ཟླ་བ་ཚེ་རིང་གིས་བསྒྱུར།
मैं पल दो पल का शायर हूँ
ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།
मैं पल दो पल का शायर हूँ
पल दो पल मेरी कहानी है
पल दो पल मेरी हस्ती है
पल दो पल मेरी जवानी है
ང་ཡུན་ཅིག་ཡུན་གཉིས་ཀྱི་སྙན་ངག་པ།།
ཡུན་ཅིག་ཡུན་གཉིས་ངའི་གཏམ་རྒྱུད།།
ཡུན་ཅིག་ཡུན་གཉིས་ངའི་བྱས་རྗེས།།
ཡུན་ཅིག་ཡུན་གཉིས་ངའི་ལང་ཚོ།།
मुझसे पहले कितने शायर
आए और आकर चले गए
कुछ आहें भर कर लौट गए
कुछ नग़मे गाकर चले गए
ངའི་སྔོན་ཇི་ཙམ་སྙན་ངག་མཁན།།
འོངས་པར་གྱུར་ཅིང་འོང་སྟེ་སོང་།།
འགའ་ཞིག་དབུགས་རིང་འབྱིན་ཏེ་ལོག།
འགའ་ཞིག་གླུ་གཞས་གཏོང་སྟེ་ཐལ།།
वो भी एक पल का किस्सा था
मैं भी एक पल का किस्सा हूँ
कल तुमसे जुदा हो जाऊँगा
वो आज तुम्हारा हिस्सा हूँ
དེའང་ཡུན་ཅིག་གི་གཏམ་རྒྱུད་རེད།།
ངའང་ཡུན་ཅིག་གི་གཏམ་རྒྱུད་ཡིན།།
སང་ཉིན་ཁྱོད་དང་བྲལ་འགྱུར་དེ།།
དེ་རིང་ཁྱོད་ཀྱི་ཆ་ཤས་ཡིན།།
कल और आएंगे नग़मों की
खिलती कलियाँ चुनने वाले
मुझसे बेहतर कहने वाले
तुमसे बेहतर सुनने वाले
སང་ཉིན་གཞན་ཞིག་འོང་འགྱུར་གྱི།།
གླུ་ཡི་གང་བུ་བཞད་འཐུ་མཁན།།
ང་ལས་ལྷག་པའི་འཆད་པ་པོ།།
ཁྱོད་ལས་ལྷག་པའི་ཉན་པ་པོ།།
कल कोई मुझको याद करे
क्यूँ कोई मुझको याद करे
मसरूफ़ ज़माना मेरे लिये
क्यूँ वक़्त अपना बरबाद करे
སང་ཉིན་འགའ་ཡིས་ང་དྲན་གྱི།།
ཅིའི་ཕྱིར་འགའ་ཡིས་ང་དྲན་གྱི།།
འདུ་འཛིའི་དུས་འདིས་ང་ཡི་སླད།།
ཅིའི་ཕྱིར་རང་གི་དུས་ཆུད་ཟ།། །།