གཡུ་ཐོག་བུ།
སྨན་གྱི་བླ་མ་ང་ཡི་ལྷ་སྐལ་ཡིན།།
གསོ་རིག་རྒྱུད་བཞི་ང་ཡི་ཆོས་སྐལ་ཡིན།།
ལྕགས་རིའི་མཐོ་སློབ་ང་ཡི་ཕོ་བྲང་ཡིན།།
དགེ་སློབ་ཡོངས་རྫོགས་ང་ཡི་ནང་མི་ཡིན།།
གཡུ་ཐོག་ཆེན་པོ་ང་ཡི་མེས་པོ་ཡིན།།
གསོ་རིག་རྒྱུད་གསུམ་ང་ཡི་གཅེས་ནོར་ཡིན།།
བྱང་ཟུར་རྣམ་གཉིས་ང་ཡི་ལམ་སྟོན་ཡིན།།
རྒྱུད་འགྲེལ་ཡོད་ཚད་ང་ཡི་ཡུལ་ལྗོངས་ཡིན།།
བལྟ་རེག་དྲི་གསུམ་ང་ཡི་ཆ་བྱད་ཡིན།།
ཐང་ཕྱེ་རིལ་བུ་ང་ཡི་བང་མཛོད་ཡིན།།
ཉམ་ཐག་ནད་པ་ང་ཡི་གཅེས་ཕྲུག་ཡིན།།
གསོ་རིག་བསྟན་པ་ང་ཡི་འཇིག་རྟེན་ཡིན།།
གོང་གི་རྩོམ་དེ་ཕྲན་གྱི་ཡིན། རྩོམ་ཡིག་བསྐུར་དུས་མིང་མཉམ་དུ་འབྲི་རྒྱུ་བརྗེད་འདུག
གཡུ་ཐོག་བུ་ཕྲན་གྱི་གློག་འཕྲིན་ཁ་བྱང་ཡིན་ལགས།
དོལ་སྨྱོན་ལགས། རིན་ཆེན་རིལ་བུ་འདྲ་བཞེས། ལྷོད་ལྷོད་གནང་། དེ་ནས་རྩོམ་འདྲ་བྲིས་དང་། གཞན་རྩ་འཕར་དུས་ཁྱད་མཚར་ཡོད་རེད་ད་ལོ།
མེ་དཀར་ལགས།
རིན་ཆེན་རིལ་བུ་ལས་གོ་ཡུ་བདེ་དཔག་ཡག་པོ་ཡོད་རེད། ཧཧཧཧཧ
ང་ཡི་སྐལ་བ་མང་པོ་མ་བརྗེད་པར།།
མིང་གི་སྐལ་བ་བརྗེད་དོན་ཅི་ཞིག་རེད།།
མེ་ཏོག་དཀར་པོས་བསླབ་བྱ་སྔོན་དུ་བཏང་།།
དོལ་པོ་སྨྱོན་པས་ལམ་སྟོན་རྗེས་སུ་བྱས།།
ཕན་ཚུན་བསམ་པ་དཀར་བའི་བྱེད་སྟངས་འདི།།
བོད་མིའི་སྤྱོད་བཟང་ཟེར་བ་ཡིན་ས་རེད།།
བལྟ་རེག་དྲི་གསུམ་ང་ཡི་ཆ་བྱད་ཡིན།། བལྟ་བ་ཟེར་ན་ནད་པ་བུ་མོ་སྙིང་རྗེ་བོ་སླེབས་ན་གཅིན་པ་བལྟ་བ། རེག་པ་ཟེར་ན་རྐང་པའི་རྩེ་ཆེན་ནས་བཟུང་སྟེ་པུས་མོ་ཡན་ལ་རེག་པ། དྲི་ཟེར་བ་འདི་ག་འདྲེས་སེ་རེད། འོ་ད་སེམས་ལ་ཤར་ཐ། འདོམ་ལ་དྲི་མ་ཡོད་མེད་བལྟ་བ་ཡིན་ས་རེད་པ། ཡང་ན་་་་་་་ ད་ངས་ཀྱང་སྨན་ཞིག་སློབ་སྦྱོང་བྱེད་དགོས་ས་རེད། དོལ་སྨྱོན་ལགས་ཁྱེད་ཀྱི་ཕྱག་ལེན་དེ་སློབ་དགོས་ས་རེད། ཧཧ
ཟླ་མེད་ལགས།
དེ་ཙམ་གྱིས་ག་ལ་ཚད་དེ།
ལྟ་བ་་་་་་སྤྱི་གཙུག་མན་ཆད་དང་རྐང་མཐིལ་ཡན་ཆད།
ད་དུང་གཙིགས་ཆེར་ལྟ་དགོས་པ་ནི།
ནུ་མ་དང་མཚན་མ་སོགས།
རེག་པ་་་་མྱོས་བུམ་ལ་འཕུར་བ་དང་མཚན་མ་ལ་དཀྲུགས་པ།
ད་དུང་མཁུར་ཚོས་འཕོང་ཚོས་སོགས།
དྲི་བ་་་་ཁ་ལག་གང་ལ་དགའ་བ། སྤྱོད་པ་ཇི་ལྟ་བུ་ལ་མཉེས་པ།
ད་དུང་འོ་སྦྱོར་ལུགས་དང་རྒྱོ་རྒྱག་ལུགས་གང་ལ་དགའ་བ་སོགས།
ངའི་སྙུག་མིང་ཐོག་བྱིས་པ་ཞིག་གི་རྩོམ་ཞིག་སྤེལ་བར་ཧ་ལས་བྱུང་།
ཅི་འདྲ་འདྲའི་ན་གཞོན་ཀླད་སྟོང་འགའ་འཇིག་རྟེན་འདིར།་་་་་་མི་ལུས་རིན་ཆེ་དེ་འཕྲོག་བརླག་གཏང་བར་སྐྱེས་ཡོད་འདུག་་་་རྩོད་ཀྱི་རྟེན་འབྱུང་ལྟོས་གྲུབ་ཀྱི་ཆོས་ཉིད་མི་གླེང་བ།་་་འདི་དང་ཕྱི་མ་གཉིས་ཆ་འཕོངས་སུ་འཇུག་པའི་བུད་མེད་ཚོའི་དྲི་སྒོར་འཐིམས་པར་ཁ་སྐྱེངས་པའི་གནས་མ་རེད་དམ།་་་་་་གཞོན་སྐྱེས་ཚོ་ཁ་བ་གངས་ཅན་པའི་གཤིས་འཇམ་སྤྱོད་བཟང་གི་རང་བཞིན་དེ་ངོམ་ན་མི་འགྲིག་གམ།
གཡུ་ཐོག་བུ་ལགས།
ཁྱེད་རང་ཐུག་འཁྲལ་གནང་མི་དགོས།
ངས་གོང་ནས་གསལ་བཤད་བྱས་ཡོད།
གཡུ་ཐོག་བུ་་་་ཞེས་པ་ང་ཡི་གློག་འཕྲིན་ཁ་བྱང་ལས།
ང་ཡི་སྙུག་མིང་གཏན་ནས་མིན་ནམ་ཡང་མིན།
ད་དུང་ཁྱེད་ཀྱིས་་་་བྱིས་པ་ཞིག་་་་གསུངས་བར་དགའ་བསུ་ཡོད།
ཕྲན་ནི་བྱིས་པ་རང་ཡིན་ལགས།
ལྡོང་ངུའི་བུ་ལགས།
སྐབས་རེ་རྩེད་མོ་དང་ལན་རེར་དངོས་བདེན་ཤོད་པ་ནི།
འཇིག་རྟེན་པའི་འགྲོ་ལུགས་ཡིན་ན།
དེ་ལ་ཉིད་ནས་མ་བདེ་བ་བྱེད་དོན་ཅི་ཞིག་འདུག
ངས་བལྟས་ན་རང་ཉིད་གང་ལ་རྩེད་པའི་བུ་མོ་ཞིག་མེད་ཙང་ཡིན་གྲོ།
ཧ་ཧ་ཧ་ཧ
མཆན་འབྲི་བ་དང་མཉམ་དུ་བུ་མོ་སྐོར་སླེབ་བཏང་ལ་ལྟོས་ན་མཆན་བུ་འབྲིམཁན་སུ་ཡིན་སེམས་ནང་ཁྲིགས་སེ་རེད
ཁྱེད་ཀྱིས་མཁྱེན་ན་ཡག་པོ་རེད། དེ་ལྟར་ཞུ།
ཕྱེ་མ་ལེབ་འཕུར་ནས་མཐོང་རྒྱུ་མེད་པ། གང་ན་འགྲོ་བ།
ཕྱེ་མ་ལེབ་གནས་སྐབས་རིང་ཡང་བའི་ལྡུམ་ར་མང་པོ་ཞིག་ན།
མེ་ཏོག་སྣ་ཚོགས་ཀྱི་ཟེའུ་འབྲུ་ལ་རོལ་བར་སོང་བ་ཡིན།
དེ་ནས་དྲ་གྲོགས་ཚོ་དང་ཁ་བརྡ་དྲྭ་བ་དྲན་དྲན་ནས་སླར་ཡང་འདིར་ཡོང་བ་ཡིན།
ངས་བལྟས་ན་ལྡུམ་ར་གཅིག་ལས་གཉིས་མཛེས་ཀྱིས་ཡོད་ནའང་།
ཡང་རྩེའམ་རྒྱལ་པོ་ནི་ཁ་བརྡ་རང་རེད་འདོད།
དབྱངས་ཨས་བསྔགས་པ་ཚངས་སྲས་སྒྲ་དབྱངས།
ན་ཕྲ་སྨན་དང་སྨན་རམ་བསྔགས་མཛད་གང་།།
སྨན་དང་ཡན་ལག་བརྒྱད་ལྡན་ཆབ་གསང་ལའང་།།
ངག་དབང་དབྱངས་ཅན་ལྷ་ལྟར་རབ་མཁས་པས།།
སྨན་ཤར་རྣམས་དང་ལས་དབང་བཟང་ལགས་སམ།།