ཚུལ་ཁྲིམས་ཟླ་བ།
ལོ་རྒྱུས་ཀྱི་བརྒྱུད་རིམ་ཇི་ལྟར་ཡིན་མི་ཤེས་རུང་། འཛམ་གླིང་ཤར་ནུབ་ཀྱི་མི་བུ་མང་པོ་ཞིག་དང་། ད་དུང་ང་རང་དང་འདྲ་བའི་བཙུན་གཟུགས་མང་པོ་ཞིག་གིས་ཀྱང་། སྤྱི་ཟླ་2 ཚེས་14 སྟེ་དེ་རིང་ནི་འཛམ་གླིང་དགའ་བོའི་དུས་ཆེན་རེད་ཅེས་ཚ་ཚ་འུར་འུར་ངང་དྲྭ་ཚིགས་དག་ཏུ་ཡིག་ཉོག་མང་པོ་ཞིག་སྤེལ་བཞིན་པ་དང་། དོན་དངོས་ཡིན་མིན་གྱི་དགའ་བོ་དུ་མ་ཞིག་གིས་ཀྱང་དངོས་རྫུན་ཡིན་མིན་གྱི་སྐད་ཕྲིན་དང་ཡིག་ཕྲིན་སོགས་སོ་སོའི་དགའ་བོ་དག་ལ་གཏོང་བཞིན་འདུག
དེ་དག་གི་ཁྲོད་ནས་ཁོ་བོ་ལ་ཡང་དགའ་བོ་ཞིག་རག་སོང་། ང་ལ་ཐུག་པའི་དགའ་བོ་དེ་ནི། ཕར་ལ་བརྩེ་བའི་མིག་ཞགས་འཕེན་དུས། ཚུལ་ལ་དུང་བའི་ཟུར་མིག་གིས་བལྟ་བཞིན་འདུག་ལ། ཕར་ལ་སླད་མེད་ཀྱི་འཛུམ་མདངས་བསྟན་དུས། ཚུལ་ཟོལ་མེད་ཀྱི་སྙིང་གཏམ་བཤད་ཀྱིན་འདུག ཁོང་རྣམ་པ་ལ་འཕྲད་པའི་དགའ་བོ་དང་ང་ལ་འཕྲད་པའི་དགའ་བོ་གཉིས་ནི་དགའ་བོ་ཞིག་གི་ཆ་ནས་གླེང་ན་གཅིག་མཚུངས་རེད། འོན་ཀྱང་མི་འདྲ་ས་དུ་མ་ཞིག་ཀྱང་ཡོད་དེ། ང་ལ་འཕྲད་པའི་དགའ་བོ་དེ་ནི། ཕུལ་བྱུང་བསམ་བློ་ཡི་ཞིང་སར་སྐྱེས་སྦྱངས་ཀྱི་ས་བོན་བཏབ་ཅིང་། བསམ་གཞིག་གི་མེ་ཏོག་བཞད་འདུག་ལ། དཔྱོད་ཤེས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་གཞོན་ནུ་མ་ཞིག་རེད།
ད་དུང་ང་ལ་འཕྲད་པའི་དགའ་བོ་ནི་ཤ་ཁྲག་ལས་གྲུབ་པའི་ཟོལ་མཛེས་ཀྱི་འདྲ་འབག་གྱོན་མཁན་ཞིག་མ་རེད་ལ། ཁེ་བཟང་ལ་རྔམ་པའི་ལྕེ་ནར་ནར་བྱེད་མཁན་གྱི་རྡ་ལི་ཞིག་ཀྱང་མ་རེད། ང་ལ་འཕྲད་པ་ནི་སྟོན་དང་བསྟན་པ་གཅིག་པའི་ཆོས་གྲོགས་ཤིག་གིས་སྙིང་གཏམ་རེད་ལ། ང་ལ་འཕྲད་པ་ནི། ཟུངས་ཁྲག་གི་བཞུར་རྒྱུན་གཅིག་པའི་སྤུན་ཟླ་ཞིག་གིས་མི་རིགས་ཀྱི་ལས་དབང་ལ་དུང་ཞེན་གྱི་རི་མོ་བྲིས་པའི་གསོན་ཉམས་རེད། ཨོ་དེ་ནི་གཞན་སུ་ཡང་མིན་པར་དེ་ནི་དེང་རབས་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་༼ང་ཚོ་སད་རན་༽ཞེས་པའི་དེབ་དེ་རེད།
ད་དུང་ཁོང་གི་ངང་རྒྱུན་ཆུ་བོ་ལྟར་རིང་ལ། ཕུག་བསམ་རྒྱ་མཚོ་ལྟར་ཟབ་པའི་མི་གཤིས་རྗེན་པར་སྟོན་པའི་དེབ་དེ་ངའི་དགའ་བོ་ཆགས་པ་རེད། ཁོང་གི་བ་ཚྭའི་རྙོག་མ་མེད་པའི་ཚིག་སྦྱོར་གྱི་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་། སྒམ་ཞིང་དཀྱིལ་ཡངས་ཀྱི་བསམ་བློའི་དཔལ་ཡོན་གྱི་ཟེགས་མ་མདོན་མཐོར་འཕགས་པའི་དེབ་འདི་ནི་དེ་རིང་ཁོ་བོ་ལ་འཕྲད་པའི་དགའ་བོ་རེད། འདི་ནི་དུས་རྟག་ཏུ་ངའི་སེམས་ཀྱི་དགའ་བོ་ཡིན། འདི་ནི་དུས་རྟག་ཏུ་ངའི་བསམ་བློ་སྒམ་དཀྱིལ་དུ་སྐུལ་བའི་དགའ་བོ་ཡིན། འདི་ནི་དུས་རྟག་ཏུ་ངའི་དུང་སེམས་ཀྱི་ཟབ་སར་གནས་པའི་དགའ་བོ་ཡིན། འདི་ནི་བ་ཚྭའི་རྒྱ་མཚོ་ལས་བྱུང་བའི་རྡོ་རིལ་ཞིག་དང་ཡེ་ནས་མི་འདྲ་ཞིང་། འདི་ནི་ནང་བསམ་བློའི་རྒྱ་མཚོ་ལས་བྱུང་བའི་དཔྱོད་ཤེས་ཀྱི་ནོར་བུ་ཀེ་ཏ་ཀ་སྟེ།
འདི་ནི་དེ་རིང་ང་ལ་འཕྲད་པའི་དགའ་བོ་རེད། སྤྲིན་རུམ་འཚུབ་མ་ཡི་ཁྲོད་དུ་རབ་དཀར་གྱི་ཟླ་བ་ཞིག འཛིང་བའི་ཚང་ཚིང་གི་གསེབ་ན་འདབ་མ་སྟོང་ལྡན་གྱི་སེར་ཆེན་མེ་ཏོག་ཅིག སྙིགས་ལྔའི་འཚུབ་རླུང་གི་དཀྱིལ་ན་དྭངས་གསིལ་གྱི་མཁའ་དབུགས་ཤིག འདི་ནི་དེ་རིང་ང་ལ་འཕྲད་པའི་དགའ་བོ་རེད། འདི་ནི་ངའི་མ་འོངས་པའི་ལམ་ཁ་ལ་མཛུབ་སྟོན་གནང་མཁན་གྱི་དགའ་བོ་རེད། འདི་ནི་ངའི་བསམ་བློའི་མ་ལག་སྲག་བརྟན་དུ་གཏོང་མཁན་གྱི་དགའ་བོ་རེད། རེད་ཡ་ངའི་དགའ་བོ་་་་་་ང་ཚོ་སད་རན་་་་་་་ཁྱོད་དང་ཁྱོད་འདྲ་བའི་དགའ་བོ་མང་པོ་ཞིག་ང་ལ་རག་དགོས་ཤིས་ངས་འཚོལ་དགོས་ཨང་།
2013.2.14. ཉིན་ཏེ་འཛམ་གླིང་དགའ་བོའི་ཉིན་མོར་བྲིས།
ཨ་ལེས།ངས་ནི་དངོས་གནས་དགའ་བོ་མཛེས་མ་ཞིག་རེག་ཡིན་ས་རེད་བསམ་སོང་མོད། རེད་མི་འདུག་ག ཧ་ཧ་ཧ།
ཧ་ཧ་ཧ་ཧ་ཧ་། དགའ་གྲོགས་རག་མི་འདུག
སྙིང་རེ་རྗེ་་་་་་་་དགའ་གྲོགས་དུས་ཆེན་ལ་དགའ་རོགས་རེག་མི་འདུག་་་་་་ན་ཚ་བཟོ་བྱེད་ཀྱི་དུབ་ཆུང་གཅིག་རེག་འདུག་་་་་་་དངོས་གནས་ཤ་ཚ་་་་
རེད་རེད་དགའ་རོགས་དུས་ཆེན་ལ་ཚ་ཚ་འུར་འུར་གྱིས་ངང་ནས་གཅིག་གིས་གཅིག་ལ་བརྩེ་འཕྲིེན་གཏོང་ལེན་དང་ཞིམ་མངར་ལྡན་པའི་འོ་བྱེད་སའི་དུས་ཚོད་ཁྱད་པར་བ་ཞིག་རེད་་་་་་ཡིན་ནའང་སྐུ་ཞུབས་ཁོང་གིས་དགའ་རོགས་མ་རེད་དུས་་་་་་ཉི་མ་ཟད་ཐབས་དབང་གིས་་དེབ་ཆུང་འདི་ལ་མ་གཟིགས་རང་གཟིགས་རེད་་་་་་་་དངོས་གནས་ཁོང་ལ་ཤ་ཚ་་་་་་་་་་་་་་་
ཧ་ཧ་ཧ་ཧ་ཧ་ང་རང་དགའ་ས་ཞིག་རག་སོང་བས་དེ་ལ་དགའ་བོ་ཟེར་གྱི་ཡོད།
བཀྲ་ཤིས་བདེ་ལེགས་ཞུ་་་་་་ངས་ཁྱི་མོ་ཟིག་རེད་བསམ་བྱུང་་་་མ་བསམ་ས་ནས་ཤ་ཁྲག་ལས་གྲུབ་ཅིང་དཔྱོད་ཤེས་ལས་བརྟས་པའི་གཞོན་ནུ་མ་ཞིག་རེད་འདུག་་་་་་ངོ་མ་བཀྲ་ཤིས་བདེ་ལེགས་ཞུ་་་་་་་
གང་ལ་དགའ་བོ་ཟེར།།
ང་ཚོ་སད་རན་་་་་་་་་་་་་་་་་ཞེས་པའི་དེབ་དེ་ལ་ངས་དགའ་བོ་བརྗོད་པ་ཡིན་ལགས། ནོར་ལོངས་ཚང་ལ།