བོད་ཀྱི་ཆབ་སྲིད་གནད་དོན་ཉམས་ཞིབ་རྩོམ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༢༡ རེས་ གཟའ་ཕུར་བུ། ས་གནས་དེ་གའི་ཕྱི་དྲོ་ཆུ་ཚོད་༦ དང་སྐར་མ་ ༤༥ ཐོག་སྤེལ།
༡ བློ་བཟང་སེང་གེ་ལགས་དང་འཇམ་དབྱངས་ནོར་བུ་ལགས་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ། བཀའ་བློན་ཁྲི་པའི་འགྲན་རྩོད་འདི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་འོས་ལངས་སྐབས་ཀྱི་སྲིད་འཛིན་གཞོན་པའི་འོས་མ◌ིའི་ཁ་གཏད་ལྕམ་སྐུ་ས་ར་པ་ལིན་གྱི་དོན་རྐྱེན་དང་གཅིག་མཚུངས་ཀྱི་ཐོག་མའི་དུས་རིམ་ལ་སླེབས། ཕྱི་ལོ་༢༠༠༨ ལོའི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིའི་ཁ་གཏད་ལྕམ་སྐུ་ས་ར་པ་ལིན་གྱིས་ཕྱི་སྲིད་ཀྱི་ཐོག་ཁོ་མོར་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། གང་ཡིན་ཟེར་ན། ཨ་ལ་ སི་ཀར་ཡོད་པའི་ཁོ་མོའི་ཁང་པ་ནས་ཨུ་རུ་སུ་མཐོང་ཐུབ་ཀྱི་ཡོད། ཅེས་སྤོབས་པ་ཆེན་པོའི་ངང་བཤད་པའི་རྐྱེན་གྱིས་འགྲན་རྩོད་ནང་ཁོ་མོར་ཕམ་ཉེས་བྱུང་བ་ཞུ་ཅི་ལ་དགོས། ཤོད་འཛོལ་ཤོར་བའི་ཁོ་མོའི་སྐད་ཆ་དེས་མངའ་སྡེའི་སྲིད་སྐྱོང་དུས་ཡུན་ཕྱེད་ཀྱི ་ནང་ལས་དོན་སྒྲུབ་པར་ཉམས་མྱོང་དམན་པ་དང་། གནད་དོན་ཐོག་འཛིན་པའི་ཁོ་མོའི་ལྟ་ཚུལ་ལ་ཞན་ཆ་ཆེན་པོ་ཡོད་པ་སོགས་ཀྱི་སྐྱོན་བརྗོད་དྲག་པོ་ཕོག་པའི་རྐྱེན་གང་ལ་གང་མཚམས་བྱས་ཡོད།
༢ རྒྱ་ཆེའི་ྐློག་པ་པོ་རྣམས་ཀྱིས་ངེས་པར་དུ་མཁྱེན་རྟོགས་དགོས་པ་ཞིག་ལ། འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁུངས་སྐྱེལ་དག་འབུད་གནང་བ་ལྟར་གཞིགས་ན། བློ་བཟང་སེང་ག◌ེ་ལགས་ཀྱིས་‘‘ང་རྒྱ་ནག་གི་ཨོ◌བྷ་མ་བྱེད་འདོད་ཡོད།’’ ཅེས་པའི་དོན་ཐོབ་ཀྱི་གཏམ་བཤད་སྤེལ་ཡོད་ཚོད་རེད། ◌གོང་གི་ཚིག་དུམ་འདིས་ཉམས་ཞིབ་པ་མང་པོའི་བློ་ངོར་བློ་བཟང་སེང་གེ་ནི་ཚད་ལས་བརྒལ་བའི་དཔོན་ཞེན་རིང་ལུགས་ཅན་ཞིག་གམ། ཆབ་སྲིད་ཀྱི་རྣམ་དཔྱོད་ཐད་ཞན་ཆ་ཆེ་བའི་ཆབ་སྲིད་པ་ཞིག་གི་གཟུགས་བརྙན་ཞིག་བསྐྲུན་ཡོད།
༣ རྒྱ་ནག་གི་ཨོ་བྷ་མའི་གླེང་གཞི་འདིས་སྐབས་དེར་སྤྱི་ཚོགས་ནང་ཚ་ཚ་འུར་འུར་ངང་བགྲོ་གླེང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། བོད་ཀྱི་ཆབ་སྲིད་གནད་དོན་ཉམས་ཞིབ་རྩོམ་སྒྲིག་པས་ཚོད་བགམ་གནང་བ་ལྟར་བྱས་པ་ཡིན་ན། གཏམ་བཤད་ཀྱི་སྙིང་དོན་ཟུར་ཕྱུང་གི་ལུང་འདྲེན་ལ་རྩོད་པ་དེས་འོས་བསྡུའི་འདུ་ཚོགས་སྐབས་མི་དམངས་ལ་◌གོ་རྟོགས་ལེགས་པོ་ཞིག་མཁོ་འདོན་བྱེད་ཐུབ་མེད་པར་འདོད། དེར་བརྟེན་དོན་འདིར་གཞོང་པ་སྟོང་པའི་གཞོང་འཛིངས་རྒྱག་པ་ལས། དོན་དངོས་སུ་བློ་བཟང་སེང་གེ་ལགས་ཀྱིས་གང་བཤད་མིན་གྱི་སྐོར་ལ་ང་ཚོས་ཐག་གཅོད་ཡག་པོ་བྱེད་དགོས་པ་གལ་ཆེ་བར་◌སེམས། འོས་ཤོག་བླུག་མཁན་རྣམས་ཀྱིས་ཚོར་སྣང་སྐྱེན་པའི་གཏམ་བཤད་ཀྱི་སྙིང་བཅུད་ཟུར་ཕྱུང་ལུང་འདྲེན་གྱི་ དཔྱད་བརྗོད་དེར་ཡིད་རྟོན་བྱེད་པ་ལས་ལྡོག་སྟེ། གནས་ཚུལ་འད◌ི་ལ་བརྟེན་ནས་འོས་མི་སོ་སོའི་སྲིད་ཇུས་འཛིན་སྟངས་ཀྱི་བསམ་བློའི་འཁྱེར་སོར་བརྟག་དཔྱད་བྱེད་ཡས་ལ་སྐུལ་མ་ཐེབས་རྒྱུ་དེ་ང་ཚོའི་རེ་བ་ཡིན།
བོད་མི་རྒྱ་ནག་གི་ག◌ོང་བུའི་ནང་ཟླ་སྒྲིལ་རྒྱུའི་བློ་བཟང་སེང་གེའི་དབུ ་མའི་ལམ།
༤ སེང་གེ་ལགས་ཀྱིས་‘‘རྒྱ་ནག་གི་ཨོ་བྷ་མའི་སྐོར་གྱི་འགྲེལ་བཤད་དེ་ངས་བཞད་གད་སློང་ཆེད་བཤད་པ་ཙམ་ཞིག་ཡིན། དེ་བདེན་པའི་དོན་དུ་བསམ་རྒྱུ་ཡོད་པ་མ་རེད།’’ ཅེས་འཇམ་དབྱངས་ནོར་བུ་ལགས་སུ་ལན་སྐྱོན་འདུག ང་ཚོས་ཉམས་ཞིབ་བྱས་པའི་གྲུབ་དོན་ལ་གཞིགས་ཀྱང་དེ་བདེན་པ་རེད། ཡིན་ན་ཡང་གནད་དོན་འདིར་བརྟག་དཔྱད་བྱ◌ེད་དུས་གནད་དོན་འདི་ཤིན་ཏུ ་གལ་ཆེའི་རང་བཞིན་ཅན་གྱི་གནད་དོན་ཞིག་ཆགས་པ་མ་ཟད། རྒྱ་ཆེ་ས་ནས་བལྟས་པ་ཡིན་ན་རྒོད་གཏམ་བཤད་པ་ཙམ་ཞིག་ཡིན་གྱི་མ་རེད་སྙམ། གསལ་པོར་བཤད་ན་འདི་ནི་བོད་མི་རྣམས་རྒྱ་ཡི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལམ་ལུགས་ནང་ཟླ་བསྒྲིལ་◌རྒྱུའི་བློ་བཟང་སེང་གེ་ལགས་ཀྱི་བསམ་འཆར་ཞིག་ཆགས་ཀྱི་འདུག དེས་མ་ཚད་བློ་བཟང་སེང་ག◌◌ེ་ལགས་ཀྱིས་ལྟ་ཚུལ་འདི་བོད་པའི་འོས་འཕེན་པ་ཚོའི་མདུན་ད་དུང་ཡང་གསལ་པོ་ཞིག་བཟོས་མེད། འོས་འཕེན་པ་རྣམས་ཀྱིས་ཁོང་གི་ལྟ་ཚུལ་དེ་ཁས་ལེན་དང་མི་ལེན་གྱི་ཐག་གཅོད་ངེས་པར་དུ་ གནང་དགོས། འོན་ཀྱང་གནད་དོན་འདིར་གླེང་སློང་ཏན་ཏན་ཡོང་གི་རེད།
༥ དོན་རྐྱེན་འདི་ཕྱི་ལོ་༢༠༠༨ ཟླ་བ་༡༠ པའི་ཚེས་༢༧ ཉིན་ཝ་ཤིང་ཏྲོན་གྱི་ཝུཌི་རོའོ་ཝིལ་སོན་དུ་ ( རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་དང་དཔལ་འབྱོར་དཀའ་ངལ་སོགས་ལ་སློབ་སྟོན་དང་ ཐབས་ལམ་འདོན་མཁན་མཁས་པའི་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ།)ཐོག་བློ་བཟང་སེང་གེ་ལགས་ཀྱིས་སྤེལ་བའི་ གཏམ་བཤད་ལས་འཕྲོས་པ་རེད། (འདི་ནི་འོས་བསྡུའི་ཁྲོད་ཨོ་བྷ་མར་རྒྱལ་ཁ་ཐོབ་རྒྱུའི་ཉིན་བརྒྱད་ཀྱི་ གོང་དུ་རེད།) འགོ་བརྗོད་དུ་(འདས་ཟིན་པའི་དཔྱིད་ཀའི་དུས་ཟིང་གི་འབྱུང་འབྲས་ལ་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས།) ཞེས་པའི་བརྗོད་གཞིའི་ཐོག་བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་གནང་ཡོད། གནད་དོན་འདིའི་ཐད་འཇམ་དབྱངས་ནོར་བུ་ལགས་ཀྱིས་སྐབས་དེའི་གལ་ཆེའི་ཚོགས་ཞུགས་མི་
སྣ་དང་མཉམ་དུ་བརྟག་དཔྱད་ཡག་པོ་གནང་རོགས། ཞེས་བློ་བཟང་སེང་གེ་ལགས་ཀྱིས་རེ་བསྐུལ་དང་བསམ་ཚུལ་བཏོན་གནང་འདུག སྟབས་ལེགས་པ་ཞིག་ལ་གནད་དོན་དེའི་འབྱུང་ཁུངས་ཆེས་ཡིད་བརྟན་འཕེར་ངེས་ཤིག་ལག་སོན་བྱུང་བ་ནི། བོད་ཀྱི་ཆབ་སྲིད་གནད་དོན་ཉམས་ཞིབ་རྩོམ་སྒྲིག་ཚོགས་ཆུང་ལ་འབྲེལ་ཡོད་ཞིག་ནས་སྐབས་དེའི་གཏམ་བཤད་སྒྲ་བཅུག་བྱས་པ་ཞིག་མཁོ་འདོ ན་བྱས་ཡོད་པ་དེ་ཡིན། (གནས་ཚུལ་ཕབ་བཤུས་བྱས་པའི་ཆ་ཤས་ཤིག་གཤམ་དུ་འགོད་རྒྱུར།)
༦ སྐབས་དེར་དགེ་རྒན་ཆེན་མོ་ཨི་ལིཨོཊ། སིཔེར་ལིངྒ་དང་། ཨལེན་ཀརལ་སོན་གཉིས་ཀྱིས་གཏམ་བཤད་བྱས་པའི་རྗེས་བློ་བཟང་སེང་གེ་ལགས་ཀྱིས་གཏམ་བཤད་གནང་དོན། ‘‘གཅིག་བྱས་ན་ངས་བོད་ཀྱི་གནད་དོན་སྐོར་ཨོ་བྷ་མར་འགྲེལ་བཤད་རྒྱག་ཐུབ་ཀྱི་རེད་སྙམ་གྱི་འདུག རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་དྲུག་ཅུ་ཕྱིན་ཟིན་པའི་རྗེས་སུ་ཨ་རི་དེ་ཨ་མེ་རི་ཀའི་མི་རིགས་ནག་པོ་ཞིག་ཨ་རིའི་སྲིད་འཛིན་ལ་བདམ་རྒྱུའི་འཁྲིས་སུ་བཅར་ཡོད། དེ་འདྲ་སོང་ཙང་ཁྱེད་ཚོས་འབོད་བཞིན་པའི་བོད་ཀྱི་གནས་སྟངས་ལ་གཟིགས་དང་། བོད་མི་ཞིག་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་ནམ། སྲིད་བློན་གང་རུང་ཞིག་ཆགས་སྲིད་དམ། ཞེས་པའི་དྲི་བ་འདི་ད་ལྟ་ ང་ཚོས་རྒྱ་ནག་ནང་དྲི་ཐུབ་བམ། འདི་ལ་ལན་གཅིག་རང་འདེབས་ཐུབ་པ་ནི། དེ་ལྟར་ཡོང་མི་སྲིད་པ་ཞིག་རེད། ཅེས་པ་དེ་རེད། འགྲིགས་མ་སོང་ངམ།’’ཞེས་བློ་བཟང་སེང་ལགས་ཀྱིས་གསུངས།
༧ དེ་ནས་བློ་བཟང་སེང་ག◌ེ་ལགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཐད་འཛིན་པའི་ཨ་རིའི་ཆབ་སྲིད་ཀྱི་ལམ་ལུགས་འདི་ཇི་ལྟར་བྱས་ཏེ་འཕེལ་རྒྱས་སུ་ཕྱིན་མིན་སྐོར་ཞིབ་ཕྲའི་གྲོས་བསྡུར་གྱི་གཏམ་བཤད་བྱས་ཤིང་། དེ་དང་དུས་མཚུངས་སུ་རྩ་བའི་ཆ་ནས་རྒྱ་ནག་ནང་བོད་མི་ཐེ་བའི་རྒྱལ་ཁབ་རིམ་པའི་དབང་ཆ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་མེད་པ་ཙམ་དུ་མ་ཟད། ཐ་ན་ཁུལ་རིམ་པའི་དབང་ཆ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཀྱང་མེད་ཅེས་གསལ་སྟོན་གནང་ཡོད། དེས་མ་ཚད་ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། རང་སྐྱོང་ལྗོངས་སོགས་དང་འབྲེལ་ཡོད་ཁྲིམས་ཀྱི་སྐོར་ལ་བགྲོ་གླེང་གནང་ཞིང་། རྒྱ་ནག་གིས་རང་གི་ཁྲིམས་དེ་ལག་བསྟར་ངེས་པར་དུ་བྱ་དགོས་པ་ སོགས་ཀྱི་སྐོར་ལའང་ཞེན་སྐུལ་བགྲོ་གླེང་ལྷུག་པོ་གནང་འདུག
༨ ཁོང་གིས་གཏམ་མཇུག་བསྡུས་དོན། དེ་འདྲ་སོང་ཙང་ངས་འདི་ཞུ་དགོས་དོན་ནི་མ་མཐར་ཡང་ཨ་རིའི་སྲིད་གཞུང་ནང་ཨ་རིའི་མི་རིགས་ནག་པོའི་ཆབ་སྲིད་སྐུ་ཚབ་ཀྱི་ལས་ལམ་དེ་ཨ་རིའི་གཞུང་གིས་ཁ་ཕྱོགས་གྱེན་དུ་སྒྱུར་བཞིན་ཡོད་ཀྱང་། བོད་ལ་ཆ་བཞག་ན་དེ་ནི་ཐུར་དུ་ཕྱོགས་བཞིན་ཡོད། ཅེས་བཤད།
༩ སླར་ཡང་བོད་དང་ཨོ་བྷ་མའི་སྐོར་མཉམ་དུ་གླེང་བ་ཡིན་ན། མཁྱེན་གསལ་ལྟར་རྒྱ་ནག་གིས་ཨ་རི་ནང་བཞིན་སྟོབས་ཆེན་ཞིག་ཆགས་འདོད་བྱེད་ཀྱི་ཡོད་པ་དོན་དངོས་རེད། འོན་ཀྱང་ཨ་རིས་བསྒྲུབས་པའི་བཟང་པོའི་བྱ་བར་རྒྱ་ནག་གིས་འགྲན་རྩོད་ཀྱི་འབད་བརྩོན། གཅིག་བྱས་ན་བྱེད་ཐུབ་ཀྱི་རེད། དཔེ་ཆ་བཞག་ན། ཨ་རིའི་སྲིད་གཞུང་ནང་ཨ་རིའི་མི་རིགས་ནག་པོའི་སྐུ་ཚབ་རྣམས་ལ་འདྲ་མཉམ་རྩ་འཛིནདང་།
རང་དབང་སོགས་དང་འབྲེལ་བའི་གཞི་རྩའི་ཐོབ་ཐང་ལ་ཉེ་རིང་མེད་པར་བརྩི་སྲུང་དང་ལག་ལེན་བསྟརགྱི་ཡོད་པ་ལྟར་རྒྱ་ནག་གིས་ཀྱང་དེ་ལྟར་བྱེད་དགོས་ངེས་རེད།
༡༠ བློ་བཟང་སེང་ལགས་ཀྱི་ཐབས་ལམ་འདི་དམིགས་བསལ་ཅན་ཞིག་རེད། འདི་ནི་རང་དབང་དང་རང་ཐག་རང་གཅོད་ཀྱི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་རྣམ་པ་བསྒྱུར་ཏེ། སྤྱ◌ི་འབངས་རང་དབང་དང་སྲིད་གཞུང་ནང་མི་དམངས་ཀྱི་སྐུ་ཚབ་ས་མིག་ཐོབ་ཐང་རྩོད་པ་ཙམ་ཞིག་རེད། འདི་◌ནི་རྒྱ་ནག་ལས་ལོགས་སུ་བགར་བའི་རང་སྐྱོང་། ནང་གི་རང་དབང་ཆ་ཚང་ལྡན་པའི་བོད་ཀྱིས་རང་གི་རྩ་ཆེའི་ཐུན་མིན་རིག་གཞུང་དང་ངོ་བོ་གཅེས་སྲུང་ཐུབ་ཆེད་བཏོན་གནང་མཛད་པའི་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་ལྟ་གྲུབ་དང་ཐ་དད་ཆགས་ཡོད།
༡༡ བློ་བཟང་སེང་གེ་ལགས་ཀྱི་དགོངས་འཆར་ལ་གཞན་དང་མི་འདྲ་བའི་ལྟ་ཚུལ་མངོན་པ་ནི། བོད་མིར་རྒྱ་ཡི་མི་སེར་དང་ཐོབ་ཐང་འདྲ་མཉམ་སྤྲད་དེ།(ཨ་རིའི་ནང་ཨ་རིའི་མི་ནག་པོ་ཚོར་ཡོད་པའི་ཐོབ་ཐང་དང་གཅིག་མཚུངས།) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ལམ་◌ལུགས་འོག་ཟླ་སྒྲིལ་རྒྱུ་དེ་རེད། དེ་ལྟ་བུའི་འདྲ་མཉམ་བྱུང་ན་སྙམ་པའི་ལྟ་ཚུལ་ལྟར་བྱས་པ་ཡིན་ན། བོད་མིར་རྒྱ་ནག་
དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་ཐོན་ཡ◌ོང་རྒྱུའི་མངོན་འདོད་ཞེ་བཅང་གི་རྨི་ལམ་ གཏོང་ཆོག་གི་རེད།
༡༢ རྒྱ་ནག་གིས་ཆབ་འབངས་འདྲ་མཉམ་གྱི་ཁྲིམས་ལུགས་འོག་གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་གང་ལེགས་ངེས་པར་དུ་བྱ་དགོས་ཀྱི་སེང་གེ་ལགས་ཀྱི་དགོངས་ཚུལ་དེར་ང་ཚོས་ཀྱང་མོས་མཐུན་ཞུ་གི་ཡོད། འོན་ཀྱང་ཨ་རིའི་གྲངས་ཉུང་མི་རིགས་ལ་ཡོད་པའི་འདྲ་མཉམ་ཐོབ་ཐང་གི་ཟློག་ཟླར་གྱུར་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གཉིས་དབར་མཚུངས་སྡུར་བྱ་ཐབས་མེད་པའི་གནད་དོན་མང་པོ་ཞིག་ཡོད་པ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་གནས་བབ་ལ་བལྟས་པ་ཡིན་ན། ཨ་རིའི་ནང་ཡོད་པའི་ཨ་རིའི་མི་རིགས་ནག་པོ་ཚོ་དང་ཆེས་མི་འདྲ་བའི་གནད་དོན་མང་པོ་ཞིག་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་དབྱེ་འབྱེད་ཀྱ◌ི་སྒོ་ནས་གྲངས་ཉུང་མི་རིགས་ལ་སྤྱི་འབངས་ཐོབ་ཐང་ཐད་དྲང་བཞག་བྱེད་ཀྱི་མེད། དེས་མ་ཚད་གྲངས་ཉུང་མི་རིགས་ཁེར་སྡོད་ཀྱི་ས་ཁུལ་ནང་རྒྱ་ནག་ཧན་མི་རིགས་ཀྱི་གྲངས་འབོར་རྒྱ་བསྐྱེད་ལ་བརྟེན་ནས་གནད་དོན་ངོ་མ་མི་མངོན་པའམ་གལ་ཆུང་དུ་གཏོང་གི་ཡོད་པ་རེད། ཕྱི་ལོ་༢༠༠༠ ལོར་མི་འབོར་ཞིབ་བཤེར་བྱས་པའི་སྙན་ཞུར་གཞིགས་པ་ཡིན་ན། ཨ་རིའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་རྒྱལ་ཁབ་ཀྱི་མི་འབོར་གྱི་རྒྱ་ཆ་༢༥ ཟིན་གྱི་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་རྒྱ་ནག་གི་མི་འབོར་གྱི་རྒྱ་ཆ་བཅུ་ཡང་ཟིན་གྱི་མེད།
༡༣ དེའི་སྟེང་དུ་ཝུཌི་རོའོ་ཝིལ་སོན་དུ་སེང་གེས་ཁོང་རང་གི་དགོངས་ཚུལ་གསུངས་པ་ད◌ེའི་ནང་། རྒྱ་ནག་ཧན་མི་རིགས་རིང་ལུགས་ཀྱི་ལྟ་བ་བཟུང་སྟེ། རྒྱ་མི་རིགས་མ་ཡིན་པའི་མི་རིགས་གཞན་དང་ཁོ་ཚོའི་རིག་གཞུང་ལ་མཐོང་ཆུང་དམན་པར་ལྟ་བའི་རྒྱ་མིའི་བསམ་ཕྱོགས་གསལ་བཤད་བྱས་མེད་པ་མ་ཟད། བོད་མི་མང་པོས་རང་ཉིད་རྒྱ་མི་ཆགས་འདོད་མེད་པ་དང་རྒྱ་མི་ལྟ་བུར་མཐོང་འདོད་མེད་པའི་བསམ་ཚུལ་ཀྱང་གསལ་སྟོན་བྱས་མེད།
༡༤ བློ་བཟང་སེང་གེ་ལགས་ཀྱི་བསམ་འཆར་དེའི་ནང་ཚད་ངེས་ཅན་གྱི་རྒྱ་རིགས་མི་འབོར་བོད་ནང་གནས་སྤོ་བྱེད་པའི་སྐོར་དེ་གསལ་སྟོན་བྱས་མེད་པ་དེ་ཆེས་བློ་གཡེང་སྐྱེ་གཞ◌ི་ཞིག་ཡིན་གྱི་རེད། ཨ་རིས་རང་གི་གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་བྱེད་པ་ལྟར། གལ་ཏེ་རྒྱ་ནག་གིས་ཀྱང་བོད་པར་དེ་ལྟ་བུའི་ལྟ་སྐྱོང་བྱས་པ་ཡིན་ན། བོད་ནང་རྒྱ་རིགས་གནས་སྡོད་བྱེད་པ་དེར་བོད་ཀྱིས་གྲངས་ཚད་བཟོས་པ་ཡིན་ན་ དེ་མ་འགྲིགས་པ་ཞིག་རེད་སྙམ། འོན་ཀྱང་ནང་ཨ་རིའི་ནང་མི་རིགས་ནག་པོའི་རང་སྐྱོང་ལྗོངས་ཡོད་པ་མ་རེད། འདིས་གནད་དོན་གང་ཞིག་སྟོན་གྱི་ཡོད་ཅེ་ན། རྒྱ་རིགས་ཚད་མེད་བོད་ནང་གནས་སྤོ་བྱས་པ་ལ་བརྟེན་ནས་བོད་འདི་རྒྱ་ནག་གི་གོང་བུའི་ཆ་ཤས་ཤིག་ཆགས་རྒྱུའི་ཉེན་ཁ་དེ་སྟོན་གྱི་ཡོད། དེ་ལྟར་གྱུར་ཚེ་བོད་ཀྱིས་ནང་གི་ཆབ་སྲིད་ཀྱི་ངོ་བོ་ལ་བརྟེན་ནས་ནང་གི་གནད་དོན་ཚང་མ་བོད་རང་ཉིད་ཀྱིས་སྟངས་འཛིན་དགོས་རྒྱུའི་དབུ་མའི་ལམ་གྱི་དམིགས་ཡུལ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད།
༡༥ འདི་ལྟ་བུའི་ཧེ་བག་ཡོད་མིན་ལ་མ་ལྟོས་པར། ང་ཚོས་རྒྱུ་མཚན་གྱི་རྗེས་སུ་འབྲངས་ཏེ་ཞུ་ཡས་ལ། བློ་བཟང་སེང་གེ་ལགས་ཀྱིས་འཆར་གཞི་འདིའི་ཐོག་བསམ་བློ་ཏན་ཏན་བཏང་ཡོད་པར་ངོས་འཛིན་ཞུ་གི་ཡོད། གང་ཡིན་ཟེར་ན། འདི་ནི་ཁོང་གི་གཏམ་བཤད་ཀྱི་ནང་གི་གནད་དོན་གལ་ཆེ་ཤོས་ཤིག་ཆགས་ཡོད། ཆབ་སྲིད་ཀྱི་ཐོག་ནས་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གོང་བུའི་ནང་ཟླ་བསྒྲིལ་རྒྱུ་འདི་བོད་མི་ཞིག་རྒྱ་ནག་གི་སྲིད་འཛིན་ཆགས་ཡས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། འདི་སེང་གེ་ལགས་ཀྱིས་ཁས་ལེན་བྱེད་ཀྱི་རེད་དམ། རྒྱ་ནག་གི་མི་སེར་ལ་ཡོད་པའི་འདྲ་མཉམ་གྱི་ཐོབ་ཐང་ནང་བཞིན་འགན་ལེན་གྱི་སྟབས་བདེའི་སེམས་ཁུར་བྱ་རྒྱུ་ལས་ལྡོག་སྟེ།◌ བོད་མིས་རྒྱ་ནག་གི་སྣེ་ཁྲིད་ཡས་ཀྱི་རྙོག་འཛིང་ཆེ་
བའི་བསམ་གཞིག་འགོ་འཛུགས་དགོས་དོན་གང་ཡིན་ནམ། དེས་མ་ཚད་བ◌ོད་མི་སུ་རུང་ཞིག་རྒྱ་ནག་དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་བྱེད་པར་བོད་མི་ས་ཡ་དྲུག་གི་འོས་ཤོག་ལས་ཆེས་མང་བ། རྒྱ་མི་ཐེར་འབུམ་གཅིག་དང་གྲངས་ཆུང་གསུམ་གྱི་རྒྱབ་སྐྱོར་གྱི་འོས་ཤོག་ཐོབ་དགོས་པའི་གནས་ལུགས་དེ་བློ་ བཟང་སེང་གེ་ལགས་ཀྱིས་ཤེས་ཀྱི་ཡོད་དམ།
བློ་བཟང་སེང་གེ་ལགས་ཀྱི་འགལ་ཟླའི་རང་བཞིན་ཅན་གྱི་དགོངས་འཆར།
༡༦ བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་འདི་ཐད་ཀར་བོད་པ་འོས་འཕེན་པ་ཚོའི་མདུན་གསལ་སྟོན་མི་བྱེད་པའི་རྒྱུ་མཚན་གང་ཡིན་ང་ཚོས་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད། ཏན་ཏན་སེང་གེ་ལགས་ཀྱི་བསམ་ཚུལ་འདི་དམིགས་བསལ་ཞིག་ཡིན་ཙང་ཁོང་ལ་འོས་འཕེན་མཁན་ཚོས་འདི་སྐོར་གྲོས་བསྡུར་བྱ་རྒྱུར་རིན་ཐང་ངེས་ཅན་ལྡན་ཡོད་པ་མ་ཟད། ཁོ་ཚོས་གྲོས་བསྡུར་བྱས་ཏེ་ཐག་གཅོད་ཀྱི་བརྡ་ལན་སྤྲོད་པའི་འོས་བབ་ཀྱང་ཡོད། ཝ་ཤིང་ཏྲོན་གྱི་ཝུཌི་རོའོ་ཝིལ་སོན་དུ་ ( རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་དང་དཔལ་འབྱོར་དཀའ་ངལ་སོགས་ལ་སློབ་སྟོན་དང་ཐབས་ལམ་འདོན་མཁན་མཁས་པའི་ ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ།)ཐོག་བོད་པ་མིན་པའི་ཚོགས་ཞུགས་མི་སྣ་ཚོར་བློ་བཟང་སེང་གེ་ལགས་ཀྱིས་རང་གི་བསམ་འཆར་གྱི་ནང་དོན་མངོན་གསལ་དོད་པོ་བཟོས་པ་དེར། ཁོང་ལ་འོས་འཕེན་མཁན་ཚོས་གདེངས་འཇོག་ཇི་བྱེད་ཀྱི་ཐོབ་ཐང་ཡོད།
༡༧ བློ་བཟང་སེང་གེ་ལགས་ཀྱི་བསམ་ཚུལ་འདི་བློ་འཚབ་སྐྱེ་གཞི་ཞིག་རེད། གང་ཡིན་ཟེར་ན་ཁོང་གིས་ཁོང་རང་གི་བསམ་ཚུལ་འདི་བོད་པ་ཉན་པ་པོ་ཚོར་ཁ་ཕྱོགས་ཏེ་ཤོད་དགོས་པའི་རྐྱེན་གྱིས་བྱས་པ་རེད། དཔེ་ཆ་བཞག་ན། བློ་བཟང་སེང་གེ་ལགས་ཀྱིས་ཕ་ཡུལ་དྲ་རྒྱའི་ཐོག ‘‘ཕོ་བྲང་པོ་ཏཱ་ལའི་ཡང་སྟེང་དུ་ང་ཚོའི་རྒྱལ་དར་སྒྲེང་བ་དང◌ོས་སུ་མཐོང་འདོད་ཡོད།’’ ཅེས་པའི་རྩོམ་ཡིག་བྲིས་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་འདི་ལྟ་བུས་བོད་པའི་འོས་འཕེན་པ་ཚོའི་ཁྲོད་ནས་ཚོར་སྣང་ལ◌ན་ཆ་ལེགས་པོ་ཡོང་སྲིད་ཀྱང་། འདི་དང་བོད་མི་རྒྱ་ནག་གི་གོང་བུའི་ནང་ཟླ་བསྒྲིལ་རྒྱུའི་བློ་བཟང་སེང་གེ་ལགས་ཀྱི་བསམ་ཚུལ་གཉིས་གནས་བབ་གཅིག་པའི་སྣང་ཚུལ་བསྐྲུན་ཐུབ་ཀྱི་མ་རེད།
༡༨ གོང་སྨྲོས་རྒྱུ་མཚན་ལ་བརྟེན་ནས་དྲི་བ་རང་བཞིན་གྱིས་འབྱུང་སྲིད་པ་ན◌ི། ག་རེ་བྱས་ནས་བློ་བཟང་སེང་ག◌ེ་ལགས་ཀྱིས་ཝ་ཤིང་ཊོན་དུ་ཡོད་པའི་ཁྲིམས་བཟོ་ལྷན་ཚོགས་མདུན་བསམ་ཚུལ་ཞིག་བཏོན་པ་དང་། བོད་མི་འོས་འཕེན་པ་ཚོའི་མདུན་དུ་བསམ་ཚུལ་གཞན་ཞིག་འདོན་གྱི་ཡོད། ཝ་ཤིང་ཊོན་གྱི་སེང་གེ་ལགས་ནི་ཧཝཱཊ་གཙུག་ལག་སློབ་གྲྭ་ནས་སྦྱོང་བརྡར་སྤྲད་པའི་ཁྲིམས་རྩོད་པ་དང་ཕུལ་བྱུང་གི་རྒྱལ་ཞེན་པ། རྒྱ་ཡི་མི་སེར་◌ལྟར་འདྲ་མཉམ་ཐོབ་ཐང་འདོད་པའི་སྟེང་ནས་བོད་མི་རྣམས་རྒྱ་ནག་གི་ལམ་ལུགས་ནང་ཞུགས་སུ་འཇུག་མཁན་གྱི་སྐུལ་འདེད་པ་ཞིག་རེད། རྡ་རམ་ས་ལར་སེང་གེ་ལགས་ནི་ཧཝཱཊ་གཙུག་ལག་སློབ་གྲྭ་ནས་ཐོན་པའི་ཁྲིམས་རྩོད་པ་ཞིག་དང་། ད་དུང་ཡང་བོད་ཀྱི་གཞོན་ནུ་ཚོགས་པའི་ལས་འགུལ་སྙིང་དབུས་སུ་བཅངས་པའི་སྐྱེ་བོ་ཞིག་རེད།
༡༩ ཁོང་གིས་ཁ་ནས་མ་བཤད་ཀྱང་། རང་བཙན་དང་རང་སྐྱོངས་ལྗོངས་ནི་ཐོབ་མི་སྲིད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གི་གོང་བུའི་ནང་ཟླ་སྒྲིལ་རྒྱུ་དེ་ཐབས་ལམ་གསུམ་པ་དེ་རེད་སྙམ་དུ་གཅིག་བྱས་ན་ཡིད་ཆེས་ཡོད་སྲིད་པ་ཞིག་རེད། དེ་ལྟར་ཡིན་པའི་དབང་དུ་བཏང་ཀྱང་། འདི་ནི་ཁོང་གིས་བོད་མི་འོས་འཕེན་པ་ཚོའི་མདུན་འོས་འཚམས་ཐོག་གསལ་པོ་བཟོས་མེད་པའི་རང་གི་བསམ་ཚུལ་ཞིག་རེད།
༢༠ ད་ལྟའི་གནས་ཚུལ་ངོ་མར་བལྟས་པ་ཡིན་ན། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གི་གོང་བུའི་ནང་ཟླ་བསྒྲིལ་ཡས་དེ་དང་། པོ་ཏ་ལའི་ཡང་སྟེང་དུ་རྒྱལ་དར་སྒྲེང་ཡས་ཀྱི་འཁྲབ་གཞི་གཉིས་པོ་འདི་མཉམ་དུ་མཐུན་ཐབས་མེད་ལ། ཆ◌ེས་མངོན་གསལ་དོད་པའི་འགལ་ཟླའི་རང་བཞིན་ཅན་གྱི་གནས་ཚུལ་འདི་གཉིས་ལ་བློ་བཟང་སེང་གེ་ལགས་ཀྱིས་འགྲེལ་བཤད་གནད་དུ་འཁེལ་བ་ཞིག་བརྒྱབ་སྟེ། རང་ཉིད་གང་གི་ཕྱོགས་སུ་ལངས་ཡོད་མིན་གསལ་པོ་ཞིག་བཟོས་ཚེ་ང་ཚོས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སྲིད་འཛིན་ཨོ་བྷ་མ་ནི་རང་ལ་འོས་འཕེན་མཁན་ཚོས་གང་ཉན་འདོད་པ་དང་གངཞིག་ཉན་དགོས་ཀྱི་ཡོད་པ་དེ་ཤོད་མཁན་གྱི་རྒྱབ་སྐྱོར་བརྩོན་ལེན་པ་ཙམ་ཞིག་མ་ཡིན་པར། རང་ལ་འོས་འཕེན་མཁན་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་ནུས་པ་ཡོད་པར་ཡིད་ཆེས་གཙང་མ་དང་ཐ་ན་ཆབ་སྲིད་ཀྱི་དགོས་མཁོ་ཡོད་དུས་གནས་དུས་སྟངས་འཛིན་བྱེད་ཤེས་མཁན་ཞིག་ཀྱང་རེད། ང་ཚོའི་རེ་བར་བློ་བཟང་སེང་གེ་ལགས་ཀྱིས་ཆབ་སྲིད་ཀྱི་བསམ་བློའི་འཁྱེར་སོ་དང་དོན་དངོས་ར་མི་ཐུག་པའི་གཏམ་བཤད་སྤངས་ཏེ། རང་གི་བསམ་ཚུལ་ཆ་ཚང་བ་གསལ་སྟོན་གྱིས་རང་གི་ཕུགས་བསམ་ལ་འོས་འཕེན་པ་ཚོས་གདེངས་འཇོག་དང་ཡིད་ཆེས་རྙེད་པ་ཞིག་གནང་དགོས།
༢༡ གལ་ཏེ་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱ་ནག་གི་ཨོ་བྷ་མའི་གླེང་ཕྱོགས་སྐོར་ལ་དཔྱད་རྩོམ་བྲིས་མེད་ན། བོད་པའི་འོས་འཕེན་པ་ཚོས་འདི་སྐོར་དྲི་བ་འདོན་རྒྱུའི་བསམ་བློ་རྩ་བ་ནས་འཁོར་མི་སྲིད་པ་ཞིག་རེད། འོན་ཀྱང་གོང་གི་དྲི་བ་དེ་རྣམས་ངེས་པར་དུ་དྲི་དགོས་པའི་དྲི་བ་ཆགས་ཡོད་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། བློ་བཟང་སེང་གེ་ལགས་རང་ཉིད་དང་འོས་འཕེན་པ་གཉིས་ཀའི་ཆེད་ཁོང་གིས་དོན་དངོས་གསལ་པོ་བཟོ་དགོས་ཀྱི་རེད་ལ། འཇིག་རྟེན་གྱི་འགྲོ་ལུགས་ལྟར་བློ་བཟང་སེང་གེ་ལགས་ཀྱིས་ཚང་མའི་མདུན་དུ་ལན་འདེབས་བྱ་རྒྱུར་ང་ཚོས་དགའ་བསུ་ཞུ་གི་ཡོད།
༢༢ འོས་ལངས་འགྲན་བརྩོད་ནང་ཞུགས་མཁན་འོས་མི་སུ་ཡིན་ཀྱང་རང་གི་ལྟ་ཚུལ་བཟུང་ཡས་ཀྱི་ཐོབ་ཐངཡོད་པ་ཙམ་དུ་མ་ཟད། འོས་འཕེན་མཁན་ཚོ་ལའང་འོས་མི་རྣམས་ཚང་མའི་སྐོར་ལ་ཁ་ཡམ་ཙམ་མིན་པར་ཕྱོགས་ཡོངས་ལ་བརྟག་དཔྱད་ཀྱིས་གདེངས་འཇོག་བྱ་ཆོག་པའིཐོབཐང་ཡོད། འོས་འཕེན་པ་ཚོས་འོས་མིའི་ཐོག་ཕྱོགས་◌ཡོངས་ནས་བརྟག་དཔྱད་ངེས་པར་དུ་བྱས་ཏེ། ང་ཚོས་འོས་མི་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཚོར་སྣང་ངེས་པར་དུ་སྐྲུན་ཐུབ་པ་བྱ་དགོས། འོས་མིའི་འོས་ཆོས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་བོད་ཀྱི་ཆ་འཕྲིན་བརྒྱུད་ལམ་ཁག་གིས་འབད་རྩོལ་ཆ◌ེར་བསྐྱེད་ངང་སྣེ་ཁྲིད་གནང་རོགས་ཞེས་ང་ཚོས་རེ་བ་ནན་པོ་བཅོལ་གྱི་ཡོད།
མཐའ་བསྡོམས་རྒྱ་ནག་གི་ཨོ་བྷ་མའི་སྙན་ཐོའི་སྐོར་བསྐྱར་བརྗོད།
༢༣ མཐའ་དོན་བློ་བཟང་སེང་གེ་ལགས་རྒྱ་ནག་གི་ཨོ་བྷ་མ་གནང་འདོད་ཀྱིས་དོན་དངོས་ཐོག་བརྩོད་ལེན་བྱེད་ཀྱི་ཡོད་མེད་ཐད་གཅིག་བྱས་ན་འོས་འཕེན་པ་ཚོས་ཤེས་འདོད་ཆེན་པོ་ཡོད་ཀྱི་རེད། ང་ཚོའི་ལྟ་ཚུལ་བྱས་ན། གོང་དུ་བརྗོད་པའི་དྲི་བ་དེ་ཚོ་དང་བསྡུར་ན་ཨོ་བྷ་མའི་སྐོར་འདི་གནད་དོན་ཆུང་ ཆུང་རེད།
༢༤ ཡིན་ན་ཡང་ཚོགས་འདུའི་མཐའ་མཇུག་ཏུ་ཚོགས་ཞུགས་མི་སྣའི་ཁྲོད་ནས་གཅིག་གིས་རྒྱ་མིས་བོད་ལ་བཅིངས་འགྲོལ་བཏང་བ་དང་སྲིད་འཛིན་ལིན་ཀོལོན་( ཁོང་ནི་ཨ་རིའི་སྲིད་འཛིན་ བཅུ་དྲུག་པ་དེ་རེད།)གྱིས་ཨ་◌རིའི་མི་ནག་པོའི་ཚེ་གཡོག་རྣམས་ལ་བཅིངས་འགྲོལ་བཏང་བ་གཉིས་གཅིག་མཚུངས་རེད། ཅེས་ཅང་ཚེ་མིན་གྱིས་ཡིན་ཚུལ་བརྗོད་པའི་ཟིན་ཐོའི་སྐོར་ལ་དྲི་བ་བཏང་བ་དང་། ཨི་ ལིཨོཊ། སིཔེར་ལིང་གིས་བཀའ་མོལ་སྐར་མ་ཁ་ཤས་གནང་བའི་རྗེས་སེང་གེ་ལགས་ཀྱིས་ཁ་སྣོན་བྱས་དོན།
༢༥ མཁྱེན་གསལ་ལྟར་དུས་ཚོད་འཕྲོ་བརླག་མི་འགྲོ་བའི་ཆེད་མདོར་བསྡུས་ཤིག་ཞུ་དགོས་བྱུང་བར་དགོངས་འགལ་མེད་པར་ཞུ། ཅང་ཙེ་མིན་གྱིས་བཤད་པ་ལྟར་ན། ཨ་རིས་ཨ་རིའི་མི་ནག་པོ་ཚོར་ལྟ་སྐྱོང་བྱས་པ་ལས་རྒྱ་མིས་བོད་པར་ལྟ་སྐྱོང་བྱས་པ་དེ་ལྷག་པ་ཡོད་ཚུལ་བཤད་ཡོད། དེ་དོན་དངོས་འབྲེལ་ཡིན་ན་ངས་རང་ཉིད་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་འོས་མིར་ལངས་རྩིས་ཡོད། ངས་དེ་ལྟར་བྱེད་པར་མ་མཐར་ཡང་ང་ལ་ཆ་རྐྱེན་ཚང་ཡོད་། ཨོ་བྷ་མ་ཧཝཱཊ་ཁྲིམས་ཀྱི ་སློབ་གྲྭ་ནས་ཐོན་པ་དང་། ང་ཡང་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ང་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་མི་འདུག་གམ། ཞེས་སེང་གེ་ལགས་ཀྱིས་བཤད།
༢༦ རྒྱ་ནག་གི་ཨོ་བྷ་མ་ཆགས་འདོད་ཡོད་ཅེས་པ་འདི་བཞད་གད་སློང་ཆེ ད་བཤད་པ་ཡིན། ཞེས་སེང་གེ་ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ཡིན་པ་གསལ་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ བལྟས་པ་ཡིན་ན། ཁོང་གི་ཞལ་ཤོབ་དེ་བརྒྱུད་ནས་ཁོང་གི་གཏམ་བཤད་གཙོ་བོའི་སྙིང་དོན་གསལ་པོ་མངོན་གྱི་ཡོད་པ་རེད། དེ་འདྲ་སོང་ཙང་འཇམ་དབྱངས་ནོར་བུ་ལགས་ཀྱིས་འདིའི་ཐོག་ནན་བརྗོད་གསལ་སྟོན་བྱས་པ་དེར་རྒྱུ་མཚན་ངེས་ཅན་ཞིག་ལྡན་ཡོད།
༢༧ དེ་ནས་དགེ་རྒན་ཆེན་མོ་ཀརལ་སོན་གྱིས་ལན་སྐྱོན་དོན། (སྲིད་འཛིན་ཨོ་བྷ་མས་ཧཝཊེའི་སྙན་གྲགས་ཆེ་བའི་ཁྲིམས་ཀྱི་དུས་དེབ་རྩོམ་སྒྲིག་གནང་མྱོང་ཡོད་པ་རེད།) ཁྱེད་རང་གིས་ཁྲིམས་ཀྱི་ཞིབ་འཇུག་རྩོམ་ཡིག་རྩོམ་སྒྲིག་བྱེད་མྱོང་ངམ། ཞེས་དྲིས་པར། སེང་གེ་ལགས་ཀྱིས་ག་རེ་གསུངས་པ་ཡིན་ནམ། ཡང་བསྐྱར་གསུང་རོགས་ཞེས་བཤད། དེ་ནས་སེང་གེ་ལགས་ཀྱིས་ལན་བརྒྱབ་དོན། ངས་འགྲོ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་རྩོམ་སྒྲིག་བྱེད་མྱོང་། དེས་འགྲིག་གི་མ་རེད་པས། ཞེས་བཤད།
༢༨ བཀའ་བློན་ཁྲི་པའི་འགྲན་རྩོད་བགྲོ་གླེང་གི་དུས་རིམ་ཁྲོད་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཨོ་བྷ་མ་དང་གཅིག་མཚུངས་ཡིན་པ་མཚོན་ཐབས་བྱེད་ཀྱི་ཡོད་པ་དེ། དགེ་རྒན་ཆེན་མོ་ཀརལ་སོན་གྱི་དཔྱད་གཏམ་དེས་ང་ཚོར་དྲན་སྐུལ་བྱ◌ས་ཡོད། བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཀྱི་རྒྱབ་ལྗོངས་དང་ཨོ་བྷ་མའི་རྒྱབ་ལྗོངས་དབར་མཚུངས་བསྡུར་བྱ◌ེད་པ་འདིས་ཁོ་རང་ལ་ཕན་ཐོགས་◌ཡོང་རྒྱུར་ང་ཚོས་ ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད། འདིས་སེང་གེ་ལགས་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་ཕན་ནུས་འདོན་ཐུབ་ཀྱི་རེད་སྙམ་དུ་ང་ཚོས་བསམ་གྱི་མེད། སེང་གེ་ལགས་ཀྱིས་བསྡུར་བ་དེ་ལྟར་བྱེད་པ་ལས་ལྡོག་སྟེ་རང་ཉིད་ཀྱི་དངོས་ཡོད་རྒྱབ་ལྗོངས་ལ་གཞི་བཅོལ་ཏེ་ལས་འགུལ་སྤེལ་རྒྱུར་ང་ཚོས་དྲན་སྐུལ་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ཁོང་རང་གི་གཟི་བརྗིད་ཏན་ཏན་མངོན་ཐུབ་ཀྱི་རེད།
( སྒྱུར་བ་པོའི་མཆན། སྒྱུར་མཁན་གྱི་དབྱིན་སྐད་ཆུ་ཚད་དམན་པ་དང་། ཕབ་སྒྱུར་གྱི་ཉམས་མྱོང་ཞན་པ། ལྷག་དོན་ཆབ་སྲིད་ཀྱི་གོ་རྟོགས་ཤིན་ཏུ་དམན་པ་སོགས་ལས་དཔྱད་རྩོམ་འདི་བསྒྱུར་སྐབས་ཐེ་ཚོམ་དང་བློ་གདེངས་མེད་པའི་གནད་དོན་མང་པོ་ཞིག་འཕྲད་པར་བརྟེན། གནད་དོན་མང་པོའི་ཐད་ཆད་ལྷག་ནོངས་གསུམ་གྱི་ཞན་ཆ་མང་པོ་འབྱུང་རྒྱུ་གདོན་མི་ཟ་ན། རྒྱ་ཆེའི་ྐློག་པ་པོ་རྣམས་དང་། ལྷག་དོན་དབྱིན་ཡིག་གི་མ་ཟིན་རྩོམ་སྒྲིག་པ་རྣམས་ལ་དགོངས་འགལ་མེད་པ་ཞུ་རྒྱུ་དང་། འགྱུར་འདི་དོན་འགྱུར་གཙོ་བོར་བཟུང་བ་ལས་ཐད་བསྒྱུར་ཞུས་མེད། འོན་ཀྱང་འདི་ནི་ཕབ་སྒྱུར་པོ་བྱེ་བྲག་པ་ཞིག་གི་ཤེས་ཚད་ལ་དཔག་པའི་བསམ་བློའི་འཆར་སྒོ་ཞིག་ཡིན་གཤིས། དོན་དངོས་འདི་ལྟར་ཡིན་པའི་ངེས་པ་མེད་ཅིང་། འདི་ལྟར་ཡིན་དགོས་པར་འདོད་ཀྱིའང་མེད།དེེར་བརྟེན་གནད་དོན་ངོ་མ་ཇི་མ་ཇི་བཞིན་མཁྱེན་འདོད་མཆིས་ཚེ་དབྱིན་ཡིག་གི་མ་ཕྱི་རང་ལ་གཟིགས་པར་འཚལ། །)
ཨ་རོགས་ཚོ་བློ་སེང་གི་ སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་གྱི་ཡོད་པས་ སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་མ་ཤི་བར་ བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་མི་ མང་མགོ་སྐོར་གཏོང་གི་ཡོད།
རྣམ་རྒྱལ་ལགས་ཀྱི་དྲི་ བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་ འདུག
ཕ་ལགས་བཤགས་སོང་ཨ་མ་ལགས་ཀྱིས་ཁྱེད་རང་ཕྲུ་གྲུ་རྒན་ཤོས་ཡིན་པས་བརྟན་བཞུགས་འབུལ་དུས་འགྲོ་དགོས་ཞེས་གསུངས་ཞེས་བཤད་སོང།
ཨ་རོགས་ཚོ་བསམ་བློ་ གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་། རང་ཅག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ལྷན་ཚོགས་འདི་ལ་ན་ ནིང་རྒྱ་གཞུང་གི་འཇིག་སྐུལ་བ་རེད་ཞེས་དམོད་ཚིག་སྒྲོགས་པ་དང་། ཡང་ད་ལོ་རང་གི་རིག་གཞུང་ལ་ཀླད་སྟོང་བ་བློ་སེང་གིས་གཞོན་ལྷན་འདི་བོད་གཞུང་ གི་ཁ་གཏད་རེད་ལྷན་ཚོགས་འདི་ནག་པོ་བཟོ་ཐབས་བྱེད་ཀྱི་འདུག
༸གོང་ས་མཆོག་གི་རྒྱ་ མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།
ཁོ་བར་དྲི་བ་ཞིག་འདུག་ རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་ མྱོང་པའི་མི་སྣ་འདེམས་པའི་དགོས་པའི་རྒྱུ་མཚན་གང།
ལེགས་བཤད་ལས། གོམས་ན་དཀའ་བར་མི་འགྱུར་ཏེ་ཞེས་གསུངས་པ་ལྟར་བློ་སེང་རྫུན་དང་རྒྱབ་འགལ་ཤོད་རྒྱུར་གོམས་པས་སོ།
ཅིག་ཅིག་མིག་མིག་སྲིད་དོན་ཉམས་ཞིབ་ཚང་ལ་ཞུ་རྒྱུར།
བློ་བཟང་སེང་གེས་བོད་གཞུང་གིས་དབུ་མའི་དང་མི་འདྲ་བའི་ལམ་མམ། ཁྱེད་ཚོས་བཤད་པ་བཞིན་རྒྱ་ནག་གི་ཨོ་བྷ་མ་ཞེས་པའི་ཚིག་དུམ་ཁ་ལ་ཁྱེར་ནས་ལམ་གཞན་ཞིག་གཏོད་འདོད་ཡོད་ལུགས་བརྗོད་པ་དེར། ང་ལ་མཚོན་ན་དོགས་པ་རྣམ་རྟོག་གང་ཡང་མེད།
བློ་སེང་ལ་དེ་འདྲའི་གནད་འགག་ཅན་གྱི་བསམ་ཚུལ་ཞིག་ཡོད་ན། བགྲོ་གླེང་རིམ་པའི་ནང་ཚིག་གཅིག་མ་གསུངས་པ་མི་སྲིད་པ་ཞིག་རེད།
གོང་གི་ཚིག་དུམ་དེ་ཅང་ཙེ་མིན་གྱི་སྐད་ཆ་ཞིག་ལ་གཞི་བྱས་ནས་དེ་ལ་ཆོབ་དང་སྦྲགས་ནས་ལན་གསུངས་པ་ཞིག་རེད་མ་གཏོགས། ཚིག་དུམ་དེའི་རྒྱབ་ཏུ་རྒྱ་ནག་གི་སྲིད་འཛིན་བྱེད་པའི་ཧམ་སེམས་ཡོད་རེད་མདོག་མདོག་གི་གཞི་མེད་སྒྲོ་འདོགས་འདི་ལ་སེམས་གཏིང་ནས་གད་མོ་ཤོར་བ་ཞིག་མིན་ནམ། མདོར་ན་སྐད་ཆ་འདི་ཚོ་མི་ཞིག་ནག་པོ་བཟོ་འདོད་ཀྱི་ཐབས་སྡུག་གི་སྐད་ཆ་ཞིག་མ་གཏོགས་དེ་ལ་དཔྱད་པ་བྱེད་རིན་ཡོད་པའི་བརྗོད་གཞི་ཞིག་མིན་པ་མིག་ཡོད་མཁན་ཡིན་ན་མཐོང་གི་རེད།
མཁས་པས་མཁས་པ་མི་འདོད་ཅེས་པའི་གཏམ་དཔེ་དེ་ཁྱེད་ཚོས་གོ་ཨེ་མྱོང་།
འཇམ་ནོར་ལགས་རང་བཙན་གྱི་ལྟ་བ་བརྟན་པོ་ཡོད་མཁན་ཞིག་དང་། མཁས་པ་ཞིག་རེད་དེ། བློ་སེང་དང་ཐུག་དུས་ཁ་གཏད་བཅག་གང་ཐུབ་གནང་གི་རེད། དེ་ནི་རང་དང་འདྲ་མཉམ་གྱི་མི་ཞིག་ཡར་ཐོན་ཡོང་གི་ཡོད་པའི་སྟབས་ཀྱིས་རེད། དེ་ལོས་ཡིན་ཁ གཏད་བཅག་ཀྱང་བཅག་རིན་ཡོད་པ་རེད། ཁོང་གཉིས་ནི་སྟག་འདྲ་གཟིག་འདྲ་རེད། ཁོང་གཉིས་ནི་དེང་རབས་བོད་ཀྱི་ཕྱི་ལོགས་སུ་ཡོད་པའི་མཁས་པ་གཉིས་རེད།
ཉག་ཉོག་གང་ཞིག་བཤད་ཀྱང་། གང་ལྟར་བཀའ་ཁྲིའི་འོས་ཤོག་བློ་བཟང་སེང་གེ་ལ་ཐོབ་རྒྱུར་ཐེ་ཚོམ་མི་འདུག
ཧ་མ་གོ་མཁན་དེ་ཧམ་པ་ཚ་ཟེར་བ་ངོ་མ་རེད་འདུག བོད་མི་དབུ་མའི་ལམ་དང་རང་ཐག་རང་གཅོད་འདོད་མཁན་སུ་ཞིག་ཡིན་ཡང་སྙིང་དབུས་སུ་གཞོན་ནུའི་ལས་འགུལ་ལ་མི་དགའ་མཁན་སུ་ཡང་མེད། ༸སྐབས་མགོན་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེས་ཀྱང་དེ་ནི་ཐོབ་ཐང་ཡིན་པ་གསུང་མྱོང་ཡོད་ལ། བོད་མི་སུས་ཀྱང་དེ་གཉིས་འགལ་བ་བརྩི་བཞིན་མེད། བཀྲས་མཐོང་དང་བསོད་ནམས་སྟོབས་རྒྱལ་སོགས་དེ་སྔོན་བཀའ་ཁྲི་མང་པོ་གཞོན་ནུ་ཚོགས་པའི་མི་ཡིན། འོ་ན་ཁོང་ཚོས་བཀའ་ཁྲིས་སྐབས་དབུས་མའི་ལམ་ལ་ཁ་ཞེ་གཉིས་ཀྱིས་ཕྱག་ལས་མ་གནང་བའམ། ཡང་ན་གཞོན་ནུ་ཚོགས་པའི་ལས་འགུལ་སྙིང་དབུས་ནས་དོར་གནང་བ་ཡིན་ནམ། ད་ཕན་དེ་འདྲའི་བཀའ་འདྲི་ཞུས་མྱོང་མེད་ལ་ཁོང་རྣམ་པས་གསལ་བཤད་ཀྱང་བྱེད་མྱོང་མེད། གསལ་བཤད་བྱེད་དགོས་དོན་ཡང་མེད་དེ་གནད་དོན་དེ་བོད་མི་བསམ་ཡོད་ཚང་མས་བསམ་ཤེས་ཐུབ་ཀྱི་ཡོད།
བློ་སེང་སྐབས་གཞི་ནས་གལ་ཆེ་མདོག་གིས་འགལ་འདུ་ཡོད་མདོག་སྟོན་པ་དེས་བོད་ཀྱི་རྩ་དོན་ཆེད་མ་ཡིན་པར་མི་གཅིག་ལ་དམིགས་པ་དེ་གསལ་པོ་རེད།
ཡང་དོན་ཚན་༢༥ ནང་དུ་། ཅང་ཙེ་མིན་གྱིས་བཤད་པ་ལྟར་ན། ཨ་རིས་ཨ་རིའི་མི་ནག་པོ་ཚོར་ལྟ་སྐྱོང་བྱས་པ་ལས་རྒྱ་མིས་བོད་པར་ལྟ་སྐྱོང་བྱས་པ་དེ་ལྷག་པ་ཡོད་ཚུལ་བཤད་ཡོད། དེ་དོན་དངོས་འབྲེལ་ཡིན་ན་ངས་རང་ཉིད་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་འོས་མིར་ལངས་རྩིས་ཡོད། ངས་དེ་ལྟར་བྱེད་པར་མ་མཐར་ཡང་ང་ལ་ཆ་རྐྱེན་ཚང་ཡོད་། ཨོ་བྷ་མ་ཧཝཱཊ་ཁྲིམས་ཀྱི ་སློབ་གྲྭ་ནས་ཐོན་པ་དང་། ང་ཡང་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ང་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་མི་འདུག་གམ། ཞེས་སེང་གེ་ལགས་ཀྱིས་བཤད། ཅེས་བྲིས་འདུག
དེ་ལ་འགལ་འདུ་དང་མ་འགྲིག་པ་གཅིག་ཀྱང་མི་འདུག དྲི་བ་ལྡོག་ཕྱོགས་ནས་དྲིས་པ་དང་ཟུར་ཟ་བའི་དྲིས་པ་ཙམ་རེད། ཅང་ཙེ་མན་གྱིས་བཤད་པ་ལྟར་ཡིན་ན་དེ་ལྟར་ཡོང་དགོས་པ་ལ་བྱུང་མེད། དེས་ན་ཅང་ཙེ་མན་གྱིས་བཤད་པ་དེ་བདེན་པ་མིན་པ་རྫུན་མ་རེད་ཅེས་པའི་དོན་རེད། ཕལ་ཆེར་དཔྱད་གཏམ་འབྲི་མཁན་དེས་མི་བོད་སྐད་སམ་བོད་ཡིག་གི་འགྲོ་སྟངས་ཡག་པོ་མེད་པ་འདྲ། དེ་སྔོན་གྱི་ལོ་ཁ ཤས་སྔོན་གྱི་བློ་སེང་གི་གཏམ་བཤད་ཁག་དང༌། བཀའ་ཁྲི་འོས་མི་ནང་ཞུགས་རྗེས་ཁྱོད་རང་བཀའ་ཁྲི་གྱུར་ན་ག་རེ་བྱེད་ཡོད་ཅེས་པའི་དྲིས་ལན་གཉིས་ཀྱང་འགལ་འདུ་ལ་ངོས་འཛིན་བྱས་འདུག ཨ་ཁ་ཁ་་ འགལ་འདུ་ངོས་ཟིན་གྱི་མི་འདུག ད་ལྟའི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིན་འཛིན་ཀྱང་བཀའ་ཁྲི་ཁེལ་ན་དབུ་མའི་ལམ་ཐོག་ཕྱག་ལས་གནང་རྒྱུ་རེད། དེ་གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་གཞུང་གི་སྲིད་བྱུས་རེད།
དཀའ་ངལ་ཆེན་པོ་བརྒྱབ་ནས་འཚོལ་བསྡུ་བྱས་འདུག་ཀྱང་གོ་དོན་ཡག་པོ་ལོན་མི་འདུག དེས་ག་རེ་མཚོན་གྱི་འདུག་ཟེར་ན། བློ་སེང་ལ་བཀའ་ཁྲིར་ཁེལ་ཡོང་སྙམ་པའི་ཞེད་སྣང་ཆེན་པོ་ཞིག་ཡོད་པ་ཤེས་ཐུབ་ཀྱི་འདུག ཞེད་སྣང་དེ་འདྲ་ཡོང་དགོས་དོན་ག་རེ་ཡིན་ནམ། བོད་ཀྱི་རྩ་དོན་འཐུས་ཤོར་འགྲོ་དོགས་ཡིན་ནམ། ཡང་ན་ཕྲག་དོག་ཡིན་ནམ། གཞོན་སྐྱེས་མི་རབས་གསར་པ་ཞིག་སླེབས་པ་མ་དགའ་བ་ཡིན་ནམ། གཞོན་སྐྱེས་མི་རབས་གསར་པ་ཞིག་སླེབས་པ་ལ་རྒྱ་ནག་ཡང་དགའ་པོ་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་ངས་ཀྱངཞིབ་འཇུག་བྱེད་ངེས་ཡིན།
a lot of hungry hyennas are out for a catch. I hope they do get one ultimatley
བོད་མིའི་གནས་བབ་དང་ཨ་རིའི་མི་ནག་གི་གནས་བབ་གཅིག་མཚུངས་ཀྱིས་གོ་སྡུར་བྱེད་པ་ནི་ཞྭ་དཔེ་ལྷམ་ལ་བཞག་པའི་དོན་རེད། མི་རིགས་ནག་པོ་ས་ཆ་མེད་ཅིང་བྲན་གཡོག་གི་རིགས་རྒྱུད་ཡིན། བོད་ལ་ས་ཆ་དང་རིག་གཞུང་། སྲིད་གཞུང་དང་དམག་མི་སོགས་ལོ་ངོ་སྟོང་ཕྲག་རིང་ལ་རང་སར་ཡོད་པས་མི་རིགས་ནག་པོ་དང་བསྡུར་ཐབས་མེད། གལ་སྲིད་བོད་ཀྱི་གནས་སྟངས་མི་རིགས་ནག་པ་འདྲ་ཞིང་གཅིག་མཚུངས་ཀྱི་རང་དབང་དགོས་ན་བོད་ཡིག་དང་བོད་སྲོལ་དོར་ནས་རྒྱ་ཡིག་སྦྱང་དང་། རྒྱ་རིགས་དང་གཅིག་མཚུངས་ཀྱི་རང་དབང་ཡོད་ཅིང་གཅིག་མཚུངས་ཀྱིས་ཐོབ་ཐང་རོལ་ཐུབ་ཅེ་ན་ལན་ཅི་འདེབས། དེ་ནི་རྒྱ་ནག་གིས་ཁ་གསལ་མིན་པའི་ཐོག་ནས་སྐྱར་ཟློས་ཀྱིས་བརྗོད་བཞིན་ཡོད་དེ། གྲངས་ཉུང་མི་རིགས་ཀྱིས་རྒྱ་རིགས་དང་གཅིག་མཚུངས་ཀྱིས་གཞུང་གི་ལས་གནས་འཛིན་མི་ཐུབ་པ་ནི་རྒྱ་ཡིག་མ་ཤེས་བའི་སྐྱོན་རེད་ཟེར་ནས་སྨྲ་བཞིན་ཡོད། བློ་བཟང་སེང་གིས་བོད་མི་ཡོངས་ལ་དེ་ལྟར་བྱེད་དུ་བཅུག་ན་རྒྱ་ནག་གིས་མོས་མཐུན་བྱེད་ངེས་རེད་ལ་རྒྱ་རིགས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་སྲིད་པ་མ་ཟད། མི་རིགས་ནག་པོ་འདྲ་སྟེ། རང་སྐད་དོར་ནས་དབྱིན་ཡིག་སྦྱང་བའི་ཉེར་ལེན་གྱིས་ཨ་རིའི་འཛིན་སྐྱོང་མི་སྣ་ཆགས་པས་རེད། འོན་ཀྱང་བོད་ལ་བོད་སྐད་དང་བོད་གོམས་་་་་་་་་་
ཕྱོགས་གཞན་ཞིག་ནས་བཤད་ན་བྱམས་སེམས་ཅན་གྱི་ཨ་རི་མི་མང་དང་སྡིག་རྩུབ་ཆེའི་་རྒྱ་རིགས་མི་མང་གཉིས་སྡུར་ཐབས་ག་ལ་ཡོད། དེ་ནི་ཁྱིམ་མེད་ཀྱི་ཕྱི་སྡོད་རྒྱ་རིགས་ཁ་ཤས་ཀྱི་སྤྱོད་ཚུལ་ལས་ཕྱོགས་ཞེན་ཆེའི་རྒྱ་རིགས་མང་ཚོགས་ཀྱི་སྟངས་སྟབས་ག་ཡིན།
རྒྱ་ནག་གི་ཨོ་བྷ་མར་ཁག་ཆེར་མེད། ཁོང་གིས་བོད་པ་མེད་ས་ཞིག་ཏུ་བཤད་པའི་སྐད་ཆ་འདི་རིགས་ལོ་ཤས་རྗེས་བོད་པའི་སྤྱི་ཚོགས་ནང་བསྐྱར་དུ་གླེང་སློང་ཤུགས་ཆེ་ཡོང་གི་རེད་བསམ་ཐུབ་མེད། འོན་ཀྱང་འདི་ཐམས་ཅད་འཇམ་ནོར་གྱི་བྱས་རྗེས་རེད། ད་སེང་གེ་རྒྱ་ནག་ལ་ཕྱིན་ན་དུས་ལ་འཁེལ་འདུག རྒྱ་ནག་གི་ཨོ་བྷ་མ་བྱ་ཆོག་པ་འདུག
http://www.youtube.com/watch?v=tJgFAv-HtXI&feature=channel
བཀྲས་མཐོང་དང་བློ་སེང་ནས་ནིའུ་ཡོག་ལ་གཏམ་བཤད་གནང་བའི་ནང་གཞིས་ཆགས་ས་གཏན་ཡོང་རྒྱུར་ག་རེ་གནང་རྩིས་ཡོད་ཟེར་བའི་ལན་དུ།་་་གཞིས་ཆགས་ནང་གསུམ་མདོ་ཁག་དུ་ཚོང་ཁང་ཨམ་སྡོང་བཙུག་རྒྱུ་ཟེར་བ་ད་ལྡའི་སྐབས་སུ་བཀའ་ཤག་སྔོན་མ་ཚོ་ནས་ལག་ལན་བསྟར་ཟིན་པ་ཞིག་ཡིན་ལྷག་པར་དུ་གསུམ་མདོ་ཁག་ལ་ཚོང་ཁང་མང་པོ་བཙོག་ཀྱང་ཉོ་མཁན་སུ་ཡོད།་་་་་དེར་ཉོ་མཁན་ཡུལ་མི་སྐྱོ་པོ་དང་བོད་རིགས་ཕྲན་བུ་ལས་མེད་པར་ཚོང་ཁང་མང་པོས་ཅི་བྱེད།
ད་དྲང་པོ་ཤོད་རན་འདུག གོང་གི་ཀུན་གླེང་དྲི་བ་དྲི་ལན་སྐབས་བློ་སེང་ལགས་ཀྱི་བཀའ་མོལ་ནང་གནད་དོན་མང་པོ་ཞིག་ལ་གཡོལ་འགྲོ་ཡི་འདུག་ཀྱང་། གསལ་པོ་བཟོ་དགོས་པ་ཞིག་ལ་ལི་ཐང་བརྟན་བཞུགས་སྐབས་བློ་སེང་ལགས་ཀྱིས་དཔུང་སྒྲིལ་བར་ཡོང་པ་ཡིན་ཞེས་པ་དེ་ཕལ་ཆེར་ལི་ཐང་ཁོངས་ཀྱི་དོལ་རྒྱལ་བ་ཚོར་དམིགས་ཏེ་གསུངས་པ་འདྲ་པོ་འདུག ལྷག་དོན་ཁོང་རྒྱ་ནག་ལ་ཕྱིན་པ་དེར་སྐྱོན་བརྗོད་བྱེད་མཁན་ཚོར་གཞི་རྩ་མེད་པ་ལྟ་བུ་རེད་འདུག འོན་ཀྱང་འགོ་ནས་མཇུག་བར་སྡོམ་བརྒྱབ་ན་ལན་ཡག་པོ་ཞིག་ཐེབས་ཀྱི་མི་འདུག་ལ་རང་མི་དམངས་ཁ་ལ་ཁྱེར་ཏེ་རང་ཉིད་གལ་ཆེ་དང་། ཡིན་པ་བསྒྲུབ་ཐབས་བྱེད་ཀྱི་འདུག ཡང་ཁོང་གིས་མ་འོངས་འགོ་ཁྲིད་གསར་པ་དེས་ཡག་པོ་མ་བྱས་ན་༸གོས་ས་མཆོག་ནས་བཤགས་བཅོས་རྒྱག་གི་ཡིན་གསུང་གི་འདུག ཅེས་བློ་སེང་གིས་བཤད་སོང། ཁོང་གིས་བོད་སྐད་གཏིང་ཚུགས་པ་ཞིག་ཤེས་ཀྱི་མེད་པའི་གླེང་གཞི་ཞིག་དྲ་སྟེང་ལན་མང་ཐོན་པ་དངོས་གནས་ར་འཕྲོད་སོང། ༸གོང་ས་མཆོག་གིས་སེ་ར་ཚོགས་ཆེན་ནང་གསུང་དོན་ནི། མ་འོངས་པའི་བཀའ་ཁྲི་གསར་པ་དེས་ལམ་དུ་འགྲོ་མིན་གྱི་གནས་ཏོག་ཙམ་ཏོག་ཐོན་ཚེ་ཤ་གཅུས་རྒྱག་རྒྱུ་རེད་ཅེས་གསུངས་ཡོད། དེ་འདྲ་སོང་ཙང་སྔོན་ལ་བཀའ་ཁྲི་བོད་སྐད་གཏིང་ཚུགས་པ་ཞིག་བདམ་དགོས།
ངས་བློ་སེང་ལ་བརྟག་དཔྱད་ཕྲན་བུ་བྱས་པས་རྨོངས་འཆར་ལྟར་ན།་ཁོང་རང་དཔོན་ཞེན་རིང་ལུགས་ཀྱི་བསམ་རྒྱ་ཆེ་བ་ལས་དོན་དངོས་བོད་ཀྱི་གནས་བབས་ལ་ཤ་ཁུ་ཤར་འཐམ་གྱི་རིགས་ཞེན་ཡོད་པ་ཞིག་མཐོང་ཐུབ་མ་སོང།
ཁོང་གིས་དྲི་བ་ག་འདྲ་ཞིག་གི་ལན་མ་རྒྱབ་པའི་སྔོན་དུ་གོ་སྐབས་ནམ་ཡོད་ལ་ཁོང་རང་གི་བྱེད་རྗེས་དང།་འཇོན་རབས།བྱེད་རབས།ལྟ་རབས་བཤད་ནས་དེ་རྗེས་དྲི་བ་ངོ་མའི་ལན་ཁྱ་ཁྱོར་འདྲ་རྒྱབ་ཀྱི་ཡོད།
སྐབས་འགར་ཁོང་གི་ཕ་དམ་པ་གཤེགས་ཚུལ་དང།ཕ་དམ་པའི་ཞལ་ཆེམས་བཞག་སྟངས་སོགས་བཤད་ནས་མི་མང་སེམས་སྐྱོ་བ་དང་ཡིད་འགུགས་ཐབས་བྱེད་ཀྱི་ཡོད།་ཡང་སྐབས་འགར་ཁོང་གིས་ཨ་མ་ལགས་ཀྱིས་ཕ་ཤུལ་བུར་འཛིན་དགོས་པའི་བསླབ་བྱ་ཡོད་རབས་ཀྱིས་མི་མང་ལ་ཁོང་པ་ཕ་མའི་ཁ་ཏ་ཚུན་ཆད་ཉན་མཁན་ཡིན་མདོག་གིས་མི་མང་ཡིད་འགུགས་ཐབས་བྱེད་ཀྱི་ཡོད།་དེ་དག་ནི་བོད་ཀྱི་ཨོ་བྷ་མའམ་རྒྱ་ནག་གི་ཨོ་བྷ་མའི་གཏམ་བྷབཤད་ཀྱི་གཡོ་འཁྲུལ་ཞིག་ཡིན་པ་ལས་མཐའ་གཅིག་ཏུ་དངོས་བདེན་ཞིག་ག་ལ་ཡིན།
མདོར་དོན་ངས་ཁོང་གི་གཏམ་བཤད་ཀྱི་ཚིག་ཟུར་ནས་མཐོང་ཡོང་བ་ནི།ཁོང་གིས་བཀའ་ཁྲིའི་སྐུ་སྟེགས་འཐོབ་རྒྱུ་བསམ་པ་ཆེ་བ་ལས་དོན་དངོས་བོད་ཀྱི་བདེ་སྡུག་གི་གནས་བབས་བསམ་པ་ཆེ་བ་ཞིག་ཨེ་སྙམ་པའི་ཚོར་བ་ད་དུང་ཡང་ཡལ་བཅུགས་མ་སོང།
དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ། ཚང་མས་བོད་ཀྱི་བདེན་དོན་ཆེད་བོད་ཀྱི་སྲིད་དོན་བསྐྱར་ཞིབ་པའི་དཔྱད་གཏམ་དབྱིན་ཡིག་ངོ་མ་ལ་གཟིགས་དང། དེ་མིན་གོང་གི་བསྒྱུར་ཡིག་ལ་གཟིགས་ཀྱང་འཐུས། ཡག་པོ་བྱས་ཏེ་ཐེངས་འགའ་ཀློགས་དང་། ལྟད་མོ་ཆེན་པོ་འདིའི་ནང་འདུག་ལ་གནད་འགག་ཀྱང་ཤིན་ཏུ་ཆེན་པོ་འདུག འདི་ཆབ་སྲིད་ཀྱ་ིལྟ་ཚུལ་གཙོར་བཟུང་གི་ཡིག་ཆ་ཞིག་ཡིན་སྟབས་གོ་ཅུང་དཀའ་བ་དང་སྙན་པོ་མེད་ཀྱང་སྲིད། འོན་ཀྱང་གནད་དགག་འདུག བགྲོ་བགླེང་མང་ཙམ་གནང་རོགས། མཁྱེན་ལྡན་རྣམ་པ་ཚོ། རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གདོན་མི་ཟ། ལྷག་དོན་འགྱུར་གྱི་ཆུ་ཚད་ལའང་དཔྱད་དགོས་པ་གལ་ཆེ། འགྱུར་འདི་རིགས་མང་ཙམ་ཐོན་དགོས་པར་སྙམ། འགྱུར་གྱི་མཇུག་ཏུ་སྒྱུར་མཁན་གྱིས་ཁེངས་སྐྱུངས་གནང་འདུག་པས་དཔྱད་པ་གཏོང་རྒྱུ་གལ་ཆེ།
དྲ་གྲོགས་ལྷན་རྒྱས་ལ་ཆེད་ཞུ། ཚང་མས་བོད་ཀྱི་བདེན་དོན་ཆེད་བོད་ཀྱི་སྲིད་དོན་བསྐྱར་ཞིབ་པའི་དཔྱད་གཏམ་ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་པའི་དབྱིན་ཡིག་ངོ་མ་ལ་གཟིགས་དང། དེ་མིན་གོང་གི་བསྒྱུར་ཡིག་ལ་གཟིགས་ཀྱང་འཐུས། ཡག་པོ་བྱས་ཏེ་ཐེངས་འགའ་ཀློགས་དང་། ལྟད་མོ་ཆེན་པོ་འདིའི་ནང་འདུག་ལ་གནད་འགག་ཀྱང་ཤིན་ཏུ་ཆེན་པོ་འདུག འདི་ཆབ་སྲིད་ཀྱ་ིལྟ་ཚུལ་གཙོར་བཟུང་གི་ཡིག་ཆ་ཞིག་ཡིན་སྟབས་གོ་ཅུང་དཀའ་བ་དང་སྙན་པོ་མེད་ཀྱང་སྲིད། འོན་ཀྱང་གནད་དགག་འདུག བགྲོ་བགླེང་མང་ཙམ་གནང་རོགས། མཁྱེན་ལྡན་རྣམ་པ་ཚོ། རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གདོན་མི་ཟ། ལྷག་དོན་འགྱུར་གྱི་ཆུ་ཚད་ལའང་དཔྱད་དགོས་པ་གལ་ཆེ། འགྱུར་འདི་རིགས་མང་ཙམ་ཐོན་དགོས་པར་སྙམ། འགྱུར་གྱི་མཇུག་ཏུ་སྒྱུར་མཁན་གྱིས་ཁེངས་སྐྱུངས་གནང་འདུག་པས་དཔྱད་པ་གཏོང་རྒྱུ་གལ་ཆེ།
བོད་ཀྱི་ཨོ་བྷ་མ་ཡིན་གསུངས་ན་ཆོག་ཀྱང་རྒྱ་ནག་གི་ཨོ་བྷ་མ་ཟེར་ན་ག་རེ་ལབ་ཀྱི་ཡོད་རེད།
ཨ་ཁ། ཨབ་སོབ་ཁྱེད་རང་གིས་གོང་གི་བོད་འདི་རྩ་བ་ནས་ཀློག་མེད་པ་འདྲ། རྒྱ་རྒྱག་གི་ཨོ་བྷ་མ་ཞེས་འབོད་དགོས་དོན་ནི། ཕྱི་ལོ་༢༠༠༨ ཟླ་བ་༡༠ པའི་ཚེས་༢༧ ཉིན་ཝ་ཤིང་ཏྲོན་གྱི་ཝུཌི་རོའོ་ཝིལ་སོན་དུ་ ( རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་དང་དཔལ་འབྱོར་དཀའ་ངལ་སོགས་ལ་སློབ་སྟོན་དང་ ཐབས་ལམ་འདོན་མཁན་མཁས་པའི་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ།)ཐོག་བློ་བཟང་སེང་གེ་ལགས་ཀྱིས་སྤེལ་བའི་ གཏམ་བཤད་ལས་འཕྲོས་པ་རེད།
དུམ་བུ་ཉེར་ལྔ་པ་འདི་ལ་གཟིགས་དང། དེ་དོན་དངོས་འབྲེལ་ཡིན་ན་ངས་རང་ཉིད་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་འོས་མིར་ལངས་རྩིས་ཡོད། ངས་དེ་ལྟར་བྱེད་པར་མ་མཐར་ཡང་ང་ལ་ཆ་རྐྱེན་ཚང་ཡོད་། ཨོ་བྷ་མ་ཧཝཱཊ་ཁྲིམས་ཀྱི ་སློབ་གྲྭ་ནས་ཐོན་པ་དང་། ང་ཡང་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ང་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་མི་འདུག་གམ། ཞེས་སེང་གེ་ལགས་ཀྱིས་བཤད། གོང་དུ་བཤད་པའི་བློ་སེང་གི་སྐད་ཆ་འདི་ལ་བརྟེན་ནས་ཁོང་རྒྱ་ནག་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་པའི་སྐོར་ལ་དབྱིན་ཡིག་འབྲི་མཁན་ཚོའི་ཁྲོད་གླེང་སློང་ཤུགས་ཆེ་བྱུང་ཡོད། བོད་ཀྱི་སྲིད་འཛིན་བྱེད་ཀྱི་ཡིན་མ་ལབ་པར་རྒྱ་ནག་གི་སྲིད་འཛིན་བྱེད་ཀྱི་ལབ་པར་བརྟེན་དེ་ལྟར་ཐོགས་པ་མིན་ནམ་སྙམ། གོང་གི་འགྱུར་འདི་མང་ཙམ་ཀློག་དང་དོན་གལ་ཆེན་པོ་མང་པོ་མཐོང་ཐུབ།
ཨ་ཁ། ཨབ་སོབ་ཁྱེད་རང་གིས་གོང་གི་བོད་འགྱུར་འདི་རྩ་བ་ནས་ཀློག་མེད་པ་འདྲ། རྒྱ་ནག་གི་ཨོ་བྷ་མ་ཞེས་འབོད་དགོས་དོན་ནི། ཕྱི་ལོ་༢༠༠༨ ཟླ་བ་༡༠ པའི་ཚེས་༢༧ ཉིན་ཝ་ཤིང་ཏྲོན་གྱི་ཝུཌི་རོའོ་ཝིལ་སོན་དུ་ ( རྒྱལ་ཁབ་ཀྱི་དམིགས་བསལ་གནད་དོན་དང་དཔལ་འབྱོར་དཀའ་ངལ་སོགས་ལ་སློབ་སྟོན་དང་ ཐབས་ལམ་འདོན་མཁན་མཁས་པའི་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ།)ཐོག་བློ་བཟང་སེང་གེ་ལགས་ཀྱིས་སྤེལ་བའི་ གཏམ་བཤད་ལས་འཕྲོས་པ་རེད།
དུམ་བུ་ཉེར་ལྔ་པ་འདི་ལ་གཟིགས་དང། དེ་དོན་དངོས་འབྲེལ་ཡིན་ན་ངས་རང་ཉིད་དུས་རིམ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་འོས་མིར་ལངས་རྩིས་ཡོད། ངས་དེ་ལྟར་བྱེད་པར་མ་མཐར་ཡང་ང་ལ་ཆ་རྐྱེན་ཚང་ཡོད་། ཨོ་བྷ་མ་ཧཝཱཊ་ཁྲིམས་ཀྱི ་སློབ་གྲྭ་ནས་ཐོན་པ་དང་། ང་ཡང་ཧཝཱཊ་ཁྲིམས་ཀྱི་སློབ་གྲྭ་ནས་ཐོན་པ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ང་གཉིས་ལ་འདྲ་མཚུངས་ཀྱི་ཆ་མང་པོ་མི་འདུག་གམ། ཞེས་སེང་གེ་ལགས་ཀྱིས་བཤད། གོང་དུ་བཤད་པའི་བློ་སེང་གི་སྐད་ཆ་འདི་ལ་བརྟེན་ནས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཅེས་པའི་སྐོར་ལ་དབྱིན་ཡིག་འབྲི་མཁན་ཚོའི་ཁྲོད་གླེང་སློང་ཤུགས་ཆེ་བྱུང་ཡོད། བོད་ཀྱི་སྲིད་འཛིན་བྱེད་ཀྱི་ཡིན་མ་ལབ་པར་རྒྱ་ནག་གི་སྲིད་འཛིན་བྱེད་ཀྱི་ལབ་པར་བརྟེན་དེ་ལྟར་ཐོགས་པ་མིན་ནམ་སྙམ། གོང་གི་འགྱུར་འདི་མང་ཙམ་ཀློག་དང་དོན་གལ་ཆེན་པོ་མང་པོ་མཐོང་ཐུབ།
ད་ལོ་གཅིག་གཉིས་ཀྱི་རྗེས་ནས་ལྟད་མོ་ཆེན་པོ་ཞིག་མཐོང་ས་རེད། ༸མེས་པོ་གོང་མ་མི་རབས་ནས་མི་རབས་དང་༸གོང་ས་མཆོག་དབུ་ཁྲིད་པའི་མི་རབས་གོང་མ་རྣམས་ཀྱིས་ཁྲག་གི་དངུལ་ཆུས་བསགས་པའི་རིག་གཞུང་ཐ་དག་རང་ཉིད་ཀྱི་འདོད་རྔམས་དང་བརྗེ་འདོད་མཁན་དེ་འདྲའི་བཀའ་ཁྲི་བྱས་པ་ཡིན་ན། ངོ་མ་ཡིན་རྒྱ་མི་འོག་ཏུ་བསྡད་ཀྱང་བོད་ཡིག་སྦྱོང་ཐུབ་ཀྱི་རེད།
ཝ་འེ། རྒྱ་ནག་གི་ཨོ་བྷ་མ། ད་རང་མ་ཉལ་ཡར་ལོངས། བཀའ་ཁྲིའི་འོས་ཤོག་འཕེན་པར་ཉིན་གྲངས་ཞེ་དྲུག་ལས་མི་འདུག ཁ་སྔོན་ཁྱེད་རང་གིས་རྒྱ་ནག་ལ་འགྲོ་སྐབས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡིན་ཞེས་ཕྱིན་འདུག་ཟེར། དེ་ངོ་མ་ཡིན་ནམ། ཁྱེད་རང་གི་སྤ་སེ་དེ་རྒྱ་གར་གྱིས་སྤྲད་པའི་IC ཞེས་པ་དེ་རེད་ཟེར། ཁྱེད་ཀྱིས་ཨ་རིར་རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཞེས་པ་དང་། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡིན་ཞེས་གཉིས་ཆ་མཚུངས་འདུག
ཨ་རིའི་ཨོ་བྷ་མའི་རང་མདོག་ངོ་མ་དེ་བསྟན་ཟིན་འདུག དེང་སང་ཨ་རིའི་མི་དམངས་ནས་ནོར་འདུག་ཅེས་འགྱོད་པ་བྱེད་པའི་སྒང་རེད། ད་བོད་ཀྱི་ཨ་བྷ་མས་གང་བྱེད་བལྟ་རྒྱུ་རེད།