ཐོར་རྒོད་པ་སྤྱན་ཆབ།
“*ཕྱི་དགྲའི་མཚོན་གྱིས་རྨ་ཁ་ལུས་ལ་བཏབ།།
ནང་དགྲ་སྲིན་འབུ་ཕྲ་མོས་སྙིང་རྩ་ཟོས།།
ཕྱི་ནང་གཉིས་ཀའི་ནད་ཀྱིས་ཟིན་པ་ཡི།།
བོད་ཀྱི་སྐད་ཡིག་འདི་ལ་སྙིང་རེ་རྗེ།”
ཨ་རི་ཡིན་པ་ལ་དམིགས་བསལ་ཅི་ཞིག་ཡོད།།
ཕྱི་རྒྱལ་ཡིན་ན་ཡང་ཁག་འགེལ་གང་ཞིག་འདུག།།
ཆུང་ས་ཕྲ་ས་ནས་སྣང་བ་མི་འཇོག་མཁན།།
བོད་པའི་ཆེ་མཐོ་ཚོའི་སྡུག་ཅིག་མི་མཐོང་གི།
ང་ལ་མི་བདེ་བའི་༼སྙིང་གི་ཚི་ལུ་༽དེ།།
ག་ས་གང་ས་ནས་བསྐྱར་དཔར་ཡང་མངོན་བྱས།།
སེམས་དང་བསམ་པ་ཡིས་ལྟ་ཚུལ་ཉུང་ཉུང་ཞིག།།
ལ་རྩེ་དཔེ་མཛོད་ཀྱི་ཡིག་སྒམ་ནང་དུ་བླུགས།།
ཉི་ཟླ་ཡང་ཤར་གྱིས་སླར་ཡང་ནུབ་ནས་ཐལ།།
ང་ཡི་བསམ་ཚུལ་དེ་མཚོ་ལ་རྡེའུ་ལྟར།།
༼སྙིང་གི་ཚིལ་ལུ་༽དང་བཅས་དེ་བོར་ནས་ཐལ།།
༼ཚུ་ལི་༽གཞན་པ་འདི་མ་དག་འབྱམས་ནས་ཐལ།།
བརྗོད་དོན་ཀྱི་འགྲེལ།
ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་གི་གསལ་བསྒྲགས་འདི་མཐོང་བ་ནས་ང་མི་བདེ་བའི་སྣང་བ་དེས་ཡོངས་སུ་གཅུན་ཞིང་།
རང་ངོས་ནས་བཀའ་འདྲི་ཐུང་ངུ་ཞིག་དང་བཅས་གློག་འཕྲིན་ཞིག་ཀྱང་བཏང་ནས་ཉིན་མཚན་ཕྱེད་དང་དྲུག་ཙམ་ཕྱིན་མོད།
ཕྲན་ལ་དེའི་ཕྱོགས་ཀྱི་ལན་གང་ཡང་མ་འབྱོར་བ་དང་ལྷག་པར་དུ།
བོད་ཀྱི་དུས་བབས་དྲ་ཚིགས་དང་ཁ་བརྡ་དྲ་ཚིགས། ད་དུང་ཟིན་བྲིས་དང་རྩོམ་ཡིག་གང་མང་ཞིག་ཏུ།
༼སྙིང་གི་ཚི་ལུ་༽འདི་ཡང་ཡང་མངོན་ཡོངས་པར་སྙིང་ནས་མ་ཟོད་པས།
དྲ་གྲོགས་ཚོར་བཀའ་འདྲི་ཞིག་གི་དོོད་དུ་ཤར་མར་བྲིས་པ་དགེ་གྱུར་ཅིག།།
ཁ་དྲོ་བཀྲ་ཤིས་དང་བོད་སྐད་ཡིག་གཙང་མ་ཁྲི་ལོར་ཤིག་བཅས་མཐའ་འཚོལ་བ་སྐྲན་གྱིས།
*འབའ་སྲས་ བསམ་གཏན་ལགས་ཀྱི་ཚིག་སྤྱད།
ད་རྩོད་ཀི་མ་འདུག མཚམས་བཞག་ན་འགྲིག་གི མི་མང་གིས་ཤེས་ཡོད་ཁུ་མོ། ཁྱོའི་དམིགས་ཡུལ་ར་དེ་ཡིན་རྒྱུ་རེད།
ཨ་ཁུ་ལགས་ཁྱོད་ཀྱིས་ཅི་གསུང་གི་ཡོད་དམ།
མི་མང་གིས་ཤེས་ཡོད་པ་ཅི་ཞིག་རེད་དམ།
ངའི་དམིགས་ཡུལ་་་་་་ག་རེ་གསུང་གི་ཡོད་་་་་་
སྙིང་གི་ཚི་ལུ་ཞེས་པ་སྙིང་གི་ཚིལ་ལུ་ཆེ་ཡིན། ཨ་མདོའམ་ངེད་ཀྱི་གྲོང་སྐད་དུ་བཤད་ན་སྙིང་གི་ཚི་ལུ་ཞེས་པ་སྙིང་གི་ཆ་ཤས་ཤིག་ཟེར་བར་གོ་བ་ཡིན་པ་འདྲ། ཨ་རོགས།
ཨ་དགེ་དང་སྤྱན་ཆབ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འགྱོགས་པོ་མཇལ་བའི་རེ་བ་ཡོད།
ཨ་དགེ་ལགས་མི་མང་གིས་ཤེས་ཡོད་ན་ཐེར་འདོན་མི་བྱེད་དོན་ཅི་རེད།
ད་དུང་ཁོང་གིས་རྩོད་པ་བྱེད་གྱི་མི་འདུག་ལ་དེ་བས་དམིགས་ཡུལ་གཞན་ཡོད་རྒྱུ་མ་རེད།
ཤེས་པ་དེ་བཤད་རྒྱུ་གཙོ་བོ་རེད་ལ་ནོར་བ་དེས་ཁས་ལེན་རྒྱུ་ཡང་གཙོ་བོ་རེད།
དེ་འདྲ་ཞིག་མ་རེད་དམ། ཨ་་་་་
ཡག་པོ་རེད་དོ་
སྤྱན་ཆབ་ལགས་ཡག་པོ་བྲིས་འདུག
སྤྱིར་བཏང་གིས་སྤྱན་ཆབ་ཀྱི་ཐེར་འདོན་འགྲིག་གི་འདུག འོན་ཀྱང་ལབ་ཙེ་ཚང་གི་འདི་ལ་བསམ་བློ་གཏོང་ས་ཞིག་ཏན་ཏན་ཡོད། འདི་བོད་ཀྱི་སྐད་བརྡ་རིག་པ་ལའང་སྦྲེལ་ནས་ཡོད་པའི་རྩོད་གཞི་ཞིག་རེད་དེ། དཔེར་ན་ཚི་ལི་ཞེས་པའི་མིང་འདི་བསྡུས་ན་ཚིལ་ཡིན་ཏེ། ཡང་དཔེར་ན་ཁོག་ཚིལ་དང་ལུག་ཚིལ། རྒྱུ་ཚིལ། སྐམ་ཚིལ་ལྟ་བུའོ།། ཚིག་གི་བརྗོད་པ་གཞན་ཞིག་གམ་ཡང་ན་ཚིག་རྒྱན་ལྟ་བུའི་སྐབས་སུ་ཚི་ལི་ཞེས་བྲིས་པར་མངོན་ལ། ཚིལ་ཞེས་པའི་རྗེས་འཇུག་ལ་དེ་འོག་ལ་འཐེན་པའི་སྐད་ཀྱི་འགྲོ་སྟངས་ཤིག་ང་ཚོའི་སྐད་ཀྱི་ནང་དུ་ཁེངས་ནས་ཡོད། དཔེར་ན་སྔོན་འཇུག་གི་སྒྲ་གདངས་དེ་ཚིག་གྲོགས་གོང་མའི་མཐའ་རུ་ཐོན་པ་ཡང་གང་མང་མང་ཞིག་ཡོད། དེའི་སྟབས་ཀྱིས་ཚིལ་ཞེས་འབྲི་བ་དང་ཚི་ལི་ཞེས་བྲིས་པ་གཉིས་དོན་དམ་པས་འབབ་ས་གཅིག་ཡིན་པའི་སྣང་བ་ཞིག་བདག་ལ་ཤར་གྱི། ཉེ་སྔོན་གསལ་བསྒྲགས་འདི་མཐོང་མ་ཐག་ཁྱེད་ཀྱི་བསམ་ཚུལ་དེ་བདག་ལའང་སྐྱེས་པ་དང་གཞན་ཞིག་གིས་ཀྱང་བྲིས་འདུག་མོད། འོན་ཀྱང་ནོར་བ་རྒྱུན་འབྱམས་མ་ཡིན་པ་འདྲ།
མཐར་སྤྱན་ཆབ་ལགས་ཀྱིས་མུ་མཐུད་ནས་འདིའི་སྐོར་ལ་ཞིབ་འཇུག་གནང་རྒྱུ་གལ་ཆེ་ལ། ཤེས་ནས་སྨྲ་བའི་རེ་བ་ཤིན་ཏུ་ཆེ། འདི་ནི་བདག་གིས་ལོ་ངོ་ཉི་ཤུར་ཉེ་བའི་རིང་སྐད་དང་རིག་གཞུང་ལ་གཅེས་སྤྲས་བྱས་པའི་ཚད་གཞི་ཞིག་དང་ལྷག་དོན་དུ་བོད་ཀྱི་སྐད་དང་ཡི་གེ་ལ་ཞིབ་འཇུག་རབ་དང་རིམ་པ་བྱས་པའི་སྣང་ཚུལ་ཙམ་ཡིན། དེ་རིང་ཁོམ་པ་བྲལ་བའི་ལས་ཀྱི་འཁོར་ལོའི་བར་ནས་བསམ་ཚུལ་ཙམ་ཐལ་བ་ལགས་ཤིང་། དགོས་གལ་ལ་ཐུག་ན་དཔེ་དང་དཔེ་ཅན་གྱི་ལམ་ནས་བསྐྱར་དུ་གསལ་བཤད་ཅིག་ཞུ་ངེས་དང་བཅས་རྡ་སར་གནས་འཆའ་བའི་གཞོན་ནུ་རིག་པ་སྨྲ་བ་གནམ་ལྕགས་ཀྱིས་གུས་པ་དང་བཅས།
ཚིལ་ལུ་ཞེས་བའི་སྐབས་ཀྱི་རྗེས་འཇུག་ལ་དང་མིང་མཐའི་ལུ་གཉིས་ཀའི་མིང་གཞིའི་ཡི་གེ་ལ་ཡིན་ཕྱིར་རྗེས་འཇུག་དེ་བླངས་བ་རེད། དཔེར་ན་ལུག་གུ་དང་ལུ་གུ་ལྟ་བུའི་རྗེས་འཇུག་དང་མིང་མཐའི་ག། སྒོང་ང་དང་སྒོ་ང་ལྟ་བུའི་རྗེས་འཇུག་དང་མིང་མཐའི་ང་ལྟ་བུ་རེད། རྗེས་འཇུག་དང་མིང་མཐའ་གཉིས་ཡི་གེ་གཅིག་ཡིན་ན་རྗེས་འཇུག་དེ་མི་དགོས་བ་རེད།
གནམ་ལྕགས་མ་ལྕགས་དང་གསལ་ལེ་རྒྱལ་གྱིས་ཉོན།།
ལོ་ངོ་ཉི་ཤུ་ཡིས་སྦྱངས་པ་རླུང་ཁར་སྐྱོན།།
རྒྱུ་ཚིལ་མཁལ་ཚིལ་གྱི་ལ་མཐའ་མེད་པ་ཞིག།
གྲོང་སྐད་ལུང་སྐད་ཀྱི་ལྟེབ་ཆགས་གང་དུ་གདའ།།
བཞི་ལ་བཅུ་དྲུག་དང་བརྒྱད་ལ་ཉེར་བཞི་ཡི།།
སྦྱངས་པའི་ལོ་རབས་དེ་དེ་ལྟར་མ་གསུངས་རོགས།།
བཀའ་ཁོལ་འགྱུར་མ་དང་རིག་གཞུང་གང་ཞིག་ན།།
ཚིལ་ལུ་ཚི་ལི་༼ཡང་ན་ཚི་ལུ་༽རུ་བཀའ་ཡིས་ནམ་ཞིག་བཅད།།
ནོར་བར་ནོར་འདུག་དང་ཆད་པར་ཆད་འདུག་པར།།
ཞེ་སེམས་དྲང་བོའི་མདའ་གཟས་པའི་འབེན་ལ་ཕོག།
ལུག་ལ་ལུ་གུ་དང་རྡོ་ལ་རྡེའུ་ཡི།།
རིགས་པའི་སྤྱི་འགྲོས་དེས་འདི་ལ་ཇི་ལྟར་འགྲེལ།།
ནོར་བ་ཆུང་ན་ཆུང་ནོར་ཡུལ་མཐོ་ཡང་མཐོ།།
བོད་རྒྱ་ཚིག་མཛོད་དང་དག་གསར་བདེན་ཡང་སྲིད།།
སྔོན་བྱོན་མཁས་མང་གི་གསུངས་རབས་ལྷུན་པོའི་ཁྲོད།།
ལ་མཐའ་མེད་པ་ཡི་ཚི་* འདི་སུ་ཡིས་མཐོང་།
དེ་རུ་མཐོང་བ་དེ་བདེན་པ་མཐར་ཐུག་ཡིན།།
འདི་རུ་དྲངས་བས་ཀྱང་གུས་པའི་ཐལ་མོ་ཡོད།།
དག་གསར་བོད་རྒྱ་དང་དབྱིན་བོད་ཤན་སྦྱར་འདིས།།
ཁོ་བོར་བདེན་པ་ཡི་གཏན་ཚིགས་མ་གསོལ་ལོ།།
ཡོད་ན་ཡོད་ཚོད་ཀྱིས་འདི་རུ་དྲོངས་ནས་ཤོག།།
མེད་ན་མེད་ཚོད་ཀྱིས་མི་ཁ་ཚུམས་ནས་སྡོད།།
མ་དག་རྒྱུན་འབྱམས་འདིས་རིག་གཞུང་རྙོག་ནས་ཐལ།།
རིག་པའི་སྤྱི་འགྲོས་དེས་མི་སེམས་འཁྲུལ་ནས་ཐལ།།
ནག་པོ་གདོང་ལ་གཏོད།།དཀར་པོ་སེམས་ཀྱིས་མྱོངས།།
སྐད་ཆ་དྲང་བོར་གསུངས།།ཞེ་ཕུག་ཕན་པར་དམིགས།།
*ཤ་དང་ཚིལ་གཉིས་ཀྱི་ཐ་མ་དེར་གོ་བ་ཞིག་ལ་ཟེར་གྱིནཡོད།
གནམ་ལྕགས་མ་ལྕགས་དང་གསལ་ལེ་རྒྱལ་གྱིས་ཉོན།།
ལོ་ངོ་ཉི་ཤུ་ཡིས་སྦྱངས་པ་རླུང་ཁར་སྐྱོན།།
རྒྱུ་ཚིལ་མཁལ་ཚིལ་གྱི་ལ་མཐའ་མེད་པ་ཞིག།
གྲོང་སྐད་ལུང་སྐད་ཀྱི་ལྟེབ་ཆགས་གང་དུ་གདའ།།
བཞི་ལ་བཅུ་དྲུག་དང་བརྒྱད་ལ་ཉེར་བཞི་ཡི།།
སྦྱངས་པའི་ལོ་རབས་དེ་དེ་ལྟར་མ་གསུངས་རོགས།།
བཀའ་ཁོལ་འགྱུར་མ་དང་རིག་གཞུང་གང་ཞིག་ན།།
ཚིལ་ལུ་ཚི་ལི་༼ཡང་ན་ཚི་ལུ་༽རུ་བཀའ་ཡིས་ནམ་ཞིག་བཅད།།
ནོར་བར་ནོར་འདུག་དང་ཆད་པར་ཆད་འདུག་པར།།
ཞེ་སེམས་དྲང་བོའི་མདའ་གཟས་པའི་འབེན་ལ་ཕོག།
ལུག་ལ་ལུ་གུ་དང་རྡོ་ལ་རྡེའུ་ཡི།།
རིགས་པའི་སྤྱི་འགྲོས་དེས་འདི་ལ་ཇི་ལྟར་འགྲེལ།།
ནོར་བ་ཆུང་ན་ཆུང་ནོར་ཡུལ་མཐོ་ཡང་མཐོ།།
བོད་རྒྱ་ཚིག་མཛོད་དང་དག་གསར་བདེན་ཡང་སྲིད།།
སྔོན་བྱོན་མཁས་མང་གི་གསུངས་རབས་ལྷུན་པོའི་ཁྲོད།།
ལ་མཐའ་མེད་པ་ཡི་ཚི་* འདི་སུ་ཡིས་མཐོང་།
དེ་རུ་མཐོང་བ་དེ་བདེན་པ་མཐར་ཐུག་ཡིན།།
འདི་རུ་དྲངས་བས་ཀྱང་གུས་པའི་ཐལ་མོ་ཡོད།།
དག་གསར་བོད་རྒྱ་དང་དབྱིན་བོད་ཤན་སྦྱར་འདིས།།
ཁོ་བོར་བདེན་པ་ཡི་གཏན་ཚིགས་མ་གསོལ་ལོ།།
ཡོད་ན་ཡོད་ཚོད་ཀྱིས་འདི་རུ་དྲོངས་ནས་ཤོག།།
མེད་ན་མེད་ཚོད་ཀྱིས་མི་ཁ་ཚུམས་ནས་སྡོད།།
མ་དག་རྒྱུན་འབྱམས་འདིས་རིག་གཞུང་རྙོག་ནས་ཐལ།།
རིག་པའི་སྤྱི་འགྲོས་དེས་མི་སེམས་འཁྲུལ་ནས་ཐལ།།
ནག་པོ་གདོང་ལ་གཏོད།།དཀར་པོ་སེམས་ཀྱིས་མྱོངས།།
སྐད་ཆ་དྲང་བོར་གསུངས།།ཞེ་ཕུགས་ཕན་པར་དམིགས།།
*ཤ་དང་ཚིལ་གཉིས་ཀྱི་ཐ་མར་གོ་བ་ཞིག་ལ་ཟེར་གྱིནཡོད།