—-ལྷག་པ་དོན་འགྲུབ།
ཏག་ཏག་ལོ་བཞིའི་གོང་ལ་རེད། སྐབས་དེར་ངས་བཀའ་ཁྲི་འོས་འདདེམས་ཀྱི་ཆ་ཤས་བླངས། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེས་ལས་ཀ་བྱེད་ཀི་རེད་བསམ་པའི་སྟེང་ནས། ཁོང་ལ་འོས་བླུག་པ་ཡིན། དེ་ནི་སྐབས་དེར་ཁོང་མི་མང་གི་མདུན་ལ་ག་ས་གང་ལ་སོང་ནས་གཏམ་བཤད་རྫིག་པོ་བྱས་པ་དེ་ལ་བརྟེན་ནས་བླུག་པ་ཡིན། ང་གཅིག་པོ་མ་རེད། མི་མང་པོ་ཞིག་གིས་ཁོང་གིས་བཤད་པ་ལ་ཡིད་ཆེས་བྱས་ནས་བླུག་ཡོད།
ད་ཆ་ཁོང་གིས་ལོ་བཞི་དང་ལྷག་གི་རིང་ལ་ལས་ཀ་གྲུབ་འབྲས་ལྡན་པ་གང་གནང་ཡོད་མེད་བཙལ་དུ་འགྲོ་དུས། གྲུབ་འབྲས་མངོན་གསལ་དོདམཔོ་ཞིག་མི་འདུག སྲིད་སྐྱོང་གཟེངས་རྟགས་ཟེར་བ་ཞིག་གསར་བཏོང་གནང་འདུག བདེ་སྲུང་ཉམས་ཞིབ་ལ་མིང་གསར་པ་སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་ཞིག་བཏགས་འདུག དང་པོར་ཁྲིའི་རྐུབ་སྟེགས་འགྲན་རྩོད་ལ་ཞུགས་དུས། འོས་མི་གཞན་ཚོས་དངོས་ཡོད་གནས་སྟངས་ཤིག་གླེང་བ་དང་། བློ་བཟང་སེང་གེས་འུར་མང་པོ་ཞིག་བརྒྱབ་པ་གཉིས་ལས། སྐབས་དེར་འུར་བརྒྱབ་པ་དེར་ལམ་ལྷོངས་བྱུང་ཡོད། ད་ཆ་མང་ཚོགས་ནས་སུས་དངོས་ཡོད་དང་འཚམ་པ་བཤད་པ་དེའི་རྗེས་སུ་འབྲངས་པའི་ལམ་ཁ་རྙེད་འདུག འདི་ནི་བློ་བཟང་སེང་གེ་ལགས་ཀྱི་ཕྱག་ལས་གནང་སྟངས་དང་ལས་ཀའི་གྲུབ་འབྲས་འཚོལ་བའི་བར་གླེགས་ནས་མང་ཚོགས་ཀྱིས་རྙེད་པའི་གོ་རྟོགས་གསར་པ་ཞིག་རེེད།
ད་ལྟའི་སྲིད་སྐྱོང་བཀའ་ཁྲིའི་འོས་མིར་ལངས་དུས། མདོ་སྨད་དང་མདོ་སྟོད། དབུས་གཙང་གི་དབྱེ་བ་མེད་པར་གཞོན་སྐྱེས་སྐོར་ཞིག་གིས་བློ་བཟང་སེང་གེ་ཤུགས་ཆེར་གླེང་བ་རེད། རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད། ཡིན་ནའང་། ད་ཆར། དེ་དུས་ཀྱི་རྒྱབ་སྐྱོར་བ་ཚོས་ཅི་ཡང་གནང་གི་མི་འདུག མང་ཆེ་བས་ད་ནི་གླེང་རྒྱུ་ཞིག་མི་འདུག མང་ཚོགས་ཀྱིས་སྲིད་སྐྱོང་ལ་ལོ་བཞིར་བལྟས་རྗེས་ཀྱི་དེ་རིང་། མང་ཚོགས་ཀྱིས་སྲིད་སྐྱོང་གསལ་པོ་མཐོང་ཚར་ཡོད་པ་རེད་ཟེར།
ད་ལྟ་མི་མང་པོ་ཞིག་གིས་དངོས་གཞིའི་འོས་ཤོག་དེ་སུ་ལ་འཕེན་དགོས་མིན་ཐག་གཅོད་གསལ་པོ་ཡོང་ཆེད། འོས་མི་གཉིས་བསྡུར་བཞིན༌པ་རེད། ཉེན་ཁ་ཆེ་ཤོས་ཀྱི་གནད་དོན་གཅིག་ནི། སྲིད་སྐྱོང་གིས་ད་བར་དུ་གྲུབ་འབྲས་སུ་བགྲངས་པ་དེ་དག་གིས་མང་ཚོགས་ཀྱི་མདུན་ན་ཁུངས་འཁྱོལ་གྱི་མེད་པ་འདི་རེད། གྲུབ་འབྲས་ལ་འགྲེལ་བཤད་བྱེད་སྟངས་བསྒྱུར་བ་ཡིན་ན། དེ་ལས་སྡུག་པ་ཆགས་འགྲོ་བ་རེད། ད་ལྟ་མང་ཚོགས་ཀྱི་འགུལ་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་སྟབས། སྔོན་འགྲོའི་འོས་གྲངས་ཀྱི་ཧེ་བག་དེ་ཡང་སྲིད་སྐྱོང་ལ་མཚོན་ན་བློ་བདེ་བག་ཕེབས་ཤིག་ཡོང་རྒྱུ་དཀའ་བ་ཆགས་ཡོད།
འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིར་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་མི་གྲངས་ 88326 བྱུང་ཡོད་པ་དང་། སྔོན་འགྲོའི་སྐབས་སྲིད་སྐྱོང་ལ་དངོས་སུ་འོས་འཕེན་མཁན་ 47105 བྱུང་ཡོད། གྲངས་ཀ་འདི་ལྟར་ན། ད་དུང་དེབ་སྐྱེལ་ཟིན་ནས་འོས་ཤོག་འཕེན་པའི་ཆ་ཤས་ལེན་རྒྱུར་བསྡད་པ་མི་གྲངས་ 41221 ཆགས་ཡོད། སྲིད་སྐྱོང་འོས་མི་བློ་བཟང་སེང་གེར་རྒྱབ་སྐྱོར་བ་བརྒྱ་ཆ་དགུ་བཅུ་ཡིས་སྔོན་འགྲོའི་སྐབས་སུ་མདུན་དུ་ཐོན་ནས་ཆ་ཤས་བླངས་ཡོད་པའི་དབང་དུ་བཏང་ན། ཆ་ཤས་ལེན་བསྡད་ནང་དེ་ཙམ་རེ་བ་བྱ་ཡུལ་མེད་པ་ཞིག་ཆགས་ཡོད། དངོས་གཞིའི་འོས་བསྡུའི་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱལ་ཁ་ཐོབ་མིན་དེ་སུ་གང་གིས་ཚོད་དཔག་མི་ཐུབ་པ་ཞིག་ཆགས་ཡོད། སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཚོས་སེམས་ཁྲལ་བྱ་ཡུལ་གཙོ་བོ་དེ་འདི་རེད། ཡིན་ནའང་། སྲིད་སྐྱོང་འོས་མི་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཚོས། ཚོགས་གཙོ་སྤེན་པ་ཚེ་རིང་ལ་གཞི་མེད་སྐྱོན་འཛུགས་བྱེད་སྟངས་ཉི་ཚེ་བ་དེ་དག་གིས། དོན་ངོ་མར་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བར་རམ་འདེགས་བྱེད་ཀྱིན་ཡོད་པ་ལས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནོད་ཆེན་པོ་སྐྱེལ་གྱིན་པ་ཞིག་ཆགས་འདུག
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གི་འཛིན་སྐྱོང་རིགས་ལམ་གྱི་ཡིག་ཆ་ཤོག་ངོས་བཅུ་གྲངས་ཅན་དེ་ཀློག་མཁན་ཚོའི་ནང་། བོད་སྤྱི་པའི་བསམ་བློ་དང་འགན་ཁུར་ཟེར་བ་ནི་འདི་འདྲ་ཞིག་ཡིན་དགོས་འདུག་ཨང་ཟེར་ནས་ཁྱབ་སྤེལ་གང་མང་བྱེད་བཞིན་པ་ནི། ད་ལྟའི་ཆར་དྲ་ལམ་ན་ཁྱབ་སྤེལ་དང་དོ་སྣང་ཆེ་ཤོས་བྱེད་བཞིན་པའི་ལམ་ཡིག་ཅིག་ཆགས་འདུག གལ་སྲིད་ཁོང་གི་ལྟ་གྲུབ་དང་རིགས་ལམ་དེ་དེབ་གཟུགས་སུ་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ཡིན་ན། དེས་མ་འོངས་པའི་སྲིད་སྐྱོང་འོས་འགྲན་ནང་བླ་ན་མེད་པའི་ནུས་པ་ཞིག་ཐོན་པར་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། གང་ལ་ཟེར་ན། ལྟ་གྲུབ་དང་རིགས་ལམ་དེ་ནི་མི་སེམས་ལ་ཟུག་འགྲོ་བ་ཞིག་དང་། ཕྱི་གསལ་ནང་གསལ་ཤེལ་གྱི་རིལ་བུ་ཞིག་དང་མཚུངས་པར་དྭངས་ཤིང་གསལ་བ་ཞིག་ཡིན་པས་རེད། ང་ལ་འགྱུར་བ་ཐེབས་ཡོད། ངའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཡིན།
དངོས་ནས་དྲང་པོ་བྲིས་འདུག་།
སྲིད་སྐྱོང་དུ་ལ་ཐོབ་་་་་་ད་ལྟ་གཏན་འཁེལ་མེད་ནའང་་་་་་ད་ལྟའི་ཆར་སྤེན་ཚེ་ལ་རེ་བ་བཟང་དུ་འགྲོ་བཞིན་འདུག་་་་་བློ་སེང་ལའང་རེ་བ་མེད་པ་ཞིག་ཁྱོན་ནས་མིན་་་་་་་་གནད་དོན་ཞིག་ལ་བློ་སེང་རྒྱབ་སྐྱོར་བ་འགའ་ཞིག་གིས་་་་་བློ་སེང་ལ་ཡུལ་ཞེན་ལྟ་བུས་ཚད་འགལ་གྱི་བསྟོད་པ་དང་་་་་སྤེན་ཚེ་ལ་ཚད་འགལ་གྱི་འཇིག་རྟེན་འདི་ན་མི་འདི་ལས་སྡུག་པ་མེད་པ་ལྟ་བུ་ཤོད་བཞིན་པ་་་་་འདི་ཚོས་་་་དངོས་གནས་དོན་ངོ་མར་བློ་སེང་ལ་ཉེ་བོ་གནང་བཞིན་པའི་མདོ་དབུས་མི་དམངས་རྣམས་་་་་་་ཞེན་ལོག་དང་བློ་སེང་ལ་རྒྱབ་སྐྱོར་བྱས་ན་མཐའ་མ་འདི་རེད་ཟེར་བ་ལྟ་བུར་གྱུར་འདུག་པས་་་་ད་ལྟ་བློ་སེང་ལ་གནོད་གཞི་ངོ་མ་དེ་འཇིག་རྟེན་སྤྱི་ཚོགས་སེམས་ཁམས་ལ་མི་བསྟུན་པའི་རང་ཚོར་དབང་བཙན་པའི་བློ་སེང་ལ་རྒྱབ་སྐྱོར་བ་བྱེད་མཁན་འགའ་ཞིག་རེད་འདུག་་་་་གང་ལྟར་ངའོ་ངོས་ནས་་་་སྲིད་སྐྱོང་ཁོང་གཉིས་ཀ་ལ་དགའ་བོ་དང་ང་ཚོའི་ནང་མི་འདི་འདྲ་གཉིས་ཡོད་པར་དགའ་སྤོབས་འདུག་་་་
མི་འདི་གཉིས་ཀ་བོད་དབུས་སྒྲིག་འཛུགས་ལ་དགོས་ཀྱི་འདུག་་་།
ང་ལ་འགྱུར་བ་ཐེབས་མེད། བློ་སེང་ལགས་།། ལན་ཐ་མ་འདི་ཁོ་རང་། རང་ལ་གོ་སྐབས་སྤྲོད་དགོས་རེད། སྤེན་ཚེ་འདིའི་རྗེས་མ་དེ་ཁོ་ལས་ལྷག་པ་ཅིག་མ་བྱུང་། ག་དུས་སྲིད་སྐྱོང་བཟོ་བཟོ་རེད།
བློ་སེང་ལགས་ལ། ལན་གསུམ་པ་ཁྲིམས་ཐོག་ནས། གོ་སྐབས་ཡོད་མ་རེད། རྒྱལ་སྤྱིར་སྐད་གྲགས་དང་། གནོད་ཤུགས་སྤྲོད་སྟངས་ལ། སྤེན་ཙེ་ལས། བློ་སེང་མཁས་བགྱི་རེད། རྒྱུ་མཚན་དེ་ཙམ་མོ།།
ད་ནི་སྲིད་སྐྱོང་བློ་བཟང་སེང་གེས་འོས་ཤོག་གི་ཆེད་དུ་ལོ་བཞི་ལྷག་ལ་ཁྱབ་བསྒྲགས་གཙོ་འདོན་བྱས་པ་དེར་རུལ་དྲི་ཁ་མགོ་ཚུགས་སོང་། ལོ་བཞི་དང་ལྷག་གི་དུས་ཚོད་ནང་ལ། གྲུབ་འབྲས་ཁུངས་འཁྱོལ་བ། མིས་བལྟས་ན་རེད་ཨ་བསམ་པ་ཞིག་མ་བྱུང་བ་དེས་འགྲིག་མ་སོང་།
་་་་་་་་ ང་ལ་འགྱུར་བ་ཐེབས་ཡོད། ངའི་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཡིན། ་་་་་་་་་ ཟེར།
གང་ལྟར་ཉིན་ཁ་ཤས་སྔོན་ཙམ་ལ་ཚོགས་གཙོ་སྤེན་ཚེ་ལགས་གྲོང་ཁྱེར་ཅིག་གི་མགྲོན་ཁང་མིང་གྲགས་ཅན་ཤིག་ནང་ལ་མི་མང་སུམ་བརྒྱ་ཡོད་མེད་ཙམ་ལ་གཏམ་བཤད་སྐབས་སུ་ཕེབས་པའི་ཁྲོད་ཡུལ་དེར་བོད་རིགས་ཚོགས་པ་དང་ཚོགས་པ་གཞན་འགའ་ཤས་ནང་ལས་བྱེད་མཁན་མ་གཏོགས་ས་གནས་ཆུ་སྒང་དང་མདོ་སྟོད་མི་མང་ཕེབས་མེད་པ་ཀུན་གསལ་གདའ་་་
ཡང་མདོ་སྟོད་མི་མང་མ་ཕེབས་པ་ས་གནས་མང་ཚོགས་ཁྲོད་རང་བཞིན་གྱི་ལྟ་ཚུལ་ཤིག་བཟུང་བ་མ་ཟད་དྲ་ངོའི་དང་གྲོགས་འབྲེལ་སྐབས་སུ་སྤེན་ཚེ་ལགས་ལ་རྒྱབ་བསྐྱོར་ཤུགས་ཆེ་རུ་བཏང་བཞིན་རེད་འགུ་་་
ང་རང་་ཡང་འགྱུར་བ་ཕྱིན་སོང་
ངའི་སྲིད་སྐྱོང་་་་་་་་་་?
ང་ནི་་འཆི་བ་སྲོད་ལ་ཐུག་ན་རྒྱབ་སྐྱོར་མེད་་་་དགོངས་དག་ཞུ་་དབུས་གཙང་མི་མང་ཚང་མ་སྤེན་ཚེ་ལ་རྒྱབ་སྐྱོར་ཡོད་རེད་དྲན་གྱི་འདུག་བས་ཧཧཧཧ་་་རྨི་ལམ་་་རེད་
http://bangchen.net/%e0%bd%a0%e0%bd%bc%e0%bd%a6%e0%bc%8b%e0%bd%96%e0%bd%a6%e0%be%a1%e0%bd%b4%e0%bc%8b%e0%bd%a3%e0%bd%a6%e0%bc%8b%e0%bd%81%e0%bd%84%e0%bc%8b%e0%bd%82%e0%bd%b2%e0%bd%a6%e0%bc%8b%e0%bd%96%e0%bd%bc%e0%bd%91/
ཁ་བརྡ་ཚང་གི་གསར་འགྱུར་འདི་ཁ་བརྡའི་ཐོག་བཀོད་རོགས་གནོང
ཡག་པོ་བྲིས་འདུག འོན་ཀྱང་། བོང་མགོའི་ཨ་མཆོག་ཏུ། གསེར་དང་ཐལ་བ་གང་བླུག་ཀྱང་དོན་གཅིག་རེད། ཅུང་ཙམ་ནས་སྤྲུག་བཞག་གི་རེད། མདོ་སྡོད་ཆོལ་ཁའི་སྤུན་ཟླ་རྒྱལ་གཅེས་ལྷག་བསམ་ཅན་འགའ་ཟུང་ཡར་ཕུད་དེ། ཁོང་ཚོས་དབུས་ཙང་དང་ཨ་མདོའི་ཁྲོད་ཀྱི་མི་ཞིག་ལ། བསམ་པ་རྣམ་དག་གིས་གཏན་ནས་སྲིད་སྐྱོང་གི་འོས་བླུག་མྱོང་མེད་ཟེར་ན་ཐལ་མི་ཆེ་སྙམ། རྣམ་པ་ཚོས་དོན་དམ་ལ། ང་ཚོ་ཆིག་སྒྲིལ་ཨེ་ཡོང་སྙམ་པའི་བསམ་བློ་ཞིག་གཏོང་གི་ཡོད་ཚེ། ཨམ་དབུས་གང་རུང་གི་སྤུན་ཟླ་གཞན་ལའང་ཡིད་ཆེས་གནང་དགོས། དྲང་མོ་ཞུས་ན། ཁྱེད་ཚོས་རང་གི་ཆོལ་ཁ་ལས་གཞན་པའི་མི་ལ་འོས་གཅིག་ཀྱང་བླུག་མྱོང་མེད་པཱ། བྱེད་སྟངས་འདི་ནི། མ་འོངས་པར་ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་ངེས་རེད།
ཧ་ཅང་མད། སྐུ་ངོ་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཚོས་སྐུ་ངོའི་མདུན་ལམ་འགོག་བཞིན་འདུག
གཙོ་ཆེར་ཕྱོགས་ཞེན་མ་གཏོགས་ཅི་ཡང་མི་ཤེས་པའི་མགོ་རག་དག་རེད།
རང་བཙན་པ་ཅིག་གིས། སྲིད་སྶྐྱོང་ལ་འོས། མ་འཕེན་པ་དེ་ནི། རྗེས་ལུས་རེད། རང་བཙན་པ་ཅིག་གིས། དབུ་མ་པའི་ཡིག་ཚང་ལ། བསྡད་འཚོ་བ་བསྐྱལ་བ་ནི། ཁ་ཁོག་མ་མཐུན་པས། ཞབས་འདྲེན་པ་རེད་དོ།།
བློ་སེང་གིས་མ་འཇོན་པར་ཞིག་སྤེན་ཚེའི་འཇོན་གྱི་མ་རེད་གདའ། གང་ལགས་ཞེ་ན་སྤེན་ཚེ་རྡ་སར་མི་ལོ་ཉི་ཤུ་ལྷག་རིང་སྤྱི་དོན་བྱས་ཡོད་ཁུལ་བཤད་ཀྱི་མི་འདུག་གམ། དེའི་རིང་ལ་ནུས་པ་གང་ཡོད་བཏོན་ན་མི་ཆོག་ཟེར་མཁན་འདྲ་བྱུང་ཡོད་རྒྱུ་མ་རེད་དམ། ག་རེ་བྱས་སོང་ངམ། མ་གཞི་བློ་སེང་ལས་ལྷག་སྤེན་ཚེས་འཇོན་གྱི་རེད་ཟེར་ནས་ཐག་ཆོད་མཁན་སུ་འདྲ་ཅིག་ཡོད་ན་ང་དང་རྒྱན་འཛུགས་ཅིག་བྱས་འདོད་ཡོད། སུ་ཡོད་ན་ཕེབས་ཤོག་དང་སྒུག་ཡོད། རེ་བ་ཆེན་པོ་མེད། མ་འོངས་ལོ་ལྔའི་ནང་བློ་སེང་ལ་གོ་སྐབས་བྱུང་ན་མྱི་དེར་གང་འཇོན་ཡོད་མེད་ཐག་གཙང་མ་ཆོད་འགྲོ་ཀི་ཡོད། དཔེར་ན་ཟམ་གདོང་ནང་བཞིན་རེད། དེར་བརྟེན་ངའི་འོས་ཐོབ་དེ་ཨ་ཚོགས་ཀླུ་མཁར་མེད་ཙང་བློ་སེང་ལ་འབུལ་རྒྱུ་ཡིན་ནོ།།
ངོ་མ་བཤད་ན་རྒྱལ་བ་རིན་པོ་ཆེས་མི་ལོ་ལྔ་བཅུ་ནང་དང་སྤེན་ཚེས་ཉི་ཤུ་བློ་བསང་སེང་གེས་ལོ་བཞི་ལ་གསལ་མ་ཆོད་པ་ཞིག་ཨ་ཚོགས་ཀླུ་བྱམས་ལ་ནུས་པ་ཨེ་ཡོད་མི་ཤེས་རུང་། ཀླུ་བྱམས་པ་ཁོས་བཤད་པ་ཚང་མ་བདེན་པ་རེད། བོད་ཀྱི་བདེན་མཐའ་གསལ་བ་འདོད་ན་འདི་འདྲ་རེད
http://bangchen.net/%E0%BD%A0%E0%BD%BC%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%A1%E0%BD%B4%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%81%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%96%E0%BD%BC%E0%BD%91/
ཆོལ་ཞེན་ཆེ་དོན་འདིའི་རྩ་མ་མི་མང་ལ་གོ་རྟོག་མེད་པ་དང་དེའི་ལས་སྣེ་ལ་བོད་ཞེན་པ་མེད་པ་གཉིས་ལ་ཐུག་འདུག།
བོང་མགོའི་ཨ་མཆོག་ཆེ་འམ། རི་བོང་གི་ཨ་མཆོག་ཆེ་ཟེར་ན། ཆོལ་ཞེན་ཅན་ཚོས་བོང་མགོ་ཡིན་ཤག་བྱེད་པ་ལས། རི་བོང་གི་ཨ་མཆོག་ཆེ་བ་མིག་མཐོང་ཡིན་རུང་དཔེ་མི་སྲིད་པ་ཞིག་ལས། ཇི་ལྟར་ཆེ་བའི་ཆེ་ཚོད་ཤེས་མི་སྲིད།
ལྷ་སྲུང་གིས། བོད་རྒྱལ་བའི་ཆེད་དུ། འདེམས་མ་ལོག་པ་ཞིག་བྱེད་པ་ལས། དྲ་འབུ་འདི་ཚོ་ལ་རེ་བ་མི་འདུག།
ང་ལ་སྤེན་ཚེ་ལྟ་བུའི་ཆབ་སྲིད་པ་ཐེབས་ཆགས་དེ་འདྲ་སྲིད་སྐྱོང་དུ་བླུགས་འདོད་མེད།
ད་ཤེས་ཀྱི་མི་འགུ་་་་་གང་ལྟར་གཏམ་དཔེ་ལ་ཟུར་ནས་བལྟ་དུས་ལེབ་མཐོང་་་ལག་པས་བཟུང་ན་ལག་སྟོང་ཟེར་ཞིན་་་་་སྤེན་བློ་གཉིས་ལས་གཞན་ཧ་མི་གོ་ཧཧཧཧཧཧཧ
རྒྱ་མགོ་མཐོ་དུས་རྒྱ་།
བོད་མགོ་མཐོ་དུས་བོད་།
ལངས་ཕྱོགས་བརྟན་པོ་མེད་པའི་མི་གི་།
རང་ཡུལ་དགྲ་ལག་ནས་ག་དུས་ལེན་ག་།
ང་འགྱུར་བ་ཐེབ་ཡོད་ཁོ་འགྱུར་བ་ཐེབ་ཡོད་ཅེས་པའི་ཚིག་འདི་ནི་དེང་སང་དྲ་ཐོག་ལ་རྒྱུག་ཆེ་བའི་ཚིག་ཅིག་ཆགས་འདུག་ལ། འདི་ནི་དོན་ངོ་མ་ཆབ་སྲིད་པ་ཚོས་མི་མགོ་སྐོར་བའི་གཡོ་ཚིག་ཅིག་རེད། ཁོ་ཚོས་ཐབས་ཤེས་ཡོད་དགུ་སྤྱད་ནས་མི་སེམས་བསྒྱུར་ཐབས་བྱེད་ཀྱི་ཡོད། དེ་ཡང་ཟླ་བ་ཚེ་རིང་དང་འཕྲིན་ལས་སྐལ་བཟང་སོགས་ཀྱིས། གངས་ཅན་གླིང་ཞེས་པའི་སྐད་འཕྲིན་ཚོགས་པ་བཙུགས་ནས་དབུས་གཙད་མི་མང་ལ་ཆོལ་ཞེན་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད་པ་མ་ཟད། གཞིས་ཆགས་ནང་གི་རྒན་རྒོན་ཚོ་གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་བེད་སྤྱད་ནས། ཁོང་ཚོར་རྒྱུད་ལམ་སྣ་ཚོགས་ནས་སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ཁང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་ཁོ་རང་གི་སྐུ་པར་ཡར་བཞག་ཡོད་རབས་ཀྱི་རྫུན་གཏམ་བཤད་ནས་མགོ་སྐོར་གཏོང་གི་ཡོད། འདི་ནི་ཏག་ཏག་སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་བཤད་པའི་དད་པ་ལོག་སྤྱོད་ཅེས་པ་དེ་མིན་ན་ཅི།
ང་རང་འགྱུར་བ་ཐེབས་སོང་ འོན་ཀྱང་
ངའི་སྲིད་སྐྱོང་ད་ལྟ་འཛམ་གླིང་འདིར་
བྱོན་མེད་། ཧཧཧཧཧ་
ང་ལ་འགྱུར་བ། གང་ཡང་ཐེབས་མ་སོང་། དགྲ་ཉུང་བ། སྐད་གྲགས་ཆེ་བ། བློ་སེང་རང་ལ། ངའི་སྲིད་སྐྱོང་ལ། ཡང་བསྐྱར། ཐོབ་ཐབས། བྱེད་བགྱིན་ཡིན་ནོ།།
བློ་སེང་དང་སྤེན་ཚེ་ཤེས་ཡོན་དང་འཇོན་ཐང་སུ་ཆེ་མི་ཤེས། ཡིན་ནའང་རྒྱལ་སྤྱིའི་གནད་ཡོད་མི་སྣས་མཐོང་འཇོག་བློ་སེང་ལ་ཆེ་སྙམ། བསམ་ཚུལ་ཙམ་ཡིན།
ད་ཡིན་ན། སྲིད་སྐྱོང་གི་རྐུབ་སྟེགས་དེར་བཞུགས་མཁན་དེ་སྲིད་སྐྱོང་སྤེན་ཚེ་ལས་འོས་པ་ཞིག་གཅིག་ཀྱང་མཐོང་མ་སོང་། སྲིད་སྐྱོང་བློ་སེང་གི་མཛད་པ་རྣམས་རེ་རེ་བཞིན་མཐོང་སོང་།
ཁྱེད་ཚོའི་སྐད་ཆ་འདི་བློ་ལ་འགྲོ་སོང་། ད་མ་སྐྱོར་རོགས་རོགས། ཁྱེད་ཚོས་རང་ཉིད་འགྱུར་ལྡོག་བྱུང་ཡོད་མདོག་དང་འགྱུར་བ་ཐེབས་མདོག་ཞེ་པོ་ཞིག་བྱེད་ནའང་དོན་ངོ་མ་རང་ཉིད་བཟང་ནས་ངན་ལ་འགྱུར་བ་ཐེབས་པ་ཤེས་དགོས། ཡག་ནས་གཙོག་ལ་འགྱུར་ལྡོག་བྱུང་བ་ཤེས་དགོས། ད་རུང་འགྱུར་བ་གཅིག་ཐེབས་ན་ཁྱི་ལ་འགྱུར་རྒྱུ་གཞན་ལྷག་མེད།
སྲིད་སྐྱོང་བློ་སེང་གི་མཛད་པ་བཅུ།
༡༽ རྒྱ་བོད་སྲིད་བྱུས་གསུང་ལ་ལྗགས་རྩལ་མེད།།
བོད་ཀྱི་རིག་པ་སྨྲ་བའི་བསོད་བདེ་མེད།། བོད་མིའི་སྒྲིག་འཛུགས་སྐྱོང་བའི་མཁས་ཚད་མེད།།
མེད་པ་གསུམ་ཅན་འབུམ་རམས་བློ་སེང་རེད།།
༢༽ སྤེན་ཚེའི་གདོང་ལ་འབུད་པའི་བློ་ཁོག་མེད།།
དོལ་འདྲེ་ཟིལ་གྱིས་གནོན་པའི་ལྷག་བསམ་མེད།།
འབྲེལ་མོལ་བསྐྱར་མཐུད་གནང་བའི་ཕྱག་རོགས་མེད།།
མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
༣༽ ཤེས་ཡོན་སྲིད་བྱུས་འཛིན་པའི་མ་རྩ་མེད།། གནས་སྤོ་ཚད་ལྡན་བྱེད་པའི་ལམ་སྲོལ་མེད།།
བཅའ་སྒྲིག་ཐུགས་ལ་མངའ་བའི་མཁྱེན་ཡོན་མེད།།
མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
༤༽ ཡར་ལ་སྐྱབས་མགོན་མཆོག་ལ་གུས་བཀུར་མེད།།
མར་ལ་འབངས་མི་སྐྱོང་བའི་བྱམས་སེམས་མེད།།
བར་ལ་ལས་རོགས་བསྡུས་པའི་ཐབས་ཤེས་མེད།།
མེད་པ་གསུམ་ཅན་སྲིད་སྐྱོང་བློ་སེང་རེད།།
༥༽ རང་ལུས་མེར་སྲེག་ཆེད་དུ་སྲིད་བྱུས་མེད།།
གཞོན་ནུའི་ནང་འཁྲུག་བྱེད་དུས་བསྡུམ་སྒྲིག་མེད།།
ཆོལ་གསུམ་ནང་དམེ་བརྒྱབ་དུས་ལམ་སྟོན་མེད།།
ལོ་ལྔ་ལྷིང་འཇགས་བསྐྱལ་མཁན་བློ་སེང་རེད།
༦༽ ལོ་ངོ་དྲུག་ཅུའི་བརྩིགས་གདན་བརྟན་པོ་དེར།།
རང་གིས་བརྩིགས་གདན་གཏིང་ཞེས་ཁ་གཏམ་བཤད།།
རྒྱལ་བའི་དྲིན་ལས་ཕྱི་རྒྱལ་བསྐོར་བསྐྱོད་དེ།།
རང་གིས་འབྱོན་རབས་བཏང་རབས་ཧམ་བཤད་བྱས།།
༧༽ ཟམ་གདོང་བླ་མའི་གསར་གཏོད་ལས་རིགས་དག།
རང་གིས་གསར་གཏོད་བྱས་ཞེས་མཎི་གྲངས།།
སྔ་སོང་སྔ་མོའི་ཨ་རིའི་རོགས་དངུལ་དེ།།
རང་གིས་ཐབས་ཤེས་བཏང་ནས་བྱུང་ཚུལ་བཤད།།
༨༽ གཞུང་དོན་ཁ་ལ་འཁྱེར་ནས་སྒེར་དོན་བསྒྲུབས།།
འོས་བསྡུའི་སྒྲིག་གཞི་འགལ་ཡང་ཇི་མི་སྙམ།།
ངོ་ཚ་མེད་པའི་བཅོས་མའི་གཟེངས་རྟགས་རྣམས།།
འཁྲམ་སྟོན་བྱེད་པའི་བསྟོད་གླུ་དག་དང་མཚུངས།།
༩༽ རྒྱལ་བའི་སྐུ་པར་ཕབ་པའི་ནོར་འཛོལ་གཅིག།
རྒྱ་དངུལ་བེད་སྤྱོད་བྱས་པའི་ནག་ཉེས་གཉིས།
བོད་རྒྱ་འབྲེམ་མོལ་བཅད་པའི་ནག་ཉེས་གསུམ། །
རྩ་དོན་རང་བཞིན་ལོ་རྒྱུས་ནོར་འཁྲུལ་གསུམ། །
༡༠༽ ཁས་ལེན་གཉིས་དང་དམ་བཅའ་ཆེན་པོ་གསུམ། །
རྒྱ་ལ་བརྡ་ལན་སྤྲད་རྒྱུའི་སྟོང་གཏམ་དག །
དུང་དང་རྒྱ་གླིང་ཇི་བཞིན་སྙན་ན་ཡང་། །
ང་ཚོའི་བོད་པའི་རྣ་བར་འགྲོ་ལེ་མིན། །
ང་ལ་འགྱུར་བ་སྤུ་ཙམ་མེད། བཀའ་ཁྲི་མང་ཚོགས་ཀྱིས་ཐད་ཀར་འདེམས་རྒྱུའི་ལམ་སྲོལ་གསར་གཏོད་གནང་བའི་འོས་འདེམས་དང་པོར་ངའི་འོས་མི་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་འདེམས་པ་ཡིན། རྒྱུ་མཚན་ནི་པེ་ཅིང་དང་གྲོས་མོལ་གནང་རྒྱུར་ཁོང་ལས་ལྷག་པ་ཞིག་མེད་པ་དང་། དེ་བཞིན་༡༩༥༩ ནས་བཟུང་སྟེ་༧གོང་ས་མཆོག་གི་ཕྱག་དཔུང་གཡས་པ་ལྟ་བུ་གནང་སྟེ་བཙན་བྱོལ་བོད་གཞུང་གསར་བཙུགས་གནང་བ་སོགས་ཀྱི་ཉམས་མྱོང་ཆ་ཚང་ཡོད་ཙང་རེ་བ་ཆེན་པོ་བྱས་པ་ཡིན། འོན་ཀྱང་འོས་ཐོབ་མ་སོང་།
སྐབས་གཉིས་པའི་བཀའ་ཁྲིའི་འོས་མི་ཟམ་གདོང་རིན་པོ་ཆེ་འདེམས་པ་ཡིན། རྒྱུ་མཚན་ནི་སྐབས་དང་པོའི་ཕྱག་ལས་གནང་རྒྱུན་རིང་གྲོས་ཚོགས་དང་། འཛིན་སྐྱོང་གི་འགྲོ་སྟངས་དམངས་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུའི་འབད་བརྩོན་དང་། སྤྱི་རྒྱུ་བསྲི་ཚགས་ཡག་པོ་་གནང་བ་་གོ་རྒྱུ་འདུག།
སྐབས་གསུམ་པའི་བཀའ་ཁྲི་འོས་མི་ད་ལྟའི་སྲིད་སྐྱོང་བློ་སེང་མཆོག་འདེམས་པ་ཡིན། རྒྱུ་མཚན་ནི་ཁོང་གི་ཤེས་ཡོན་དང་། སྙིང་སྟོབས་ལ་བལྟས་པ་ཡིན།
སྐབས་བཞི་པ་ཡང་བློ་སེང་མཆོག་འདེམས་རྒྱུར་གཏན་འཁེལ་བ་ཡིན། རྒྱུ་མཚན་ནི་བཙན་བྱོལ་སྒྲིག་འཛུགས་ལ་ཕྱི་ནང་གང་ས་ནས་གདེངས་འཇོག་ཆེ་རུ་ཕྱིན་སོང་བ་མ་ཟད། ལས་དོན་འགྲུབ་ཐུབ་མཁན་ཞིག་ཡིན་འདུག།
#25 གངས་རིའི་བུ། ་ལགས་ཀྱིས་སྤེལ་དོན།:
February 4th, 2016 at 11:45 pm
སྲིད་སྐྱོང་བློ་སེང་གི་མཛད་པ་བཅུ།
་
༩༽ རྒྱལ་བའི་སྐུ་པར་ཕབ་པའི་ནོར་འཛོལ་གཅིག།
རྒྱ་དངུལ་བེད་སྤྱོད་བྱས་པའི་ནག་ཉེས་གཉིས།
བོད་རྒྱ་འབྲེམ་མོལ་བཅད་པའི་ནག་ཉེས་གསུམ། །
རྩ་དོན་རང་བཞིན་ལོ་རྒྱུས་ནོར་འཁྲུལ་གསུམ། །
༡༠༽ ཁས་ལེན་གཉིས་དང་དམ་བཅའ་ཆེན་པོ་གསུམ། །
རྒྱ་ལ་བརྡ་ལན་སྤྲད་རྒྱུའི་སྟོང་གཏམ་དག །
དུང་དང་རྒྱ་གླིང་ཇི་བཞིན་སྙན་ན་ཡང་། །
ང་ཚོའི་བོད་པའི་རྣ་བར་འགྲོ་ལེ་མིན། །
་
གངས་རིའི་བུའི་མིང་དོན་མཚུངས་འདུག
རེ་བསྐུལ་ཞིག་ཞུ་རྒྱུ་ཡོད་པ་བརྗེད་འདུག། ༧གོང་ས་ཆེན་པོའི་མཚན་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་མ་གཏོང་རོགས། དེ་ཉེན་ཁ་ཆེན་པོ་རེད། ངས་མཆན་གཞན་ཞིག་ནང་ལའང་བྲིས་ཡོད། ད་ལྟ་བཙན་བྱོལ་སྤྱི་ཚོགས་ཞོ་ལྟར་ཆགས་ཡོད་པ་འདི་ཁྲག་ལྟར་མ་དཀྲུགས་རོགས། བཙན་བྱོལ་སྒྲིག་འཛུགས་ལ་ཉམས་རྒུད་འབྱུང་ན་བོད་ཐེང་གཉིས་པ་ཤོར་བ་དང་གཅིག་པ་རེད་དྰ། དགོངས་པ་ཡག་པོ་བཞེད་རོགས། ཁ་ཞེ་གཉིས་མེད་ཀྱི་སྙིང་གཏམ་ཡིན་ནོ།
#26 ལྷ་སའི་བུ་ ་ལགས་ཀྱིས་སྤེལ་དོན།:
February 4th, 2016 at 11:55 pm
་
་་་་་ སྐབས་གསུམ་པའི་བཀའ་ཁྲི་འོས་མི་ད་ལྟའི་སྲིད་སྐྱོང་བློ་སེང་མཆོག་འདེམས་པ་ཡིན། རྒྱུ་མཚན་ནི་ཁོང་གི་ཤེས་ཡོན་དང་། སྙིང་སྟོབས་ལ་བལྟས་པ་ཡིན།
སྐབས་བཞི་པ་ཡང་བློ་སེང་མཆོག་འདེམས་རྒྱུར་གཏན་འཁེལ་བ་ཡིན། རྒྱུ་མཚན་ནི་བཙན་བྱོལ་སྒྲིག་འཛུགས་ལ་ཕྱི་ནང་གང་ས་ནས་གདེངས་འཇོག་ཆེ་རུ་ཕྱིན་སོང་བ་མ་ཟད། ལས་དོན་འགྲུབ་ཐུབ་མཁན་ཞིག་ཡིན་འདུག། ་་་་་་་་
ཅེས་པའི་ལྷ་བུའི་གསུང་ལ། ང་དབུས་གཙང་སྟོད་མངའ་རིས་འབ་ཆེན་པ་ཀརྡོས། རྒྱབ་སྐྱོར་ཡོད།
ལས་དབང་དང་རིགས་རུས་གཅིག་པའི་དྲ་ཐོག་གི་བོད་མི་ཚོ། ཁྱེད་ཚོས་དྲ་རྒྱ་བརྒྱུད་ནས་ཁོམ་པ་གང་ཡོད་དམ། ཡང་ན་དུས་རྒྱུན། ཆབ་སྲིད་གཙོའི་བོད་དོན་གྱི་དོན་དག་ཆེ་ཆུང་མང་པོའི་ཐོག སྐད་ཆ་བཤད་པ་ནས་ཡི་གེ་བྲིས་པ་ཐམས་ཅད། རྩ་བའི་ཆ་ནས་བོད་དང་བོད་དོན་ལ་ཐུགས་ཁུར་གནང་བ་ཞིག་ཏུ་ངོས་བཟུང་ཆོག་ནའང་། མང་པོ་ཞིག་གིས་གང་བཤད་པ་དང་བྲིས་པ་ཕལ་ཆེར། ཡིན་པ་མིན་པ་ནས་མིན་པ་ཡིན་པ་དང་། ཡོད་པ་མེད་པ་ནས་མེད་པ་ཡོད་པ་ཤ་སྟག་ལགས་ན། དེ་ནི། ཁྱེད་ཚོས་ཅི་ཞིག་འཆད་པ་དང་འབྲི་བའི་སྐབས་དེར། འདུ་ཤེས་མ་གཙོ་བར་ཚོར་བ་གཙོ་བ་སྟེ། ཕུགས་བསམ་མ་འཁོར་ནས། རེས་གཅིག་ལ་བསམ་བློ་ཤོར་བའི་གོ་འཛོལ་ལ་ཐུག་པ་སུས་མི་ཤེས་ཏེ། ཀུན་ཀྱིས་ཤེས་པ་ཞིག་ལགས་ན། ད་ནི། སྒམ་རླིང་གི་བསམ་བློ་ཞིག་འཁོར་ཐུབ་པ་བྱས་པ་ཟེར་ན་འདྲ། རང་གིས་གཞི་རྩའི་བོད་དང་བོད་དོན་ལ་ཐུགས་ཁུར་གནང་གིན་པ་དེ་རང་གིས་ཤེས་པ་བྱས་ནས། ཆབ་སྲིད་གཙོའི་བོད་དང་བོད་དོན་ཐད་དོན་དག་ཅིག་གླེང་ཚེ། ཕན་མ་བྱུང་ནའང་གནོད་མི་སྐྱེལ་བ་ཞིག་བྱ་དགོས་པ། ཁ་ཚ་དགོས་གཏུག་ཅེས་པ་དེ་རེད། ངས་འདིར་བསམ་པ་རྣམ་དག་གིས་བསམ་འཆར་བཤད་དོན། ང་རང་ཁོམ་ལོང་སྐབས་དྲ་འདིར་བལྟས་པས། འདིའི་སྟེང་གི་གནས་ཚུལ་ཤེས་ཀྱི་ཡོད་པ་དང་གཅིག དྲ་འདིའི་དེང་གི་རྩོམ་དང་རྩོམ་མཆན་ཕལ་མོ་ཆེ་ཆབ་སྲིད་དུ་སྙད་ཆོག་པ་རྐྱང་རྐྱང་མ་གཏོགས། ཞིབ་འཇུག་ཅིག་ཏུ་རློམ་ཆོག་པ་མེད་པ་དང་གཉིས། དྲ་འདིའི་དེང་གི་རྩོམ་དང་རྩོམ་མཆན་མིག་རྫོད་དེ་ཚོས། མ་མཐའ་ཡང་། དྲ་ཐོག་འདིའི་མ་འོངས་པའི་བོད་དང་བོད་དོན་གྱི་གླེང་སློང་མང་པོ་ཞིག་ལ། བག་ཆགས་གཞག་རྒྱུ་ཡིན་པ་ཤེས་པའི་སེམས་ཁྲལ་དང་གསུམ་གྱི་སྟེང་ནས་བཤད་པ་ཡིན། སླར་ཡང་མཇུག་ཏུ་རེ་ཞུ་ཞིག་ནི། བོད་སྤུན་ཚོ། ཁྱེད་ཚོས་ཆབ་སྲིད་བཤད་ལོས་དགོས་ཏེ། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་ལད་མོ་རྐྱང་རྐྱང་མ་ཡིན་པ། བོད་མི་རང་གི་ཚུགས་ཀ་ཡོད་པའི་ཆབ་སྲིད་ཅིག་བཤད་ཨེ་ཤེས་བལྟ་རོགས། ལས་ཨེ་ཤེས་བལྟ་རོགས། ཁ་དྲོ་བཀྲ་ཤིས།
ད་བློ་བཟང་ལ་རེ་བ་བྱེད་ཐུབ་ས་མ་རེད། ཉེན་ཚབ་ཆེན་པོ་འདུག་གོ།།
ང་ལ་འགྱུར་བ་ཐེབས་སོང་འོས་མི་གཉིས་ཀ་ལ་འོས་འཕེན་རྒྱུ་མིན། ང་ཡོ་འགྱུར་བ་དེ་ཡིན། ཁོང་གཉིས་ཀས་བརྒྱ་བསྒྲགས་བོད་བསྒྲགས་ག་རེ་བྱས་ཀྱང་མཛུབ་མོ་གར་བསྟན་ཤར་ཅེས་པ་ལས་གཞན་འགྲོ་ས་གོམ་པ་གང་མེད། དེ་ཤེས་དགོས། ཁོང་གཉིས་ཀས་ལམ་དབུ་མ། གོང་ས་མཆོག་གི་བཀའ་དགོངས། ཟམ་གདོང་རིན་པོ་ཆེས་ཅི་གསུངས། མཆོད་འབུལ་དང་དོལ་རྒྱལ་ལ་དགག་རྒྱག། དབང་ལུང་ཞུ་ཡ། གཞིས་ཆགས་སྲ་བརྟན་བཟོ་གི་ཡིན་ཟེར་གཞིས་ཆགས་སྟོང་པ་ཆགས་དུས་སྲ་བརྟན་བྱེད་ཡ་ལྷག་མེད་པ། སློབ་གྲྭ་ཁག་ལ་ཤེས་ཡོན་ཡར་རྒྱས་གཏོང་གི་ཡིན་ཟེར། སློབ་གྲྭ་ཁག་རིམ་གྱིས་སྒོ་བརྒྱབ་ཡོང་གི་འདུག་པ། བོད་རྒྱ་ཞི་མོལ་བྱེད་ཀྱི་ཡིན་ཟེར། དབུ་མའི་ལྟ་བ་བཟུང་མཁན་རྒྱ་ནག་གི་ཁྲིམས་འགལ་དང་དེ་དང་ལྷན་དུ་དུས་ནམ་ཡང་སྐད་ཆ་མི་བཤད་ཅེས་བཤད་སོང་ང་། ད་སྲིད་སྐྱོང་གསར་པ་སུ་ཞིག་སླེབས་ཀྱང་ཕྱི་རྒྱལ་ལ་སྤྲོ་ཁྱམས་འདྲ་བྱས། མོ་དྷི་ནང་བཞིན། ཚུར་ལོག་ནས་དབང་ལུང་འདྲ་ཞུས་མ་ཎི་གསོག་སྒྲུབ་འདྲ་བྱས། བོད་རང་བཙན་ཤོད་མཁན་དེ་ཚོར་དམའ་འབེབ་རྒོལ་རྡུང་འདྲ་བྱས། ཨ་ཉོག་དེ་ཚོར་དབུ་མའི་ལམ་གྱི་ཟབ་སྦྱོང་འདྲ་སྤྲད། རྒན་གསོ་ཁང་དེ་ཚོར་རྙིང་ཞེན་འདྲ་བསླབ། དེ་ལས་ལྷག་བྱེད་རྒྱུར་མཐོང་གི
མི་འདུག ཡོང་དགོས་མཁན་གྱི་སྲིད་སྐྱོང་དེ་ཡོང་རྒྱུའི་ལམ་ཀ་བཀག་སོང།
བློ་སེང་གི་རྒྱབ་སྐོར་བ་འཇོན་པོ་ཡོད་ན་འདི་གཙང་མ་བཟོ་རོགས།
http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/
དྲ་འབུ་མགོ་གཉིས་ཚོའི་དཀྲོགས་གཏམ་ལ་ཉན་མཁན་
མི་མང་གཅིག་ཀྱང་མེད་པ་ཤེས་ཐུབ་།
བཙན་བྱོལ་སྤྱི་ཚོགས་འདི་མ་དཀྲུགས་ན་ཡག་ལི་རེད་དོ་།