གཅན་བཟོད་རྒྱམ་པས་གུས་པས་ཕུལ།
—————————-
༡༽སྐུ་འཁྲུངས་པ།
འཛམ་གླིང་ཤར་ནུབ་དམག་འཁྲུག་བཙན་པོས་སེམས་ལྡན་དུཿ་ཁའི་ཀློང་དུ་ལྷུང་།།
བོད་དང་ཙི་ནའི་ལས་དབང་བཙན་པོས་གཅིག་ཁ་གཅིག་གིས་གནོན་པའི་དུས།།
ཨ་ཀ་མ་ཡི་ཡུལ་ཆེན་དེ་ནས་ཨ་མ་ཆེན་མོའི་སྲས་སུ་འཁྲུངས།།
ངོ་མཚར་རྟགས་དང་རྟེན་འབྲེལ་ཞིག་གིས་སྒང་བ་བོད་ཀྱི་མིག་ཏུ་གྱུར།།
༢༽ཁྲི་འདོན་གནང་བ།
པོ་ཏཱ་ལ་ཡི་སྒེའུ་ཁུང་རེ་ལ་ཁྱོད་ཀྱི་བྱིས་དུས་རྐང་རྗེས་རེ།།
བྱིས་པའི་མིག་ཟུང་ཕྱི་རོལ་ཡུལ་ན་རྩེད་འཇོར་གཡེང་བའི་བྱིས་པར་ཤོར།།
བྱིས་དུས་རྩེད་འཇོ་བྱིས་པར་མ་དབང་ཆེན་པོ་རྣམས་ཀྱིས་སྒམ་ཚིག་བསླབས།།
ཡབ་རྗེའི་གསེར་གྱི་ཁྲི་འཕང་མཐོན་པོར་བྱིས་ཁྱོད་མེས་པོ་སྲོང་བཙན་ཡིན།།
༣༽གསེར་ཁྲིར་མངའ་གསོལ།
བློ་གྲོས་གསར་བས་ཆོས་ཀྱི་ཚིག་ལ་བློ་སྦྱོང་བྱེད་དུ་ཕྱོགས་ཙམ་ན།།
བློ་བུར་ལྷ་ཡི་བཀའ་ལུང་ལྕི་མོས་རྒྱལ་ཁྲིམས་གསེར་གྱི་ཐམ་ག་ཆེ།།
བློ་ལྡན་བུ་ཡི་ཕྱག་ཏུ་ཕེབས་དང་ལྷ་མིའི་མགོན་སྐྱབས་ཉག་གཅིག་ཅེས།།
བློ་བཅོལ་དེ་ཡིས་བློ་ལྡན་ཡིད་ལ་བློ་གྲོས་རྒོད་པོའི་གཤོག་རྩལ་རྒྱས།།
༤༽སྐྱབས་བཅོལ་དུ་ཕེབས་པ།
ཙི་ན་རྒན་པོས་བློ་ཡིས་མ་ཁུག་བློ་གྲོས་འདབ་མ་རབ་ཏུ་རྒྱས།།
དམར་པོའི་མཚོན་ཆ་རྣོན་པོས་མ་ཟིན་སྟག་ཕྲུག་ལྷོ་རྫོང་ནགས་ལ་ཤོར།།
ཤུལ་ལུས་སྣོད་བཅུད་རྨེག་མེད་བཅོམ་སྐབས་ཕྱི་ནས་རྩ་རྐང་གསར་དུ་བཏབ།།
སྟག་ཕྲུག་འཛུམ་དྲུག་ཕྱི་ནས་རྒྱས་ཤིང་གཡུ་འབྲུག་སྐད་གསང་གླིང་ལ་གྲགས།།
༥༽ཞི་བདེའི་གཟེངས་རྟགས་བཞེས་པ།
འཚེ་མེད་ཞི་དང་སྙིང་རྗེའི་ཆུ་ཡིས་འགྲོ་རྣམས་སེམས་ཀྱི་རྩ་བ་བརླན།།
མི་སེམས་གཤིན་སར་བདེན་པའི་ས་བོན་ཕངས་མེད་རྒྱུན་གྱིས་བཏབ་པའི་འབྲས།།
འཛམ་བུ་གླིང་ན་བཀུར་ཞིང་བསྔགས་པའི་ཞི་བདེ་གཟེངས་རྟགས་ཆེན་མོ་ཞེས།།
མཚན་གྱིས་ཆོད་པ་བདག་གིར་བཞེས་པ་གུས་འབངས་སེམས་ཀྱིས་ཡི་རངས་ཞུ།།
༦༽གཟེངས་རྟགས་ཉིན་མོ་སྲུང་བརྩི་ཞུ།
ཨེ་མ་ཧོ་ཡ་དེ་རིང་ཉིན་འདི་སྒང་བ་བོད་ལ་སྲིད་ན་དཀོན།།
ལྷ་ཀླུ་གཉེན་བཙན་མི་ཟོག་བྱ་རིགས་མཁའ་རླུང་རི་ཆུ་ནགས་བྲག་སོགས།།
སྐྱིད་པ་ལ་དང་དགའ་བདེའི་བྲོ་གཞས་གནམ་ས་གཉིས་ན་རྩེན་འདི་རྨད།།
སྣོད་བཅུད་དགའ་བདེས་མྱོས་ཞེས་གུས་འབངས་ཡིད་ཀྱི་སྤྲུལ་པ་འདི་ན་གསལ།།
༧༽རྒྱལ་བའི་མཛད་པ་སྤྱི།
སློབ་འབངས་སྐྱོང་དང་རྒྱལ་བསྟན་མཛད་པ་སོ་སྐྱེས་ང་འདྲས་བརྗོད་ལས་འདས།།
ཆོས་དང་ཆོས་མིན་ལྟ་གྲུབ་ཤན་འབྱེད་ཆོས་མིན་གྱོང་བོའང་མདུན་དུ་བཀུག།
འཇིག་རྟེན་ས་ཡི་རྡུལ་གྲངས་དང་མཉམ་མཁས་རྣམས་མདུན་སར་ཐལ་སྦྱར་ཏེ།།
གསུང་གི་རྒྱུ་བ་རབ་དང་རིམ་པས་བློ་ལྡན་གཞན་ཡིད་ཅིག་ཅར་འཕྲོག།
༨༽རྒྱལ་བའི་ཞབས་བརྟན།
སེམས་ཅན་དོན་སྤྱི་བོད་འབངས་སྐྱོབ་ལ་རྒྱལ་བའི་སྐུ་ཚེ་རབ་བརྟན་ཤོག།
འཇིག་རྟེན་ཞི་དང་འགྲོ་རྣམས་བདེ་ལ་རྒྱལ་བའི་མཛད་པ་རིང་དུ་སྐྱོངས།།
བསྟན་པ་རྒྱས་དང་རིང་དུ་གནས་ལ་རྒྱལ་བའི་རྣམ་ཕར་ད་དུང་གལ།།
འདོར་ན་སྣོད་བཅུད་ཞི་ཞིང་བདེ་ལ་ཡུན་གནས་མགོན་ཁྱོད་བརྟན་བཞུགས་མཛོད།།
ཞེས་པ་འདི་ཡང་མགོན་པོ་གང་གི་སློབ་འབངས་ཀྱི་གྲལ་མཐར་གཏོགས་པ་གྱི་ན་བ་གཅན་བཟོད་རྒྱམ་པས་སྤྱི་ལོ་༢༠༠༩་ལོའི་སྤྱི་ཟླ་༡༢་པའི་ཚེས་༩་ཉིན་སྤེལ་བ་དགེ་པར་གྱུར་ཅིག
རྨད་བྱུང་བྱམས་བརྩེའི་གོ་ཆ་བགོས་པ༷འི་མགོན་པོ་ཁྱེད་ཀྱི་ཡོན་ཏན་རྣམས།།
ས་གཞི་མ་ལུས་གདན་དུ་བྱས་ཀྱང་ཤོང་བའཌྷི་སྣོད་དུ་མ་མཆིས་ན།།
བྱིས་བློ་བདག་གིས་འཇལ་བའི་སྐལ་བ་ཆུ་ཐིགས་ཕྲ་མོའི་ཟླ་རུ་ཟད།།
དེའི་ཕྱིར་མི་སྨྲའི་བརྟུལ་ཞུགས་བཟུང་ནས་དང་བའི་ཡིད་ཀྱིས་ཕྱག་གསུམ་འཚལ།།
དང་བའི་ཡིད་ཀྱི་ཕྱག་གིས་མཆོད།།
དྲ་གྲོགས་དམ་པ་བཟོད་རྒྱམ་ལགས་ཐུགས་རྗེ་ཆེ།
དྲ་དཔོན་རབ་གསལ་ལགས། ངས་ཁྱེད་ཀྱི་ཡིག་སྒམ་ནང་དུ་༸གོང་ས་མཆོག་གི་འདྲ་ཞིག་བསྐུར་ཡོད་ན་འདི་བདག་གི་རྩོམ་ཡིག་མཉམ་དུ་དྲ་ཐོག་ཏུ་འཇོག་རོགས་ཞུ།
དྲ་དཔོན་རབ་གསལ་ལགས། ངས་ཁྱེད་ཀྱི་ཡིག་སྒམ་ནང་དུ་༸གོང་ས་མཆོག་གི་འདྲ་པར་ཞིག་བསྐུར་ཡོད་ན་དེ་བདག་གི་རྩོམ་ཡིག་དང་མཉམ་དུ་དྲ་ཐོག་ཏུ་འཇོག་རོགས་ཞུ།
རབ་གསལ་ལགས། ད་ངས་ཁྱོད་ལ་ཕྱག་དང་བཅས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཏོ།།
ངས་ཀྱང་ས་བཅད་མ་སྟོང་ཙམ་ཞིག་ཕུལ་ཡོད་་འདི་་་་
ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དགའ་ལ་སྐྱོ།
དཔག་བསམ་ལྗོན་ཞིག་དང་འདྲ་བར་གྲིབ་བསིལ་ཁོར་ཡུག་ཀུན་ལ་རྐྱོངས།
དར་འབུ་ཞིག་དང་འདྲ་བར་རང་གི་ཡོད་ཚད་གཞན་ལ་སྟེར།
ཞུམ་པ་མེད་པའི་ཁེར་རྐྱང་གི་དགེ་སྦྱོང་།
ལུས་ལ་གསོལ་བ་ན་བཟའ་ངན་ངོན་ཞིག་ཡིན་ནའང་།
དཔའ་རྒོད་ཞིག་གི་སྣང་བ་སྟེར།
ཞལ་ནས་འཕྲོ་བ་འཛུམ་ཟེར་ཡིན་ནའང་།
བཙན་པོ་ཞིག་གི་སྣང་བ་སྟེར།
ལྷ་རྒྱལ་རི་རྩེརསྡོད་ཁང་དཀྱུས་མ་ཞིག་ནང་།
རང་གིས་བསྐྱེད་པའི་ལྡུམ་ར་ནས་མཆེད་པའི་མེ་ཏོག་གི་དྲི་བསུང་དང་།
ལྗོན་གསེབ་ནས་སྒྲོག་འོང་བའི་འདབ་ཆགས་ཀྱིས་གསུང་སྐད་ལ་རོལ་བཞིན།
ཁོང་ཉིད་ཆེས་དགའ་བའི་སྒོམ་ལ་འཇུག་དུས།
ཁོའི་རང་དགའ་བ་དེ་མཁའ་དང་མཉམ་ཡང་།
ལྡི་ལི་གནམ་ཐང་ནས་མཚན་སྒུག་བྱས་མཐར།
གནམ་གྲུ་དཀྱུས་མ་ཞིག་ནང་ཞབས་སོར་བཀོད་དེ།
ཉིན་འགྲུལ་མཚན་འགྲུལ་ཕྱོགས་བསྐྱོད་ཀྱི་སྐུ་ཚེགས།
དགེ་སྦྱོང་ཆེན་པོར་རང་དབང་ཞིག་མི་འདུག
རང་ ཟེར་བའི་ཚིག་ལྷག་ཤོར་འདུག
ཁྱེད
ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དགའ་ལ་སྐྱོ། སྐྱིད་ལ་སྡུག
དཔག་བསམ་ལྗོན་ཞིག་དང་འདྲ་བར་གྲིབ་བསིལ་ཁོར་ཡུག་ཀུན་ལ་རྐྱོངས།
དར་འབུ་ཞིག་དང་འདྲ་བར་རང་གི་ཡོད་ཚད་གཞན་ལ་འཁྱེར།།
ཞུམ་པ་བྲལ་བའི་ཁེར་རྐྱང་གི་དགེ་སྦྱོང་།
ལུས་ལ་གསོལ་བ་ན་བཟའ་ངན་ངོན་ཞིག་ཡིན་ཡང་།
དཔའ་རྒོད་ཞིག་གི་སྣང་བ་སྟེར།
ཞལ་ནས་སྤྲོ་བ་འཛུམ་ཟེར་ཉིད་ཡིན་ཡང་།
བཙན་པོ་ཞིག་གི་སྣང་བ་སྟེར།
ལྷ་རྒྱལ་རིར་སྡོ་ཁང་དཀྱུས་མ་ཞིག་ནང་།
རང་གིས་བསྐྱེད་པའི་ལྡུམ་ར་ནས་ལྡང་བའི་མེ་ཏོག་གི་དྲི་བསུང་དང་།
ལྗོན་གསེབ་ནས་སྒྲོག་འོང་བའི་འདབ་ཆགས་ཀྱིས་གསུང་སྐད་ལ་རོལ་བཞིན།
ཁྱེད་ཉིད་ཆེས་དགའ་བའི་སྒོམ་སྒྲུབ་ལ་འཇུག་དུས།
ཁྱེད་ཀྱི་དགའ་བ་དེ་མཁའ་དང་མཉམ་ཡང་།
ལྡི་ལི་གནམ་ཐང་ནས་མཚན་སྒུག་བྱས་མཐར།
གནམ་གྲུ་དཀྱུས་མ་ཞིག་ནང་ཞབས་སོར་བཀོད་དེ།
ཉིན་འགྲུལ་མཚན་འགྲུལ་ཕྱོགས་བསྐྱོད་དུ་ཆས་དུས།
དགེ་སྦྱོང་ཆེན་པོར་རང་དབང་ཞིག་མི་འདུག
གཞན་གྱིས་འཁྱེར་ཞེས་ཀློག་གནང་འཚལ
ཁྱོད་ནི་ན་ཆུང་བྱིས་པ་ཡིན་དུས་བྱིས་པའི་རྩེད་རྭར་འགྲིམས་མྱོང་མེད། །
ཁྱོད་ནི་ཕོ་གསར་དར་མ་ཡིན་དུས་ཕོ་ཡི་སྐྱིད་ལ་རོལ་མྱོང་མེད། །
ཁྱོད་ནི་ལོ་ན་རྒན་པོ་ཡིན་ཡང་རྒན་པོའི་ཐོབ་ཐང་ཁྱོད་ལ་མེད། །
ཁྱོད་ནི་དོན་ལ་སུ་ཡིན་ཤེས་པའི་གྲོགས་ཤིག་ད་དུང་ཡོད་མ་ཡིན། །
སུས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་ཐུབ་ངེས།
ངས་ནམ་རྒྱུན་འདི་ལྟར་དྲན་གི ༧རྒྱལ་བ་རིན་པོ་ཆེ་མེད་དུ་མི་རུང་བ་དེ་ཡང་བོད་མི་རིགས་ཡིན་ལ། ༧རྒྱལ་བ་རིན་པོ་ཆེ་ལ་དད་པ་དག་སྣང་ཡོད་མཁན་དེ་ཡང་བོད་མི་རིགས་ཡིན་ཟེར་ནས་དུས་ཀུན་དུ་བོད་མི་དག་གིས་གླེང་བཞིན་ཡོད་པ་རེད། དེ་ཡིན་དུས། ༧རྒྱལ་བ་རིན་པོ་བོད་དུ་གདན་འདྲེན་བྱེད་ཐུབ་མཁན་དེ་ཡང་བོད་མི་ཡིན་ཟེར་ན་འགྲིག
ང་ཚོས་དེ་རིང་གི་ཉིན་མོ་འདི་ནི་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་་འཛམ་གླིང་ན་མིང་དུ་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་ཏག་ཏག་འཁོར་བར་རྟེན་འབྲེལ་དང་ཤིས་ཚིག་འབྲི་བའི་ཉིན་མོ་དང་། ཆེས་དགའ་སྟོན་རྟེན་འབྲེལ་དུ་རློམ་བཞིན་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད་དུས། འུ་ཅག་བོད་པ་དག་གིས་དེ་ཉིད་ལ་གཙུག་ཆེན་བྱེད་པ་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ནང་དུ་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་མོས་པ་དང་དག་སྣང་། ཡིད་ཆེས་ཡོད་པར་གླེང་བཞིན་པ་དེ་ཡིན།
ཡིད་ཆེས་ནི་དུས་རྒྱུན་དུ་མི་ཚེ་ནང་དུ་དགོས་འཁོ་ཆེ་བ་ཞིག་ཡིན་པ་ནི་བཤད་མ་དགོས་པ་མ་ཟད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་སྟངས་འདི་ཡང་ངོས་ཟིན་པའི་སྒོ་ནས་ཡིད་ཆེས་ཤིག་བྱེད་དགོས་ཀྱི་ཡོད་པ་དེ་ཡིན། དེ་ཡིན་དུས་འུ་ཅག་གིས་ད་ལྟའི་བར་དུ་༧རྒྱལ་བ་རིན་པོ་ཆེ་ཚང་ལ་ཡིད་ཆེས་བྱས་པ་རེད་ལ། ༧ཁོང་གིས་ཀྱང་འུ་ཅག་ཁ་བ་ཅན་གྱི་བོད་མི་ཡོངས་ལ་ཡིད་ཆེས་དང་རེ་བ་བཞག་ནས་འཛམ་གླིང་མི་མང་གི་མདུན་དུ་ཕེབས་ནས། ང་བོད་པ་ཞིག་ཡིན། དེའི་ནང་གི་བོད་ཀྱི་དགེ་སློང་དཀྱིས་མ་ཞིག་ཡིན་པ་མ་ཟད། བོད་ཀྱི་བདེ་སྡུག་བརྗོད་པའི་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཡིན། ཡིན་ཡང་། བོད་མིའི་མཐར་ཐུག་གི་དགོས་འདོད་ཅི་ཡོད་དང་བོད་མི་རིགས་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་དགོས་མིན་དེ་ནི་བོད་མི་རིགས་ཀྱི་ཐག་གཅོད་བྱེད་ངེས་ཡིན་ལ་སོགས་བོད་མི་རིགས་ནི་༧ཁོང་གིས་མཐར་ཐུག་གི་ཡིད་ཆེས་བྱེད་ས་དེར་རྩིས་ཡོད་པ་རེད།
ཉིན་མོ་འདི་ནི་འུ་ཅག་ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་དེ་དག་ལ་སྤོབས་པ་ཆེན་པོའི་སྒོ་ནས་མདུན་བསྐྱོད་བྱེད་པའི་ཉིན་མ་ཞིག་ཡིན་པ་མ་ཟད། དུས་རྒྱུན་དུ་རང་གི་འཚོ་བའི་ནང་གི་དུས་ཚོད་སྐར་ཆ་རེ་རེ་ཡང་། ༧ཁོང་གིས་འུ་ཅག་ལ་བཅོལ་བའི་ཡིད་ཆེས་དེའི་ཆེད་དང་། དགུང་ལོ་བགྲེས་པའི་༧རྒྱལ་བ་རིན་པོ་ཆེ་ཚང་། རང་གི་བཞུགས་གནས་ཁ་བ་ཅན་དུ་གདན་འདྲེན་བྱེད་ཐུབ་མིན་དེ་ཡང་བོད་མི་རིགས་ཀྱི་སྙིང་སྟོབས། སེམས་ཤུགས། ཞུམ་མེད་ཀྱི་སྤོབས་པ། འགྱུར་མེད་ཀྱི་དམ་བཅའ། ཆིག་སྒྲིལ་གྱི་མདུན་བསྐྱོད། མི་རིགས་ཀྱི་ལྟ་ཞེན་སོགས་ལ་བརྟེན་ནས་༧ཁོང་ཉིད་བོད་དུ་གདན་འདྲེན་བྱེད་དགོས་པ་ཡིན་ལ། ༧ཁོང་གིས་ཚེ་མཇུག་གི་རེ་བ་འུ་ཅག་བོད་མི་ཡོངས་ལ་བཅོལ་བ་དེ་ཡང་། འུ་ཅག་ཁ་བ་ཅན་པ་གང་ན་སུ་ཡོད་པ་དག་གིས་བསམ་བློ་གཏོང་བ་ནས་བགྲོ་གླེང་བྱེད་པ། བགྲོ་གླེང་བྱེད་པ་ནས་ཚིག་ཐག་གཅོད་པ། ཚིག་ཐག་གཅོད་པ་ནས་ལས་འགུལ་སྤེལ་བ། སྤེལ་བ་ནས་མ་འགྲུབ་བར་དུ་ཕྱི་ནུར་མི་བྱེད་པ། ད་གཟོད་འུ་ཅག་ཁ་བ་ཅན་པ་ཡོངས་ཀྱིས་༧ཁོང་གི་ཡིད་ཆེས་འགྲུབ་ཐུབ་པ་ཡིན་ལ། འུ་ཅག་གིས་༧ཁོང་ཚང་ལ་ཡིད་ཆེས་ཡོད་པ་དང་། དད་པ་དག་སྣང་ཡོད་པ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་དགོས་པ་སོགས་ཁ་ཡོད་ལག་ཡོད་ཀྱིས་བསྟན་པ་ཡིན་ཟེར་ན་འདོད་བྱུང་།
མཐར་ཐུག་ནི་སུས་༧རྒྱལ་བ་རིན་པོ་ཆེ་ཚང་བོད་དུ་གདན་འདྲེན་ཞུ་ཐུབ་མིན་དེ་ནི་སུས་འཇོན་གྱི་ཡོད་མེད་དེ་ནི་སྤུན་ཟླ་ཡོངས་ཀྱི་བསམ་བློ་ཞིབ་མོ་གཏོང་དགོས་པ་ཡིན། ང་ལ་ནམ་ཡང་དེ་ནི་བོད་མི་གཅིག་བུའི་ཐུབ་པ་ཡིན་ལ། ༧རྒྱལ་བ་རིན་པོ་བོད་མི་རིགས་ལ་དགོས་པ་དེ་ནི་དངོས་ནས་ཡིན་ན། བོད་མིས་ཐུབ་ཟེར་ནས་ཞུས་པ་ཡིན་ལགས།
སྤྱིར་ན་དེ་རིང་གི་ཉིན་མོ་འདི་ནི་༧རྒྱལ་བ་རིན་པོ་ཆེ་ཚང་གི་གཟེངས་རྟགས་བཞེས་དེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་ཡིན་ལ། དེ་ལ་ཤིས་ཚིག་ཞིག་བྲིས་དེ། དད་པ་དག་སྣང་ཡོད་ཁུལ་གྱི་རྣམ་པ་ཞིག་སྟོན་དགོས་པའི་ཁྲལ་ལྟ་བུའི་ནད་ཚ་ཞིག་བོད་མི་ཀུན་ལ་ཡོད་ཀྱང་། ངས་ནི་དེ་ལྟར་མ་བསམ་པར། རང་གི་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་སྐོར་ནས་ཉུང་ངུ་ཞིག་སྤུན་ཟླ་ཁ་བ་ཅན་པ་ཡོངས་ལ་ཞུས་པ་ཡིན།
དྲ་བདག་ལགས། འདི་དྲ་ཐོག་དུ་འདྲེན་རོགས་ཞུ། ང་རང་གི་རེ་བ་ཆུང་ཆུང་ཞིག་ཡིན།
༄༅། །རང་ལུགས་དྲི་མེད་རྣམ་དག་ཚུལ་ཁྲིམས་གཙང་།།གཞན་ལུགས་དགག་མེད་བརྩོན་པ་ལྷུར་མཛད་ཅིང་།
།ཡང་དག་ཟུང་འཇུག་མཆོག་ལ་ཐུགས་སྐྱེས་པ། །ཕན་བདེ་ནུས་པའི་འགྲོ་ཀུན་ལམ་བཟང་མཆོག།
༄༅། ཞེ་བདེ་གཟིགས་རྟགས་ཉིན་མོར་༧གོང་༧ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱིས་
སྒོ་གསུམ་གུས་ཕྱག་འབུལ།།
བཀྲ་ཤིས་བདེ་ལེགས་ཞུ། མཁྱེན་མཁྱེན་ཁཝམཁྱེན།།
རྣམ་དག་ཡང་ཅིང་པདྨ་མཆོག་མངའ་བ། །མཁྱེན་པའི་གཟིགས་ལ་ཉིན་མའི་མ་ཟིན་ཅིང་།
།གང་གིས་ཞབས་པད་གུས་པའི་བརྟེན་ཅན་པ། །རྒྱལ་མཆོག་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།
བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན་པར་ཤོག །
རྒྱལ་བའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །
གངས་རིའི་ལྗོངས་སུ་བདེ་སྐྱིད་འཆར་པར་ཤོག །
གཞིས་བྱེས་བོད་མི་ལྷན་མཛོམས་ཡོངས་པར་ཞོག །
རྩ་བའི་བླ་མ་བཞུགས་ས་གཞན་ཡུལ་རེད།།
དམ་ཆོས་འཁོར་ལོ་སྐོར་སའང་གཞན་ཡུལ་རེད།།
ཀྱེ་མ་མུན་ནག་བོད་ཀྱི་རྒྱལ་ཁམས་ན།།
སྐྱབས་མེད་མགོན་མེད་རང་རིགས་སྙིང་རེ་རྗེ།།
སེམས་སྐྱོ་ཞིང་འཁང་བའི་ཚུལ་གྱིས་བྲིས།