——-ལྡེ་མིག
སྤྱིར་ང་རང་བཙན་བྱོལ་ལ་འབྱོར་ནས་མི་ལོ་༡༡ མིན་ཙམ་ཞིག་འགྲོ་བཞིན་ཡོད། སྐབས་འདིའི་རིང་བཙན་བྱོལ་སྤྱིར་ཚོགས་ལ་མཚོན་ན་འགྱུར་བ་ཧ་ཅང་མང་། དེའི་ནང་ནས་འགྱུར་བ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། དེ་ཡང་བོད་མི་རྩམ་ཟན་ཡོངས་ཀྱིས་འདི་ཕྱི་གཉིས་ཀྱི་སྐྱབས་ཡུལ་དུ་འཛིན་པའི་༸གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕུགས་རྒྱང་རིང་པོ་ཞིག་ལ་གཟིགས་ནས་བོད་མི་ཡོངས་ལ་དམངས་གཙོའི་གསོལ་རས་གནང་བ་འདི་རེད།
འདི་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཟེར་ན་འདྲ། ལམ་ཁ་གསར་པ་ཞིག་ལ་བསྐྱོད་མགོ་བཙུགས་པ་རེད། དེ་དང་དུས་མཚུངས་བཀའ་བློན་འམ་སྲིད་སྐྱོང་འདི་ནི་ཧ་ཅང་གནད་འགག་ཅན་ཞིག་རེད་ཡོད། སྲིད་ཕྱོགས་ནས་བཀའ་ཁྲི་ལས་མཐོ་ཞིག་མེད་པ་རེད། ད་ལྟ་སྲིད་སྐྱོང་ལས་ཐོག་པ་ཡིན་ན་འདྲ་ཁོང་གི་ནུས་ཤུགས་གང་ཡོད་ཀྱིས་བོད་མའི་རྩ་དོན་ཀྱི་ཆེད་དུ་འབད་མུས་ཡིན་ལ་མ་འོངས་པར་ཡང་འབད་བརྩོན་བྱེད་རྒྱུ་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་རེད། འདས་ཟིན་པའི་ལོ་ངོ་འདི་དག་གི་རིང་ལ་གྲུབ་འབྲས་དཔེ་ཡག་པོ་བྱུང་ཡོད། ཤེས་ཡོན་དང་། དཔལ་འབྱོར་ཕྱི་འབྲེལ་དྲིལ་བསྒྲགས། བོད་དོན་རྒྱབ་སྐྱོར་བཙལ་བ་སོགས་རིགས་རྒྱུ་ཡོད་པ་ཞིག་གནང་ཡོད།
ད་སྐབས་སྲིད་སྐྱོང་འོས་བསྡུ་སོགས་སླེབས་པའི་སྐབས་ལ་བོད་མི་ཡོངས་ཀྱི་རང་འགན་ཕྲག་ཏུ་ཁུར་ནས་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། མ་ཚད་བཙན་བྱོལ་བ་དེ་དམངས་གཙོ་ཡིན་པ་འཛམ་གླིང་ཡོངས་ལ་གསལ་སྟོན་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་དྲྭ་ལམ་སོགས་ཀྱི་སྟེང་ནས་སྲིད་སྐྱོང་གཙོས་པའི་གང་ཟག་སྒེར་ལ་མི་གཞི་ཀུན་སྤྱོད་ལས་འདས་པའི་དམའ་འབོད་དང་། པར་འདྲ་མིན་བཟོ་བ། ཁུང་ལུང་མེད་པའི་གཏམ་འཆམ་དང་ཡིག་འཁྱམ་གང་འཚམས་ཞིག་འགྲོ་བཞིན་ཡོད། དེ་དག་ནི་དེ་ཙམ་བདག་པོ་བརྒྱབ་མི་དགོས་ཏེ། མི་ཡི་གཟུགས་ཙམ་སུ་འཛིན་པའི་མ་སྨིན་པ་འགའ་ཞིག་གིས་བྱས་པའི་ཕྱིར། དམིགས་ཡུལ་གཞན་དག་ཡང་ཡོད་སྟེ། ཁྱད་དུ་སྤྱི་ཚོགས་ཟིང་འཁྲུགས་སློང་མཁན་ཡང་གང་འཚམས་ཡོད། དེ་དག་མང་ཆེ་བ་རྒྱ་ནག་གི་རྒྱུག་ཁྱི་ཡིན་པ་སྨོས་ཅི་ཡང་མི་དགོས། གང་ཡང་ཟེར་ན་དེང་སྐབས་བཙན་འཛུལ་བ་རྒྱ་ནག་དེ་བཙན་བྱོལ་བའི་དམངས་གཙོ་ལ་ཡིད་སྨོན་སྐྱེ་བཞིན་ཡོད་པ་མ་ཚད། སེམས་ཁྲལ་བྱེད་ཡུལ་དུ་གྱུར་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་སེམས་ཁྲལ་མེད་མདོག་མདོག་བྱེད་པ་དང་ད་དུང་བཙན་བྱོལ་གཞུང་དེ་འཆམ་མཐུན་མེད་པ་དང་ནང་འཁྲུག་རྒྱབ་གི་ཡོད་པ་སོགས་དྲིལ་བསྒྲགས་བྱེད་བཞིན་ཡོད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན་གཞིས་བཞུགས་བོད་མི་ཡོངས་ལ་སེམས་ཤུགས་ཆགས་ཐབས་བྱེད་པའམ་བཙན་བྱོལ་སྤྱི་ཚོགས་ལ་ཡིད་ཆེས་བརླག་པ་བྱེད་བཞིན་ཡོད། རྒྱ་ནག་གི་དྲ་ལམ་བརྒྱུད་ནས་བོད་མའི་གསང་བ་ལྐོག་ཉན་བྱས་པ་བཞིན་ང་ཚོའི་ཡང་གཞིས་བྱེས་གཉིས་ཀྱི་དྲ་ལམ་སོགས་གང་ཐད་ནས་གོ་བརྡ་སྤྲད་པ་དང་བགྲོ་གླེང་བྱེད་བཞིན་ཡོད་པས། བཙན་བྱོལ་བའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་དེ་ཉིད་གཞིས་བཞུགས་བོད་མི་ཡོངས་ཀྱི་ཧ་གསལ་བོ་གོ་ཡོད་ལ། གཞིས་བཞུགས་བོད་མ་ཚོའི་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ཆོད་སེམས་བརྟན་པོ་ཡོད་ལ། རྒྱ་ནག་གི་ནམ་ཡང་བསླུ་ཁྲིད་བྱེད་མི་ཐུབ་ལ། དེ་ལ་རྒྱ་ནག་གི་འགལ་རྐྱེན་གང་ཡང་བཟོ་མི་ཐུབ་པ་ཞིག་ཆགས་ཡོད།
བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དེ་དག་ནམ་བཞིན་དུ་བརྟན་པོ་གནས་ཡོད། ད་དུང་ང་དང་ང་ལྟ་བུ་ལ་མཚོན་ན་ཉིན་རེ་བཞིན་དུ་ང་ཚོ་བཙན་བྱོལ་བའི་ཡང་དག་པའི་དམངས་གཙོའི་ལམ་སྲོལ་འགྲོ་ཐུབ་པ་དེ་ལ་ཡིད་སྨོན་སྐྱེས་ནས་ཡོད། དཔེར་ན་ཁ་སང་ལྟ་བུ་ཞིག་ཡིན། དབུས་འོས་བསྡུ་ལྷན་ཁང་ནས་ཆེས་མཐོ་དཔོན་རིགས་གསུམ་ང་ཚོ་ས་ཁུལ་དུ་ཕེབས་སོང་བ་མ་ཚད་ཁོང་རྣམས་གསུམ་ཆོལ་གསུམ་ཀྱི་གྲུབ་པའི་འོས་བསྡུ་ལྷན་ཁང་གི་མཐོ་ཤོས་གསུམ་རེད། ཁོང་ཚོའི་རང་ཉིད་ཀྱི་འོན་འགན་དེ་ཕྲག་ཏུ་ཁྱེར་ནས་ཡོང་བ་ཞིག་ཡིན། ང་ཚོའི་ཕན་ཚུན་འོས་ཤོག་གི་ཁྲིམས་དང་སྒྲིག་གསོལ་སོགས་ཕྱོགས་གང་ཐད་ནས་བགྲོ་གླེང་ཆུ་ཚོད་༢་དང་ཕྱེད་ཙམ་ལ་བྱས་པ་ཡིན་ལ། དུས་ཚོད་དེའི་རིང་རང་ཉིད་ལ་མཚོན་ན་ཧ་ཅང་གི་སྤོབས་པ་ཞིག་སྐྱེས་སོང་། གང་ཡིན་ཟེར་ན་འདི་འདྲའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ལ་དམངས་གཙོ་ཡང་དག་པར་ཞིག་ཡོད་པ་དེ་ཧ་ཅང་གཟི་བརྗིད་ཞིག་ཏུ་རེད་དྲན་ནས་ང་རང་བོད་པ་ཡིན་པའི་སྤོབས་པ་སྐྱེས་སོང་།
ད་དུང་གོ་སྐབས་འདི་བརྒྱུད་ནས་གང་བྱུང་དུ་བཤད་མཁན་ཟེར་ན་འདྲ་མ་སྨིན་པའི་མི་བུ་འགའ་ཞིག་ལ་གསལ་འདེབས་ཞིག་ཡོད་པར་ནི། དགྲ་དགའ་གཉེན་སྡུག་གི་ལས་དེ་དག་མཚམས་བཞག་རོགས་ཞུ་རྒྱུ་ཡིན། མ་ཚད་ཁྱེད་རང་ཚོའི་ཁ་ཡིས་བཤད་པ་རྒྱ་ལས་ཀྱང་། སྲིད་སྐྱོང་བློ་བཟང་སེངྒེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ཀྱིས་བོད་དོན་ཆེད་དུ་ལག་ལེན་དུ་བསྟར་བ་མང་བ་ཡོད་རེད་ཟེར་ནས་ཞུ་འདོད་བྱུང་། དེ་འདྲ་ཡིན་དུས་རང་ཉིད་ཀྱི་འགན་འཁྲི་དེ་རང་ཉིད་ཀྱི་ཁུར་རོགས་ཞུ་རྒྱུ་དང་། རང་ཉིད་རང་ལ་ངོ་གནོང་མི་དགོས་པར་ཞིག་གནང་རོགས་ཞུ་རྒྱུ་ཡིན།
མཐར་ཐུག་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐུབ་པ་དང་། ༸གོང་ས་མཆོག་གཙོས་པའི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་པའི་སྨོན་ལམ་དང་བཅས།
སྐད་ཆ་འདྲ་ཆགས་ཞིག་བཤད་འདུག་ངོ་མའི་བདེན་ཆེ་།
སྐད་ཆ་འདྲ་ཆགས་ཤིག་བཤད་འདུག། འོན་ཀྱང་ཆོལ་ཁའི་ཐེན་འཁྱེར་ཀྱོག་ཙམ་འདུག། ད་ལྟའི་སྲིད་སྐྱོང་གིས་ཤེས་ཡོན་ཐོག་ལ་གྲུབ་འབྲས་ལས་མར་རྒྱས་མང་བ་འགྲོ་ཡོད། རྒྱ་གར་དབུས་གཞུང་བོད་སློབ་དེ་ཉིད། ཤེས་རིག་ཁུངས་སུ་རྩིས་ལེན་གྱི་བཞེད་འུར་གཏམ་ཆེན་པོ་ཞིག་མ་མཇོན་མཇོན་འདོག་བྱས་པར་བལྟས་ནས། C S Tསློབ་སྦྱོང་བྱེད་བཞིན་པའི་བོད་མི་ཉམས་ཐག་ཚོའི་ཕྲུག་གུ་མང་པོ་ཞིག་མི་ཚེ་འཕྲོ་ལག་གཏང་ཡོད། དེ་སྲིད་སྐྱོང་ཁོ་རང་གཅིག་པོའི་མིང་གྲགས་ཙམ་གྱི་ཆེད་དུ་བོད་ཕྲུག་མང་པོ་ཞིག་གི་མི་ཚེ་འཕྲོ་ལག་འགྲོ་གི་ཡོད་པ་བསམ་ཞིབ་ཙམ་ཡང་བྱས་མེད། མི་འདི་ལྟ་བུ་ཡང་སྐྱར་སྲིད་སྐྱོང་སླེབས་ན། ད་དུང་བོད་མི་ཉམས་ཐག་གི་ཕྲུག་གུ་ག་ཚོད་མི་ཚེ་འཕྲོ་ལག་གཏོང་གི་རེད་པས།།
བླ་མ་ལགས་གསལ་བོ་ཞིག་གསུང་ན་འགྲིག་གམ
དེ་སྔོན་ཕྲུ་གུ་ག་ཚོད་འཕྲོ་བརླག་ཕྱིན་འདུག་མ་ཚད། ས་ཆ་གང་གི་སློབ་ཕྲུག་དང་སློབ་གྲྭ་གང་ནས་རེད་ལགས།