གསལ་ལེ་རྒྱལ།
ང་རང་ནམ་མཁའ་དང་བར་ཐག་ཉེ་བའི་གནས་དེ་རུ་སྐྱེས་ཤིང་།
ང་རང་ཉི་མ་དང་བར་ཐག་རིང་བའི་ས་འདི་རུ་གནས་ཡོད།
ང་རང་ཧི་མ་ལ་ཡའི་ཕ་རོལ་ནས་འཚེར་ཏེ།
ནམ་མཁའ་དང་ནམ་མཁའ་བརྒྱུད་དེ།
ཉི་འོད་དང་གྱེས་མ་མྱོང་བའི་སྐར་མ་ཆུང་ཆུང་ཞིག་ཡིན།
ང་ཡི་འོད་སྣང་ནི་ཉི་མའི་འོད་སྣང་ཡིན་ལ།
ཉི་མའི་འོད་སྣང་ནི་ང་ཡི་ཚེ་སྲོག་ཡིན།
སྤྲིན་པ་དཀར་ནག་གིས་གནམ་ས་གཡོགས་ཀྱང་།
ཉི་མ་དང་སྐར་མའི་དམ་ཚིག་ནམ་ཡང་ལྷོད་མི་སྲིད།
ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།
ཉི་མ་སེར་བོའི་རང་རྣམ་ཡིན་ལ།
ང་ཡང་སྐར་ཚོགས་དེའི་ཁྲོད་ཀྱི་གཅིག་ཡིན།
༢༩/༡༠/༢༠༢༠ ལ་ཕ་རེ་སི་ནས།
ང་ཡང་ནམ་མཁའི་སྐར་ཆུང་ཞིག་ཡིན།
གང་ཡིན་ཟེར་ན། ང་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས།
ང་ཡང་ནམ་མཁའི་སྐར་ཆུང་ཞིག་ཡིན།
གང་ཡིན་ཟེར་ན། བོད་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས།
ང་ཡང་ནམ་མཁའི་སྐར་ཆུང་ཞིག་ཡིན།
གང་ཡིན་ཟེར་ན། ནང་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས།
ང་ཡང་ནམ་མཁའི་སྐར་ཆུང་ཞིག་ཡིན།
གང་ཡིན་ཟེར་ན། མཆན་རྒྱག་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས།
ནམ་མཁའ་ན་སྐར་མ་ཆུང་ཆུང་ཡོད་པ་འདྲ།
ཧ་ཧ་ཧ།
སྐབས་ཞིག་ལ།
མཐོ་སྒང་གི་མཁས་བ་ཞིག་གིས།
ཟླ་བའི་སྟེངས་ན་ཆུ་ཡོད་པ་རིག།
མཁས་བའི་ཤ་མིག།
ཁྱེད་ཚོ་ངོ་མ་མཁས་བ་རེད།
ཧ་ཧ་ཧ།
ཚན་རིག་མི་མཁོ་བའི་བོད་ཤེས་རབ་ཅན་ལ།
འཇིག་རྟེན་ཕྱི་མ་ཙམ་ལས།
སྐྲག་ས་ཞིག་གཏན་ནས་མ་ཡོད་པ་འདྲ།
སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ལ།
སྐར་མ་ཚོ་ཆུང་ཆུང་ཡིན་འདུག།
ཧ་ཧ་ཧ།
ཧ་ཅང་མ་གསལ་བའི་གསལ་ལེ་རྒྱལ།
དེ་རིང་།
གསལ་ལེ་རྦད་དུ་མ་རྒྱལ་པ་འདྲ།
ཧ་ཧ་ཧ།
གནམ་ང་ཡིན། སྐར་མའི་ཆེ་ཆུང་ངས་ཤེས།
ཧ་ཧ་ཧ།།
སྐར་མ་མང་པོ་སྐར་རྡོ་ནས་འདྲེ་རྡོར་གྱུར།
འདྲེ་རྡོ་དག་གིས་ལྷ་ལམ་མ་བདམས་འདྲེ་ལམ་བདམས།
འདྲེ་ལམ་གྱི་སྣེ་མོ་དག་སྲིབ་ལམ་ལ་ཟུག
སྲིབ་འཁྱགས་ནང་གི་འདྲེ་རྡོ་དག་གིས་ཉི་འོད་མ་མཐོང་།
འདྲེ་རྡོ་དག་ལ་ཐོབ་པ་ནི།
སྲིན་བྱ་འུག་པའི་བྱ་སྐྱག་འབའ་ཞིག་རེད།
ཙིག་རོ་དང་སྐྱག་པའི་ཁྲོད་ནས་དུས་འདའ་བཞིན།
ཉི་དྲོད་དང་འོད་སྣང་གི་འཇིག་རྟེན་ནས་་་རྒྱང་རིང་ནས་རྒྱང་རིང་དུ་བཀྱེད།