བོད། ལྷ་ྐླུ་གཉན་གསུམ།
རུམ་ལ་སྙོབས་ན་རུམ་ཁོག་གྲང་མོ་རེད།།
སེམས་ལ་བརྟག་ན་སེམས་པ་མིག་ཆུ་རེད།།
ལུས་ལ་བལྟ་དུས་རོ་ཐོ་སྐམ་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
འཁྲིས་ཀྱི་མི་ཚོས་ང་ལ་གདོན་རྫས་ཟེར།།
མདུན་གྱི་གྲོགས་པོས་ང་ལ་ཁ་ནག་འབོད།།
རྒྱབ་ཀྱི་མགྲོན་པོས་ང་ལ་འཕྱ་དམོད་བྱེད་།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
ཕྱུག་པོའི་མིག་ན་ང་ནི་དབུལ་པོ་རེད།།
དབུལ་བོའི་མིག་ལ་ང་ནི་ཁྲེལ་མེད་རེད།།
གཞན་མིའི་གྲལ་དུ་ང་ནི་འཁྱམ་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
སྒོར་མོའི་ཆེད་དུ་ང་རང་གཡོག་པོ་རེད།།
ངོ་སོའི་དྲུང་དུ་ང་རང་དུད་འགྲོ་རེད།།
ཁ་ཚིག་གཏམ་ལ་ང་རང་མེད་པོ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
དག་ཆའི་ཕྱོགས་སུ་ང་རང་ལག་ཆད་རེད།།
སྙན་ངག་ཕྱོགས་ནས་ང་རང་གད་སྙིགས་རེད།།
རྩོམ་རིག་ཕྱོགས་ལ་ང་རང་ལོང་པ་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རྙེད།།
མཁས་པའི་མདུན་ན་ང་རང་ཞབས་འདྲེན་རེད།།
མི་རིགས་ཁྲོད་ན་ང་རང་མིག་རྫོད་རེད།།
ལག་རྗེས་ཟེར་དུས་ང་རང་ཁྱི་སྐྱག་རེད།།
རང་ལས་གླེན་པའི་མི་ཞིག་ངས་མ་རེད།།
བདེན་པ་རང་རེད།ང་ཡང་དེ་ལྟར་ཡིན།
འོ་འོ་ད་ཡིན་ན་ཁྲ་གླག་སྤྱང་གསུམ་ནས་ང་ཟེར་མཁན་ཅིག་ལ་སྡིག་དམོད་བྱེད་ཀྱི་འདུག ང་ཟེར་མཁན་དེ་སུ་རེད། ང་ཟེར་མཁན་དེ་ལ་ང་རྒྱལ་ཟེར་མཁན་དེ་དགོས་པ་རེད། སྤྱིར་ནང་ཆོས་ཕྱོགས་ན་ང་རྒྱལ་ཟེར་བ་དེ་སྤང་བྱར་གསུངས་ཡོད་ན་ཡང་། ཡང་ཆོས་གཞུང་གཞན་དག་ཅིག་ན་ང་རྒྱལ་ཟེར་བ་དེ་དགོས་པར་ཡང་གསུངས་ཡོད་ནི་རེད། ད་རུང་ས་ལུ་ལྗང་བུའི་མདོ་ན་འདི་འདྲ་གསུངས་ཡོད་ནི་རེད། ༼ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད།། དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན།། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད།། དེ་ནི་སངས་རྒྱས་ཆོས་ནི་བསྐྱེད་ལ་ཕན༽ འདི་འདྲ་གསུང་ཡོད་ནི་རེད། ད་རུང་ཆོས་གཞུང་གཞན་དག་ཅིག་ན། ཞུམ་པའི་ལེ་ལོ་ནི་རྩ་བ་ནས་སྤང་བྱར་གསུང་ཡོད། འདི་ནི་གོང་ས་མཆོག་གིས་གསུངས་ཆོས་ནམ་ཡོད་ལ་གསུངས་གི་ཡོད། དེ་ལ་གོ་རྒྱུ་དང་དགེ་ཚན་གཉིས་ཀ་ཡོད། ཞུམ་པ་ཟེར་བ་དེ་དུས་ནམ་ཡང་རང་ཉིད་ཀྱི་སེམས་ལ་ཡོད་མི་རུང་། འོན་ཀྱང་ཁེངས་སྐྱུངས་དང་ཞིམ་པ་རྩ་ནས་མི་འདྲ། འོ་ཡ་ཁྲ་གླག་སྤྱང་གསུམ། ང་ལྟ་བུའི་ཁ་ཏི་སྐྱ་ཏི་ཅིག་ཁྱོད་ལ་རྒྱབ་འདྲེ་བརྒྱབ་ན་སེམས་ཞུམ་མི་དགོས་ལ། ལྷག་པར་དུ་ང་རྒྱལ་སྐྱེད་དགོས། མུ་མཐུད་དུ་རྒྱ་འདྲེ་རྒྱག་དགོས། ལ་གཞས་གཞོན་ནུ་འགུག་པའི་ལྕག་ཀྱུ་ན་འདི་འདྲ་གསུངས་ཡོད། ༼རྟ་མ་རྒྱུགས་ཐོ་རུར་ཁེགས་མེད།། མགོ་སྤྲུག་གི་འདུག་ནོ་དཔེ་ཡིན།། སྒ་བསྡད་ཀི་བསྡད་ན་ལོབ་འགྲོ་བ༽ གསུངས་འདུག་ཡ ཧཧ
གཞོན་ནུ་ཟླ་མེད་ལགས། ཁྲ་གླག་སྤྱང་གསུམ་ཟེར་བ་དེ་ནི་སྤུན་ཟླ་གཞན་ཞིག་རེད་ལགས། སྐུ་ཉིད་ཀྱིས་བདག་ལ་བྲིས་པ་ཡིན་ན། ཐུགས་རྗེ་ཆེ་ལགས། བདག་གི་སེམས་སུ་འཛིན་ངེས་ཡིན། དེ་མིན་ཁྲ་གླག་སྤྱང་གསུམ་མིང་ཅན་གྱི་སྤུན་ཟླ་དེར་བྲིས་པ་ཡིན་ན་ནི་མི་ཤེས་ལགས། ཁོ་རང་གི་བསམ་བློ་གཏོང་ངེས་ཡིན།
འོ་ངའི་མགོ་ལ་ཐོག་གི་བརྒྱབ་ནས་ཁྲ་གླང་སྤྱང་གསུམ་ཡིན་ན་ཅིག་བྲིས་འདུག ཁྲ་གླག་སྤྱང་གསུམ་ཟེར་ངེས་ཅིག་ངའི་དྲན་པའི་ཡུལ་ན་ཡང་མེད་ཀི ངས་ལྷ་ཀླུ་གཉེན་གསུམ་ལ་ཁྱོད་ལ་བྲིས་ནི་ལོས་ཡིན་ཟེ་ན།
ཁ་བརྡ་ཚང་གི་ངའི་མཆན་བུ་བསུབ་དགོས་པའི་རྒྱུ་རྐྱེན་ཞིག་ངེས་པར་གསུངས་རོགས
གལ་སྲིད་རྒྱུ་རྐྱེན་མེད་པ་བསུབ་ཀྱང་བྱས་ཚེ་ངས་ཀྱང་དེ་ལུགས་ཀྱིས་ལན་ཞིག་རྒྱུད་ལམ་གཞན་ཐོག་ནས་འབུལ་ཆོག་ཅེས་ཧོར་ཤན་རྒོད་མེ་རུ་རྩེ་ནས།