ཟླ་སྒྲོན། དཔེ་སྟོན་སློབ་གྲྭ འཛིན་རིམ ༨ རང་ལོ ༡༣
དམྱལ་བ་ལྟ་བུའི་རྒྱ་དམར་བཙན་གནོན་འོག་གནས་པའི།
ང་ཡི་ཤ་ཁྲག་གཅིག་པའི་བོད་རིགས་ཀྱི་ཆེད་དུ།
མ་འོངས་སོན་རྩ་ང་ཚོའི་སེམས་གཏིང་གི་སྙིང་གཏམ།
ལྷ་དཀར་གོ་སྐབས་བཟང་པོར་གཏམ་བཟང་འདི་འབུལ་ལོ།
གངས་རིས་བསྐོར་བའི་ང་ཚོའི་གངས་ལྗོངས་ཀྱི་དབུས་སུ།
བརྗིག་ཉམས་ལྡན་པའི་རྒྱལ་བའི་ཕོ་བྲང་གི་དྲུང་དུ།
གྲལ་ལྟར་སྒྲིག་པའི་ང་ཚོའི་སྤུན་ཟླ་ཡི་སྨོན་ལམ།
ཐོས་པ་ཙམ་གྱི་དམར་བོའི་སེམས་ཤུགས་འདི་འབར་རོ།
བོད་རིགས་སྤུན་ཟླ་གཅིག་པའི་མཐུན་སྒྲིལ་གྱི་འོག་ནས།
དཔའ་བོས་ཚ་ཞིང་བསྲེག་པའི་མེ་ལྕེ་དང་ལྷན་དུ།
རང་དབང་འཐབ་རྩོད་བྱས་ནས་རང་མི་རིགས་སོན་རྩར།
སྐུལ་མ་ཡངཡང་བཏང་ནས་སློབ་སྦྱོང་ལ་འབད་དོ།
བོད་ཀྱི་བཞི་བྱེས་དབུ་ཁྲིད་༧གོང་ས་ཡི་བཀའ་སློབ།
ས་ཕྱོགས་གང་སར་དྭངས་གཙང་སེམས་པ་ཞིག་འཁུར་ནས།
འཛམ་གླིང་དཔོན་རིགས་ཡོངས་ཀྱིས་རང་སེམས་ཀྱི་དཀའ་ངལ།
ཁོང་གིས་བཀའ་སློབ་གནང་ནས་བཞི་བདེ་རུ་བསྒྱུར་དོ།
རང་སེམས་གཉིས་ཀར་ཕན་པའི་བསམ་བློ་ཞིག་འཁྱེར་ནས།
དབུ་མའི་ལམ་ཐོག་བསྐྱོད་རྒྱུའི་དམིགས་ཡུལ་ཞིག་ཟིན་ནས།
རྒྱལ་བའི་ཐུགས་དགོངས་སྒྲུབ་རྒྱུའི་སེམས་ཤུགས་ཤིག་འཁུར་ནས།
བྱང་ཕྱོགས་མཐོ་སྒང་འདི་རུ་ལེགས་སྐྱེས་ཤིག་འབུལ་ལོ།
ཁྱེད་ནི་རང་ལོ ༡༣་པ་ཡིན་ཅིང་།
ང་ནི་རལ་ལོ་༨༥་རུ་སླེབས་པ།
རྣམ་འདྲེན་༧་བླ་མའི་དབུ་མ་ཡི་བཞེད་པ།
མྱུར་དུ་གྲུབ་ན་ཛམ་གླིང་ལ་ཕན་ནོ།། །
། མོ་ནི་རང་ལོ་བཅུ་གསུམ །
། ཕོ་དེ་རལ་ལོ་གྱ་ལྔ །
།གཉིས་ཀའི་བརྩེ་དུང་བྱུང་ན །
།གཉིས་སྨན་དབུ་མའི་ལམ་མོ །།
རྩོམ་ཡིག་དེ་འདྲ་བྲིས་མཁན་འཛམ་གླིང་འདིའི་ནང་མི་སུ་ཡང་མེད།