ཁྲོ་གཏུམ།
—-སྙན་ངག་པའི་མཚན་མོར་ང་རང་གཉིད་ལས་སད་དུས་སྔ་དྲོ་རེད་མོད། འོན་ཀྱང་སེམས་སུ་སྙན་ངག་པའི་མཚན་མོ་འདུག
སེམས་ཆུ་སྙིང་དུ་འཁོལ་བའི་ཁ་རླངས
བྲང་རུས་བརྡར་བའི་སྣང་བ་མཐོན་པོ་དེ་དག་གི་དབུས་སུ
སེམས་ཀྱི་ཁ་དོག་ན་འོད་དུ་ཚེར་བའི་སྙིང་གསོན་པོ་ཡོད
ལུག་ཁྱུས་ཟིལ་རྩྭ་བདའ་བའི་འགྲན་རྩོད་དུ
མཁའ་དབུགས་ཀྱི་དྭངས་ཞིམ་འཐིབས་པའི་གཡས་གཡོན་ལ
མཇབ་ནས་ཐོན་ཞིང་མི་རིག་ཞྭ་ཏོ་གོན་མཁན་གྱི་གོམ་སྒྲ་འདུག
མུན་ཁུང་གི་བྱེ་བོ་འགའི་ཧབ་རྒོད
དངས་ཤིང་སྐྲག་པའི་བླ་སྲོག་ཏུ་བབས་པའི་འདར་གཡེང
སུ་ཞིག་གི་མིག་འོད་དུ་དཔར་ཡོད
སྙིང་ཉེ་བའི་སེམས་པ་དག
དཀར་དཀར་འདྲ་བའི་ཁ་དོག་དག
ཇི་ལྟར་འདི་ལྟར་མདུན་གྱི་གློ་སྙིང་ཟ་དགོས་རེད
ང་དལ་བུར་མཇབ་ན
དབུགས་རྔ་ཆད་འགྲོ་ལ
ང་ཧོབ་ཀྱིས་འདུར་ན
མི་སེམས་སྨྱོ་པའི་རལ་གྲིར་འཐམས་དགོས
ག་དུས་ཁྱོད་རང་སྐྲག་པ་ལས་ཐར་བ་རེད
༢༠༡༥།༧།༢༧ གྱི་སྔ་དྲོ།
ཁ་བརྡར་འཛུལ་ཐེངས་རེར ཡན་མན་གྱི་དམག་འཛིང་དང
ཕར་ཚུར་གྱི་སྨྱོན་པ་ཚོ་རིག་དུས
ང་ནི་ལན་རེར་སྐྲག་མྱོང་ལ
སྐབས་རེར་ཉོབ་ཀྱང་མྱོང
ཡིན་ནའང་
སྤང་གི་མེ་ཏོག་འདི་ཚོའི་འཁྲིས་དང
རྒྱུག་ཆུ་དྭངས་མོ་དེ་ཚོའི་གན་ནས
ངས་ངལ་དལ་མོར་གསོ་དུས
མནའ་མ་ཞིག་ལ་རེ་སྒུག་ཤོར
འོན་ཀྱང ཁ་བརྡ་འདིར
ཞལ་རས་ཟླ་བ་མཐོང་མྱོང་མཁན་མ་ཡོད་པས་ཡིན་ནམ
ཡང་ན་་་་་་་ཡང་ན གང་ལྟར
བརྩེ་བའི་མནའ་མ་དཀོན་མཆོག་ལས་དཀོན་འདུག
ང་ཤི་མ་འདོད་པའི་དུས་ཤིག
འདི།
ང་ཤི་མི་འདོད་པའི་དུས་ཤིག