བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)
ངས་གོམ་པ་བྲེལ་གྱིས་སྤོ་བཞིན་རྒྱང་རིང་ལ་ཆས་སོང་བ་དེ་ཁྱོད་རང་གི་ཆེད་མིན
རྐང་པ་གཉིས་ཀ་བར་སྣང་ལ་བཀྱག་སྟེ་རླུང་བུ་ལྡང་བའི་ལམ་བུ་དེར་ཁེར་གྱིས་བཞུད་སོང་བ་ནི
ང་རང་གི་ཆེད་ཡིན མཐར་དེད་ན་ང་རང་ཁོ་ནའི་ཆེད་དུ་ཡིན
གཞན་ཕན་དང་བྱང་སེམས མི་ཚེ་དང་བརྩེ་དུང་ཟེར་བ་དེ་ཚོའི་ཆེད་ཀྱང་མིན
ད་དུང་ཁ་དོག་མེད་པའི་རི་གྲོང་ན་འདི་ལྟར་ཀྲོང་ངེར་ལང་དགོས་པ་དང
རྒྱུ་འབྲས་མེད་པའི་གྲུ་ག་རེར་དབུགས་འབྱིན་རྔུབ་བྱེད་དེ་སྡོད་པ་ཡང་ང་རང་གི་ཆེད་ཡིན
མདོར་ན ངས་ང་རང་ལ་སྔར་བས་གཅེས་སྤྲས་དང སྔར་བས་རང་བཀུར སྔར་བས་ཆེ་མཐོང་གིས
རང་དབང་གི་ནམ་མཁའ་དང རང་དབང་གི་ལམ་བུ རང་དབང་གི་ཁོར་ཡུག་ཅིག་ཐོབ་པ་བྱ་རྒྱུ་དེའོ
29/ 8/ 2015/