ཆུང་ཚེ་རིང་གི་ངོ་དེབ་ལས་དྲངས།
ཟླ་བ་༡ ཚེས་༧ ཉིན་ཧྥ་རན་སིའི་རྒྱལ་སའི་ཟུར་ཟའི་དུས་དེབ་“ཤཱག་ལི་ ཨེབ་དྷོ་”(Charlie Hebdo)ཞེས་པའི་རྩོམ་སྒྲིག་ཁང་དུ། མེ་མདའ་ཐོགས་པའི་མི་གཉིས་འཛུལ་ཏེ་རྩོམ་སྒྲིག་པ་དང་ཟུར་ཟའི་རི་མོ་བ་ཚུད་པའི་མི་ ༡༢ བསད་པ་དང་། མི་ ༡༡ ལ་རྨས་སྐྱོན་བཏང་།
དུས་དེབ་“ཤཱག་ལི་ ཨེབ་དྷོ་”ནི་ ༡༩༦༩ ནས་བཟུང་སྟེ་རེས་གཟའ་ལྷག་པ་ནམ་ཡིན་ལ་(༡༩༨༢ ནས་ ༡༩༩༢ བར་འདོན་མཚམས་ཆད་མྱོང་) འདོན་པའི་ཟུར་ཟའི་དུས་དེབ་ཅིག་ཡིན་ཞིང་། དུས་དེབ་དེས་ད་ཕན་ཆབ་སྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཚུད་པའི་དབང་འཛིན་པ་ཁག་ལ། ཟུར་ཟའི་རི་མོའི་ལམ་ནས་མཚང་འབྱིན་བྱས་ཏེ་མིང་གྲགས་ཁྱབ་ཡོད།
དུས་དེབ་དེའི་མིང་དོན་ནི་གཟའ་འཁོར་རེའི་ཤཱག་ལི་ཟེར། ཤཱག་ལི་ནི་ཡུ་རོབ་ཏུ་དར་ཁྱབ་ཆེ་བའི་མི་མིང་གི་གྲས་རེད། མིང་དེ་ལྟར་བཏགས་པར་རྒྱུ་མཚན་ཡོད། དེ་ཡང་དུས་དེབ་དེའི་ཐོག་མའི་མིང་ལ། Hara-Kiri Hebdo ཟེར་ཞིང་། འདོན་ཐེངས་གཅིག་གི་ནང་། སྲིད་འཛིན་ཟུར་པ་འདས་པོ་(Gen Charles de Gaulle)ཤཱག་ལི་ཡི་འགྲོ་སོང་སྐོར་ལ་ཟུར་ཟ་བྱས་སྟབས། ཧྥ་རན་སིའི་གཞུང་གིས་དུས་དེབ་དེ་སྒོ་བརྒྱབ་བཅུག དེ་འཕྲལ་རྩོམ་སྒྲིག་པ་ཚོས། གཟའ་འཁོར་རེའི་ཤཱག་ལི་(Charlie Hebdo)ཞེས་པའི་མིང་ཐོག་ནས་ད་ལྟའི་དུས་དེབ་འདི་བཏོན་པ་རེད།
ཤཱག་ལི་ཞེས་པའི་མིང་འདི། སྲིད་འཛིན་ཤཱག་ལི་དང་འབྲེལ་བ་ཡོད་ལ། ཨ་རིའི་ཆར་ལི་སེ་ བྷོ་རོང་(Charlie Brown)གི་ཟུར་ཟའི་རི་མོ་བསྐྱར་འགོད་བྱས་སྟབས། དེའི་མིང་དོན་ལའང་འབྲེལ་བ་ཡོད་པ་རེད།
དུས་དེབ་དེས་“གཡོན་ཕྱོགས་པ་”དང་“ལྷ་མེད་སྨྲ་བའི་”ལྟ་བ་བཟུང་སྟེ། དབང་འཛིན་པར་རྒོལ་བ་དང་། ཆོས་ལུགས་ལ་རྒོལ་བ། སྒྲིག་འཛུགས་ལ་རྒོལ་བའི་བརྩམ་བྱ་མང་པོ་སྤེལ་བའི་ཁོངས་ནས། དོ་སྣང་ཆེ་ཤོས་ནི་ཁ་ཆེའི་ཆོས་ལུགས་སྐོར་ལ་ཟུར་ཟ་བྱས་པ་དེ་ཚོར་ཐོབ་ཡོད།
འདས་མ་ཐག་གི་ཕྱི་ཟླ་བཅུ་གཉིས་པའི་འདོན་ཐེངས་ནང་། དུས་དེབ་འདིས། ཡི་ཤུའི་ཡུམ་མའེ་རི་(ཡི་ཤུ་བ་ཚོས་མོ་གསར་ཡིན་པར་འདོད་)ཡིས། ཡི་ཤུ་ཕག་པའི་གདོང་ཅན་བཙའ་བ་ཞིག་སྤེལ་ཡོད། ༢༠༠༦ ལོར་ཁ་ཆེའི་སྟོན་པ་མོ་ཧཱཾ་མ་དེ་ངུ་བཞིན་པ་ཞིག་སྤེལ་བའི་ཐོག་ཡི་གེ་“བླུན་པོས་དགའ་བ་དཀའོ”ཞེས་བྲིས་ཡོད་པ་རེད། ཁ་ཆེ་བ་མང་པོས་དེ་ནི་ཁོང་ཚོའི་ཆོས་ལུགས་ལ་དམའ་འབེབས་བྱས་པར་ངོས་འཛིན་གྱིས་ཁྲིམས་གཏུགས་བྱས་ཀྱང་། ཁྲིམས་ས་ནས་ཁ་མཆུ་ངོས་ལེན་གནང་མེད།
ཕྱི་ལོ་༢༠༡༡ ལོར་དུས་དེབ་དེས། ཁ་ཆེའི་སྟོན་པ་མོ་ཧཱཾ་མ་དེའི་ཟུར་ཟའི་རི་མོ་ཞིག་སྤེལ་བའི་ཐོག་ཏུ་ཡི་གེ་“ཁྱེད་རང་གད་མོས་མ་ཤི་ན་ལྕག་ཚན་ ༡༠༠ གཞུ་གི་ཡིན་”ཞེས་བྲིས་ཡོད་སྟབས། ངོ་རྒོལ་གྱི་ཚུལ་དུ་རྩོམ་སྒྲིག་ཁང་ལ་མེ་བརྒྱབ་པས་ལས་ཁུངས་སྤོ་དགོས་བྱུང་། དེ་དང་དེ་འདྲའི་གནས་ཚུལ་དབང་གིས་དུས་དེབ་དེའི་རྩོམ་སྒྲིག་པ་དང་རི་མོ་བ་ཚོར་དུས་རྒྱུན་ནས་སྡང་སེམས་འཆང་མཁན་དང་སྡིགས་ར་སྐུལ་མཁན་ཡོད་སྟབས། རྩོམ་སྒྲིག་པའི་མཉམ་དུ་སྐུ་སྲུང་བ་ཉར་དགོས་པའི་གནས་སྟངས་ཆགས་ཡོད།
ད་རེས་ཀྱི་དྲག་རྒོལ་དེ་བྱུང་རྐྱེན་ངོ་མ་གང་ཡིན་ངེས་གསལ་བྱུང་མེད་ཀྱང་། ཁོང་ཚོའི་དུས་དེབ་འདོན་ཐེངས་ཐ་མ་དེའི་ནང་ཁ་ཆེ་དྲག་རྒོལ་བའི་རྣམ་པ་མཚོན་པའི་མེ་མདའ་འཁུར་བའི་མི་གཅིག་བྲིས་པའི་ཐོད་དུ་ཡི་གེ་“ཧྥ་རན་སིའི་ནང་ད་དུང་གཏོར་རྒོལ་བྱས་མེད་པ”ཞེས་བྲིས་པ་དང་། དེ་གའི་འོག་ཏུ་“སྒུགས་ཤིག ང་ཚོར་རང་གི་རེ་འདུན་མཚོན་པ་བྱེད་རྒྱུར་ཕྱི་ཟླ་དང་པོའི་ཟླ་མཇུག་བར་ཡོད་”ཅེས་བྲིས་ཡོད།
གོང་གསལ་དྲག་རྒོལ་བྱས་ཏེ་མི་ ༡༢ བསད་རྗེས། འཛམ་གླིང་གང་སར་དེ་ནི་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བའི་དྲག་སྤྱོད་ཅིག་ཡིན་པར་ངོས་འཛིན་དང་འབྲེལ། སྨྲ་བརྗོད་རང་དབང་གི་རིན་ཐང་དང་གོང་གསལ་དུས་དེབ་ཁང་ལ་གདུང་སེམས་མཉམ་སྐྱེད་དམ་རྒྱབ་སྐྱོར་མཚོན་བྱེད་དུ་ “ང་ཤཱག་ལི་ཡིན”་ཞེས་པའི་ཡིག་བྱང་བཀོལ་བཞིན་ཡོད།
སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ། ཆབ་སྲིད་པ་དང་། ཁེ་ལས་པ། འཁྲབ་སྟོན་པ། ལས་བྱེད་པ་སོགས་ལ་སྐྱོན་བརྗོད་དང་མཚང་འབྱིན་བྱས་ཆོག་ན། ཆོས་ལུགས་མི་སྣ་ལ་ཡང་སྐྱོན་བརྗོད་བྱས་ཆོག་པ་ཞིག་ཡིན། འོན་ཀྱང་ཆོས་ལུགས་མི་སྣ་དང་ལྷག་པར་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་རྒྱུ་ནི། དེ་འདྲའི་ལས་སླ་མོ་ཞིག་མ་རེད།
ཟུར་ཟའི་རི་མོར་མཚོན་ན། དེའི་ཟུར་ཟ་བྱེད་སྟངས་དང་མཚོན་དོན་ནི་སྤྱིར་བཏང་གི་བསམ་ཚོད་ལས་འདས་པ་ཞིག་ཡིན་པས་དེ་བས་ཀྱང་རང་རེ་བོད་མིའི་སྤྱི་ཚོགས་ལྟ་བུས་ལམ་སང་གོ་ཐུབ་པ་དང་འཇུ་ཐུབ་པ་ཞིག་མ་རེད། དེའི་མཚོན་བྱེད་ཅིག་ནི་ང་རང་ཡིན། ང་རང་ཧྥ་རན་སིར་ལོ་གསུམ་བསྡད་ཅིང་། ཧྥ་རན་སིའི་ཤེས་ལྡན་མི་སྣ་དང་འགྲོགས་འདྲིས་བྱས་མོད། ཁོང་ཚོས་ཆོས་ལུགས་དང་ཆབ་སྲིད་ལོགས་སུ་དབྱེ་རྒྱུར་དོ་དོ་ཏན་ཏན་བྱེད་སྟངས་དང་། སྒྱུ་རྩལ་དང་རང་དབང་གི་བསམ་ཚུལ་འོག་ནས། བཀག་རྒྱ་ཅི་ཡང་མེད་པར་ཆབ་སྲིད་ཀྱི་དབུ་ཁྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད་ལ་སྐྱོན་བརྗོད་ཟུར་ཟ་བྱེད་པའི་ཚད་གཞི་དེ་ཚོ་ངའི་བློ་ལ་མི་ཤོང་བའི་ཚད་རེད།
ཁོང་ཚོས་གཞན་གྱི་བསམ་ཚུལ་ལ་བརྩི་བཀུར་ཞུ་བ་དང་མཉམ་དུ་རང་གི་བསམ་ཚུལ་འཇིགས་ཞུམ་མེད་པར་བརྗོད་པའི་སྤོབས་པ་དེ་འདྲ་ངས་ཡུལ་གཞན་ནས་མཐོང་མ་མྱོང་། འོན་ཀྱང་། གོང་དུ་དཔེ་མཚོན་ཁ་ཤས་ཞུས་ཟིན་པ་ལྟར། ཆོས་ལུགས་ཁག་གི་སྟོན་པའི་གཟུགས་བརྙན་སྤྱད་དེ། སྤྱི་ཚོགས་ཀྱི་མཚང་བསྔོགས་པ་དང་། ཆོས་ལུགས་ཀྱི་སྟོན་པའི་གཟུགས་བརྙན་སྤྱད་དེ། རང་གི་བསམ་ཚུལ་མཚོན་ཐབས་བྱེད་དུས། དད་ལྡན་མང་ཚོགས་མང་པོའི་སེམས་ལ་རྨ་ཁ་བཟོ་བ་དེ་ཡང་བསམ་ཤེས་བྱེད་དགོས་པ་ཞིག་རེད།
དེ་རིང་འཛམ་གླིང་གི་ས་ཕྱོགས་མང་པོ་ནས་“ང་ཤཱག་ལི་ཡིན་”ཞེས་ཧྥ་རན་སིའི་མི་མང་གི་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་དང་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་སྐབས་འདིར། ངས་ང་རང་“ཤཱག་ལི་ཡིན་ནམ་”ཞེས་འདྲི་གི་ཡོད་ལ། བོད་མི་གཞན་ཚོར་ཡང་“ཁྱེད་རང་ཤཱག་ལི་ཡིན་ནམ་”ཞེས་འདྲི་གི་ཡོད།
བོད་མི་ཚོ། ཡིན་ན་ཡིན་དང་། མིན་ན་མིན་གྱི་ལན་རེ་རྒྱུ་མཚན་དང་བཅས་གསུངས་རོགས།
དྲ་ཐོག་འདིར་དྲ་འབུ་ཤཱག་ལི་ཁ་ཤས་འདུག ཏག་ཏག་བཟོ་ཞོག་ཨ ཧཧཧ
ནག་མེད་མི་མང་པོ་བསད་པ་དེ་ནོར་འཕྲུལ་ཆེན་པོ་རེད་་།
ཁྱེད་ཀྱི་དཔྱད་རྩོམ་ལ་་གོ་རྟོགས་གང་ཡང་ཐུབ་མ་སོང་དགོང་དག་
མ་འོང་པར་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ཟིང་ཆའི་ནང་ནམ་ཡང་ཐེ་བྱུས་
བྱ་མི་ཉན་།
འཇིག་བསྐུལ་ལག་དམར་པ་གཉིས་ཀ་ཕ་རན་སིའི་སྐོར་སྲུང་བས་བསད་ཚར་སོང། ད་སྐད་ཆ་ཤོད་རྒྱུ་ལྷག་མི་འདུག
ང་ཤྭག་ལི་ཡིན། ཤི་སྒུག་བྱས་བསྡད་ཡོད།
རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་ཁོང་ཤི་གསོན་ཅི་ཡིན་མི་ཤེས་པས་ཁོང་གི་ཚབ་ཞུ་ནས་་་མདའ་སྨྱུག་ཁོང་ཤྭག་ལི་རེད་ཞུ་རྒྱུ་ཡིན།
ཁ་བརྡའི་ཐོག་ཏུ་ཤཱག་ལིའི་རྒྱུད་འཛིན་མང་པོ་འདུག
དྲ་འབུ་ཤཱ་ལི་དང་འདྲ་བོ་འགའ་འདུག་་་་ཉིན་ཞིག་ལྟོས་ཨ་་་ཏག་ཏག་བཟོ་གི་ཡིན་ད
རེད་རེད། ངོ་མ་ཁ་ཆེ་དྲག་སྤྱོད་པ་ཚོ་དཔའ་བོ་རེད། རྒོད་པོ་རེད། ངར་བ་རེད། ལ་རྒྱ་ཅན་རེད། ཡི་རང་ཞུ་འོས་པ་ཞིག་རེད། རང་ཉིད་གང་དུ་གཏོགས་པའི་སྡེ་ཚན་གྱི་ལར་ཞེན་ལས། རང་གི་སྡེ་ལ་གཞན་གྱིས་དམའ་འབེབས་ཙམ་ཡང་འཁུར་མི་འདོད་པར་ཐད་ཀར་དྲག་རྒོལ་བྱེད་པའི་བློ་ཁོག་དང་ནུས་པ་ལྡན་གི ལས་སླ་བོ་མ་རེད། ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུའི་དཔའ་རྒོད་ཅི་མང་ཞིག་མཚར་ལོངས་བྱུང་རྒྱུ་ན། རྣམ་པ་འདྲ་མིན་གྱི་ངོར་ཡོད་པའི་ནང་རུལ་བ་ཚོར་གྲག་འགུལ་མེད་པ་ཞིག་ཏུ་གྱུར་ཁོ་ཐག་ཡིན།
ང་ནི་ནམ་ཡང་ཤཱག་ལི་མིན། ཆོས་ལུགས་གཞན་གྱི་སྟོན་པ་ལ་ཟུར་ཟ་བྱེད་ནས་དད་ལྡན་མི་མང་གི་སེམས་ལ་རྨ་ཁ་བཟོ་བ་དང་། གཞན་གྱི་དད་གུས་ལ་བརྩི་བཀུར་མ་ཞུས་པ་ནི་ནག་ཉེས་ཚབ་ཆེན་ཞིག་རེད།
རྫུན་རམས་པ་ལུང་རྟོགས་་་་རྫུན་བཤད་ཀྱི་ཞོག ཤུགས་ལྡན་འདྲེ་རེད་ཟེར་ནས་འབོད་བསྡད་མཁན་གཅིག་ཁྱོད་མིན་ནམ། གཞན་གྱི་དད་ཡུལ་ལ་ཁྱོད་ཀྱིས་བརྩི་བཀུར་ཡོད་བའི་སྐད་ཆ་འདི་ལས་རྫུན་བཤད་ཤིག་ཅང་ཡོད་ས་མེད་་་་ཧཧ རྫུན་རམས་པ་རང་རེད། ཁྱོད་ཚོའི་རྫུན་དེ་ཡང་དྲང་བདེན་ཨེ་རེད། མི་ཆོས་བླ་མའི་རྫུན་བཤད་ནའང་གྲྭ་ལོག་མིན་པ་ཨེ་རེད།
ཤུགས་ལྡན་ འདྲེ་རེད་ ཟེར་མཁན་ཅིག ང་ཡིན་གདའ། ཅོ་ ཅོ་རི་ལགས།
བཀའ་རྒྱུད་པའི་གྲྭ་པ་སྟོང་ཕྲག་མང་པོ་དམར་གསོད་བཏང་མཁན་ཤུགས་ལྡན་ཨེ་རེད། ཀརྨ་པ་སྐུ་ཕྲེང་བཅུ་པ་བཙན་བྱོལ་ལ་བྲོས་དགོས་པ་ཞིག་བཟོ་མཁན་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཨེ་རེད། ཀརྡོ་ལགས།
ཁ་ཆེའི་སྒེར་གཅོད་པ་དེ་དག་གི་འོག་ནས་ཉམ་ཆུང་མི་དམངས་ཀྱི་རང་དབང་འཐོབ་པ་ལ་མི་དམངས་ཀྱི་ཚེ་སྲོག་གིས་འགྲོ་སོང་བཏང་དགོས་བཞིན་ཡོད་པ་ལྟར་་་བོད་པའི་ཆོས་ལུགས་པའི་སྒེར་གཅོད་པ་དེ་དག་གི་འོག་ནས་བོད་མི་དམངས་ཀྱི་རང་དབང་འཐོབ་པ་ལ་བོད་མི་དམངས་ཀྱི་ཚེ་སྲོག་གིས་འགྲོ་སོང་མ་བཏང་ན་རང་དབང་མི་སྤྲོད་པ་ཡང་གསལ་པོ་དག་པོ་རེད།
དོད་འདྲེ་ལག་དམར་བ་ཅོ་རི་ཁྱོད་དོད་འདྲེ་མཉམ་དུ་གསོན་པོར་དོང་ནང་བཅུག་དགོས་འདུག་
བཀའ་རྒྱུད་པསྟོང་མང་པོ་དམར་གསོད། ཀརྨ་པ་སྐུ་ཕྲེང་བཅུ་བཙན་བྱོལ་སྐོར་ལམང་གསུངས་དང་། ཅོ་རི་ལགས། དེ་ནས་ངས་དོལ་རྒྱལ་གདོན་འདྲེ་དང་འབྲེལ་པ་ཡོད་སྟངས་བཤད་དགོས། ཧཧཧཧཧཧཧ།། །།
བོད་མི་ཉམ་ཆུང་ཚོའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་ང་ཅོ་རི་གསོན་དོང་དུ་བཅུག་ཉིན་མོར་བུ་སྐྱེས་པའི་སྐྱེས་གོ་ཆོད་པ་ཡིན་བསམ་གྱི་ཡིན། འདོད་བློ་ཁེངས་འགྲོ་ས་རེད། མགྱོགས་ཙམ་ཡིན་ད།
ཁྱོད་བོད་པར་སྐྱེས་གོ་མི་ཆོད་པ་དང་ཨ་མའི་བུ་རུ་སྐྱེས་གོ་མི་ཆོད་པའི་མི་ཞིག་རེད་ཁྱོད་འདྲ་པོ་གསོན་དོང་དུ་བཅུག་ནའང་ད་དུང་ཡིད་ཚེམ་ས་མ་རེད་
ཅོ་ཅོ་རི་ བོད་མི་ ལག་དམར་ དེ་ཚོའི་ རྗེས་སུ་ འབྲངས་ དགོས་དོན་ གང་ ཡིན་ནམ། བོད་མི་ ཉམ་ཆུང་ཤོས་ དེ་ རྒྱལ་མཚན་ ནོར་བུ་དང་། ཅོ་རི་ཁྱོད་རང་ ཡིན་པ་ རེད། ད་ དེརིང་ གཞི་ ནས་ ཧ་གོ་ སོང་། ཧཧཧཧ།།
ཅོ་རི་ ཕོ་རོག་ དཀར་པོ་ ཁྱོད། །
ཁ་བརྡ་ མཐོང་དུས་ མི་འཇིགས་ སམ། །
ཀརྡོ་ དྲན་དུས་ མི་སྐྲག གམ། །
རྩོད་ལན་ ཀློག་དུས་ མི་ཁུམས་ སམ། །
ཁྱི་གུ་ཆུང་ཆུང་། སྡོད་ས་དཔྲལ་བར་བསྡད། མིག་ལ་ཐལ་བ་མ་ཤོད། ཁྱོད་རང་སྔ་ས་ངས་ངོ་ལོག་པ་རང་རྒོལ་ཅན་ཞིག་ཡིན་པ་ཀུན་ཤེས་ཀུན་གསལ་རེད།
ཅོ་ ཅོ་རི་ བྲོས་ ཚར་འདུག ཧཧཧ།
ཅོག་ཕྲུག་སེམས་ཁྲལ་དགོས་པ་མ་རེད། ཁྱོད་དོང་ནང་བཅུག་ནས་ཅི་བྱེད། ཅི་ཞིག་གི་ཕྱིར་དུ། བོད་པ་ལ་ངག་རྒྱུན་ཞིག་ཡོད་པ་རེད། སྐྱག་པ་ལ་ལག་པ་འཆང་ན་དྲི་ངན་ཁ་རོགས་རེད་ཅེས་པ་ལྟར་རི་བོང་གནམ་སྡིབ་ཀྱི་དོགས་པ་དགོས་མི་སྲིད་་་་་
ཁྱོད་ཚོས་ག་རེ་བཤད་བསྡད་ཀྱི་ཡོད་ཨ། འགའ་རེས་གསོན་པོ་དོང་ནང་དུ་བཅུག་དགོས་ཟེར་བཞིན་འདུག འགའ་རེས་ལག་པ་མ་འཆང་མ་གཏོགས་ཅོ་རི་སྐྱག་པ་རེད། ལག་པ་རྩོག་པ་བཟོ་ཡོང་གི་རེད་ཟེར་བཞིན་འདུག འགའ་རེས་མིག་ལ་ཐལ་བ་གཏོར་སོང་ཟེར་བཞིན་འདུག འགའ་རེས་ཕོ་རོག་དཀར་པོ་རེད་ཟེར་བཞིན་འདུག འགའ་རེས་འབུ་རེད་ཟེར་བཞིན་འདུག་མོད།
ཡིན་ངོ་མ་ཅོ་རིས་དྲང་བདེན་དང་ཉམ་ཆུང་རྒྱབ་ལངས་བྱེད་བཞིན་ཡོད། རང་དབང་དང་དམངས་གཙོའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད། ངས་བསམ་པར་་་དངོས་ཡོད་གནས་ཚུལ་དང་དྲང་བདེན་བཤད་ཕོད་པ་དང་འབྲི་ཕོད་པའི་སྤོབས་པ་མེད་ན་་་མྱི་ལུས་ལེན་པར་དོན་མེད་རེད་བསམས་ཀྱི་ཡོད།
དྲང་བདེན་དང་རང་དབང་གི་ཆེད་དུ་སྲོག་ལ་ཐུག་ཀྱང་ཕྱི་ནུབ་མི་བྱེད་བསམ་པའི་སྤོབས་པ་ཞིག་མེད་ན་སྟོབས་ཆེན་རྒྱ་ནག་གཞུང་དང་དབང་ཆེན་བོད་ཀྱི་བླ་སྤྲུལ་དག་གི་འོག་ནས་རང་དབང་གཙང་མ་ཞིག་ག་དུས་རག་འོང་གི་རེད་དམ། དམངས་གཙོའི་རང་དབང་ལ་ལོངས་སྤྱོད་ཀྱི་ག་དུས་ཡོང་གི་རེད་དམ།
སྨྱུག་གུ་ལག་ཏུ་བཟུང་ནས་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་ཉུང་མཐའ་ཡང་དྲང་བདེན་གྱི་གནས་ལུགས་བརྗོད་ཕོད་དགོས་པ་ནི་ཆ་རྐྱེན་གལ་ཆེན་ཞིག་རེད། ང་ཚོས་བོད་མི་དམངས་ཉམ་ཆུང་ཚོའི་རང་དབང་དང་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་སྐབས་རང་གིས་རང་ལ་སྤོབས་པ་སྤྲད་ནས་དྲང་བདེན་དང་ཉམ་ཆུང་གི་རྒྱབ་ལངས་བྱེད་ཕོད་པའི་མྱི་ཞིག་ཆགས་བཅུག་དགོས།
དྲང་བདེན་དང་ཉམ་ཆུང་གི་རྒྱབ་ལངས་བྱེད་པའི་སྤོབས་པ་མེད་ན་དུས་ནམ་ཡང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་སྲིད་ལ་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་ཆགས་མི་ཐུབ། རང་དབང་ཟེར་ནའང་འདྲ། རང་བཙན་ཟེར་ནའང་ཆོག རང་ཉིད་བོད་མི་དམངས་ཉམ་ཆུང་ཚོའི་ཆེད་དུ་འཐབ་རྩོད་པ་ཞིག་བྱེད་འདོད་ཡོད་ན་དྲང་བདེན་དང་ཉམ་ཆུང་རྒྱབ་ལངས་བྱེད་ཐུབ་པའི་སྤོབས་པ་སྤྲོད་དགོས།
བདེ་སྐྱིད་ནི་རང་དབང་ལས་བྱུང་ལ་་་་རང་དབང་ནི་དཔའ་སྤོབས་ལས་སྐྱེས། དྲང་བདེན་གྱི་གནས་ལུགས་བརྗོད་པའི་དཔའ་དང་སྤོབས་པ་ཙམ་ཡང་མེད་པའི་སྤྱི་དམངས་ཤིག་ལ་རང་དབང་དང་བདེ་སྐྱིད་ཟེར་བ་ནི་ཉིན་མོའི་སྐར་མ་དང་རི་བོང་གི་རྭ་རེད་དོ། བོད་མི་ཚོ་་་མགོ་མ་སྒུར། སུག་བཞི་ས་ལ་མ་འཛུགས། རང་གིས་རང་ལ་སྤོབས་པ་སྤྲོད། མི་ལུས་ལེན་པ་འདྲ་འདྲ་རེད།་་་ཧཧཧ
དོལ་རམ་པ་ཅོ་རི། འདྲེ་དང་སྟོན་པ་གཉིས་སྡུར་མཁན་ཁྱོད་རང་ལས་མཐོང་མ་མྱོང་། ཆོས་ལུགས་ཤིག་གི་སྟོན་པ་ལ་སྨ་འབེབ་བྱེད་པ་དང་བདུག་འདྲེ་ཅིག་ལ་སྨ་འབེབ་བྱེད་པ་གཉིས་ག་ལ་འདྲ། དོལ་རྒྱལ་གྱིས་ཆོས་ག་རེ་གསུངས་ཡོད་པ་རེདདམ། ཁྱོད་རང་ནི་ཤེས་བྱ་ཐམས་ཅད་ཆོས་ཅན་ལེབ་ལེབ་ཡིན་ཏེ། བག་ལེབ་ཤེས་བྱ་ཡིན་པ་གང་ཞིག དེ་ལེབ་ལེབ་ཡིནའི་ཕྱིར་ཟེར་མཁན་གྱི་གྲལ་དེ་རེད་འདུག ཤ་ཚ།
རྫུན་རམས་པ་ལུག་ལགས། གངས་ཅན་པའི་མཁས་པའི་གཙུག་རྒྱན་པན་ཆེན་བསོད་ནམས་གྲགས་པས་མཛད་པའི་གཞུང་པོ་ཏི་ལྔ་མཇལ་མྱངས་མེད་པེ། འབྲས་སྤུངས་དགོན་པའི་གཟིམ་ཆུང་གོང་མ་ཚོའི་གཞུང་ལུགས་འཆད་ཁྲིད་ཀྱི་མཛད་པ་འཕྲིན་ལས་ལ་བལྟས་ན་གཟིམ་ཆུང་འོག་མ་ཚང་སྙིང་རྗེ་ཡ་འདྲ་ཞིག་རེད།
དཔལ་ན་ལེན་ཌའི་ཚད་མའི་གཞུང་ལུགས་ཀྱི་དགོངས་འགྲེལ་རྣམ་འགྲེལ་དགོངས་པ་རབ་གསལ་ལས་ལྷག་གི་ཚད་མའི་དགོངས་འགྲེལ་ཞིག་འཛམ་གླིང་འདིའི་ཐོག་ཏུ་མེད་པ། གཟིམ་ཆུང་གོང་མའི་རྣམ་འགྲེལ་དགོངས་པ་རབ་གསལ་དང་གཟིམ་ཆུང་འོག་མའི་ཚད་མ་རིགས་རྒྱན་གཉིས་མཚུངས་སྡུར་བྱས་ན་རྟ་དང་བོང་བུ་ཡིན་པ། ཕྲག་དོགས་ལངས་ཡང་ལངས་པ་རེད་དེ་་་ཐུགས་ཁག་མེད་ཡ།
གཟིམ་ཆུང་གོང་མ་ཚང་གི་བླ་མ་རྣམས་ལ་ན་ལེན་ཌའི་ཕྱོགས་གླང་ཆོས་གྲགས་ཚོས་ཀྱང་གུས་གུས་ཞུ་ཞུ་བྱེད་དགོས་པ་ལས་ཐལ་ཚིག་འཕེན་ནུས་ཀྱི་མ་རེད་དོ། དངོས་ཡོད་གནས་ཚུལ་རེད།
གཟིམ་ཆུང་གོང་མའི་གྲགས་རྒྱན་རྣམས་འགྲེལ་ལ་མཁས་ཆེ་ནས་འདྲེ་ཡི་སྐྱེ་བ་ལེན་པ་རེད་པས་
དོལ་རམ་པ་ཅོལ་ཆུང་ལགས། “ལག་ཨ་རྒྱལ་རྒྱལ་གྱི་འཁྲུལ་ལ་རྟེན་ནས་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་རྫུན་མ་ལམ་དུ་སློང་བ”ཞེས་པ་དེ་གོ་ཨེ་མྱོང་། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཡང་སྲིད་རྫུན་མ་ཡིན་པའི་རྐྱེན་གྱིས་འདྲེ་ལ་སྐྱེས་སོང་བ་རེད་མ་གཏོགས། པཎ་ཆེན་བསོད་གྲགས་ལྟ་བུའི་མཁས་གྲུབ་གཉིས་ལྡན་ཞིག་གི་ཡང་སྲིད་ངོ་མ་ཡིན་ན་འདྲེ་ལ་སྐྱེ་མི་སྲིད་པ་རེད། འདི་ཙམ་ཡང་བསམ་མི་ཤེས་པར་ད་དུང་ཅིག་བཤད་ཁུལ་བྱེད་པ་ཡ་ཆ།