འབྲི་མཁན། དཔལ་ལྡན་རྒྱལ།
ཟླ་བ་འདིའི་ཚེས༡༧་ཉིན་ནི་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་ཉིན་མོ་ཡིན། ཨ་རིའི་ནང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་༡༩༢༩ལོའི་ཟླ་བ་བདུན་པའི་ཚེས་༡༥་ཉིན་སྐུ་འཁྲུངས། ༡༩༨༣་ལོར་ཨ་རིའི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལྟར། ཨ་རིའི་སྲིད་འཛིན་རོ་ནོ་རྡུ་རུས་རྒན་གྱིས་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ལ་བརྩི་བཀུར་མཚོན་ཆེད་རྒྱལ་ཡོངས་གུང་གསེང་ལ་གཏན་འབེབས་བྱས་པའི་ཁྲིམས་གཞི་མཚན་རྟགས་བཀོད། ༡༩༨༦་ལོ་ནས་བཟུང་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་རོལ་བཞིན་ཡོད།
སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོའི་ངང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་ལ། ༡༩༦༣ལོའི་ཟླ་བ་ ༨་ཚེས་༢༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཐང་ཆེན་དུ་མི་གྲངས་ཉིས་འབུམ་ལྷག་གིས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས། སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ ༼ང་ལ་རྨི་ལམ་ཞིག་ཡོད།༽ཅེས་པའི་གསུང་བཤད་གནང་ཡོད། གསུང་བཤད་འདི་ནི་ཕལ་ཆེར་སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིི་སྙན་གྲགས་ཆེ་ཤོས་ཀྱི་གསུང་བཤད་དེ་ཡིན་ལ།
ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་གསུང་བཤད་བོད་ཡིག་ཐོག་གཟིགས་རོགས
གསུང་བཤད་དེ་བོད་སྐད་ཐོག་ཉན་རོགས
ཁོང་གིས་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ལ་གཟིགས་ན་སྦྲེལ་ཐག་འདིར་མཐུད་རོགས
དཔལ་ལྡན་རྒྱ། ཐུགས་རྗེ་ཆེ།
མི་ནག་དེའི་གསུང་བཤད་ཧ་ལས་པ་རེད།
གསུང་བཤད་དེ་བོད་སྐད་བོད་ཡིག་དུ་བཀོད་པར་ཧ་ཅང་དགའ།
སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་གསུང་བཤད་དེ་ཧང་སེང་བ་རེད་
ད་ལྟ་ང་ཚོའི་གནས་བབས་ལ་ལྟས་ན་དེ་ལྟ་བུའི་རླབས་ཆེན་གྱི་གསུང་བཤད་དག་
བོད་བསྒྱུར་བྱེད་པ་གལ་ཆེན་པོ་རེད
དངོས་གནས་དཔལ་ལྡན་རྒྱལ་ཐུགས་རྗེ་ཆེ
ང་ལ་དེ་རིང་རྨི་ལམ་ཞིག་ཡོད། ང་ལ་སང་ཉིན་མདུན་ལམ་ཞིག་ཡོད། ང་ལ་བློ་འཁེལ་སའི་ཡིད་ཆེས་ཤིག་ཡོད། ང་ལ་རེ་བ་བྱེད་སའི་མི་རིགས་ཤིག་ཡོད། ང་ལ་བོད་མི་ཡིན་པའི་ཤ་ཁྲག་ཅིག་ཡོད། ། ང་ལ་བྱུང་མྱོང་བའི་ལོ་རྒྱུས་གཙང་མ་ཞིག་ཡོད། ང་སྔར་ཡང་བོན་པོ་ཞིག་ཡིན་ལ། དེ་རིང་ཡང་བོན་པོ་ཞིག་ཡིན། ངས་སང་ཉིན་ཡང་བོན་པོ་ཞིག་བྱེད་ལ། ངས་བྱེད་རྒྱུ་མ་རགས་ནས་བོན་པོ་བྱས་མེད། ངས་འུ་ཐུག་ཐབས་ཟད་ཀྱིས་བོན་པོ་བྱས་མེད། ངས་གཞན་ལུགས་འདམ་ཀ་མེད་ནས་བོན་པོ་བྱས་མེད། ངས་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་ལོ་རྒྱུས་ལ་རྒྱབ་བརྟེན་བྱས་ཡོད། ངས་མི་རིགས་ཀྱི་རྙིང་རྩ་ལྟ་བུའི་རང་སྐད་གཙང་མ་ལ་མི་ཚེ་བསྟེན་ཡོད། ངས་མི་རིགས་ཀྱི་ཕ་ས་དྲོན་མོ་ལ་གཅེས་པའི་རང་སྲོག་གི་སྦྱིན་པ་ཕུལ་མྱོང། ངས་མི་རིགས་ཀྱི་རང་ལུགས་བཟང་པོ་ལ་ཡིད་ཆེས་དང་བློས་འགེལ་གཙང་མ་བྱས་ཡོད། ངས་ཁ་ངོ་དྭངས་མའི་གདོང་དམར་གཞོན་ནུ་ཚོར་བསམ་གྱིས་མི་ཁྱབ་པའི་རེ་བ་བཟང་པོ་ཞིག་བཅོལ་ཡོད། ཁོང་ཚོས་ང་ལ་མི་གྲལ་དུ་མ་བཞག་ཀྱང་ཁྱེད་ཚོས་ང་ལ་སྣང་ཆུང་ཞིག་མ་གཏོང་རོགས། ཁོང་ཚོས་ང་ཡི་ཁུངས་ལུང་དེ་མེད་པར་བཟོ་འདོད་ཀྱང་ཁྱེད་ཚོས་ང་ཡི་ལོ་རྒྱུས་འདི་གཅེས་སྐྱོང་ཞིག་གནང་རོགས། ཁོང་ཚོས་ང་ཡི་དངོས་མིང་དེ་རྩ་མེད་དུ་བཟོ་འདོད་ཀྱང་ཁྱེད་ཚོས་ང་ཡི་གཅེས་མིང་འདི་བསྲུང་སྐྱོབས་ཤིག་གནང་རོགས། ཁོང་ཚོས་བོད་ཡུལ་ཀྱི་ས་མིང་ཡོངས་རྗོགས་གཞན་སྐད་དུ་བསྒྱུར་འདོད་ཀྱང་ཁྱེད་ཚོས་ཕ་ཡུལ་གྱི་གདོད་མའི་རང་མིང་ལ་འཕོ་འགྱུར་ཡོང་མ་ཆུག། ཁོང་ཚོས་རང་སྐད་ལས་གཞན་སྐད་ལྷག་པར་འདོད་ཀྱང་ཁྱེད་ཚོས་གནའ་རབས་ཀྱི་བོད་སྐད་བཟང་མ་ལ་བདག་གཅེས་གཙང་མ་བྱེད་རོགས་ཞུ། ། །
བོད་ཕྲུག་ང་ལ་རྨི་ལམ་ཡག་པོ་ཞིག་ཡོད། །
གཞིས་བྱེས་ལྷན་དུ་འཛོམས་པའི་རྨི་ལམ་ཡོད། །
རྒྱལ་བ་པཎ་ཆེན་གཅིག་ཏུ་འཛོམས་ནས། །
ཆོས་སྲིད་ལྷན་དུ་སྐྱོངས་པའི་རྨི་ལམ་ཡོད། །
ང་ལ་མདོང་དགོང་རྨིས་པའི་རྨིན་ལམ་དེ། །
ང་ཡི་མི་ཚེ་ནང་གི་མདུན་ལམ་ཞིག །
ང་ཡིས་བོད་ལ་བཅངས་པའི་བརྩེ་དུང་ཞིག །
ང་ཡིས་མི་རིགས་བཅངས་པའི་ལ་རྒྱ་ཞིག །
ང་ཡིས་རྒྱལ་ཁབ་བཅངས་པའི་ལྷག་བསམ་ཞིག །
ང་ཡི་སྙིང་ལ་བཅངས་པའི་སྙིང་སྟོབས་ཤིག །
ངས་ནམ་ཡང་དྲན་པའི་བག་ཆགས་ཤིག །
ངོ་གནས་ཁྱེད་རྣམ་པས་བསམ་བློ་ཡག་པོ་ཞིག་ཐོངས་དང་ང་རང་ཚོར་་མར་ཊིན་ལུ་ཐར་ཁིན་ལས་ལྷག་པའི་སྐྱེས་བུ་དམ་པ་ཞིག་འདུག་པས་ཁོང་གི་བཀའ་སློབ་ལའང་ཡག་པ་ཉོན་རོགས།
ག་དུས་ཡིན་ནའང་ང་ཚོ་བོད་པ་ཚོ་གོ་ལ་མ་གོ་དང་མགོ་འཚོས་ལ་མ་འཚོས་ཀྱིས་གཞན་གྱི་རྗེས་འགྲོ་བྱེད་པ་ལ་ཧ་ཅང་གི་དགའ། ཉེ་ཆར་ཟངས་གདོང་བླ་མས་ཐབས་སྐྱོ་བོ་ཞིག་གསུང་འདུག་པ་ལའང་བསམ་བློ་ཡག་པོ་ཞིག་ཐོངས་དང་།།
ཁ་བརྡའི་ནང་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་མ་ཌན་ལུ་ཐར་ཁུན་གྱི་དྲན་གསོའི་གཞུང་འབྲེལ་གུང་གསེང་ཡིན་པ་བཤད་འདུག འོན་ཀྱང་ཉིད་ཀྱི་དྲ་ཚིགས་ནང་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བ་ཉིན་གཞུང་འབྲེལ་གུང་གསེང་ཡིན་པ་བཤད་པ་འདི་གཉིས་གང་ལ་ཚད་འཛིན་བྱེད་དགོས་སམ།
ང་ལ་ཡང་སྨིན་ལམ་ཅིག་ཡོད། དེ་ནི་མའོའི་གུང་ཕྲན་རིང་ལུགས་པའི་འོག་ནས་མཐར་རྒྱུ་དེ་ཡིན།
ཻརྣམ་པ་ཚོས་བསམ་ཚུལ་དང་། སོ་སོའི་རྨི་ལམ་གསུངས་བར་བཀའ་དྲིན་ཆེ།
གཡག་རྒོད་ལགས།
ཁྱེད་ཀྱིས་གསུངས་བའི་ ༼ཁ་བརྡའི་ནང་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་མ་ཌན་ལུ་ཐར་ཁུན་གྱི་དྲན་གསོའི་གཞུང་འབྲེལ་གུང་གསེང་ཡིན་པ་བཤད་འདུག འོན་ཀྱང་ཉིད་ཀྱི་དྲ་ཚིགས་ནང་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བ་ཉིན་གཞུང་འབྲེལ་གུང་གསེང་ཡིན་པ་བཤད་པ་འདི་གཉིས་གང་ལ་ཚད་འཛིན་བྱེད་དགོས་སམ།༽ གོང་འོག་གཉིས་ལ་འགལ་ཟླ་མི་འདུག
ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བ་ཉིན་གཞུང་འབྲེལ་གུང་གསེང་ཡིན་པ་རེད།