་རིང་ནས་འགོ་བཙུགས་ཏེ་རྐུ་མ་ཞིག་སྤྱི་འཐུས་ནང་དུ་ཇི་འདྲ་བྱས་ནས་བཞག་སོང་བལྟ་རྒྱུ་དེ་རེད། བུན་ལོན་བསྒྲུབ་འཇལ་མ་ཐུབ་པ་ཙམ་གྱིས་སྤྱི་འཐུས་ཀྱི་འོས་ཆོས་ཚང་ཡོད་མ་རེད་ཟེར་གྱི་ཡོད་རེད། དེ་བཞིན་རྐུ་མ་ལ་འོས་ཆོས་ཇི་ལྟར་ཚང་མིན་གཟིགས་དང་་ཧ་གོ་རྒྱུ་རེད་ཟེར་བྱུང་།
ང་ཚོའི་མི་ཐོག་གོང་མ་ཚོས་ཤེས་བཞིན་དུ་རང་གི་གཞིས་ཀ་དང་། བླ་བྲང་། ཆོས་གཞིས་བཅས་ཀྱི་དོན་དུ་ནང་ཁུལ་གཅིག་འོག་གཅིག་ཏུ་མ་འདུས་པའི་གནས་ཚུལ་ཐབས་སྐྱོ་དེའི་འོག་བོད་སྐྱེལ་བ་རེད། ད་ལྟ་རྒྱུ་ནོར་དང་། དབང་ཤུགས། རྒྱབ་སྐྱོར་དེ་ཙམ་མེད་པར་བཀའ་ཁྲི་མི་གཅིག་ལ་ལབ་ལབ་བཏང་བས་ཕན་ཐོགས་མེད། ཁོང་གིས་ནུས་ཤུགས་ཡོད་པ་ནི་བཏོན་གྱི་འདུག དུས་རྒྱུན་དུ་ཁ་ཉི་མས་དྲོད་པའི་སྐད་ཆ་ཁུངས་མེད་དེ་འདྲ་བཤད་ན་ཅི་ཕན། བོད་ཀྱི་རྩ་དོན་བསྒྲུབ་པར་དུས་ཚོད་གཉུག་བསྲིངས་དགོས་པ་ལས་ལྒང་ཕུག་ཕུ་རྒྱབ་པ་ནང་བཞིན་ལམ་སེང་ཡོང་མི་ཐུབ། བོད་པའི་གཤིས་ཀ་སྟེ། ཁོས་བྱེད་ཀྱི་མི་འདུག མོས་འགྲིག་གི་མི་འདུག ཁོས་ཟ་གིས། མོས་འཐུང་གིས་ཟེར་བའི་ནད་རོ་རྙིང་པ་དེ་དོར་དགོས། ནད་རོ་དེ་ངེས་པར་དུ་བཅོས་དགོས།
གདོངས་དམར་བོད་གྱི་ཕོ་རྒོད་ནས བོད་བཙན་པོ་རྒྱུད་འཛིན་བཀའ་ཁྲི་མཆོགས ལས་བྱ་བཞག་གསུམ་པོ་སེམས་ནས་གཟུང བོད་ཆོལ་གསུམ་མཐུན་སྒྲིལ་གཅིག་ལ་ཁྲིད རྗེ་བླ་མའི་བཀའ་གསོངས་སྤྱི་བོར་བཞག བོད་ས་ཡ་དྲུག་གིས་སྡུག་བསྔལ་དེ ལྷོ་འཛམ་གླིང་མི་མང་སྙན་ལ་བཞག དགྲ་རྒྱ་དམར་སྙིང་ལ་ཚེར་མ་ཟུག གངས་དཀར་པོ་ཕ་ས་བུ་ཡི་འཛིན བུ་གངས་ཕྲུག་རིག་པའི་བྱོག་རྩལ་རྒྱེ རྒྱ་དམར་པོ་རྒྱུད་འཛིན་ནང་འཁྲུགས་ཤོར དགྲ་དཀར་ལྔའི་དར་དམར་དབང་ཐང་རྫོགས བོད་གངས་སེང་དར་ཆ་འོད་ཟེར་འབར ལྷོ་འཛམ་གླིང་ནོར་བུ་༧གོང་ས་མཆོགས མཁར་པོ་ཏ་ལ་ཡི་གསེར་ཁྲིས་ཐོག ད་ཉུར་ཏུ་བྱོན་པའི་དུས་ལ་བབ བུ་སེང་ཕྲུག་སྙིང་གི་ནོར་བུ་ལགས བོད་རྒྱལ་ཁབ་དབང་ཐང་དར་བར་ཤོགས བཀྲ་ཤེས་བདེ་ལེགས
ཀྱེ་གྲོགས་པོ་ལགས་་་ང་ཚོས་ངེས་པར་དུ་སྐབས་དང་དུས་ལ་བབ་པ་འདི་ལ་འཇུ་དགོས་པ་རེད་དམ་སྐབས་དང་དུས་ལ་བབ་པ་འདི་འཇུ་དགོས་པ་རེད།ཞེས་དང་ཞར་དུ་ཁྱེད་རང་རང་རེའི་ཚོགས་མི་ཞིག་ཡིན་པས་ནམ་ཞར་ལ་རང་ཚོའི་དྲ་བར་རྩོམ་ཡིག་གཏོང་བའི་རེ་སྐུལ་ཞུས་པ་ཡིན།འདི་ཉིད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་གོ་བར་གྱིས་ཤིག དེའི་ཚགས་ཤོག་དང་དྲ་བ་དོ་དམ་པས།
ཚ་རི་མའི་ཐབས་མཁས་ཀྱིས་་་་་་་ཁ་སྟོང་ནང་ནས་ཚིག་སྟོང་བཤད་འདུག
ཁོ་ལ་སེམ་ཤུགས་ཡོད་མེད་ཤེས་ཡ། མ་ཟད་གཞན་ཟེར་རྗེས་བློས་ཁོ་ན་ལས། ཁོ་རང་གི་སྙིང་ནས་ཡོང་བའི་གཏམ་ཞིག་མ་རེད་ཡ།
གདོངས་དམར་བོད་གྱི་ཕོ་རྒོད་ནས ལྷ་ཆེན་ལགས ཁྱོད་རང་གི་ཁ་སྟོང་བ་མ་ཡིན་པའི བོད་སྤྱི་བ་ལ་ཕན་པས་ལས་ཀ་ག་རེ་གནང་ཉོང ང་ལ་སེམས་ཤུག་ཡོད་མེད་ཁྱོ་ག་རེ་ཤེས
དྲ་གྲོགས་ཚོར། སྲིད་སྐྱོངས་མཆོག་ལ་ངན་སྨྲས་མ་བྱེད། ད་ལྟརའི་སྲིད་སྐྱོངས་འདིའི་ཁ་ཡོད་ལག་ཡོད་ཀྱི་རང་ནུས་གང་ལྕོག་གི་ཕྱག་ལས་གནང་དང་གནང་བཞིན་པ་རེད་འདུག་བ་ཚང་མས་མཐོང་གསལ་རེད། སྤྱིར་གཏང་སྲིད་སྐྱོངས་མཆོག་ལ་སྤྱན་རས་གཟིགས་ལྟར་བུའི་ཕྱག་སྟོང་མེད་པ་དང་དབུ་སྟོང་མེད་པའི་རྒྱུ་མཚན་གྱིས་སེམས་གྱི་བསམ་ཀྱང་ལུས་པོས་མ་སྙོབས་པ་དེ་འདྲ་ཡོད་པར་ཡང་མཐོང་གསལ་རེད། དེ་ལས་རང་ནུས་གང་ལྕོག་གྱི་ལས་འགུལ་སྤེལ་རྒྱུ་ལས་ཁག་འདོག་གི་དོན་མི་འགྲུབ་པ་ཚང་མས་ཧ་གོ་གོ་བར་རེད། ལོང་སྣེ་ཁྲིད་མཁན་མེད་ན་བཙན་བྱོལ་བའི་བོད་པའི་མིག་ག་དུས་ཡང་ཕྱེ་མ་ཐུབ་པ་དེ་སོ་སོར་ལ་བལྟ། དེ་ནས་མི་གཞན་པ་ལབ་བཤད་ན་ཡིན་འདོག་འདོག་འདྲ་གཅིག་ཡོད་རེད། སོ་སོར་འགུལ་བསྐྱོད་ཅི་ཡང་བྱེད་མི་ནུས་པ་སྲིད་སྐྱོངས་གཙོས་པའི་བཙན་བྱོལ་གི་སྒྲིགས་འཛུགས་ལ་སྨད་ར་དང་ངན་སྨྲས་འདྲ་བྱས་ནས་བསྡད་ན་ཞབས་འདྲེན་མ་རེད་བས་དྲ་གྲོགས་ཚོར།