སྐར་ཆེན།
ང་ཡི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་༧༤ལ་སླེབས་སོང་། ཡུལ་གྱར་བོད་མི་རྣམས་ཀྱིས་འཛམ་གླིང་གི་ས་ཕྱོགས་སོ་སོ་ནས་རྩ་བའི་བླ་མའི་འཁྲུངས་སྐར་སྲུང་བརྩི་བྱས།
འདི་ལོ་ནི་ང་ཡི་རྩ་བའི་བླ་མ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་ལོ་རེད། ཡུལ་གྱར་བོད་མི་རྣམས་རྒྱའི་བཙན་འོག་ནས་བྲོས་དེ་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་རེད།
བོད་མི་རྣམས་རང་གི་ཕ་ཡུལ་ལ་ལོག་མ་ཐུབ་པར་མི་ཡུལ་ལ་གྱར་ནས་བགྲང་བྱ་ལྔ་བཅུ་འགོར་བའི་ལོ་རེད། འདི་ལྟར་གཞིས་བ་རྣམས་ཀྱིས་བྱེས་ལ་སྒུག་ཅིང་བྱེས་བ་རྣམས་ཀྱིས་གཞིས་ལ་རེ་བཞིན་ལོ་ངོ་ལྔ་བཅུ་ཕྱིན་སོང་། བཙན་བྱོལ་དུ་ཐོག་མར་སླེབས་མཁན་གྱི་མི་རབས་རྒན་པ་དག་གི་ཚ་བོ་ཚ་མོ་ཚོས་རྩ་བའི་བླ་མའི་འཁྲུངས་སྐར་གཞས་དང་ཞབས་བྲོས་བསུས་སོང་། ང་ཡི་རྩ་བའི་བླ་མ་ཐོག་མར་བཙན་བྱོལ་ལ་འབྱོར་དུས་དགུང་ལོ་ཆུང་རུང་བློ་རིག་རྒྱས་ནས་ཡོད། རྣམ་དཔྱོད་འཕེལ་ནས་ཡོད། ཁོང་གི་ཐོག་མའི་ཐུགས་དགོངས་བཞིན། ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་གྱི་སླད་དུ། དགོན་སྡེ་དང་སློབ་གྲ གཞིས་ཆགས་གསར་རྒྱག་གི་ལས་ཀ་སོགས་སྐྱབས་བཅོལ་བའི་ལོ་ཟླ་དང་པོ་ནས་འགོ་བཙུགས་པར་མ་ཟད་ད་ལྟ་གྲངས་འབོར་གྱི་ངོས་ནས་མང་དུ་ཕྱིན་ཡོད། འོན་ཀྱང་། གྲངས་ཀ་མང་རུང་སྤུས་ཀ་དེ་གྲངས་འབོར་བཞིན་ཡོང་མེད།
ང་ཡི་རྩ་བའི་བླ་མས་བོད་མིའི་རང་དབང་སླར་གསོའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་ལ་འཁྲིད། ལམ་འདི་ཇི་འདྲའི་རྒྱ་ཆེ་ཞིང་མཐའ་དཔོགས་དཀའ་བ་ཞིག་ཡིན་མོད། ད་ཕན་ལམ་འདིར་དངོས་སུ་ཞུགས་ཤིང་ལམ་འདིའི་ཕུགས་འཚོལ་མཁན་ནི་ང་ཡི་རྩ་བའི་བླ་མ་གཅིག་པོ་ཡིན། ང་ཡི་རྩ་བའི་བླ་མས་འདས་བའི་ཉམས་མྱོང་དང་མ་འོངས་རྒྱང་གཟིགས་ཀྱི་སྒོ་ནས། མང་གཙོ་ཟེར་བའི་ཐོབ་ཐང་དང་རང་དབང་གཙོ་འཇོག་གི་ལམ་སྲོལ་ཞིག་ཀྱང་མི་མང་ལ་གསོལ་རས་བཞིན་གནང་། གསོལ་རས་བཞིན་གནང་བ་མ་འགྲིག་པ་ཡིན་ནམ་གསོལ་རས་ལེན་སྟངས་མ་ཤེས་བ་ཡིན་ནམ། གང་ལྟར།
གྲོས་ཚོགས་དང་འཛིན་སྐྱོང་། ཁྲིམས་ཞིབ་བཅས་ཀྱིས་གྲུབ་པའི་མང་གཙོའི་ཀ་བ་གསུམ་ལྡན་ཞིག་ཡོད་རུང་ཀ་བ་གསུམ་པོ་དེ་ད་དུང་ཡང་བརྟན་པ་དང་ཚུགས་ཐུབ་ཞིག་ཆགས་མེད།
ད་དུང༡༩༧༩ལོ་ནས་བཟུང་། ང་ཡི་རྩ་བའི་བླ་མས་དབུ་མའི་ལམ་ཟེར་བའི་གཉིས་སྨན་གྱི་དགོངས་གཞི་ཞིག་གི་འོག་ནས་རྒྱ་ནག་སྲིད་གཞུང་དང་འབྲེལ་མོལ་གྱི་ལམ་ཁ་བཏིངས།
ལམ་དེ་ཡང་ཀྱག་ཀྱོག་གི་རིམ་པ་མང་པོ་ཞིག་བརྒྱུད་མཐར་ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་གི་སྐབས་སུ། ཐོག་མའི་ལམ་གྱི་དམིགས་ཚད་དེ་མི་རིགས་ས་གནས་རང་སྲིད་རང་སྐྱོང་ཞེས་བའི་སྒྲོམ་གཞི་ཞིག་གི་འོག་ལ་བཅུག སྒྲོམ་གཞི་དེ་ད་ཕན་གྱི་བོད་རྒྱ་འབྲེལ་མོལ་གྱི་སྐྱ་ཐིག་གསལ་ཤོས་དེ་རེད་ལབ་ན་ཡང་མི་འགྲིག་པ་ཕལ་ཆེར་མེད། འོན་ཀྱང་། སྐྱ་ཐིག་དེ་རེ་སྒུག་གི་རི་མོ་ཞིག་ཡིན། རི་མོ་དེ་སྣང་བར་གསལ་ཡང་མིག་ལ་མི་གསལ།
རི་མོ་དེ་གསུབ་ངེས་པ་དང་གསུབ་སྲིད་པ་ཞིག་ཀྱང་ཡིན། རི་མོ་དེའི་རིན་ཐང་ནི་རི་མོ་དེར་བལྟ་མཁན་གྱི་བློ་ལ་བབས་མ་བབས་དང་གདེང་འཇོག་སྤྲད་མ་སྤྲད་དང་འབྲེལ་བ་ཡོད།
འདི་ལྟར། རིག་གཞུང་གི་ལམ་ཁ་དང་རྩ་དོན་གྱི་ལམ་ཁ། མང་གཙོའི་ལམ་ཁ། འབྲེལ་མོལ་གྱི་ལམ་ཁ་སོགས་གཅིག་རྗེས་གཉིས་མཐུད་དུ་བཏིངས་རྗེས། ང་ཡི་རྩ་བའི་བླ་མ་དགུང་གྲངས་༧༤ལ་སླེབས་སོང་། ང་ཡི་རྩ་བའི་བླ་མའི་དགུང་གྲངས་ནི་གཞིས་བྱེས་བོད་མི་རྣམས་ལ་མཚོན་ན་རེ་སྒུག་དང་སེམས་འཚབ་ཀྱི་ཁུར་བོ་ཞིག་ཀྱང་ཡིན། ང་ཡི་རྩ་བའི་བླ་མའི་དགུང་གྲངས་མཐོ་ནས་མཐོ་ནས་འགྲོ་དུས། ང་ཡི་མི་རབས་ལ་དགོས་བ་ནི་འབྱུང་འགྱུར་ལ་གྲ་སྒྲིག་དང་རྩ་དོན་རྒྱུན་འཁྱོངས་ཀྱི་ཤེས་འཇོན་གཉིས་རེད། འོན་ཀྱང་། ང་ཡི་མི་རབས་ལ་གྲ་སྒྲིག་ཟེར་བ་དེ་ཕར་ཞོག་ཐ་ན་རང་ཁ་རང་གསོའི་ཤེས་འཇོན་ཞིག་ཀྱང་ཡོད་མེད་ཀྱི་ཚོད་ཡིན། ད་དུང་། ཧ་ཅང་ཞེ་བསུན་ཅིང་སྐྱོ་དུབ་པ་ཞིག་ལ།
ང་ཡི་རྩ་བའི་བླ་མ་དགུང་གྲངས་༧༤ལ་སླེབས་པའི་ལོ་འདིར། ང་ཡི་མི་རབས་འདིའི་ཁྲོད་ན་རྩ་བའི་བླ་མའི་རྐང་འདྲེན་བྱེད་མཁན་དང་རྩ་བའི་བླ་མའི་བཀའ་གསུང་ལ་ངོ་ལོག་བྱེད་མཁན་གྱི་རིགས་ཀྱང་འབྱུང་གིན་ཡོད། འདི་དག་ཡིད་ལ་འཁོར་གྱིན་འཁོར་གྱིན། ཞེ་ལ་བསམ་གྱིན་བསམ་གྱིན། ང་ཡི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་དགུང་གྲངས་༧༤ལ་སླེབས་དུས། ངེད་ཀྱི་སེམས་པ་འདེགས་དཀའ་བའི་ཁུར་བོ་ཞིག་གིས་མནན་ནས་ཡོང་། འདེགས་དཀའ་བའི་ཁུར་བོ་དེ་ཡང་ཁུར་བོའི་ངོ་བོ་ནས་མ་བསྡད་པར་སྐྱོ་སྣང་གི་མིག་ཆུ་རྡོག་པོ་འགར་རུ་གྱུར་སོང་།
ང་ནི་རྔམ་ཚབ་དང་གདང་བཀྲག་ཆེ་རུ་ཕྱིན་སོང་། རང་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་ཕྱིན་སོང་།
ངའི་བླ་མ་དགུང་ལོ་བདུན་བཅུ་དོན་བཞི་ལ་ཕེབས་སོང་། འཛམ་གླིང་ཀུན་ལ་ཡོད་ལ་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་འཁྲུངས་སྐར་བསུ་བ་ཞུས་སོང་།་ ཨ་ཙི་ དེ་འདྲའི་ངོ་མཚར་ཆེ་ལགས། ཁྱེད་ཀྱི་བརླབས་ཆེན་གྱི་གཟི་བརྗིད་ལ་མེ་ཏོག་དང་་བྱས་ཏེ་གླུ་སྒར་གྱིས་བསུ་བ་བྱས་ཏེ་བོད་མི་རྣམས་ཀྱི་བྱས་སོང་། ང་ནི་སྟེང་ནས་ཁུར་པོ་ལྕི་བོ་ཞིག་གི་མནན་པ་ལྟར་ལྕི་གཏིང་ངར་ལུས་སོ། ཁྱེད་ཀྱི་སྐུ་ཚེ་ལ་བགེག་མེད་དང་མྱུར་དུ་རང་ཡུལ་དུ་ཕེབས་པའི་སྨོན་འདུན་ཡོད་ འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཡོད།
བོད་ཀྱི་སྐྱེས་ཆེན་དང་བླ་སྤྲུལ། མཁས་པར་རློམས་པ་མི་ཉུང་བ་ཞིག་གིས་ཁ་ནས་བྱམས་དང་སྙིང་རྗེ་འཚེ་མེད་ཞི་བ་དབུ་མའི་ལམ་སོགས་གླེང་བཞིན་རང་གི་་ཁེ་ཕན་ལས་བོད་ཀྱི་གནས་བབས་ལ་སེམས་ཁུར་མི་བྱེད་པ་འདི་ནི་་མིག་དཔེ་ལེགས་པོ་ཞིག་མ་རེད།བོད་ཀྱི་གནད་དོན་རྒྱལ་བ་ཡིད་བཞིན་ནོར་བུ་གཅིག་པའི་འགན་འཁྲི་མིན་པས་ད་ལྟ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བྱས་ཡོད་པའི་བོད་ཀྱི་མཁས་པ་ཚོ་ཕྱིར་བཞུགས་སྒར་རྡ་ལམ་ས་ལར་ཕེབས་ན་དགའ།
གོ་ལའི་དབུ་བརྩེར་ལྷུན་གྱིས་ཆགས་པའི་ཁ་བ་ཅན་གྱི་ཞིངས་ཁམས་སུ།།
འཛམ་གླིང་ཧྲིལ་བོར་གཟི་བྱིན་འབར་བའི་ལྷ་སྲས་པད་མ་དཀར་པོ་འཁྲུངས།།
འཇིགས་རུང་མཚོན་ཆའི་ལག་རྩལ་དར་བའི་རྩོད་ལྡན་བྱིས་པའི་འཇིག་བརྟེན་འདིར།།
མགོན་ཁྱོད་བརྩེ་བའི་ཡུམ་ཆེན་བཞིན་དུ་གྲངས་མེད་བསྐལ་བར་བརྟན་བཞུགས་གསོལ།།
གྲངས་མེད་སྐྱེ་འགྲོའི་སྲོག་གི་གཤེད་མ་སྲིན་པོ་གདོང་རྨེ་ཅན་གྱི་དཔུང་།།
དུག་གིས་མྱོས་པའི་གླང་བོའི་ཁྱུ་བཞིན་གངས་རིའི་འཁོར་ཡུལ་ཁྲག་ཏུ་བརྫིས།།
ཆོས་ཀྱིས་འཚོ་བའི་བོད་རིགས་མི་དམངས་ཡུན་རིང་སོས་མེད་ནད་ལ་སྦྱར།།
མགོན་ཁྱོད་སྨན་གྱི་ལྗོན་པ་བཞིན་དུ་གྲངས་མེད་བསྐལ་བར་བརྟན་བཞུགས་གསོལ།།
ཟབ་མོ་ཆོས་ཀྱི་མིང་ཚིག་སྤྱད་ནས་ས་ཡ་དྲུག་གི་མིང་སྲིང་བར།།
མི་མཐུན་རྣམ་རྟོག་ཆེན་པོ་བསྐྲུན་པའི་ནག་ཕྱོགས་ཆོས་པའི་དཔུང་ཁག་དང་།།
ཆོལ་ཁ་གསུམ་གྱི་ལག་ཆ་སྤྱད་ནས་ནང་དཀྲུགས་སློང་བའི་དཔོན་ངན་ཚོས།།
རབ་ཏུ་རྨས་པའི་ཆེན་པོའི་བོད་འདི་ཡུན་གྱིས་གསོ་བཞིན་བརྟན་བཞུགས་གསོལ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ནོར་བཅོས། ཞིང་ཁམས། འཇིག་རྟེན།
རིག་འབྱུང་ཚང་ལ་ཁག་མི་འདུག ཁ་སང་དེ་རིང་དངོས་གནས་བསམ་ན་སྙིང་གས་པའི་དོན་རྐྱེན་མང་པོ་འདུག གལ་སྲིད་སྐུ་ཉིད་རྡ་རམ་ས་ལ་ན་ཡོད་མཁན་ཞིག་ཡིན་ན། ད་ལོའི་གོང་ས་མཆོག་གི་སྐུ་འཁྲུངས་སྐར་གྱི་ཉིན་མོ་གཙུག་ལག་ཁང་ནས་སྐྱུག་བྲོ་བའི་ལས་ཀ་མང་པོ་བྱས་སོང༌། བོད་གཞུང་གི་དཔོན་པོ་དེ་ཚོ་དངོས་གནས་ངོ་ཚ་རྒྱུ་མི་འདུག རང་དོན་ཡིན་ན་གོང་ས་མཆོག་ཀྱང་གཡུག་རྐྱང་གནང་གི།
ང་རང་ཡང་བོད་པ་ཞིག་གི་ངོས་ནས་སེམས་པ་ལྷད་མེད་ཞིག་འཁྱེར་ནས་ཞོགས་པ་སྔ་མོ་ནས་ལངས་ཏེ་གཙུག་ལག་ཁང་དུ་གོང་ས་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་གྱི་མཛད་སྒོར་ཞུགས་པ་ཡིན། ཡིན་ནའང༌། ཞེ་གཏིང་ནས་སྐྱོ་བ་ཞིག་ལ། མཛད་སྒོ་དེ་གོང་ས་མཆོག་གི་དགུང་གྲངས་མཛད་སྒོ་རེད་མི་འདུག སྐུ་ངོ་ཁོང་ཚོ་སྒེར་དངརང་དོན་བསྒྲུབ་པའི་ཉིན་མོའམ་དུས་ཆེན་ཞིག་རེད། ཞོགས་པ་ཉི་མ་ས་ལ་འཁྱིལ་རག་བར་དུ་སྐུ་ངོ་XXX་རང་གི་རྐུབ་གཡོག་ཚོའི་ཁ་ངོ་ཡག་ལས་བྱས་མ་ཚར་བ་འདྲ། རྡ་སའི་གཡས་གཡོན་གྱི་མི་དམངས་ཉམ་ཆུང་ཚོ་དང་སྒྲིག་གཞི་ལྟར་འགྲོ་དགོས་པའི་སློབ་ཕྲུག་མང་པོ་ཞིག་ཉི་མའི་ཚ་བའི་ནང་དུ་བསྡད་བསྡད་པའི་རྗེས་ཤིག་ལ་གཞི་ནས་བོད་གཞུང་སྐུ་ངོ་ཁ་ཤསའགྱང་འགྱང་ནས་སླེབས་སོང༌། ཡོང་ནས་ཀྱང་གོང་ས་མཆོག་གི་དགུང་གྲངས་དང་འབྲེལ་བའི་གཏམ་བཤད་དང་བཀྲ་ཤིས་ཀྱི་ཁ་དབྱངས་ཅི་ཡང་མེད་པར་ཚོགས་འདུ་མགོ་བཙུགས་སོང༌། གཅིག་གིས་གཅིག་ལ་ཁ་བཏགས་འདྲ་གཡོག་བྱུང༌། དེ་ནས་མི་ཁག་ཅིག་གིས་བྲིས་པ་རེད་ཟེར་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད་ཡིན་ཟེར་ནས་ཆོས་རིག་བཀའ་བློན་གྱིས་གནམ་ལ་འཕྱར་འཕྱར་འགའ་བྱས་སོང༌། དེ་ནས་ཕྱི་གླིང་གི་མགོ་སེར་ཞིག་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲད་སོང༌། ངས་གཡས་གཡོན་གྱི་མི་ཚང་མས་དེ་རིང་གོང་ས་མཆོག་གི་འཁྲུངས་སྐར་རེད་མོད། གཞུང་འབྲེལ་ཡིན་མིན་གྱི་ལས་ཀ་མང་པོ་ཞིག་གིས་གོང་ས་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་གྱི་ཉིན་མོ་རྒྱང་ལ་བསྐྱུར་སོང༌། ད་འདི་ལྟར་མུ་མཐུད་ནས་མར་ས་སོང་ཚེ། གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་འདི་སྐུ་ངོ་དང་བླ་མ་སྒེར་བ་ཁག་ཅིག་གིས་རང་རང་གི་དགའ་ངོ་ཉེ་ཤོས་ཚོ་བསྟོད་ར་གཏོང་ས་ཞིག་མི་ཆགས་པའི་ངེས་པ་མི་འདུག་པས་ཚང་མས་འདིས་སྐོར་ལ་ཐུགས་བསམ་བཞེས་རོགས་གནང་ཞུ།
རྗེ་བླ་མ་དགུང་ལོ་ཇེ་བགྲེས་རེད། །
བོད་མགོ་ནག་སྡུག་བསྔལ་ཇེ་ཆེ་རེད། །
དགྲ་ནག་པོའི་གདུག་རྩུབ་ཇེ་ཐུ་རེད། །
མྱི་ལྡོམ་པོའི་སེམས་ཁྲལ་ཇེ་ལྕི་རེད། །
ཨ་ལགས། ཁ་བལྟས་ངན་པ་དེ་འདྲ་མ་བཤད་ཉེ་ཆར་༧གོང་ས་མཆོག་གིས་དགུང་ལོ་བརྒྱ་ལ་བཞུགས་པའི་ཞབས་བཞེས་གནང་བ་མ་ཐོས་སམ
ཨ་རོ། ྐླུ་སྨྱོན་གྱིས་ཁ་ལྟས་ངན་པ་བཤད་མི་འདུག་ག ༧གོང་ས་མཆོག་དགུང་ལོ་ཇེ་བགྲེས་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད།
མ་རེད་དམ།