(བོད་སྐད་ཡིག་རྒྱུད་འཛིན་ཚོགས་པའི་བགྲོ་གླེང་སྟེང་གི་བདག་གི་སྐད་ཆའི་ནང་དོན་ཡི་གེར་ཕབ་པ།)
སྐལ་བཟང་ཉི་མ། ཤེས་རབ་དགའ་ཚལ་གླིང་།
སྤྱིར་འཛམ་གླིང་ཁྱོན་ཡོངས་ཀྱི་སྐད་ཡིག་ལོ་རྒྱུས་ཀྱི་རྒྱུན་རིང་པོ་རེད་ལ། བོད་སྐད་ཡིག་རང་གི་སྟེང་ནས་ཀྱང་ལོ་རྒྱུས་རིང་པོ་ཞིག་བྱུང་ཚར་བས། བོད་སྐད་ཡིག་ལའང་སྐད་ཡིག་གཞན་དང་གཞན་ལྟར་ལོ་རྒྱུས་ཀྱི་རྨང་རྡོ་བརྟན་པོ་ལྡན་མོད། ལོ་རྒྱུས་ཀྱི་ཆོས་ཉིད་ཇི་བཞིན་བོད་སྐད་ཡིག་གི་ལོ་རྒྱུས་དེ་ཐམས་ཅད་ཡག་པོ་ཁོ་ན་མིན་ལ། སྡུག་པོ་རྐྱང་རྐྱང་ཡང་མིན་དུས། ཡག་སྡུག་གཉིས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ་ད་ལྟ་དང་མ་འོངས་པའི་ལམ་དུ་ཞུགས་དགོས།
དེ་བས་ལོ་རྒྱུས་བདོ་བ་ཙམ་གྱིས་མི་ཆོག་པར་ལོ་རྒྱུས་ལ་ལྟ་ཤེས་དགོས། གལ་སྲིད་རང་རེའི་མི་རིགས་འདི་ལོ་རྒྱུས་ལ་ལྟ་ཤེས་མཁན་གྱི་མི་རིགས་ཤིག་ཡིན་ཚེ། སྐད་ཡིག་གི་ཐད་ནས་ད་ནི་ང་ཚོས་བཙན་པོ་ཁྲི་སྲོང་སྐབས་ཀྱི་བསམ་ཡས་སྒྲ་སྒྱུར་གླིང་གི་ལོ་རྒྱུས་ཀྱི་ནང་དོན་ཧྲིལ་བོར་ལྟ་དགོས། གང་ལགས་ཤེ་ན། བསམ་ཡས་སྒྲ་སྒྱུར་གླིང་གི་ལོ་རྒྱུས་ཀྱིས་ང་ཚོའི་སྐད་ཡིག་ལ་ནང་ནོམ་གྱ་ནོམ་པ་བསྐྲུན་པ་རེད་ལ། བསམ་ཡས་སྒྲ་སྒྱུར་གླིང་གི་ལོ་རྒྱུས་ཀྱིས་ང་ཚོའི་སྐད་ཡིག་གི་བང་མཛོད་དུ་འཛད་དུ་མེད་པའི་ཤེས་བྱའི་གཏེར་སྦས་པས། བསམ་ཡས་སྒྲ་སྒྱུར་གླིང་གི་ལོ་རྒྱུས་ནི་བོད་སྐད་ཡིག་ལོ་རྒྱུས་ལས་རིན་ཐང་དང་དགེ་མཚན་གྱིས་བྱུར་བུར་གཏམས་པའི་ཕྱོགས་གཅིག་ཡིན་མོད། ད་ལྟ་ང་ཚོས་ལོ་རྒྱུས་འདིའི་མཇུག་སྐྱོང་མ་ཐུབ་པར་འཐུས་ཤོར་ལ་སོང་དང་འགྲོ་བཞིན་ཡོད་ལ། འདི་ནི་ང་ཚོས་འཐུས་ཤོར་ལ་བཏང་པའི་བོད་སྐད་ཡིག་གི་རྩ་གནད་གཅིག་ཆགས་ཡོད།
དེ་ནས་འདས་པའི་ལོ་རྒྱུས་དུས་སྐབས་ཤིག་ལ་བོད་མིའི་ཁྲོད་ཡི་གེ་ཟེར་བ་དེ་ཁ་འདོན་འདོན་བྱེད་ཅིག་གམ། དགོན་པ་གྲྭ་ཚང་གི་ཅ་ལག་ཅིག་ཏུ་འདོད་པའི་འདོད་ཚུལ་དང་ལྟ་ཚུལ་ཤུགས་ཆེན་པོ་བྱུང་ལ། དེ་ནི་བོད་སྐད་ཡིག་ཡར་རྒྱས་གོང་འཕེལ་གྱི་བཀག་རྡོ་རུ་གྱུར་བའི་ལོ་རྒྱུས་ཀྱི་སྐྱོ་གནད་ཅིག་ཀྱང་ཅི་ལ་མིན། འོན་ཀྱང་། ད་ལྟའི་ཆར་སྤྱི་ཡོངས་ནས་བོད་མི་ཡོད་དོ་ཅོག་གི་ཡི་གེའི་རང་བཞིན་དང་ཁྱད་ཆོས། ནུས་པ་བཅས་ཀྱི་གོ་རྟོགས་མཐོ་རུ་སོང་ནས། ཡི་གེ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ལག་ཆ་ཞིག་ཡིན་པ་དང་། ཡི་གེ་སྤྱི་ཚོགས་དང་འཚོ་བ་ཁྱོན་ཡོངས་ཀྱི་ལག་ཆ་བྱེད་དགོས་པའི་ཤེས་རྟོགས་དངགོ་རྟོགས་སད་ཡོད་མོད། ང་ཚོས་མ་འགྲིགས་ས་དེ་གང་རེད་ཟེར་ན། ང་ཚོའི་སྐད་ཡིག་བེད་སྤྱོད་བྱེད་དགོས་པའི་ཤེས་རྟོགས་ཀྱི་རྒྱུ་དེ་ལ་ལག་ལེན་བཀོལ་སྤྱོད་ཀྱི་འབྲས་བུ་སྨིན་མ་ཐུབ་པ་དེ་རེད། ང་ཚོས་སྐད་ཡིག་བཀོལ་སྤྱོད་ཀྱི་ཐད་ནས་འཐུས་ཤོར་ལ་སོང་བ་འདི་ཡང་ང་ཚོས་འཐུས་ཤོར་ལ་བཏང་བའི་བོད་སྐད་ཡིག་གི་རྩ་གནད་གཅིག་ཆགས་ཡོད།
གོང་གི་གནད་དོན་འདི་གཉིས་ཀ་མདོར་དྲིལ་ན་ང་ཚོའི་སྐད་ཡིག་གི་འཐུས་སོར་འདི་སྐད་ཡིག་གི་ནུས་པ་གོང་སྤེལ་དང་བཀོལ་སྤྱོད་ཁྱབ་སྤེལ་གྱི་འཐུས་ཤོར་རེད་ལ། འཐུས་ཤོར་འདི་གཉིས་ཀ་ཆུང་ཆུང་མིན་པར་ཆེན་པོ་ཞིག་ཡིན་པ་ནི་སི་ཏ་ལིན་གྱི་གཏན་ཚིགས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་པོར་གནས་དགོས་ན་མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་དུ་གཏོང་དགོས་ཞེས་པས་གསལ་འདུག དེས་ན་ང་ཚོས་མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཡིན་པ་ཤེས་རྟོགས་ཀྱིས་ད་ལྟའི་ཆར་ཆེ་ཆུང་ཀུན་པོས་ཤོད་ཀྱིན་པ་བཞིན་དུ། ང་ཚོས་སྐད་ཡིག་གི་བླ་སྲོག་བཀོལ་སྤྱོད་དང་གོང་སྤེལ་གྱི་བགྱི་བ་ཆེན་པོ་འདི་རུ་ར་འཕྲོད་དགོས་ལ། དེ་ནས་ད་ལྟའི་ང་ཚོའི་འཐུས་ཤོར་གྱི་རྩ་གནད་དེ་སྐད་ཡིག་གི་བླ་སྲོག་སྟེང་ན་ཡོང་པའང་ཤེས་དགོས།
ང་ཚོས་འཐུས་ཤོར་གྱི་རྩ་གནད་འདི་གཉིས་ལ་གུན་གསབ་ཀྱི་ལམ་ཁ་ཞིག་བསྙེག་མ་ཐུབ་པ་དེ་སྲིད་དུ། ང་ཚོའི་སྐད་ཡིག་གི་དབུ་ཡར་འགྱོག་བཏུབ་རྒྱུ་མི་སྲིད། རེད་དེ། ང་ཚོས་མི་ཁག་ཅིག་དང་། ཚོགས་པ་ཞིག གཞུང་གཅིག་པོས་འདི་བྱེད་དགོས་གན་བྱེད་དགོས་ལབ་པ་ཙམ་གྱིས་མི་ཆོག་སྟེ། སྤྱི་ཙོགས་དང་རིག་གནས་ཀྱི་ལས་ཀ་ཟེར་བ་འདི་མི་སྒེར་ཁག་ཅིག་དང་། ཚོགས་པ་ཞིག གཞུང་གཅིག་པོས་ལས་ཐུབ་པ་ཞིག་གཏན་མིན་པར། ལས་ཀ་འདི་དངོས་ཤུགས་གཉིས་ཟེར་ན་རེད། ཟུར་ངོས་མང་པོ་ནས་བྱེད་དགོས། གནད་ཀྱི་དོན་པོ་འདིའི་ཐད་ནས་ད་ལྟའི་ཆར་བོད་བྱེས་པའི་མི་སྒེར་དང་ཚོགས་པ་ཁག གཞུང་བཅས་ཀྱིས་ཕན་ཚུན་ལ་མཛུབ་མོ་ཕར་འཛུགས་ཚུར་འཛུགས་བྱེད་རྒྱུ་མེད་པར། བོད་ཡིག་གི་ནུས་པ་གོང་སྤེལ་དང་བཀོལ་སྤྱོད་ཁྱབ་སྤེལ་བཅས་ཀྱི་ཐད་ལ་འགན་ལེན་སྟངས་དང་སེམས་ཁུར་བྱེད་སྟངས་ཀྱི་ཐད་ནས་ཚང་མ་འདྲ་མཚུངས་སུ་སྣང་། དཔེར་ན། མི་སྒེར་ཁག་གི་ནང་ཤེས་ཡོན་གྱི་ཕྱོགས་ནས་དང་དཔལ་འབྱོར་གྱི་ཕྱོགས་ནས་བོད་སྐད་ཡིག་ལ་ཞབས་འདེགས་ཞུ་ཐུབ་མཁན་མང་མོད། ལས་བྱེད་མཁན་ཧ་ཅང་ཉུང་ཉུང་དང་། ཚོགས་པ་ཁག་གི་བོད་སྐད་ཡིག་གིལས་ཀ་ཙག་ཙིག་དེའང་ཞོར་ལས་སུ་བཞག་པ་དང་། གཞུང་གིས་མ་ལས་པ་མ་རེད་དེ། ལས་པ་གནད་ལ་མ་འཁེལ་བ་དང་ས་ཆོད་མེད་སོང་བ་བཅས་ཀྱིས་མཚོན་ན། ད་ནི་དོན་དམ་པས་ང་ཚོས་བོད་སྐད་ཡིག་མྱུར་སྐྱོབ་བྱེད་འདོད་ན། མི་སྒེར་དང་ཚོགས་པ་ཁག་གིས་དཔལ་འབྱོར་དང་ཤེས་ཡོན་གང་དང་ཅི་ཡིས་བོད་སྐད་ཡིག་གི་ནུས་པ་གོང་སྤེལ་དང་བཀོལ་སྤྱོད་ཀྱི་ཕྱོགས་ལ་ནུས་པ་འདོན་དགོས་ལ། གཞུང་གིས་མི་སྒེར་དང་ཚོགས་པ་ཁག་གི་དེ་ལྟ་བུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། གཞུང་ཟེར་བ་དབང་ཚད་དང་ཚད་གཞི་ཞིག་གི་སྟེང་ན་ཡོད་པས། བོད་སྐད་ཡིག་གི་ནུས་པ་གོང་སྤེལ་དང་བཀོལ་སྤྱོད་ཁྱབ་སྤེལ་གྱི་ལས་ཀ་གོ་རིམ་ལྡན་པའི་ངང་བསྒྲུབ་དགོས། དེ་མིན་ད་ལྟ་བཞིན་དུ་མི་སྒེར་ཁྲོད་ཀྱི་རྒྱུ་ནོམ་པ་ཡོད་མཁན་དག་གིས་རང་གི་ལྟོ་ཁོག་ལས་ཅི་ཡང་མ་དྲན་པར་དང་། དབྱིན་བོད་སྐད་ཡིག་གི་ཤེས་ཚད་ལྡན་མཁན་ཚོས་ཕར་ཕྱོགས་ཀྱི་དབྱིན་ཇི་བ་དེ་དག་ལ་ཕར་བསྒྱུར་བ་ལས་ཚུར་ཕྱོགས་ཀྱིརང་གི་སྐད་ཡིག་ནང་ཚུར་དེབ་གཅིག་གམ་ཚིག་གཅིག་ཀྱང་མ་བསྒྱུར་བར་སྡོད་པ། གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་ཁག་གིས་བོད་སྐད་ཡིག་སྐོར་ལ་འགན་མི་ཁུར་བ་མ་ཟད། ཚོགས་པའི་རྒྱུན་སྤྱོད་ཡིག་རིགས་འབྲི་མཁན་གྱི་བོད་དྲུང་ཞིག་ཀྱང་མེད་པར། བོད་ཡིག་དབང་བོ་སྐྱོན་ཅན་རྐྱང་འདོན་སྤེལ་བྱེད་པ། གཞུང་གིས་ཤི་མིན་གསོན་མིན་གྱི་བྱེད་སྒོ་ཞིག་འཆར་ཅན་བཞིན་དུ་འགྲོ་སྡོད་པ་བཅས་ཀྱིས་བོད་སྐད་ཡིག་འཆི་ལམ་དུ་འདེད་ཀྱིན་པ་མ་གཏོགས་རེ་བ་ཞིག་གཏན་ནས་བྲལ་ན། གཞུང་སྒེར་ཚོགས་གསུམ་གྱི་ཤེས་རྒྱུ་གཉིས་ཀའི་ནུས་པ་གཅིག་ཏུ་སྤོང་བ་ནི་ང་ཚོའི་འཐུས་ཤོར་གྱི་རྩ་གནད་གསོ་བའི་ལམ་ཡིན་པ་ཤེས་པར་བྱེད་དགོས་ཞེས་སྨྲ་བ་འདིའོ།།
གྲོགས་མཆེད་ལགས། བཟང་གི ཉིད་ཀྱིས་གང་བཤད་པ་རྣམས་ཡིག་ཐོག་ཏུ་བཀོད་པ་འདི་ཧ་ཅིང་བཟང་། གནད་དོན་འདིའི་ཐད་ནས་མུ་མཐུད་ཤུགས་རྒྱོབས།
བོད་ཡིག་གསོན་གནས་བྱ་ཕྱིར་འཆི་ཁ་མའི་ཁ་འཆེམས་རྣམ་གཉིས།
ཡག་ཉེས་ལོ་རྒྱུས་ལྡན་པའི་བོད་ཡིག་འདི། །
ཁ་འདོན་གྲྭ་བཙུན་ཙམ་མིན་སྤྱི་ལ་བདག །
གཞུང་གིས་ལས་ཀྱང་གནད་འཁེལ་ས་ཆོད་མེད། །
སྒེར་ཚོགས་གཞུང་གིས་ཤེས་འབྱོར་གཅིག་སྤུངས་དགོས། །
བོད་སྐད་འཐུས་ཤོར་རྩ་གནད་བཤད་འདུག་གོ །
བོད་པར་རྒྱ་སྐད་མ་རྒྱོབས།
བོད་མིར་ཧིན་སྐད་མ་བསྐྱོན།
ཤོད་དང་བོད་སྐད་ཐོག་ལ།
བྲིས་དང་བོད་ཡིག་ནང་ལ།
རྩེད་མོ་མིན་གདའ་དངོས་གནས་ཡིན།
དངོས་གནས་ཡིན།
དངོས་གནས་ཟེར་བགྱིད་ཡོད།
.. . . ..
.. . ..
.. ..
.. ..
.. ..
.. ..
.. ..
…
.
ྦྶྨ་ྤ་ྦྯྔ་ྣ་ྶ་ྡྔ་ླྨ་ཡྔ་ྦྯྔ།།
བསམ་པ་ངན་ན་ས་དང་ལམ་ཡང་ངན།།
ྠྨྶ་ྕྡ་ྦྶྨ་ྤ་ྡྒ་ླ་ར ྒ་ླྶ་ྤྶ།།
དེ་ཕྱིར་བསམ་པ་བཟང་ལ་ནན་གཏན་མཛོད།།
.. . . ..
.. . ..
.. ..
.. ..
.. ..
.. ..
.. ..
…
.
འགོད་ནོར་ཤོར་སོང་དགོངས་འགལ་མེད་པ།
སྐད་ཡིག་གལ་ཆེ་ཆུང་སྐད་ཡིག་བེད་སྤྱོད་གཏོང་མཁན་མང་ཉུང་ཐོག་ནས་བཞག་རྒྱུ་མིན་པར། སྐད་ཡིག་གང་ཞིག་གི་ནང་མི་རིགས་དང་། རྒྱལ་ཁབ།་འཛམ་གླིང་ཞི་བདེར་ཕན་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་ཡོད་མེད་ལ་བལྟ་དགོས། དེས་ན་ང་ཚོའི་བོད་ཀྱི་སྐད་ཡིག་ནང་ལེགས་སྦྱར་གྱི་སྐད་ཡིག་ལ་འགྲན་ཟླ་ཐུབ་པའི་བརྗོད་དོན་གཟབ་མོ་ཡོད་པ་དེས་སྐད་ཡིག་ཕྱུག་ཚད་ཤེས་ཐུབ་བོ།།
hello all friends
I would like know this tibetan letter, I cant,
can help me,
who can will do?
regards from losdak
སྐད་ཡིག་ཅིག་གལ་ཆེ་ཆུང་དེ་བཀོལ་སྤྱོད་ཀྱི་ཁྱབ་ཚད་ནས་གཞལ་དགོས་པར་འདོད། དཔེར་ན་དབྱིན་ཡིག་ལྟ་བུམཛལ་གླིང་གི་སྤྱི་སྐད་ཆགས་དགོས་དོན་ཡང་དེའི་ནང་དུ་འཛམ་གླིང་ཞི་བདེ་ལ་ཕན་པའི་སྤྱད་པ་ཕུན་ཚོགས་ཡོད་མེད་ཨེ་ཡིན་ནམ་སྙམ། དེས་རྗེས་ནས་རྒྱ་ནག་གི་སྐད་ཡིག་ལྟ་བུ། མི་གྲངས་དུས་ཕྱུར་མང་པོ་དང་རྒྱལ་ཁབ་གང་དུ་སོང་ཀྱང་རྒྱ་ནག་གི་སྐད་ཡིག་ཤེས་ན་དཀའ་ངལ་མི་འཕྲད་ཚུལ་དང་ཐ ན་གནམ་གྲུ་ཐང་གང་སར་རྒྱའི་སྐད་བསྒྱུར་འཚོལ་བར་དཀའ་ཚེགས་མེད་པ་ལྟ་བུ། རང་རེའི་བོད་སྐད་ནི་ལེགས་སྦྱར་གྱི་སྐད་ཡིག་ཇི་བཞིན་དོན་གྱིས་ཕྱུག་པོ་ཡིན་ཀྱང་སྤྱོད་མཁན་མི་གྲངས་ཉུང་ཁར་སྤྱོད་སྒོའི་ཆ་ནས་ཀྱང་ཧ་ཅང་འཁོར་རྒྱུགས་ཆུང་བའི་རིག་གནས་མ་ལག་ཅིག་གི་ནང་དུ་བཙུད་ནས་བསྡད་འདུག་པར་སྙམ། དེ་བས་སྐད་ཡིག་ཅིག་ཡར་རྒྱས་གོང་འཕེལ་དང་རྒྱུན་རིང་གསོན་གནས་དགོས་པར་དེ་སྤྱོད་ཁྲབ་ཇེ་ཆེ་དང་སྤྱོ་སྒོ་ཟབ་བརྟན་དུ་གཏོང་དགོས་པར་འདོད།
དེང་རབས་བོད་ཀྱི་སློབ་གྲྭ། །གཞན་སྐད་བསེ་ལྷད་མང་ན། བོད་ལ་ཉེན་ཁ་ཆེ་འདུག་
དབྱིན་ཡིག་མ་ཤེས་གོང་ལ།།
བོད་ཡིག་བོད་སྐད་ཟེར་གིས།།
རྒྱ་སྐད་དབྱིན་སྐད་ཤེས་དུས།།
བོད་སྐད་དབྱུགས་རྐང་བྱེད་ཀི།།
བཀྲ་ཤིས་བདེ་ལེགས་ཞུ་། ཁྱེད་ཀྱིས་ཀློག་འཕྲིན་འཟོས་པ་ཡག་པོ་འདུག་།་མི་རིགས་གི་སྐད་དང་ཡིག་གེ་ལ་ཕན་ཐོག་གི་རེད་།་ཐུགས་རྗེ་ཆེ། སུཁྲོཁོམ་ནས་བྲིས་་མིང་འཛིན་པ་བློབཟང་གྲགས་པ་ནས་
བློ་སེང་ལགས་འོས་ཐོབ་ཚར་ནས་ཀྱང་། བློ་སེང་གིས། བོད་སྐད་ཤོད་དུས། ང་ཚོའི་གི་དམངས་གཙོ། ཞེས་གསུང་བགྱིད་འདུག་པས། བོད་སྐད་བོད་ཡིག་ཡར་རྒྱས་ག་འདྲ་སེ་འགྲོའམ་སྙམ།