གཅན་འོད་འབར།
ང་ལ་མིག་ཆུ་མི་འདུག
ཧང་སང་མདོག་གིས་གནམ་གྱི་སྤྲིན་པ་དེ་ཚོར་མིག་ལོག་ཅིག་བལྟས་ཤིང་།
ཧོན་འཐོར་ཚུལ་གྱིས་ས་ཡི་མེ་ཏོག་དེ་ཚོར་ཁ་རྡུང་ཞིག་བཏང་མོད།
གང་ལྟར་གསོ་ཐབས་བྲལ་བའི་ཁེར་རྐྱང་གི་སེམས་པ་དེ།
སྔར་བཞིན་སྐྱིད་པོ་ཞིག་མ་རེད་ལ།
སོས་ཐབས་མེད་པའི་དྲན་གདུང་གི་རྨ་ཁ་དེ་ཡང།
སྔར་བཞིན་བདེ་མོ་ཞིག་མ་རེད།
ཡང་སྙིང་ང་ལ་ཚོར་བ་མི་འདུག་ལ།
མིག་ཆུ་ཡང་མི་འདུག་སྟེ།
མིག་ཟུང་གི་གཡས་གཡོན་དང་།
ཡིད་སེམས་ཀྱི་རྒྱབ་མདུན་ཡོད་ཚད།
རྡོ་བའི་སེམས་དང་།
གྲི་ཡི་སྙིང། དུག་གི་ལྕེ་དང་།
ཚེར་མའི་མིག་ཏག་ཏག་ཡིན་པ་ལས།
གསེར་མདོག་གི་རྨི་ལམ་དེའི་ངོགས་ཀྱི་འཛུམ་མདངས་དྲོན་མོའི་ᫍ་་དེ་མ་རེད་ལ།
དྭངས་གཙང་གི་རེ་འདུན་དེའི་རྒྱབ་ཀྱི་དགོད་སྒྲ་སྙན་མོའི་ᨵསུང་སྐད་དེ་ཡང་མ་རེད།
ང་ལ་དངོས་ནས་མིག་ཆུ་མི་འདུག
མེ་ལྕེས་དཀྲོགས་པའི་ལྷིང་འཇགས་ཀྱི་གྲོང་ཚོ་དེ།
ཉི་ནུབ་ཀྱི་མཚམས་སྤྲིན་དེའི་འོག་ན།
ཟུངས་ཁྲག་ལྟ་བུའི་དམར་མདངས་ཀྱི་ཁ་དོག་ཅིག་རྒྱས་མོད།
ཐག་རིང་ནས་ཡོང་ཞིང་ཐག་རིང་ལ་བཞུད་འགྲོ་བའི་ལམ་འགྲོ་བ་དེ་ཚོའི་དབུགས་རིང་ཞིག་གི་སྐྱེལ་མ་དང་།
རེ་འདུན་ཞིག་གི་སྟོང་བཤད་རྗེས་ནས།
སྙིང་རྗེ་བའི་གྲོང་ཚོ་དང་གྲོང་མི་དེ་དག
སླར་ཡང་དམར་ལྷེམ་ལྷེམ་གྱི་མེ་ལྕེར་འཐིམ་པར་མཐོང་དུས།
ཐག་རིང་གི་གྲོང་ཚོ་དེའི་དམར་མདོག་གི་མཁའ་དབུགས་དང།
གྲོང་མི་ཚོའི་སྐྱ་མདོག་གི་ངོ་གདོང་བསམ་ན།
མིག་ཆུའི་མཚོ་མོ་སྐམ་ནས་བཞུར་རྒྱུན་ཆད་ཡོང་ལ།
བཟོད་པའི་འཁྱག་རི་ཞུ་ནས་ཚོར་བ་སྐམ་ཡོང།
འདི་ལྟར། གུ་དོག་པའི་གྲོང་ཚོའི་མདུན་ལམ་དང།
རྒྱ་ཆུང་བའི་གྲོང་མིའི་ལས་དབང་བསམ་ན།
ང་ལ་དངོས་ནས་མིག་ཆུ་མི་འདུག
དངོས་ནས་མིག་ཆུ་མི་འདུག
༢༠༡༢།༦།༣
སངས་ཉིན་ཡང་ལྕི་ལུད་རྩ་རས་ཁ་ཤས་དང་རྐུབ་དམར་པོ་དག་ངོམ་ཙམ་ངོམ་ཙམ་བྱོས་ཤོག་
སྤྱིར་མི་གསལ་བའི་འོག་ནས་གནོད་སེམས་གྱི་རང་མདོག་དེ་ཡང་སྐྱར་གསལ་རུ་འགྲོ་རྒྱུ་ཡོད་
ན་ཨོ་ཙམ་རེད་ཡིན་ཡང་གནོད་ངན་གྱི་མུག་བློ་ནི་ངས་ཁྱོད་རང་ཚོ་ཕར་གསལ་བཏབས་པ་
དེ་རེད་མ་གཏོགས་ཚུར་གསལ་སྟོན་བྱེད་དུས་སྔ་མ་ནས་ཡོལ་ཟིན་པ་རེད་
ད་ཁྱོད་ཀྱིས་སུ་མགོ་སྐོར་རམ་རང་མཛེ་དེ་སྐོར་འདོད་དམ་རང་གི་ཨམ་ཆོག་མགོ་སྐོར།
ཨ་སེ་གང་དྲག་དྲག་ཡིན་ད་རྟོག་རྒྱུའི་བྲན་གཡོག་རྒྱུགས་དགོས་པ་འདི་ཡང་ལས་དབང་ཡིན་གྱི་རེད།
ཤེས་དགོས་པ་ཞིག་ལ་གཡོ་ཁྲམ་གྱི་ངོ་ཚབ་གང་དགོས་སྤྱོད་དགོས་སམ་ཟོལ་འཛུམ་གྱི་ལྡོག་ཕྱོགས་སུ་
ཡིན་ནམ་དམ་པའི་བསླབ་བྱ་ཟབ་མོ་འདིས་དྲན་ཤེས་ལ་ཇི་སྣོང་ངམ།
Hi
དམར་པོའི་མེ་ནང་བཞུད་དུས་སུ། །
ཉི་ཟླའི་མིག་ནས་མིག་ཆུ་གཏོང་། །
རྒྱ་གཞུང་ལས་བྱེད་སྙིང་མེད་ཚོར། །
མིག་ཆུ་མི་འཁོར་ཅི་ཡིན་ནམ། །