གླིང་ཚ་ཚེ་བརྟན་རྡོ་རྗེ།
སེམས་ལུས་ལྗོན་ཤིང་ཁ་བའི་ལྗོངས་སུ་སྐྱེས།།
སྐད་དང་ཡི་གེ་གངས་རིའི་ཡུལ་ནས་བསླབས།།
རིགས་ཀྱི་ལྷན་སྐྱེས་མདོ་སྨད་ལྗོངས་ནས་རྙེད།།
རིགས་ཀྱི་རུས་ཚུགས་སྲ་མོའི་རྒྱུད་རིམ་ཉིད།།
ལོ་ཟླའི་རླུང་འཚབ་དྲག་པོས་གང་སར་དེད།།
བྱོལ་བའི་འཚོ་བ་མི་ལོ་མང་བོར་བསྐྱལ།།
རི་ལུང་ས་མཐའ་འགྲིམ་པའི་ཉམས་མྱོང་གིས།།
རིགས་ཀྱི་དེད་དཔོན་དྲུང་ནས་གདམ་པ་རྙེད།།
གུས་བའི་བསླངས་པའི་རིགས་ཀྱི་བདེན་དོན་དང་།།
རྒྱབ་དུ་སྐྱུར་བའི་ཕ་མ་བུ་ཕྲུག་སོགས།།
ཉེ་དང་རྒྱང་དུ་སྡུག་གི་མཚོ་མོ་རུ།།
དྲངས་པའི་ངེས་པ་ཟབ་མོ་སེམས་ནས་རྙེད།།
དལ་རྟེན་སྙིང་བོ་དམ་པའི་ཆོས་ལས་གསུང།།
མི་བུའི་རང་ཚུགས་མི་ཆོས་རྩ་བར་བཙུགས།།
བདེན་པའི་བརྡ་རྟགས་འཁྲུལ་མེད་དཔག་བསམ་ཤིང་།།
འཛུགས་པའི་སྙིང་སྟོབས་འདིའོ་ཀུན་ལས་རྙེད།།
ཞི་བའི་མེ་ལ་འཐིམ་པའི་རང་རིགས་སྤུན།།
ན་ཟུག་སྟོང་གི་མནར་བ་གཞིས་ལུས་མི།།
གཞན་ཡུལ་གནས་ཚང་བྱེད་པ་བཙན་བྱོལ་བཅས།།
མི་རིང་ལྷན་འཛོམས་ཡོང་བའི་མདུན་པ་རྙེད།།
༧ཁོག་གི་སྙིང་དང་དཔྲལ་བའི་མིག་འདྲ་བའི།།
འཛམ་གླིང་༧སྤྱི་ནོར་༧གོང་ས་མི་ཡི་གཟུགས།།
ཐུགས་རྗེ་ཉེ་རིང་བྲལ་བ་སྙིང་རྗེའི་ལྷ།།
གང་མྱུར་ཁ་བའི་ལྗོངས་སུ་ཕེབས་པར་སྨོན།།
༣།༣།༡༣བོད་ཀྱི་ཐབ་ཚང་དུ།
འདི་བཀླགས་པས།
རྒྱས་སྲས་དྲི་མེད་ཀུན་ལྡན་འཁྲུངས་ནས་ཡུན་རིང་མ་ལོན་པར། ཁོང་གིས་སེམས་ཅན་ཀུན་གྱི་སྡུག་བསྔལ་གཟིགས་ནས།
ཀྱེ་མ་འཁོར་བའི་རྒྱ་མཚོའི་གཏིང་རིང་ནས།།
སྡུག་བསྔལ་དྲག་པོའི་ནང་དུ་བདག་འདྲ་བ།། ཞེས་མགུར་ཞིག་བླངས་ཡོད་པ་དེ་ཡིད་ལྷང་ལྷང་དྲན་བཅུགས་སོང།
ལམ་དབུ་མའི་ལྟ་བ་འཛིན་མཁན་གྱི་སྲོག་རྩ་ནི་༧གོང་ས་མཆོག་དང་བོད་མའི་སྒྲིག་འཛུགས་ཡིན་པས། ༧ གོང་ས་མཆོག་གི་ཕོ་བྲང་དང་གཞུང་གི་ལས་ཁུངས་སྒོར་རྒྱའི་ཁྲག་མདོག་གི་དར་བཙུགས་མེད་པས། ཁྱེད་རང་གིས་ཀྱང་ཐུགས་བསམ་བཞེས་ནས་མ་འཕྱར་རོགས། གསུམ་པའི་ཚེས་བཅུ་ནི་བོད་མི་སྟོང་ཕྲག་མང་པོ་དར་དམར་དེའི་འོག་ཚེ་སྲོག་ཤོར་བ་དང་། དར་དམར་དེའི་བདག་པོ་ལ་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་བྱུང་བའི་དུས་དྲན་ཡིན་པས་ཉིན་མོ་དེར་དར་དམར་དེ་འཕྱར་ན་མཚམས་པོ་ཡོད་མེད་གཟིགས་རོགས། དེ་མིན་ཁྱེད་ཀྱི་ལྷག་བསམ་དང་ཆོད་སེམས་ལ་ཡིད་རངས་དང་སྔགས་བརྗོད་བཅས།
རེ་བའི་མིག་ཟུང་རྒྱང་དུ་ཅེར། བདེན་པའི་ཁུ་ཚུར་གནམ་ལ་བསྒྲེངས།
སྤོབས་པའི་གོམ་པ་མདུན་དུ་སྤོས། ཁེར་རྒྱུགས་དཔའ་བོ་གླིང་གི་བུ།
མི་སྐྱེས་དོན་ཡོད་ཅིག་ཡིན་ན།
སྐྱེ་སྟངས་འདི་འདྲ་ཡིས་ལོས་ཆོག
བོད་ལ་བསམ་དཀར་ཞིག་ཡིན་ན།
ཡིད་སྨོན་འདི་འདྲ་རང་ལོས་ཡོད།
ཁ་བཤད་གྱི་མཁས་པ་མང་པོ་འདུག།
ལག་ལེན་གྱི་བདག་པོ་ཁྱེད་ལས་སུ།།
སྙིང་གཏིང་ནས་རེ་སྐུལ། རྩོམ་དེ་གླིང་ཚ་རང་གི་ཡིན་ཙང་མཆན་བུའང་གཟིགས་ངེས། ཉིད་ཀྱི་ལྷག་བསམ་དང་ཆོད་སེམས་བརྟན་པོས་ཞི་བའི་ལས་འགུལ་གཞན་གྱིས་བྱེད་དཀའ་བ་སྤེལ་དང་སྤེལ་བཞིན་པ་ནི་ང་ཚོ་བོད་མི་ཚོའི་སེམས་ནང་ཡོད། འོན་ཀྱང་ཉིད་ཀྱིས་རྒྱ་ཡི་དར་ཆ་འཕྱར་བ་དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་ཚོགས་པ་དང་ཚོགས་པའི་བར། སྒེར་དང་སྒེར་གྱི་བར། རྩོམ་པ་པོ་དང་རྩོམ་པ་པོའི། དྲྭ་རྒྱའི་མཆན་བུ་བ་དང་མཆན་བུ་བའི་བར་བཅས་ལ་རྩོད་རྙོག་བྱུང་བཞིན་པ་ནི་མཁྱེན་གསལ་རེད། དེས་ན་ཁྱེད་ཀྱི་ལས་འགུལ་དེ་བོད་་མི་ནང་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་རྐྱེན་དུ་འགྲོ་ན་ལས་འགུལ་དེ་སྤེལ་བ་ལས་ཀྱང་མ་སྤེལ་བ་བཟང་བ་དང་། དགྲ་དགའ་གཉེན་སྡུག་ཞིག་ཏུ་འགྱུར་སྲིད་པས་ཐུགས་བསམ་བཞེད་རོགས། ལྷག་པར་རྒྱའི་དར་ཆ་མ་འཕྱར་ན་ཡང་དབུ་མའི་ལངས་ཕྱོགས་འཛིན་མི་ཆོག་པ་དེ་འདྲ་མ་ཡིན་པ་དང་། དར་དམར་འཁུར་བ་དང་མ་འཁུར་བ་གཉིས་གང་ཕན་ཡོན་ཆེ་བསམ་བློ་ངེས་པར་བཏང་རོགས།
དབུ་མའི་ལམ་འོག་བསྐྱོད་ན་རྒྱ་དར་ཕྱོར།
ས་ཡ་དྲུག་པོ་རྒྱ་མིའི་རྐང་འོག་ཆུགས།
རང་ཉིད་སྒེར་བསྐྱོད་ཡིན་ན་གང་འདོད་བྱོས།
རང་ཐག་རང་གཅོད་སྐྱེས་བུར་སུས་ཀྱང་བསྟོད། །
བརྩེ་བའི་མེ་ཏོག་ཡོད་ན་ཆུང་མའི་སེམས་སུ་མཐུན་པའི་སྦྲང་རྩི་ཕོབས་།
བྱམས་པའི་པའི་སེམས་ཞིག་ཡོད་ན་ཨ་ཕ་བཟང་བོའི་རྣམ་ཐར་སྐྱོང་ལ་སོང་།
རྣམ་དག་ཀུན་སློང་ཡོད་ན་བོད་པའི་ནང་ཁུལ་འཆམ་པའི་ལས་ལ་བརྩོན་།
བརྟན་པའི་རང་གཤིས་ཡོད་ན་དུས་བཞི་ལྟ་བའི་བྱ་སྤྱོད་དེ་སྤངས་ཤིག
སེམས་ཀྱི་ཤེས་པའི་དགོངས་ཚུལ་འདིར་སྤུངས་པའི།།
རིགས་ཀྱི་སྤུན་ཟླའི་སྙིང་གཏམ་གང་གསུངས་པ།།
མི་ཡི་གཟུགས་ནས་བོད་ཀྱི་ལུས་ཐོབ་པའི།།
ཕལ་བའི་བུ་ངའི་སེམས་སུ་བརྟན་པོར་འཛིན།།
༄། བུ་གླིང་ཚ་ལགས། རྒྱ་རོའི་ཁྲག་དར་དེ་བཞག་ནས། གང་ཅན་པ་ཡི་སྲིད་ཞི་ཕན་བདེའི་རྒྱ་དར་དེ་ནམ་མཁའ་ལ་བསྒྲེང་ཤིག་བུ་། ཚེ་རིང་་ནད་མེད་བདེ་བའི་རོལ་པར་ཤོག།
བཙན་པོ་བྱོལ་བའི་ཡུལ་གྱར་བོད་མའི་ཁྲོད།། དོན་གྱི་བུ་རྒོད་ཞི་བའི་འཐབ་རྩོད་མཁན།། རང་རིགས་ལ་རྒྱ་ཅན་གྱི་ཨ་མའི་བུ།། གླིང་ཚ་ཁྱེད་་ནི་དོན་གྱི་དཔའ་བོ་རེད།།