བོད་ནས་རོང་བོ་དགེ་འདུན་ལྷུན་གྲུབ
་་་་་་་་་་་་་་་་ཀྲུང་མེ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་རྗེས་ཀྱི་གཏམ་གླེང་གིས་བསླངས་པའི་ཚོར་བ་ཞིག་ལ་གཞི་བཅོལ་ནས་བྲིས་སོ།།
རྩྭ་ཟིལ་ཞིག་ནས་འགྱེད་ཅིང་ཐོར་བའི་སྨུག་པ་དེ
ང་ཡི་པོ་ཏྰ་ལ་ཡིན་ན
རས་ཡོལ་དམར་པོ་ཞིག་གིས་བསྒྲིབས་ཤིང་སྒྲོག་ཏུ་བཅུག་པ་དེ་ང་ཡི་ལོ་རྒྱུས་ཡིན་ན
དེ་རིང་ང་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲེས་འདོད
ཆུ་སྲིན་ཆེན་པོ་ཞིག་གི་ཁ་གཏད་དུ་ཆས་འདོད
སྐྱོ་ཞིང་སྐྱོ་བའི་ལོ་ཟླ་འདི་དག་མུན་ནག་གིས་ཟོས་པས
ཨ་རི་འམ ཡང་ན་ཧྥ་རིན་སི རྒྱལ་ཁབ་ཆེན་པོ་དག་གིས
ང་ནི་གཡས་ནས་གཡོན་དུ་བསྐྱུར་ཅིང
ང་ནི་ས་སྒང་འདིའི་སྟེང་གི་སྤོ་ལོ་ཆུང་ཆུང་ཞིག་ཏུ་བརྩིས་དུས
ང་ཡི་དཀོན་མཆོག ང་ཡི་མེས་པོ
ཡང་ན་ལག་པ་གནམ་དུ་སྒྲེང་བའི་ང་ཡི་གཞོན་ནུ་དག
ང་ནི་ངོ་མ་རིན་ཐང་ཤིན་ཏུ་ཆུང་བའི་ཕྱེ་མ་ལེབ་ཅིག་ཡིན་ནམ
མགོ་ལ་བྱིལ་བྱིལ་གཏོང་མཁས་པའི་པིར་རྩེ་ལས
གདོང་ལ་མཚོན་མདོག་སྣ་ཚོགས་བྱུགས་དུས
ང་ནི་སྟག་ཅིག་ཡིན་ནམ ང་ནི་བོང་བུ་ཞིག་ཡིན
དེ་རིང་ང་ཡིས་ཉི་ནུབ་གཉིས་ཀྱི་བརྒྱུད་རིམ་དྲན་ཅིང
ཕྱི་ནང་གཉིས་ཀྱི་ཕུ་ནུ་དྲན་དུས
ང་ལ་ཅི་ཡང་མེད ང་ལ་ཅི་ཡང་མེད
གཙང་བོ་བཞིན་སྐྱོམས་ཤིང་སྐྱོམས་གྱིན་པའི་སེམས་པ་འདི
ནན་གྱི་བཏེགས་ཤིང་ཤུགས་ཀྱིས་ལྕི་བའི་རུས་པ་འདི
དམར་པོ་མེ་དང་འདྲེས་པའི་འཕག་འཚག་ཅིག་གིས་བསྒུལ་ཚེ
ང་ནི་ས་གཞི་ཆེན་པོ་འདི་དང་འདྲེས་འགྲོ
ང་ནི་རང་གི་མ་ཡུམ་གྱི་ས་གཞི་འདི་དང་འདྲེས་འགྲོ
སྐྱོབས་མཁན་མེད་ཨ སྐྱོབས་མཁན་མེད
ང་ནི་སྐྱོབས་མཁན་མེད་པའི་མཐོ་སྒང་གི་དེའུ་འབུར་ཞིག་རེད
རེ་བ་གཞན་ལ་བཅོལ་ནས་རང་ཉིད་འགུལ་བསྐྱོད་བྱེད་འདོད་པའི་མི་རིགས་ཤིག་ལ་ནམ་ཡང་རེ་བ་ཞིག་གཏན་ནས་མེད། དེ་ལས་འགུལ་བསྐྱོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ན་རེ་བ་གཞན་ལ་བྱེད་པ་ལས་ཀྱང་ནུས་པ་མངོན་གསལ་དོད་པོ་ཡོང་ངེས་ཡིན།
རེ་བ་གཞན་ལ་བཅོལ་ནས་རང་ཉིད་འགུལ་བསྐྱོད་བྱེད་འདོད་པའི་མི་རིགས་ཤིག་ལ་ནམ་ཡང་རེ་བ་ཞིག་གཏན་ནས་མེད། དེ་ལས་འགུལ་བསྐྱོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ན་རེ་བ་གཞན་ལ་བྱེད་པ་ལས་ཀྱང་ནུས་པ་མངོན་གསལ་དོད་པོ་ཡོང་ངེས་ཡིན།
རེ་བ་དང་ཡིད་ཆེས་གཞན་ལ་བཅོལ་ན་ འབྲས་བུ་ཡག་པོ་ཞིག་ཡོང་རྒྱུ་མིན་པ་ང་ཚོའི་ཤེས་གསལ་རེད། ཀྲུང་མེ་གཉིས་ཀྱིས་སྲིད་འཛིན་མཇལ་འཕྲད་ལ་རེ་བ་ཕྲན་བུ་ཞིག་རྒྱག་མེད། གང་ལ་ཞུས་ན་ མེ་རྒྱལ་གྱི་སྲིད་འཛིན་རྒྱ་ནག་ཏུ་མ་ཕེབས་སྔོན་ནས་གནས་ཚུལ་གསལ་པོ་ཤེས་ཡོད་པ་རེད། ཨོ་རྦ་མ་ཡིས་བོད་དེ་རྒྱ་ནག་གྱི་ཆ་ཤས་ཡིན་པ་བཤད་སོང་། ཨ་ཁ་ སེམས་པ་སྐྱོ་སོང་། བོད་དོན་སྐོར་ལ་སྐད་ཆ་མ་བཤད་ན་འགྲིགས་པ་ཞིག་རེད།
སོ་སོ་རང་གི་མ་བྱེད་ན་མི་བརྟེན་ནས་བྱེད་དངོས་གནས་ཐབ་སྐྱོ་བོ་ཡིན་པ་བོད་པ་ཚང་མས་དེ་རིང་ཧ་གོ་ཡོད་རེད་སྙམ། ཁེ་རྐྱང་དུ་ལུས་པའི་མཐོ་སྒང་གི་ལུག་རྫི་ཆུང་ཆུང་དེ་ཚོ་སྙིང་རེ་རྗེ་ཤ་རུ་ཚ། ཞིང་ཁུག་དུ་ལུས་པའི་ཞིང་པ་རྒས་པོ་དེ་ཚོ་ལ་ཤ་རུ་ཚ། མེ་པོའི་སེམས་པ་སྐྱ་ཐང་ངར་ལུས་སོང་ རིག་གཞུང་ནོར་གྱི་ཕྱུག་པའི་བང་མཛོད་རྣམས་སྒོ་ཕྱིད་སོང༌། གྲོགས་ཚོ་གཟིགས་དང་།