དྲི་བ་འདོན་མཁན། ཨ་ལགས་ཤ་བོ།
དེ་རིང་བདག་གིས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བོད་མིའི་གཤིས་སྤྱོད་ཁག་ཅིག་སྐྱོན་དུ་མཐོང་སྟེ་དོགས་སློང་བྱ་འདོད་བྱུང་། རྣམ་དཔྱོད་ཡངས་པའི་མི་བུ་ཚོས། བོད་པའི་སྲོལ་རྒྱུན་དང་ནང་པའི་རིག་གཞུང་གི་ཆ་ཤས་སུ་གྱུར་བའི་གོམས་གཤིས་དེར་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས་མིན་ཐད་མནོ་བསམ་ཡང་ཡང་བཏང་མཐར། སྒེར་གྱི་དགོངས་ཚུལ་ལྷུག་པོར་གསུང་བའི་ནན་སྐུལ་ཞུ་གི་ཡོད།
དྲི་བ། རང་རིགས་བོད་མི་ཚོས་ཅིའི་ཕྱིར་དྲིན་ཆེན་ཕ་མ་རྣམ་གཉིས་སྐུ་འདས་རྗེས། ཕ་མའི་སྐུ་པར་རང་ཁྱིམ་དུ་མངོན་གསལ་གྱིས་ཤོམ་སྒྲིག་བྱས་ན་ཡག་པོར་མི་བརྩི་བ་དང་། དེའི་ཚབ་ཏུ་ཕ་མ་སྐུ་འདས་མཚམས་སྐུ་པར་ཁག་གཅིག་ཀྱང་མ་ལུས་པར། མེར་བསྲེགས་གཏོང་བ་དང་སྦས་སྐུང་བྱེད་པ། ཕ་མའི་མིང་དང་གཅིག་པ་ཡིན་པའི་གྲོང་པ་སོགས་ཀྱི་མིང་བརྗེ་བོ་བརྒྱབ་སྟེ། གང་ཐུབ་ཅི་ཐུབ་ཀྱིས་དྲིན་ཆེན་ཕ་མ་སེམས་ཁོངས་ནས་གཏན་དུ་ཡལ་བར་འབད་བརྩོན་བྱེད་ཀྱིི་ཡོད་དམ།
བོད་པ་ཚོས་ཡོངས་ཁྱབ་ཐོག་འདས་པོ་ཕ་མའི་སྐུ་པར་ཤོམ་སྒྲིག་བྱས་ན་དགེ་སྐྱོན་ག་རེད་ཡོད་དམ།
ཕ་མའི་སྐུ་པར་ཤོམ་སྒྲིག་མ་ཆོག་པ་ག་ལ་ཡིན། འོནད་ཀྱང་མཆོད་ཡུལ་སྐུ་འདྲ་དང་མཉམ་སྒྲིག་བྱ་མི་རུང་བ་ཙམ་མོ།།
ཕ་མའི་སྐུ་པར་བཤམས་ན་འགྲིག་གི་རེད་བསམ་གི་འདུག ཡིན་ནའང་། དེ་དང་མཉམ་དུ་ཕ་མའི་དྲིན་ལན་མཇལ་ཕྱིར་དགེ་བའི་ལས་མང་ཙམ་གསག་ཐུབ་ན་ཡགཔོ་འདུག
བོད་མི་ཟེར་བ་དེ་ཁ་ཡོད་ལག་ཡོད་ལ་དགའ་བའི་སྤྱི་ཚོགས་ཤིག་རེད། ཕ་མ་གསོནཔའི་དུས་སུ་ཞབས་ཕྱི་ཅི་དྲག་གང་དྲག་ཞུ་གི་རེད། ཤི་བའི་རྗེས་སུ་འདྲ་པར་བཤམས་ན་ཕ་མ་བུ་ཕྲུག་གཉིས་ཕྱོགས་ལ་ཕནའབྲས་མེད་པའི་སྟེང་ལ་ཕ་མ་དྲན་པའི་སྡུག་བསྔལ་ལ་དྲན་གསོ་བསླངས་ན་སུ་ལ་ཡང་ཕན་མི་ཐོགས་པ་ཤེས་ནས་མི་བཤམ་པ་རེད་བསམ། དེ་མིན་པའི་ཡིད་ཆེས་དད་མོས་སོགས་དང་འབྲེེལ་བའི་དགག་བྱ་ཞིག་ནི་མ་རེད་བསམ།
ཁྱོད་ཀྱིས་་མ་མཐོང་ཤེས་བྱ་མང་། བོང་བུས་མགྲོད་ལམ་འཕྲང་མང་། ཞེས་པ་ལྟར་ལས་བོད་དབུས་གཙང་ཁུར་ལ་ཡབ་ཡུམ་འདས་པོའི་སྐུ་པར་གཟིམ་ཁང་ལ་བཤོམ་སྒྲིག་དང་དྲན་རྟེན་ལ་ཉར་མཁན་གང་མང་ཡོད་དོ།
མདོ་སྨད་ཕྱོགས་ན་ཕ་མ་འདས་གྲོང་སོང་རྗེས་སྐུ་པར་ཉར་ཚགས་བྱེད་རྒྱུ་དཀོན་པོ་རེད་ཡིན་ན་འང་བླ་སྤྲུལ་ཕན་མི་ཐོགས་པ་དེ་ཚོའི་སྐུ་པར་ནང་ལ་འཇོག་པ་ལས་དྲིན་ཆེན་ཕ་མའི་འདྲ་དཔར་ནང་ལ་བཞག་ན་འོས་ཤིང་འཚམས་པ་ཞིག་རེད། གནའ་མིའི་ལོ་ལོན་ཚོས་བཤད་པ་ལྟར་ན་ཕ་མ་འདས་གྲོང་སོང་རྗེས་བུའི་དེ་ཕྱོགས་ལ་མ་ཎི་འདོན་པ་དང་བསྔོ་སྨོན་མཆོད་འབུལ་བྱས་ན་ཕ་མའི་དྲིན་ལན་འཇལ་ཐུབ་པ་དང་ཡང་ཕ་མས་རང་གིས་བུ་ཕྲུག་འདས་གྲོང་ལ་སོང་རྗེས་བསྔོ་སྨོན་མཆོད་འབུལ་བྱས་ན་དྲིན་དེ་སེལ་མི་ཐུབ་ཞེས་བཤད་སྲོལ་ཡོད། ངའི་བལྟས་ན་ཕ་མའི་སྐུ་དཔར་ཉར་ན་ཡང་ཡང་སེམས་ནས་འདོར་མི་ཐུབ་པར་པར་མཐོང་ཐེངས་རེ་མ་ཎི་འདོན་པ་དང་མཆོད་མེ་བསྒྲོན་པ་སོགས་དྲན་གསོའི་གི་ཆེད་དུ་གཏན་ཏུ་ཡལ་ཐབས་མེད་པ་ཞིག་རེད་བསམ།
དེ་ནི་གཅིག་གིས་གཅིག་གི་སེམས་ཁམས་ཀྱི་བདེ་སྡུག་ལ་དོ་ཁུར་གྱི་རྣམ་པ་མཚོན་བྱེད་ཞིག་རེད། ཕ་མ་ཤི་བའི་སྡུག་བསྔལ་གྱི་སྒང་ལ། དྲན་པའི་སྡུག་བསྔལ། གླེང་བའི་སྡུག་བསྔལ་སོགས་མྱི་བདག་ཚང་མས་གཅིག་གི་སེམས་ལ་གཅིག་གིས་མི་འཇོག་པར། སྐྱེས་བ་ཡག་པ། སྐྱེས་ལུས་བཟང་པོ་ཞིག་མགྱོགས་མྱུར་ཐོབ་པ་ལ་བླ་དང་རྣམ་ཤེས་སོགས་ཕྱིར་སེམས་ཆགས་བྱེད་ས་མེད་པའི་བསྐྱལ་མ་བྱེད་པ་རེད།
ཤི་བོ་རང་ལ་བདག་པའི་ཅ་ལག་ཉེར་ན། ཅ་ལག་དེ་དག་གིས་སྐབས་རེར་དྲན་པའི་སྣང་ངོ་ལ། མིག་གིས་མཐོང་། རྣ་ཡིས་གོ་བ་སོགས་ཡོང་བ་དང་། དེ་འདྲ་ཡོང་བའི་རྒྱུ་མཚན་གྱིས་མི་ལ་ལས། ལྷ་འདྲེ་གདོན་གསུམ་གྱི་ངོ་བོ་ལ་སྦྱར་བའི་རྟོག་སྒྲུང་བཟོ་བ་སོགས་བྱུང་། ཤི་བོའི་བླ་སྒུལ་བ་དང་། གསོན་པོའི་རྣ་མི་དལ་བ་སོགས་བྱུང་བ་ཡིན་པ་རེད། ཡིན་ཡང། ང་རང་གིས་ཤེས་ཚོད་ལ། ཆོས་སྲིད་སྲོལ་གསུལ་ན། ཕ་མའི་པར་དེ་འདྲ་ཉེར་མི་ཆོག་སུ་ཞིག་གིས་ཀྱང་བཤད་མེད་པ་རེད། བུ་ཕྲུག་ཚོའི་རང་འདོད་རེད།
སྔོན་ལ་ཕ་མའི་སྐུ་པར་ཤོམ་སྒྲིག་བྱས་ཟིན་པ་དང་བྱེད་བཞིན་པའི་ཤུལ་ལུས་བུ་ཕྲུག་ཚོར་ཁོང་ཚོའི་སེམས་ཚོར་སྐོར་སྐད་ཆ་ཞིག་དྲིས་ན་ཡག་གི་རེད། སྐུ་པར་བཤམས་ནས་སྡུག་བསྔལ་སྣོན་པ་ཡོང་གི་པར་མ་བཤམས་ན་ཡག་པོ་ཡོད་རེད། སྡུག་བསྔལ་ཡོང་རྒྱུའི་ཚབ་ལ་སྙིང་སྟོབས་བསྐྱེད་ཐུབ་ན་མུ་མཐུད་དུ་བཤམས་ན་ཆོག་པ་ཞིག་རེད།