བོད། ལྷ་ཀླུ་གཉན་གསུམ
བདེ་ས་ཞིག་ནས
སྐྱིད་ས་ཞིག་ནས
ཁུ་སིམ་ས་ཞིག་ནས
ང་ཡི་ཡོད་ཚད་ཁྱེད་ལ་དབང་བར་ཤོག
ང་ཡི་ཚེ་སྲོག་ཁྱེད་ལ་འཐིམ་པར་ཤོག
ང་ཡི་རྨི་ལམ་ཁྱེད་ལ་རྨིས་པར་ཤོག
སྐྱིད་སྡུག་ལེགས་ཉེས
དགའ་སྐྱོ་ཆགས་སྡང་
སུན་སྣང་དང་སྡུག་ཡས་མེད་ས་ནས
ང་ཡི་སྨོན་འདུན་ཁྱེད་ལ་འཕྲོད་པར་ཤོག
དུར་སྒམ་སྟོང་བ་ཞིག
རུས་ཐལ་སྤར་མོ་བཀང་
མིག་ཆུ་སྐྱོག་བཀང་
བརྩེ་བ་རུམ་བཀང་
ཚང་མ་བསྲེས་ནས
འོ་མ་ཕོར་བཀང་དེ་མ་རུལ་གོང་དེར
ང་ཁྱེད་ཀྱི་མལ་ཁྲིའི་འགྲམ་ནས
ཁྱེད་ཀྱི་མིག་མདུན་དུ
ཁྱེད་ཀྱི་ལུས་དྲོད་ལ་བརླན་ནས
ངའི་ལུས་ངག་ཡིད་གསུམ
ངའི་ཤ་ཁྲག་རུས་གསུམ
ངའི་སྐྱེ་འཆི་བར་གསུམ
ཆེས་མཐའ་མཇུག་གི་གླུ་སྐད་ཐོས་མཁན་ནི
ཁྱེད་རང་ཁོ་ནར་གྱུར་བར་སྨོན་འདུན་ཡོད
ཀ་ཡེ་གསོན་དང་ལྷ་ཀླུ་གཉན་གསུམ་ལགས། ཁ་སེམས་མ་བདེ་ཁ་སང་དེ་རིང་ལ། ག་པ་སོང་ན་གང་ཡང་མི་འདུག་པའི། ང་ཡིས་གྲོགས་ཁྱོད་སེམས་ན་སྐྱོ་བ་ལ།
ལྷ་ཀླུ་གཉན་གསུལ་ལ་ཁྱི་ཕག་བྱ་གསུམ་གྱིས་སེམས་གསོ་གནང་རོགས།
ལྷ་ཡིས་ལྷོ་གོ་མི་ཆོད།།
ཀླུ་ཡིས་ཀླུ་གོ་མི་ཆོད།།
གཉན་གྱིས་གཉན་གོ་མི་ཆོད།།
མི་ཆོད་གསུམ་མིང་སྟོང་བ།།
ཐག་རིང་ཡུལ་དུ་འཁྱམས་པའི་བུ་ཆུང་ང་ལ།
བརྩེ་བའི་མཆུ་སྒྲོས་སྦྱོར་སའི་མཛའ་གྲོགས་མེད་ཀྱང་།
སྙིང་གཏམ་གདམས་ངག་གནང་མཁན་བླ་མ་དེ་ཉིད།
ས་ཕྱོགས་གང་དུ་བཞུགས་ཀྱང་བཙལ་སྙིང་འདོད་ཀི
ཁེར་རྐྱང་ལུས་པའི་ཕོ་ཧྲེང་ང་ལ།
ཤ་དྲོད་མཉམ་དུ་སྦྱར་སའི་མཛེས་མ་མེད་ཀྱང་།
གདམས་ངག་བདུད་རྩི་འཐུང་བའི་ཆོས་གྲོགས་དེ་ཉིད།
མ་འཕྲད་ཡུན་རིང་སོང་བས་སྙིང་ལ་གཟན་ཀི
རྒྱ་གྲོག་ཚང་ལ་བལྟས་འདྲའི་གྲོང་ཁྱེར་དབུས་ནས།
སུམ་ཐོག་ཅན་གྱི་ཁང་པ་ང་ལ་མེད་ཀྱང་།
བཅུ་ཕྲག་རིག་པས་ཕྱུགས་པའི་ཕ་དགོན་དེ་ཉིད།
མི་འདོད་འབྲལ་དགོས་བྱུང་བ་སེམས་པ་སྐྱོ་ཀི
གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་རྒྱ་གྲོང་དཀྱིལ་དུ།
ཤུབ་ཤུབ་སྙིང་གཏམ་བཤད་སའི་གྲོགས་པོ་མེད་ཀྱང་།
ན་མཉམ་སྐྱིད་སྡུག་ཐེག་པའི་བསླུ་མེད་མནའ་གྲོགས།
སེམས་ལ་དཀའ་ངལ་འཕྲད་དུས་ཡོད་ན་བསམ་ཀི།
ཅ་ལག་་ཅང་མེད་་མི་རྐྱང་འབྱོར་མེད་ཡིན། ཆ་ལུགས་གཙོག་རུང་ཁེར་ཉལ་བྱས་མྱོང་མེད་། ག་པ་སོང་ན་མཛེས་མའི་སྒེགས་ཉམས་ལ། ཉ་བ་ཆུ་ཁ་སླེབས་དང་གཅིག་པ་ཡིན།
ཏཱ་ལའི་བླ་མས་གསུང་གི་བདུད་རྩི་དེ། ཐ་ན་ཇ་ཡུན་ཙམ་ལའང་སློབ་སྦྱོང་བྱོས། ན་སོ་རྒན་གཞོན་བོད་རིགས་ཚང་མ་ཡིས། པ་སངས་ལྟར་དཀར་གཞན་ཕན་མ་བརྗེད་བྱོས།
དགོངས་འགལ་མེད་པར་ཞུ། ཡིག་ནོར་ཞིག་ཤོར་འདུག་ཡང་སྐྱར་འགོད་ཀྱི་ཡིན།
ཐག་རིང་ཡུལ་དུ་འཁྱམས་པའི་བུ་ཆུང་ང་ལ།
བརྩེ་བའི་མཆུ་སྒྲོས་སྦྱོར་སའི་མཛའ་གྲོགས་མེད་ཀྱང་།
སྙིང་གཏམ་གདམས་ངག་གནང་མཁན་བླ་མ་དེ་ཉིད།
ས་ཕྱོགས་གང་དུ་བཞུགས་ཀྱང་བཙལ་སྙིང་འདོད་ཀི
གྲོགས་མེད་ཁེར་རྐྱང་ལུས་པའི་ཕོ་ཧྲེང་ང་ལ།
ཤ་དྲོད་མཉམ་དུ་སྦྱར་སའི་མཛེས་མ་མེད་ཀྱང་།
གདམས་ངག་བདུད་རྩི་འཐུང་བའི་ཆོས་གྲོགས་དེ་ཉིད།
མ་འཕྲད་ཡུན་རིང་སོང་བས་སྙིང་ལ་གཟན་ཀི
རྒྱ་གྲོག་ཚང་ལ་བལྟས་འདྲའི་གྲོང་ཁྱེར་དབུས་ནས།
སུམ་ཐོག་ཅན་གྱི་ཁང་པ་ང་ལ་མེད་ཀྱང་།
བཅུ་ཕྲག་རིག་པས་ཕྱུགས་པའི་ཕ་དགོན་དེ་ཉིད།
མི་འདོད་འབྲལ་དགོས་བྱུང་བ་སེམས་པ་སྐྱོ་ཀི
གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་རྒྱ་གྲོང་དཀྱིལ་དུ།
ཤུབ་ཤུབ་སྙིང་གཏམ་བཤད་སའི་གྲོགས་པོ་མེད་ཀྱང་།
ན་མཉམ་སྐྱིད་སྡུག་ཐེག་པའི་བསླུ་མེད་མནའ་གྲོགས།
སེམས་ལ་དཀའ་ངལ་འཕྲད་དུས་ཡོད་ན་བསམ་ཀི།
སྐྱེས་ནས་འཆི་བའི་བར་དུ་གང་བྱུང་བ།
མཚན་མོའི་སྨི་ལམ་ཇི་བཞིན་ལག་འཛིན་མེད།
འཆི་བ་མཐའ་མར་ཡོང་བ་ཤེས་བཞིན་དུ།
ངེས་གཏན་མེད་པའི་འཚོ་བའི་ཆེད་དུ་འབད།