—-ལྷ་ཐོག་འཆི་པོ་རྒྱལ།
ང་ཡི་རོགས་ལོ་དགུང་གི་ཉི་མ་འདྲ།།
དགུང་གི་ཉི་མ་མེད་པའི་གོང་རོལ་ན།།
གསེར་མདོག་འོད་ཀྱིས་ས་གཞི་སྐྱོང་ཐབས་མེད།།
ང་ཡི་རོགས་ལོ་མཚན་མོའི་ཟླ་དང་འདྲ།།
མཚན་མོའི་ཟླ་བ་མེད་པའི་གོང་རོལ་ན།།
མུན་ནག་ཀློང་ལ་གོམ་སྟབས་སྤོ་ཐབས་མེད།།
ང་ཡི་རོགས་ལོ་དབྱར་ཆུ་སྔོན་མོ་འདྲ།།
དབྱར་ཆུ་སྔོན་མོ་མེད་པའི་གོང་རོལ་ན།།
ནེའུ་གསེང་མེ་ཏོག་སྨྱུ་ཁ་ཕྱེ་དོགས་མེད།།
ང་ཡི་རོགས་ལོ་དགུན་གྱི་ཁ་བ་འདྲ།།
དགུན་གྱི་ཁ་བ་མེད་པའི་གོང་རོལ་ན།།
གངས་སེང་དཀར་པོའི་ངར་སྒྲ་གྲགས་ས་མེད།།
ང་ཡི་རོགས་ལོ་དྲི་ལྡན་མེ་ཏོག་འདྲ།།
དྲི་ལྡན་མེ་ཏོག་མེད་པའི་གོང་རོལ་ན།།
རྐང་དྲུག་བུང་བ་ཟེ་འབྲུར་རོལ་ས་མེད།།
ང་ཡི་རོགས་ལོ་རྒྱ་མཚོའི་འཇིངས་དང་འདྲ།།
འཇིངས་ལྡན་རྒྱ་མཚོ་མེད་པའི་གོང་རོལ་ན།།
བོངས་ཆེན་ཉ་མོའི་ཚེ་སྲོག་སྲུང་ཐབས་མེད།།
ང་ཡི་རོགས་ལོ་ང་ཡི་སེམས་པ་འདྲ།།
ཁོ་བོར་སེམས་པ་མེད་པའི་གོང་རོལ་ན།།
རུས་སྒམ་སྟོང་པས་མི་ཚེ་ཕྱིད་ཐབས་མེད།།
ཚིག་རྐང་ཐ་མ་གསུམ་མཐོང་བས། དགེ་ཆོས་ཀྱིས།
ཁྱོ་ཕོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ། །
ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས། །
རང་ལུས་ཕྱེད་གཤགས་མི་ཡི་རྐང་ལག་ཅན། །
སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པར་དཀའ། །
དེ་ལྟར་བསམ་ནས་རང་གི་བཟའ་ཟླ་ལ། །
མངོན་ལྐོག་བྲལ་བ་མཛའ་བའི་སེམས་བཞག་ནས། །
ཡུན་ཐུང་ཚེ་འདིའི་མཐའ་ལ་འཁྱོལ་ནུས་ན། །
ཤི་བའི་རུས་གོང་དེ་ཡང་མཆོད་བྱ་ཉིད། །ཅེས་པ་དྲན་ཏེ་འདིར་བྲིས་ཐལ།
ང་ཡི་སྙིང་སྡུག
་
ང་ཡི་སྙིང་སྡུག་ང་ཡི་སེམས་པ་འདྲ། །
ཁོ་མོར་་སེམས་པ་ཤོར་བའི་གོང་རོལ་ན། །
ང་ལ་རབ་འབྱུང་སྡོམ་པ་ཡོད་ན་ཡང་། །
ད་ལྟ་མེད་པ་བཟོ་མཁན་མོ་རང་རེད། །
་
ང་ཡི་སྙིང་སྡུག་ང་ཡི་སེམས་པ་འདྲ། །
མོ་ལ་རང་དབང་མ་ཤོར་གོང་རོལ་ན། །
ང་ལ་རབ་འབྱུང་སྡོམ་པ་ཡོད་ན་ཡང་། །
ད་ལྟ་ཕྲུ་གུ་ཡོད་པ་མོ་ཡི་དྲིན། །
་
ཧ་ཧ། སྐུ་རྩེད་ཡིན་ནོ།།
ལས་ཀྱིས་བཟླུམས་པའི་ཡིད་འཕྲོག་ལྷ་མོ་ཁྱོད།
མཛེས་པའི་དཔལ་ཀུན་ལྡན་ཡང་རྒྱུག་མོ་བཞིན།
ཐམས་ཅད་ཀུན་གྱི་སྤྱོད་སྣོད་གྱུར་པ་ན།
བདག་ནི་གདུང་སེམས་ཉིད་ཀྱིས་འཆི་བར་ངེས།
ངའི་སྙིང་སྡུག
གར་ཞྭ་མཁའ་འགྲོའི་གླིང་གི །
མཁའ་འགྲོ་ཚེ་རིང་ཆོས་སྒྲོན། །
ང་ཡི་སྙིང་གི་ཚིལ་ལུ། །
སྙིང་རྩ་འཕར་ལྡིང་བཟོ་བགྱིད། །
༅༅། སྤྲིན་པ་དཀར་རེས་ནག་རེས། བཞུད་ལམ་ཁག་ཁག་སོ་སོ།
སྙིང་སྡུག་ཆུ་འཛིན་དཀར་པོ། འདབ་མ་གཡུ་ཡི་ཉི་གདུགས།
འདབ་གཤོག་གྲིབ་མའི་འཁོར་ལོ། བདག་གི་ཕྱོགས་ལ་འཁོར་བྱུང།།
ལས་ཀྱིས་བསྐོར་བ་མིན་ན། རང་དགར་འཁོར་ས་མ་རེད།
གསེར་མདོག་འོད་ཀྱིས་ས་ཞིག་སྐྱོང་ཚུལ་ཞིག།
ཡོད་ཚོད་ཡོད་པས་ཨེ་མ་སྙན་ངག་མཁན།
ཧ་ཧ་ཧ།
ཟླ་བ་ཡོད་པའི་མུན་ནག་ཀློང་ཞིག་ཡང་།།
ཡོད་ཚོད་ཡོད་པས་ཨེ་མ་སྙན་ངག་མཁན།
ཧ་ཧ་ཧ།
མཁས་བས་བཤད་ན་ཅི་ཡང་བདེན་ཟེར་བ།།
གོ་བ་ཡོད་ཀྱང་རིག་པ་ད་རེ་ཙམ།
ཧ་ཧ་ཧ།
ཁྱོད་ཀྱི་ཞལ་རས།
བཅོ་ལྔའི་ཟླ་བ།
མ་སྐྱེས་ཨ་མའི།
ཞལ་རས་དྲན་བྱུང་།
སེམས་ཀྱི་མཛངས་མ་སེམས་པའི་ངོས་ལ་ཡོད།།
ཧམ་ཆེན་དཔོན་པོས་འཕྲོག་ཡོང་བསམ་པ་མེད།།
འབྱོར་ལྡན་ཚོང་པས་བསླུ་ཡོང་བསམ་པ་མེད།།
ཁྲལ་མེད་རྐུ་མས་འཁྱེར་ཡོང་བསམ་པ་མེད།།
ཐ་དད་ལུས་རྟེན་གཅིག་ལ་འདྲེས་ནས་ཡོད།།
བརྩེ་དུང་རི་རྒྱལ་ལྷུན་པོ་ནང་བཞིན་བརྟན།།
འགྲོགས་སྣ་ཡར་ཀླུང་གཙང་པོ་ལས་ཀྱང་རིང་།
འབྲོག་མོ་ཁྱོད་འདི་ན་གདའ།
རྒྱབ་འབུར་མཛེས་མ་ཁྱོད་ཀྱི་རྐུབ།
མཐོང་པ་ཙམ་གྱིས་སྙིང་རྩ་འཕར།
མདུན་གྱི་ནུ་མ་ཕྱེད་མངོན་གཡོ།
དབང་མེད་བདུད་རྕི་དཀར་པོ་ཐིགས།
འབྲོག་མོ་ཁྱོད་ཉིད་མཐོང་ཙམ་གྱིས།
དབང་མེད་དྲང་བའི་ཚིག་དག་ཐོན།
བརླླ་འཇམ་དཀར་པོ་འོད་ཅི་རེ།
མི་བཟོད་བུ་ཆུང་དབང་མེད་འགྲང་།
འབྲོག་མོའི་ཞལ་རས་དཀར་ལ་མཛེས། །
ལུས་ལྡེམ་འཁྱུག་གྲོས་གོམ་པ་མགྱོགས། །
ལག་པས་འུར་རྡོ་གནམ་ལ་བསྐོར། །
ཁ་ནས་འབྲོག་གླུ་ལ་ལུང་ཁྱབ། །
༅༅། མཛེས་མ་ཟིག་མཐོང་བས་རང་མཇེ་ལངས།
ནུ་འབུར་དེ་མཐོང་དུས་རང་དབང་བྲལ།
དམར་རིལ་རིང་འབོམ་བཟོས་ནས་ནི།
སྟུ་ཆུང་ནང་བཅུག་ནས་ཨོམ་སོ་ཧ།