གནས་ཚུལ་གཏོང་མཁན། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།
སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། སྤྱི་འཐུས་འཇིག་མེད་འབྱུང་གནས་ལགས། ཕྲན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་མ་ཧ་ར་སི་ཏྲིལ་མངའ་སྡེ་ཡི་རྒྱལ་ས་བྷོན་བྷེ་ནས་ཆབ་སྲིད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་ལས་འགུལ་སྤེལ་བ།
ཟླ་༩ཚེས་༡ཉིན་སྔ་དྲོ་རྒྱ་གར་རྒྱལ་ཡོངས་ན་གཞོན་ཚོགས་པའི་ཚོགས་གཙོ་ཟུར་པ་དང་(Milind Marate)མཆོག་དང་། དབུས་དྲུང་ཆེ་Cm Dakkad)རྣམ་གཉིས་གཙོས་དབུས་ས་གཉིས་ཀྱི་མི་སྣ་ཁག་གཅིག་དང་མཇལ། ཁོང་རྣམས་ཀྱིས་བོད་དོན་ལ་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་མ་ཟད། ཚོགས་ལ་ཉེ་བའི་རྒྱལ་ཡོངས་ན་གཞོན་ཚོགས་ཆེན་ཐོག་བོད་དོན་ངེས་པར་གླེང་ཐུབ་པ་བྱེད་ཀྱི་ཡིན། ང་ཚོའི་ཚོགས་པ་སྐབས་རེ་རྒྱ་ནག་གི་གཟིགས་སྐོར་ལ་གདན་འདྲེན་ཞུ་གི་རེད་དེ་དུས་བོད་ནང་གི་གནས་སྟེང་ལ་དོ་སྣང་བྱེད་ཀྱི་ཡིན། མ་ཟད་འདི་ལྟ་བུའི་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་དུས་ཐོག་ལ་ང་ཚོར་བསྐུར་གནོང་དང་། ང་ཚོ་ལ་ཡན་ལག་ཚོགས་པ་༧༠༠༠ ལྷག་ཙམ་ཡོད་པ་ཚང་མར་དུས་གཅིག་དུ་བསྐུར་ནས་ཁྱབ་བསྒྲགས་བྱེད་ཆོག་ཅེས་སོགས་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་།
ཉིན་དགུང་མངའ་སྡེ་གཞུང་གི་སྨན་ཁང་དུ་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་(Shirish Ramtake)མཆོག་དང་མཇལ། ཁོང་ལ་ཁམས་བདེ་ཞུས་གྲུབ་མཚམས་ཁོང་གི་ལམ་སྟོན་ལྟར་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་དང་། རྒྱ་གར་རྩ་ཁྲིམས་ནང་ལ། ནང་པ་དང་འབྲེལ་བའི་ཁྲིམས་ལུགས་གསར་བཟོ་གནང་མཁན་གྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་(C L Thool)མཆོག་དང་མཇལ། ཁོང་གིས་༸གོང་ས་མཆོག་གི་ལམ་སྟོན་འོག་ནས་འཛམ་གླིང་ནང་པ་ཡོངས་ཛོགས་ཀྱིས་བོད་དོན་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག ༸གོང་ས་མཆོག་གི་ལམ་སྟོན་ལ་མི་བརྩི་མཁན་ནང་པ་གཅིག་ཀྱང་ཡོད་མ་རེད་ཅེས་དང་། འཛམ་གླིང་ནང་པ་ཡོངས་རྫོགས་གཅིག་གྱུར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་འདུག་སོགས་དང་། ཁོང་གི་ལམ་སྟོན་ལྟར་མངའ་སྡེ་བློན་ཆེན་(Nitin Ravt)མཆོག་དང་མཇལ། ཁོང་ལ་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་དགོས་པར་ཞུས། ཁོང་ནི་མངའ་སྡེ་འདིའི་ནང་པའི་མི་སྣ་མཐོ་གྲས་ཞིག་རེད།
ཚེས་༢ ཉིན་གྱི་སྔ་དྲོ་མངའ་གཞུང་གི་སྨན་ཁང་དབུ་འཛིན་(Dr J B Bhawani) མཆོག་དང་མཇལ། ཁོང་གི་ཆོག་མཆན་མེད་པར་མངའ་གཞུང་འདི་ནས་སྨན་ཁང་སུས་ཀྱང་མཁལ་མ་བརྗེ་ལེན་སོགས་བྱེད་ཆོག་གི་མེད། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། རྗེས་ཕྱོགས་སྨན་ཁང་འདིར་བོད་རིགས་སུ་འདྲ་ཞིག་བཤག་བཅོས་བྱེད་དུ་འོང་ན་རིན་མེད་གནང་གི་ཡིན་གསུངས་བྱུང་། དེའི་རྗེས་རྒྱ་གར་དབུས་ཟུང་དྲུང་ཟུར་བ་དང་། ད་ལྟ་བཟོ་གྲྭ་དང་སློབ་གྲྭ་ཁག་མང་པོའི་སྦྱིན་བདག་གྲགས་ཅན་ཚོང་པ་(Dr Sachit Tasgaokar)མཆོག་དང་མཇལ། བོད་དོན་ཐོག་སྒྲོག་གླེང་ཆུ་ཚོད་གཅིག་ལྷག་གནང་། ཕྱི་དྲོ་ནང་པའི་མི་སྣ་གྲགས་ཆེན་(Dr Ambed Kar)མཆོག་གི་ཚ་བོ་(Dr Anandraj Ambedkar)མཆོག་དང་མཇལ། ཁོང་གིས་ང་ཚོས་འདས་པར་བོད་དོན་རྒྱབ་སྐོར་བྱས་པ་ཡིན། ད་ལྟ་ཡང་རྒྱབ་སྐྱོར་ཡོད། མ་འོངས་པར་ཡང་རྒྱབ་སྐྱོར་བྱེད་ངེས་ཡིན་གསུངས་པ་དང་། ང་ཚོ་ནང་པ་གསར་པ་རེད་ཁྱེད་རང་ཚོ་རྙིང་པ་རེད། ང་ཚོ་ལ་ནང་ཆོས་སློབ་པའི་རེ་བ་ཆེན་པོ་ཡོད་པ་དང་སྤྱིར་ནང་པ་ཡོངས་རྫོགས་ཕར་ཚུར་འབྲེལ་བ་བྱེད་རྒྱུ་གལ་ཆེན་འདུག་ཅེས་ཚོར་ཤུགས་ཆེན་པོས་གསུངས།
ཚེས་༣ ཉིན་སྔ་དྲོ་རྒྱ་གར་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་(Mr Ramdass Athewale)མཆོག་དང་མཇལ། ཁོང་ནི་སྔོན་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་མཁན་དང་མངའ་སྡེ་གཞུང་དམངས་གཉིས་ཀྱིས་ཧ་ཅང་ཆེ་མཐོང་ཡོད་མཁན་ཞིག་རེད། ཉིན་དགུང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Mr Dilip Walse Patel)མཆོག་དང་མཇལ། ཁོང་གིས་ང་ཚོས་གནས་ཚུལ་དེ་དག་ཤེས་ཀྱི་ཡོད་མ་ཟད་ཚང་མ་དབུས་གཞུང་ལ་ཞུ་ཆོག་ཅེས་གསུངས།
ཚེས་༤ ཉིན་སྔ་དྲོ་(aparess Club Azad Maiden)ns གསར་འགོད་ལྷན་ཚོགས་ཚོགས། བརྒྱུད་ལམ་ཁག་མི་འདྲ་བའི་གསར་འགོད་པ་སུམ་བཅུ་སོ་བདུན་འབྱོར་འདུག་པ་ཚང་མས་ཐུགས་སྣང་ཆེན་པོ་གནང་བར་མ་ཟད་དྲི་བ་དྲི་ལན་དང་། མངའ་སྡེར་ཞུ་གཏུག་སྐོར་ལ་ཕྱོགས་བསྡོམས་དྲི་བ་ཞིག་དགོས་གལ་མཐོང་གི་འདུག་གསུངས་པ་ལྟར་ཚོགས་ཆུང་གསུམ་ཀའི་མི་སྣའི་ཞལ་པར་ཨང་གྲངས་ཁོང་རྣམས་ལ་ཕུལ། དེ་རྗེས་ལ་(Gateway House)ཞེས་པའི་ཉམས་ཞིབ་ཁང་གི་ཚོགས་གཙོ་(Dr Rajni Bakshi)མཆོག་གིས་གཙོས་ཉམས་ཞིབ་མི་སྣ་གཙོ་གྲས་བདུན་དང་ལྷན་དུ་བོད་དོན་སྤྱི་ཡོངས་ལ་ཆུ་ཚོད་གཉིས་ལྷག་ལ་བགྲོ་གླེང་གནང་། ཁོང་རྣམས་ཧ་ཅང་ཐུགས་མགུ་བོ་བྱུང་བར་མ་ཟད་ཡུན་རིང་པོར་གོ་སྐབས་འདི་འདྲ་ཞིག་ལ་རེ་བ་ཞུས་པ་ཡིན་བཀའ་དྲིན་ཆེ་ཞུ་བ་དང་། རྗེས་སུ་ཨི་ཤ་ཡིའི་ནང་ལ་ཉམས་ཞིབ་ཚོགས་ཆེན་ཞིག་ཚོགས་གཏན་ཁེལ་ཡོད་པས་དེའི་ཐོག་ལ་བོད་ཀྱི་འཐུས་མི་ཞིག་མགྲོན་འབོད་ཞུ་གི་ཡིན་པ་དང་། མི་རིང་བར་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ཉམས་ཞིབ་ཁང་འདིར་གདན་འདྲེན་ཞུ་འཆར་ཡོད་ཅེས་གསུངས་བྱུང་།
ཚེས་༥ ཉིན་སྔ་དྲོ་གསར་འགོད་པ་ཞིག་གིས་ཁྱེད་ཚོའི་གནས་ཚུལ་དེར་ང་ཚོས་གསར་ཁང་གིས་ཐུགས་སྣང་ཆེན་པོ་གནང་གི་འདུག སླར་ཡང་བཅའ་འདྲི་ཞུ་རྒྱུའི་གོ་སྐབས་ཞིག་གནང་རོགས་ཅེས་འབོད་སྐུལ་ཞུས་པ་ལྟར་ཁོང་དང་ཐུག དེའི་རྗེས་ལ་མངའ་སྡེ་ནང་སྲིད་བློན་ཆེན་(Mr R R Patel)མཆོག་དང་མཇལ། ཁོང་ནི་མངའ་བདེ་སྤྱི་ཁྱབ་བློན་ཆེན་ཟུར་བ་ཡང་རེད་འདུག བོད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་པ་དང་བོད་མི་མང་སྤྱི་འཐུས་རྣམས་ལ་ཆེ་མཐོང་ཆེན་པོས་སྣེ་ལེན་བྱས་པར་མ་ཟད། མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ་གནས་ཚུལ་རྣམས་ཡར་དབུས་ལ་ཡང་ཞུ་ཆོག་ཅེས་གསུངས་པ་སོགས་ཆབ་སྲིད་མི་སྣ་ཚོས་ཀྱང་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག་པ་བཅས་ཀྱི་གནས་ཚུལ་དུ།
ལྷོ་ཕྱོགས་ཞུ་གཏུག་ཚོགས་ཆུང་ནས། འབྲེལ་བ་གནང་ཡུལ། 8628858376
མཐུས་མི་རྣམ་པ་ཚོ་ཧ་ཅང་གི་བཀའ་དྲིན་ཆེ། རྒྱ་གར་ལ་ཞུ་མི་དགོས་པ་འདྲ་མོ་གཅིག་ཡོད་ཨེ་རེད། ཡིན་ནའང་གྲ་བསྒྲིགས་སྡུག་ས་ནས་བྱེད་དགོས་པའང་དངོས་གནས་རེད་ལགས།