(བོད་མི་མང་སྤྱི་འཐུས།)བློ་བཟང་ཡེ་ཤེས་ཀྱིས་བརྩམས།
འཇམ་དབྱངས་གྲགས་པས་བསྒྱུར།
རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་༸གོང་ས་མཆོག་འཛམ་གླིང་ཞི་བདེ་སྐྲུན་མཁན་གྱི་མཚན་སྙན་རྒྱས་བཞིན་པར་ཁ་གཏོད་གཅོག་ཕྱིར་དང་། ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་བྱ་ཕྱིར། བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུན་མི་ཆད་པར་མཚན་སྨད་བྱེད་བཞིན་ཡོད། སྐྱོན་བརྗོད་འདི་དག་ལ་བདེན་པའི་ཆ་ཅུང་ཟད་ཀྱང་མེད་ལ་འཛམ་གླིང་གི་སྐྱེ་བོ་རྣམས་ལའང་མགོ་སྐོར་བཏང་ཐུབ་མེད་མོད། ཡིན་ཡང་འཛམ་གླིང་ས་ཁུལ་གང་སར་གནས་པའི་བོད་མི་རྣམས་ཁོང་ཚོའི་འཐབ་རྩོད་ཀྱི་ཆེས་དཀའ་ཚེགས་ཅན་གྱི་དུས་སྐབས་ལ་ཁོ་ཚོ་བྱམས་ཀྱིས་སྐྱོང་བར་མཛད་པའི་བླ་ན་མེད་པའི་དབུ་ཁྲིད་ཁོང་ལ་གཞི་མེད་བསྙོན་འཛུགས་ཀྱིས་སྐྱོན་བརྗོད་བྱས་པར་ཁོང་ཁྲོ་དང་བློ་ཕམ་ཚད་མེད་ཡོང་གིན་ཡོད།
ཉེ་བའི་དུས་ནས་བཟུང་འཇམ་དབྱངས་ནོར་བུའི་ཕྱོགས་ནས་ཀྱང་སྐྱོན་བརྗོད་དང་མཚན་སྨད་མང་དུ་བྱུང་བ་དེས་བོད་མི་རྣམས་ལ་སེམས་ཁྲལ་གྱི་མཐོ་རླབས་གཞན་ཞིག་འཕྱུར་དུ་བཅུག་ཡོད། ཁོང་གིས་ཉེ་དུས་བྲིས་པའི་རྩོམ་ཡིག་༼བོད་ཀྱི་ཡང་སྲིད་རྗེས་མ་ཨེ་༽ཞེས་པའི་ནང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་དྲང་བདེན་མིན་པའི་གཏམ་མང་དུ་སྨྲས་འདུག་པ་དེ་དག་གིས་ང་ཧ་ལས་ཤིང་ཧོན་འཐོར་བར་བྱས་བྱུང་། རྩོམ་ཡིག་དེའི་ནང་དུ་ཁོས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་དབུ་མའི་ལམ་གྱི་གྲུབ་འབྲས་དང་སྲིད་བྱུས་དེའི་དགོས་པ་བཅས་ཀྱི་ཐོག་གནང་བའི་བཀའ་སློབ་དེ་དག་ནི་ “སྲིད་བྱུས་དེ་ལ་འགྱུར་བ་གཏོང་མི་ཆོག་ཚུལ”་ཡིན་ལུགས་དང་༸གོང་ས་མཆོག་གིས་“ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་ཀྱི་དབང་ཆ་མཐོ་ཤོས་དེ་འཛིན་བཞིན་ཡོད་པའི་”བསམ་ཚུལ་བཏོན་འདུག
འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་མང་གཙོ་ཚད་ལྡན་ཡོད་མིན་ལ་དོགས་པ་བྱེད་བཞིན་བཤད་དོན“གལ་སྲིད་དེ་ལྟར་ཡིན་པ་དང་ཏཱ་ལའི་བླ་མ་རྒན་ཡོལ་གནང་རྗེས་ཀྱི་ལོ་གཉིས་ཀྱི་ནང་དུ་ཁོང་གི་སྲིད་བྱུས་དེ་ལམ་ལྷོང་བྱུང་ཡོད་མེད་ཀྱི་ཐོག་བགྲོ་གླེང་ལྷུག་པོ་ཞིག་བྱེད་མ་ཐུབ་ན་”བོད་མི་བཙན་བྱོལ་བ་རྣམས་ལ་མང་གཙོ་ཡོད་པའི་གཏམ་དེ་ནི་དགོད་མོ་སློང་བྱེད་ཅིག་ཏུ་གྱུར་བ་རེད་ཟེར། འདི་རྒྱ་ནག་གཞུང་གིས་རྟག་ཏུ་༸གོང་ས་མཆོག་ལ་ཁུངས་བཙུན་མིན་པ་དང་གཞུང་དྲང་མིན་པའི་སྐྱོན་བརྗོད་བྱེད་པ་དེ་ངོ་མ་ཡིན་པའི་བདེན་དཔང་ལྟ་བུར་གྱུར་འདུག གང་ལགས་ཤེ་ན་ཝོལ་སི་ཁྲི་རི་ཁྲི་དུས་དེབ་ཐོག་ཏུ་འདི་ལྟར་བཀོད་འདུག “རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་རྒན་གཡོལ་ཞུས་པ་དེ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཡིད་དབང་འཕྲོག་ཕྱིར་འཁྲབ་པའི་གཡོ་སྒྱུ་ཞིག་ལ་བརྩི་གིན་ཡོད།”
འཇམ་དབྱངས་ནོར་བུས་མི་འདོད་པའི་ངང་ད་དུང་བཤད་དོན “དེ་བས་༸གོང་ས་མཆོག་གིས་བསམ་ཚུལ་གནང་བར་ཨུ་ཚུགས་བྱས་ན་མང་གཙོའི་རང་བཞིན་ལྡན་པའི་བགྲོ་གླེང་ཞིག་ཡོང་ཐབས་བྲལ་བ་རེད།” ༸གོང་ས་མཆོག་གིས་བོད་དོན་ཐོག་དགོངས་ཚུལ་འདོན་མི་ཆོག་པའི་བསམ་ཚུལ་དེ་ནི་བོད་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་འགལ་བ་རེད། ཅིའི་ཕྱིར་ཞེ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་སྤྱིའི་ལམ་སྟོན་ཞེས་པར་༸གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པར་མ་ཟད་རང་དབང་གི་མགྲིན་ཚབ་དང་། སློབ་སྟོན་པ། བོད་ཀྱི་ཆིག་སྒྲིལ་གྱི་མཚོན་རྟགས་བཅས་ཡིན། ཁོང་གིས་དུས་ནས་དུས་སུ་བོད་ཀྱི་འཐབ་རྩོད་དང་། རིག་གཞུང་། ཆོས་ལུགས། བོད་ཀྱི་ཁེ་ཕན་བཅས་ཀྱི་ཐོག་ལ་དགོངས་ཚུལ་ངེས་པར་དུ་གསུང་དགོས་ཞེས་འཁོད་ཡོད།
ད་དུང་དྲན་གསོ་གཏང་དགོས་པ་ཞིག་ལ་བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་བོད་རྒྱལ་ཁབ་དང་མི་མང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་དགོས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་དང་འདེབས་བཞིན་ཡོད།
འཇམ་དབྱངས་ནོར་བུས་རྩོམ་མཇུག་བསྡུ་སྐབས་བཤད་དོན། “དེ་བས་༸གོང་ས་མཆོག་ལ་ཁོང་གི་མང་གཙོའི་མཚན་མཐོང་མི་ཆག་པ་བྱེད་དགོས་པ་དང་ཁོང་གི་རྟག་བརྟན་འགྱུར་མེད་ཀྱི་ལྟ་བ་དབུ་མའི་ལམ་དེ་ཉིད་དེ་ལམ་ལྷོང་མི་ཡོང་བའི་རྐྱེན་རྩར་མི་འགྱུར་བ་བྱེད་དགོས་པའི་སྐུལ་མ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དབང་ཆ་ལས་བབས་པ་དེ་༸གོང་ས་མཆོག་སྐུ་སྒེར་གྱི་ཐུགས་འདོད་ཡིན་པ་བཤད་མི་དགོས་པ་རེད། ཡིན་ཡང་སྐུ་ཚེ་གང་བོར་བདག་ཉར་གནང་བའི་གཞུང་གི་གོ་གནས་མཐོ་ཤོས་ལས་རྒན་གཡོལ་ཞུ་བའི་སྐབས་ཐོག་དང་པོར་ཁོང་ལ་མི་བདེ་བ་ཞིག་དང་། སེམས་ཁྲལ་གྱི་གཞི་ཞིག བསམ་བློ་གཉིས་པ་ཞིག་གཏང་དགོས་པ་བཅས་གྱུར་ཡོད་ཀྱང་སྲིད།”
ངའི་ལོ་ཚོད་ཀྱི་གཞོན་སྐྱེས་མང་པོ་ཞིག་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱི་ཉམས་ཞིབ་དང་སྲིད་དོན་གྱི་རྩོམ་ཡིག་ལ་བརྟེན་ནས་འཚར་བ་རེད་ལ། རྩོམ་ཡིག་དེ་དག་ནི་རྒྱ་ནག་གི་རྫུན་བཤད་ལ་ནུས་པ་ལྡན་པའི་ལན་ཞིག་ཡིན་པར་མ་ཟད། དེ་དག་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་གང་མཐོར་སྤེལ་བ་དང་རྒྱལ་ཁབ་ཀྱི་དོན་དུ་འཐབ་རྩོད་བྱེད་པའི་སྤོབས་དང་གདེང་ཚོད་སྦྱིན་པར་བྱེད་ཀྱིན་རེད། ཡིན་ཡང་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་བཞིན་པ་འདི་དག་ནི་༸གོང་ས་མཆོག་གི་རང་ཉིད་ཡལ་བར་དོར་བའི་བློས་གཏོང་དང་དབུ་ཁྲིད་ལ་དྲང་པོ་མིན་པར་མ་ཟད། བོད་མི་རྣམས་ཀྱི་ཆིག་སྒྲིལ་དང་འཐབ་རྩོད་ལ་གནོད་པའི་ལས་ཤིག་རེད། འདི་དག་ནི་༸གོང་ས་མཆོག་གིས་བོད་མི་རྣམས་དང་བོད་དོན་འཐབ་རྩོད་ལ་བཅངས་པའི་བཀའ་དྲིན་རྗེས་སུ་དྲན་སྟངས་མ་རེད།
དེ་བས་ངས་ནི་ཁོས་ད་ཐེངས་དང་དེ་སྔར་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་པ་དེ་དག་དང་ལེན་ཞུ་ཐུབ་པ་མི་འདུག དེ་ལས་ལྡོག་ཏེ་གཞི་མེད་ཀྱི་མཚན་སྨད་དང་སྐྱོན་བརྗོད་འདི་དག་གིས་ང་ངོ་ཚ་བར་བྱས་བྱུང་ལ་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ཀྱང་བློ་ཕམ་དང་ཡིད་ཆད་ཀྱི་གནས་སུ་བསྐྱལ་ཡོད་པར་གདོན་མི་ཟ། དོན་དུ་༸གོང་ས་མཆོག་ལྟ་བུའི་རང་དབང་དང་མང་གཙོ་ལ་དགའ་བའི་དབུ་ཁྲིད་ཅིག་ང་ཚོར་ཐོབ་པ་དེ་གཟི་བརྗིད་དང་སྤོབས་པ་རུ་སྒོམ་འོས། བོད་མི་ཡོངས་དང་འཛམ་གླིང་གི་མི་མང་རྣམས་དོན་དངོས་འདིའི་བདེན་དཔང་རེད། ད་ནས་བཟུང་ང་ཚོ་དྲང་བདེན་ལ་གཞོལ་ཞིང་ཉེན་ཁ་ཆེ་བའི་འཐབ་རྩོད་ཀྱི་རྒྱང་བསྐྱོད་འདིར་སླར་ཡང་རྙོག་ཟིང་མི་སློང་། ང་ཚོ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འོག་ཏུ་ཆིག་སྒྲིལ་ངང་གནས། བོད་རྒྱལ་ལོ།།
བསྟོད་ན་མཆོག་དམན་བར་མ་ཀུན་དགྱེས་ཀྱང༌། །
སྨད་ན་ཁྲོ་བའི་གཏམ་དང་རྡེག་པར་གཟས། །
གཟུ་བོར་བརྗོད་ན་རང་མཚང་མཐོང་བའི་རྒྱུ། །
དེ་ཕྱིར་དྲང་པོར་བརྗོད་པའང་དཀའ་བའི་གནས། །
སྙན་པར་སྨྲས་ན་མི་ཆོས་ཁ་གསག་ཅན། །
རྩུབ་པོར་སྨྲས་ན་དོན་མེད་དགྲ་རུ་ལྡང༌། །
ཁ་རོག་བསྡད་ན་ནག་པོ་བརྡ་མི་འཕྲོད། །
སྤྱི་འཐུས་མཆོག་གིས་དོན་དངོས་དང་མཚམས་པའི་རྩོམ་ཡིག་སྤེལ་བ་ལ་རྗེས་སུ་ཡི་རངས་ཞུ་བ་དང་། ད་དུང་འདི་འདྲའི་རྩོམ་ཡིག་སྤེལ་གནང་བའི་འབོད་སྐུལ་ཞུ།། བོད་སྒྱུར་ནང་དག་ནོར་མང་པོ་འདུག་པ་རྗེས་སུ་ཐུགས་སྣང་གནང་རོགས།
བློ་བཟང་ཡེ་ཤེས་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་གཙང་མ་ཡོད། ཐུགས་རྗེས་ཆེ།
ང་ཡང་ཧང་སངས་སོང་།
དོན་ཡོད་མཁས་གྲུབ་ལགས་ཀྱིས་ནོར་བ་འདུག་གསུངས་པ་ཡག་བྱུང་། ནོར་བ་ག་བར་འདུག་ན་དག་བཅོས་གནང་རོགས། ཁྱེད་ཀྱི་མཆན་ཐུང་དེའི་ནང་དུ་མངོན་གསལ་གྱི་ཡིག་ནོར་གཉིས་འདུག དོན་དངོས་དང་འཚམས་པ་ཡིན་ངེས། ཞུ་ཞེས་པའི་མཇུག་ཏུ་ཤད་གཅིག་མ་གཏོགས་ཐོབ་དོན་མེད།
ཚོགས་གཙོ་ཟུར་པ་སྒོ་དྲུག་ལགས་ནས་ཀྱང་འཇམ་ནོར་གྱི་རྩོམ་འདི་དག་ལ་བློ་བཟང་ཡེ་ཤེས་ལགས་ནང་བཞིན་འགྲིག་མི་འདུག་ཅེས་གསུང་གི་ཡོད་ཚུལ་ཐོས་སོང། གནད་འགག་ཅན་གྱི་སྐབས་འདིར་རྣམ་འགྱུར་གསལ་བོ་འདི་འདྲ་སྟོན་དགོས་པ་ནི་གལ་ཆེན་རེད། ངས་བསམས་ན་བློ་བཟང་ཡེ་ཤེས་ལགས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས། འཇམ་དབྱངས་ནོར་བུ་ཁོང་ཚོའི་གྲས་ནས་དོན་དམ་པའི་རང་བཙན་ཆེད་རང་ཉིད་བློས་གཏོང་སུས་བྱས་ཡོད་མེད་གསལ་བོ་རེད་ལ། གཞི་མེད་མཚན་སྨོད་འདི་དག་རང་བཙན་རྩོད་སྟངས་ཤིག་དང་འབྲེལ་བ་ཏིལ་འབྲུ་ཙམ་མེད་པའང་བསམ་ཚུལ་འདི་དག་གིས་གསལ་བཤད་བྱེད་ཐུབ་ཀྱི་རེད། རྒྱུ་མཚན་དེས་བློ་བཟང་ཡེ་ཤེས་ཀྱིས་གཞོན་སྐྱེས་མང་པོ་ཞིག་བློ་ཕམ་བྱུང་ཡོད་པ་རེད་ཅེས་གསུངས་བ་དེ་ནི་དེ་བས་ཀྱང་གལ་ཆེན་ཞིག་རེད།
ད་བར་༧རྒྱལ་བ་རིན་པོ་ཆེ་དང་བདེན་པ་ཞེས་ལྷ་གསོལ་ལྷ་གསོལ་དང་ཐལ་མོ་ཁ་སྦྱོར་བྱ་རྒྱུ་ལས་རྣམ་འགྱུར་ཚད་ལྡན་གཞན་སྤྱི་ཚོགས་སྟེང་མངོན་གྱི་ཡོད་པ་མ་རེད། དངོས་གནས་༧རྒྱལ་བ་རིན་པོ་ཆེར་དད་པ་བྱེད་སྟངས་དང་ཡིད་ཆེས་བྱེད་སྟངས། རྒྱབ་སྐྱོར་བྱེད་སྟངས་ཁོང་གི་དགོངས་གཞི་ལ་ཤེས་པ་དང། ཤེས་ནས་དེ་ལས་ལྷག་ཅིག་གཞན་མེད་པའང་ར་འཕྲོད་དེ་སྤྱི་སེམས་འཁུར་འཁྱེར་གྱིས་འཇུག་དགོས་པ་དེ་གཙོ་བོའི་ནང་གི་ཡང་སྙིང་རེད། སྙིང་དོན་དེ་མངོན་གྱུར་གཟུགས་སུ་བྱེད་པའི་རྣམ་པ་སྟོན་མཁན་གྱི་གྲས་སུ་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་དང། སྤྱི་འཐུས་དང་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་གཉིས་སྔ་གྲས་སུ་ཚུད་ཡོད་པ་རེད། ད་དུང་ང་ཚོའི་སྤྱི་འཐུས་ནང་ཁོང་རྣམ་པ་གཉིས་ལྟ་བུའི་ནམ་རྒྱུན་རྩོམ་ཡིག་འབྲི་མཁན་དང་ཞིབ་འཇུག་བྱེད་ཐུབ་མཁན་མང་པོ་ཡོད་པ་རེད། ཁོང་རྣམ་པས་ཀྱང་གནད་དོན་འདི་འདྲའི་སྐབས་རང་འགན་རང་འཁུར་ཞུ་བཞིན་པ་གསལ་བོ་ཞིག་སྟོན་དགོས་པ་རེད་འདོད། དེ་དང་ཕྱོགས་མཚུངས་སྲིད་བྱུས་ཉམས་ཞིབ་ཁང་ཡོད་པ་རེད། ཉམས་ཞིབ་ཁང་ནས་ལན་འདེབས་ཚོགས་ཆུང་གི་ལས་ཀའང་གཅིག་ལྕོགས་གནང་བཞིན་པ་རེད། སོང་ཙང། ང་ཚོའི་རྩ་དོན་གྱི་ལས་འབྲས་ཀྱི་སྤྱི་ཁྲིམས་དང་དངོས་ཡོད་གནས་ཚུལ་གཉིས་ཀ་བརྩི་བཀུར་བྱེད་ཀྱི་ཡིན་ན། བདེན་པ་མིན་པ་འདི་རིགས་ལ་དྲང་བདེན་གང་ཡིན་པ་དེས་གསལ་བཤད་གནང་རྒྱུ་དང་མི་མང་གི་ཐེ་ཚོམ་སེལ་རྒྱུ་ནི་གླ་ཆ་ཡོད་པའི་སྒྲིག་འཛུགས་ཤིག་གི་ལས་བྱེད་ཀྱི་གནང་སྟངས་ཀྱང་རེད་བསམས།།
དངོས་གནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ན་མཛུབ་མོ་གང་བསྟན་ཤར་ཡིན་དགོས་རེད་ཨེ། རང་བཙན་སྤོང་དགོས་རེད་ཨེ། དེ་འདྲ་བྱེད་ན་དངོས་ནས་དམངས་གཙོ་མ་རེད། དངོས་གནས་རྣམ་དཔྱོད་དང་ལྡན་པ་མ་རེད། དངོས་གནས་རང་དབང་མ་རེད།
བཟུང་ན་ལག་པ་འཚིག བཏང་ན་རྫ་མ་ཆག
རྒན་འཇམ་ནོར་གྱི་རིག་པས་རྩལ་སྟོན་ནས་བསྒྲུབས་པའི་མཆོད་པ་འདིས་ཤེས་ནས་དད་པ་ཐོབ་པའི་རྒྱུ་འགྱུར་བ་ཐག་ཆོད། དེ་ནི་རིག་ཅན་དབང་པོ་རྣོན་པོས་བྱེད་སྟངས་ལས་ཉེས་ཅན་ཞིག་ག་ལ་ཡིན། གང་་་་ས་ཐམས་ཅད་མཁྱེན་པས་ཀྱང་བླང་བ་བྱ་བ་གུས་ཕྱིར་མིན་ལན་མོང་གསུངས་འདུག་ལ། ལེགས་པ་རྟགས་ལ་ངའི་བཀའ་གསུངས་པ་འདིར་ཡང་ཤེས་དགོས། མ་རྟོག་ ཁ་གདངས་ཚད་ཚན་སྨད་བྱས་བྱ། ལྡང་འདྲེ་རེད་བྱ་ཟེར་ན། གླང་དར་མའི་མགོ་ལ་ར་འདུག་ཅེས་བཤད་ཚོད་དང་གཉིས་སུ་མ་འདས། ཚན་སྨོད་ལ་དགག་ལན་ཡོད་ན་རྒྱ་གུང་ཁྲན་གྱིས་སྔ་ཕྱི་བར་གསུམ་ལ་ཚན་སྨད་ཀྱི་དེབ་འབུམ་ཁྲག་འདྲེན་པེལ་བྱས་དང་བྱེད་མོས་རེད། དེ་ཚོ་ལ་དགག་ལན་ག་རེ་ཡོད་དམ། ཡོང་ན་མ་ཐོང་པ་དང་མ་ཐོས་པ་ཡིན་ནམ།
དབུ་མ་བསྒྲུབ་མཁན་རྣམས་ཀྱིས་རྟགས་ཀྱི་དགག་བྱར་རང་བཙན་མ་བཟུང། རང་བཙན་བསྒྲུབ་མཁན་རྣམས་ཀྱིས་རྟགས་ཀྱི་དགག་བྱར་དབུ་མ་མ་ཡིན། དེ་གཉིས་ཀའི་བསྒྲུབ་བྱ་བོད་ལ་བདེ་སྐྱིད་དང་རང་དབང་ཡིན་པས་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་གནང་ན་མི་མཛེས་སམ། རྟགས་དེ་གཉིས་ཀའི་དགག་བྱ་ནི་དར་དམར་འོག་གི་སྡུག་བསྔལ་དེ་ཡིན་པས་དེ་འགོག་པའི་ཐབས་ལམ་འཚོལ། མ་གཞི་ནས་་གོང་ས་མཆོག་ནས་སྙོག་ཁྲ་ཐམས་ཅད་ཕན་ཚུན་བགྲོས་མོལ་གྱི་ལམ་ནས་བསལ་དགོས་གསུངས་བས་དེ་ལུགས་མཁྱེན་པར་མཛོད། ཕྱི་རུ་ཞབས་བྲོ་རྒྱབ་པ་ལ། ནང་དུ་རྡོག་གྲྭ་འགྲིག་དགོས། ཅེས་པའི་གཏམ་དཔེར་དགོངས་པ་བཞེས་རོགས། དམངས་གཙོ་ཡར་རྒྱས་དང་སྲ་བརྟན་ཡོང་བར་བསམ་ཚུལ་འདོན་རེས་དགོས། བསམ་ཚུལ་བཤད་པ་ཐམས་ཅད་བསྟོད་གྲྭ་ཡིན་པའི་ངེས་པ་མེད། སྐྱོན་བཏོན་པ་ཐམས་ཅད་སྐུར་འདེབས་ཡིན་པས་ཁྱབ་པ་མེད། ཤུགས་བསྐྱོན་ས་ཕ་རོལ་འབེན་གྱི་གོར་ཐིག་ཡིན།
བློ་བཟང་ཡེ་ཤེས་ལགས་ཀྱི་བསམ་ཚུལ་དེར་ང་ཡང་ཧང་སངས་སོང་་་་་་་་་་།
ང་ཡང་འཇམ་ནོར་གྱི་སྒྱུ་རྩལ་ལས་ཚར་ལོངས་བྱུང་པའི་གཞོན་སྐྱེས་གཅིག་ཡིན་ཀྱང་བློ་ཡེ་ལགས་ཀྱི་གྲས་སུ་ང་ཚུད་ཀྱི་མིན་འདུག འོན་ཀྱང་ཁོང་གི་ད་ལྟའི་རྩོམ་ཡིག་དེར་ངས་ཤེས་ཚོད་བྱས་ན། ཆབ་སྲིད་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་ལྟོས་ནས་སྐྱོན་བརྗོད་ཞིག་ལས་མཚན་སྨོད་ཞིག་ཏུ་ངས་ངོས་འཛིན་ཐུབ་ཀྱི་མིན་འདུག གཅིག་བྱས་ན་སྐུ་ཉིད་གདན་ས་ཞིག་ནང་དབྱིན་སྐད་ཀྱི་རྒན་ཡིན་པས་འཁོར་ཡུག་དབང་གིས་ཤུགས་རྐྱེན་འདྲ་ཐེབས་སྲིད། གང་ཡིན་ཞེས་ན་ཆོས་ལུགས་ཀྱི་ཆ་ནས་༸གོང་ས་མཆོག་ནི་སྐྱེས་བུ་ཕལ་པ་ཞིག་མིན་པས་ང་ཚོས་སྐྱོན་བརྗོད་ཀྱི་ར་བ་ལས་འདས་པར་ཁྱེད་ཀྱིས་བརྩི་ཡི་ཡོད་ཚོད་འདུག མ་གཞི་ངས་སྐུ་ཉིད་རང་བཙན་རྩོད་མཁན་ཞིག་གི་ངོ་བོར་ངོས་འཛིན་ཞུ་བཞིན་ཡོད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་རང་གི་བླ་མ་མི་མཐུན་པའི་སྐབས་བློ་ཕུག་དུ་འགལ་བ་དེ་ཇི་ལྟར་སེལ་གྱི་ཡོད་དམ་ངས་ཤེས་མ་སོང་ལ་ད་དུང་ཡང་དོགས་པ་ཡོད།
རང་བཙན་རྩོད་མཁན་ཞིག་ཡིན་ཕྱིན་ཆད་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་༸གོང་ས་མཆོག་དང་མི་མཐུན་པ་ཆགས་ཚར་བ་རེད། དེ་འདྲ་ཡིན་དུས་ཁྱེད་ནས་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་སྐུའི་དགོངས་པ་དང་མ་འགལ་བར་ཇི་ལྟར་གསལ་སྟོན་བྱེད་རྒྱུ་ཡིན། གཅིག་བྱས་ན་བར་ལམ་དབུ་ལམ་གྱི་ཁེངས་པའི་གྲོས་ཚོགས་ཤིག་གི་ནང་འོས་འདེམས་བྱུང་བའི་ཤུགས་རྐྱེན་དང་། ཡང་ན། འོས་སྒམ་གྱི་རྔམ་སེམས་ཀྱི་ལངས་ཕྱོགས་འགྱུར་བ་ཡང་མི་སྲིད་པ་མ་རེད། སྤྱི་འཐུས་དང་བཀའ་ཁྲི་གང་དུ་བཞུགས་འདོད་ཀྱང་དབུ་ལམ་གྱི་དབུ་ཞྭ་མོ་མཆོད་ན་རེ་བ་མེད་པ་མཁྱེན་གསལ་རེད།
ངས་བརྗོད་དོན་ནི་ཇི་སྲིད་དབུ་མའི་ལམ་དང་འགལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་གཞན་ཞིག་བཟུང་མཚམས། ཡང་ན་༸རྒྱལ་བ་འདམ་དང་ཡང་ན་རང་གི་ལངས་ཕྱོགས་བཟུང་བ་གཉིས་ལས་བདམ་ག་གཞན་མིན་འདུག་ག ཡང་མིན་ན་རང་གནོ་སྐུང་ནས་རྫུན་འབག་ཞིག་གི་རྒྱབ་ཏུ་མ་འཆི་བར་བསྡོད་རྒྱུ་དེ་རེད།
ཁུགས་རྟ་ལགས། སྤྱི་འཐུས་གཞན་ཚོ་རྫུན་འབག་དེས་འོག་འདུག་མཁན་གང་ཅིག་དང་། ཁག་ཅིག་ཡིག་རྨོངས་ཀྱང་རེད། ཡིག་རྨོངས་ཟེར་དུས་བྲིས་ཀློག་ཙམ་ལ་གོ་རྒྱུ་མ་རེད། སྤྱི་ཚོགས་ཀྱི་འགྱུར་འགྲོས་དེ་རང་འབྱུང་ཀྱི་འགྱུར་འགྲོས་དང་གཅིག་པ་རེད། ག་ལེར་མིར་སུ་འགྱུར་དང་སྤྲིའུར་སུ་འགྱུར་དུས་ཀྱིས་གསལ་སྟོན་བྱེད་ཡོང་གི་རེད། ཁྱེད་ནང་རང་འབྱུང་གི་འགྱུར་འགྲོས་ལ་དེང་རབས་ཚན་རིག་པ་ལྟར་ཕུ་དཀྲུགས་མདའ་དཀྲུགས་ཀྱི་ཀུན་སློང་སྤེལ་དགོས་དོན་མིན་འདུག
རང་རེའི་སྤྱི་ཚོགས་སྤྱིའི་བརྒྱ་ཆ་བརྒྱད་ཅུ་ཙམ་དམར་རིམ་པའི་ཤེས་ཚད་ལས་ལྷག་མ་རྣམས་དུམ་ཚད་གསུམ་གྱི་ནང་གཅིག་ཙམ་ཤེས་རློམ་པ་དག་རེད་འདུག་་་གང་ཡིན་ཟེར་དེང་དུས་སྤྱིའི་ཤེས་བྱའི་སྣེ་ཙམ་མེད་བཞིན་སྣ་ཚོགས་འབྲི་ཙམ་བྱེད་པ་ལས།་་་་དོན་དངོས་གནས་ལུགས་གོ་རྟོགས་ཡོད་པའི་ལེགས་བཤད་དམ་བློ་གསར་གང་ཡང་ཡོད་མི་མངའ།་་་་་
འཇམ་ནོར་གྱིས་དོན་དངོས་ཁས་ལེན་གྱི་མི་འདུག མི་དྲང་མོ་དང་གཟུར་བོ་གནས་པ་ཞིག་མ་རེད། རྩོམ་གང་བྲིས་ནའང་རང་གི་ལངས་ཕྱོགས་འདྲ་བོ་ཡག་པོ་སྒྲུབ་ཐབས་ཁོ་ན་རེད་འདུག གཟུར་བོ་གནས་ཏེ་དོན་ངོ་མ་གང་ཡིན་ཐད་ལ་ཞིབ་འཇུག་བྱས་ཏེ། དགེ་སྐྱོན་གླེང་མཁན་ཞིག་རེད་མི་འདུག རང་ཉིད་ལ་ལངས་ཕྱོགས་ཡོད་ཆོག་དང་ཆོག ལངས་ཕྱོགས་དེ་རྒྱུ་མཚན་དང་གནས་ལུགས་ཡོད་པ། དོན་དངོས་དང་མཐུན་པ་ཞིག་ཡིན་ན་དེར་མ་དགའ་བ་ཅི་ཡོད། ད་དུང་ཕན་པ་ཡོང་གི་རེད། འཇམ་ནོར་གྱིས་དེ་འདྲ་རྩ་བ་ནས་བྱེད་ཀྱི་མི་འདུག དེ་ལས་ལྡོག་སྟེ་༧གོང་ས་མཆོག་གཙོས་ཡོད་ཚད་ཀྱིས་མ་འགྲིག་པ་རྐྱང་ཤོད་ཀྱིན་འདུག་པས་བོད་མི་ཚོར་ཕན་ཐོགས་ཅི་ཡང་མི་འདུག
དེ་རིང་ཁ་སང་གི་ཁ་སང་གི་བོད་མིའི་ཆབ་སྲིད་ཀྱི་འགྱུར་བ་དེ་ཚོ་མཐོང་ཡོང་དུས། རྒྱ་ནག་གོང་མའི་སྐོར་གྱི་གློག་བརྙན་ནང་གི་མི་སྣ་དག་གི་སྲིད་དབང་འཐབ་རྩོད་ཀྱི་ཟློས་གར་དེ་ཚོ་མཐོང་ཡོང་གི་འདུག བདེན་བདེན་ཁ་མང་པོ་ཞིག་ལ་བདེན་དཔང་མེད་ལ། མི་བདེན་ཁ་མང་པོ་ཞིག་ལ་ཡིན་ལུགས་མང་། གོ་སྐབས་དམ་འཛིན་མཁན་ལ་ལམ་ཁ་ཡངས། ད་བར་བོད་མིར་འཇིག་རྟེན་སྲིད་ལུགས་ཀྱི་འཁྲབ་རྩལ་དེ་འདྲ་ཡོད་པར་མ་མཐོང་བ་དེ་སོ་སོས་མ་མཐོང་བ་རང་ཡིན་པ་མ་གཏོགས། གོང་མའི་ཕོ་བྲང་ནང་གི་བྱེད་སྟངས་ཚང་མ་ང་ཚོར་ཡོད་པ་མ་ཟད། དེ་ལས་ལྷག་ཙམ་མེད་དམ་བསམ་པ་བྱུང་། གང་ལྟར་ཚང་མས་བོད་སྤྱི་དོན་གླེང་གི་འདུག་ལ། སྤྱི་དོན་གྱི་ཡོལ་བ་དེའི་ཕག་ན་རང་རང་གི་བསམ་བློ་རེ་ཁུར་ཡོད་པ་མཐོང་གི་འདུག གང་ལྟར་སྤྱི་དོན་གླེང་བའི་འཁྲབ་ཚན་དེའི་རྒྱབ་ན་དོན་ངོ་མར་སྤྱི་དོན་འཐུས་ཤོར་གཏོང་གི་ཡོད་པ་ཞིག་ཏུ་མཐོང་།
འཇམ་དབྱངས་ནོར་བུས་འུ་ཐུག་མདོག་བྱས་འདུག་ལ། ཐུབ་བསྟན་ལུང་རིགས་དང་། བློ་བཟང་ཡེ་ཤེས་ཧ་ལས་མདོག་བྱས་འདུག ད་དུང་ཁ་སང་ཉིན་འགའི་གོང་དུ་ཁྲི་ཟུར་ཟམ་གདོང་ཚང་གིས་ཡོངས་གླིང་སློབ་གྲྭར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་གྱི་མཚན་ཐོག་ནས་གསུང་གི་ཡོད་པའི་ཚོར་སྣང་སྟེར་བའི་གསུང་བཤད་གནང་གི་འདུག ཧུན་སུར་དུ་མི་མང་པོ་ཞིག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྩ་འཛིན་སྒྲིག་གཞི་རྩ་ནས་མ་ཀློག་པར་འུར་འུར་ཟིང་ཟིང་བྱས་སོང་། རང་བཙན་རྩོད་མཁན་ཚོ་༧གོང་ས་མཆོག་གི་ཁ་གཏད་རེད་ཟེར་གྱི་འདུག དབུ་མའི་ལམ་ལ་འགྲོ་དགོས་རེད་ཟེར་གྱི་འདུག དཱ་དབུ་མའི་ལམ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་མི་མང་ནང་དྲིས་དུས་ཕལ་ཆེ་བས་ཕྱོགས་ཙམ་ཡང་ཤེས་ཀྱི་མི་འདུག དོན་ངོ་མར་སྲིད་དོན་པ་ཚོས་མི་མང་ལ་ག་རེ་འགྲེལ་བཤད་གནང་གི་ཡོད་རེད། མི་མང་གང་ལ་ཁྲིད་ཐབས་བྱེད་ཀྱི་ཡོད་རེད།
འཇམ་ནོར་ལགས་སུ་རྩིས་མཐོང་ཕྲན་བུ་ཡོད། གང་ལགས་ན། དབུ་མའི་ལམ་གཉཡི་གཞི་ལོ་རྒྱུས་བདེན་པ་སྒྲུབ་མཁན་གྱི་ལོ་རྒྱུས་དང་རྩོམ་རིག་པ་ཞིག་ཏུ་ངོས་འཛིན་ཡོད། ཨོ་་་་ད་ཕྲན་བུ་ཉེན་ཁ་རེད། རྩོམ་མཁན་དང་ཀློག་མཁན་ཚོས་གཟབ་དགོས་འདུག དེ་མིན་ཡ་ཡུད་ཀྱི་གནད་འགག་གང་ཡང་མ་རེད་བསམ། འགན་འཁུར་དང་ལག་ལེན་དུ་མེད་པའི་ལོ་རྒྱུས་དང་རྩོམ་འབྲི་བ་ཞིག་གིས་ཀྱང་སྲིད་ལ་ཐེ་བྱུས་མ་བྱས་ན་ཡག་གི་རེད། ཅིའི་ཕྱིར་ན། ཆོས་སྲིད་ཟུང་འབྲེལ་ལ་ཕུགས་འདུན་དག་དམིགས་རེ་མེད་པར་འདོད་པ་བཞིན་ནོ།།
རྡོག་རྡོག་ཅིག་ཞུ་ན། ཆོས་དང་ཆོས་པས་མ་འགྲིག་མདོག་མདོག་བཤད་པས། སྲིད་སྐྱོང་སྒང་ལ་འགན་འཁྲི་བབ་དུས། དེ་ཡང་མི་འགྲིག་མདོག་མདོག་བྱས། ད་འོ་ན་འགན་འཁྲི་དེ་སུས་འཁྱེར་རམ། གང་འདོད་གང་དྲན་བཤད་རྒྱུ་དེ་སྨྲ་བརྗོད་རང་དབང་གི་གོ་དོན་མིན་པ་མང་གཙོར་མཁས་པ་དག་གིས་ཤེས་ཀྱི་ཡོད་གཤའ། དམར་པོ་གཅིག་སྡུད་པ་ཡིན་ན། མེ་མདའི་འོག་ནས་ཕུགས་དོན་འགྲུབ་ཐབས་བྱ་དགོས་ལ། ཡང་ན་ཐབས་མཁས་སྲིད་ཇུས་ཡུལ་དུས་སྐབས་བསྟུན་གྱིས་ལམ་ལུགས་ཞིག་དགོས། ཡང་ན་ཆོས་སྲིད་ཟུང་དུ་འབྲེལ་ནས་སམ་གང་ལྟར་འཇིག་རྟེན་སྐྱོང་ལུགས་འདི་ཡིན་ཞེས་ཟུར་དོད་བསྟན་རྒྱུ་མེད་པར། རྟོག་བསམ་ཡ་མ་ཟུག་དང་གཏམ་བཤད་ཐན་ཐུན། བསམ་འཆར་འབྲི་རྩོམ་བན་བུན་ཙམ་གྱིས་ས་ཆོད་ཤིན་ཏུ་དཀའ་བ་ཡིན།
སྐྱོན་བརྗོད་ཙམ་གྱིས་མི་ཕན་འགན་འཁུར་ཡོད་པའི་བསམ་ཤེས་འདྲ་བཏོན་ན་ཕན་འདོགས་ཆེ་གི་རེད། རང་ཉིད་ནོར་བས་ཁེངས་པ་མ་ཚོར་ཡས་ཡས་དང་མས་མས་མ་འགྲིག་པ་རྐྱང་རྐྱང་བཤད་ནས་དགོས་དོན་ཕུགས་བསམ་གང་ཡིན་ནམ།
དེ་ལས་རང་བཙན་གཙང་མ་ཡིན་ལུགས་ཡིན་སྟངས། རང་བཙན་ལེན་ལུགས་ལེན་སྟངས་འདི་རེད་ཅེས་གསལ་གསལ་ཐིང་ཐིང་གོ་རིམ་བསྟར་ཆགས་ཡོད་པ་འདྲ་འབྲི་རྩོམ་གནང་ནས་འགན་ལེན་འགན་བཤད་བྱ་རྒྱུ་ཡོད་ན། དངོས་གནས་རྩིས་མཐོང་མི་འཇོག་མཁན་སུ་ཡོད་དམ། རང་ཉིད་ལ་དབུ་ཁྲིད་འདི་ཡིན་ཞེས་བསྟན་རྒྱུ་མེད་པ་དང་། རང་ཉིད་ཀྱིས་འགོ་འཁྲིད་ལམ་སྟོན་བྱ་མ་ཐུབ་པར། ངན་ཐོག་ངན་བརྩེགས་སྡུག་ཐོག་སྡུག་བརྩེགས་ཟུར་ཟ་མཚན་སྨད་ལྟ་བུར་ཞུས་བྱབ་གང་ཡོད་དམ།
ཡང་ལྟ་བ་མ་མཐུན་པའམ་གཞན་འདོད་བཀོད་ནས་རང་ལུགས་གཏད་སོ་ཡོང་བར་ཕན་ཐོགས་པའི་བསམ་ཚུལ་འདྲ་ཡིན་ན་དགོས་ཕྲན་ཡོད་མོད། འོན་ཀྱང་ཅི་ཆ་མ་འཚལ་ལོ།།
བོད་ཡུལ་དུ་བཞུགས་པའི་བོད་པ་ཚོ་སྙིང་རྗེ། དངོས་གནས་སྙིང་རྗེ། རེ་བ་ཞིག་ཡོད་ཤག་གིས་ཚེ་སྲོག་མེ་ལ་བསྟུད་མར་བཞུ། ད་དུང་རང་དབུ་གཉིས་ཀྱི་ཐན་ཕྲུག་ཁག་ཅིག་གིས་ཤི་བོ་ཚོའི་ཁ་ཆེམས་ལ་བརྩི་འཇོག་དང་དགོས་འདུན་གྱི་དམིགས་ཡུལ་ལྟར་ལས་དོན་མི་བསྐྲུན་པར་བོད་ཀྱི་སྤྱི་ཚོགས་མཐོ་དམན་བར་གསུམ་བར་དཀྲིགས་ཤིང་དང་དཀྲོགས་གཏམ་རྐྱང་རྐྱང་སྤེལ། དབུ་མས་འཇོན་ན་བོད་དོན་རེད་ལ། རང་བཙན་པས་འཇོན་ན་ཡང་བོད་དོན་རེད། དེ་གཉིས་བར་དུ་རྩོད་དགོས་དོན་གང་ཡང་མེད། ད་ནི་ལྟས་ངན་ཁྱོད་ཚོ་བསྡད་ན་དགའ། ད་ནས་བཟུང་རང་བཙན་དང་དབུ་མའི་བར་དུ་རྙོག་གྲ་མི་བཟོ་རོགས།
བོད་ལ་ཡོད་པའི་སེམས་ཤུགས་ཅན་ཚོའི་སྐུ་གཟུགས་མེ་ལ་འབུལ་རྗེས་སུ་དབུ་མའི་ལམ་ལས་གོམས་པ་རྒྱབ་མཁན་སུ་ཡོད། དེས་ན་མུ་མཐུད་ནས་འབར་དུ་ཆུག རྫོགས་སུ་ཆུག
འཇམ་ནོར་གྱིས་རྩོམ་གྱིས་གང་འཚམས་མཐོང་རྒྱ་ཡོད་པ། བོད་ཕྱི་ནང་གི་གནས་སྟངས་ལ་རྒྱུས་མངའ་ཅན་ཚོར་བློ་བསྐྱེད་གསར་པ་དང་དོགས་སློང་གསར་པའི་རིགས་གང་ཡང་སྤྲོད་མི་ཐུབ་པའི་ཁར། ད་དུང་བོད་མིའི་མཐུན་སྒྲིལ་གོང་བུ་དང་ནང་ཁུལ་རྙོག་གླེང་མེད་སར་རྙོག་གླེང་དང་དོགས་པ་མེད་སར་དོགས་པ་བཟོ་བཞིན་པའི་ཚོར་བ་ཞིག་གཅིག་མཐུན་དུ་ཡོང་གི་ཡོད། གཞན་དབྱིན་ཡིག་ལ་བརྟེན་པའི་བཙན་བྱོལ་དུ་སྐྱེས་པའི་མི་སྐོར་ཞིག་ལ་ཁོའི་རྩོམ་ཡིག་དག་གིས་ལམ་སྣ་སྟོན་གྱིན་ཡོད་ལ། ཁོའི་སྐད་ཆ་དག་ཁྱེར་ཏེ་འཇམ་ནོར་གྱིས་སུ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ན་རྗེས་སུ་སྙེག་རྐྱང་རེད། དེ་ནི་མཐོང་རྒྱ་ཆུང་བ་བོད་མིའི་མདུན་ལམ་ལ་དོན་དམ་པར་འགན་ཁུལ་མེད་ལ། ཁ་ཙམ་གྱིས་བོད་རང་བཙན་ཟེར་ནས་ཆེན་པོ་ཆེན་པོ་སྒྲོག་པ་དག་རེད། དེ་དག་ལ་འཇམ་ནོར་རྩ་ཆེན་རེད་ལ་ཁོའི་རྩོམ་དག་མེད་ན་ཁ་འགག་འགྲོ་གི་རེད། དེ་གཉིས་ཁོའི་རྩོམ་གྱིས་ཤུགས་རྐྱེན་ཐེབས་སྟངས་རེད་འདོད།
འཇམ་ནོར་འདི་ལ་ཕྱོགས་རེས་ཀྱི་ཆ་གང་འཚམས་ཡོད་པ་མཐོང་། སྔོན་མ་ཞིག་ལ་ཟློས་གར་དུ་ལས་ཀ་བྱེད་སྐབས་ཕྱོགས་རེས་ཀྱི་སྐད་ཆ་ཞིག་གོ་རྒྱུ་འདུག་ལ། ཉེ་ཆར་གྲོགས་པའི་རྩོམ་པ་པོ་མགོན་པོ་ཚེ་རིང་ལ་མཚོན་ན་བོད་པའི་སྐད་ཡིག་ཐད་ནས་ཤེས་ཡོན་པ་ཡག་གྲས་ཤིག་རེད་ལ། ལྷག་ཏུ་ཨ་མྱེས་རྨ་ཆེན་དུ་ཕྱག་ལས་གནང་སྟེ་གྲུབ་འབྲས་ཡོད་མཁན་ཞིག་དང་རང་དོན་བློས་བཏང་གིས་འབད་བརྩོན་བྱེད་མཁན་མི་དྲང་བོ་ཁ་ཁོག་མེད་མཁན་ཞིག་རེད་ལ། འཇམ་ནོར་དང་མཉམ་ཕྱག་ལས་གནང་ཡོད་པ་རེད་ལ། ཕན་ཚུན་རྒྱུས་ཡོད་པ་རེད། ངས་ནི་མགོན་ཚེའི་ཐད་དེ་སྔོན་ཞིག་ལ་བཀའ་ཁྲི་ཟུར་བ་བསོད་སྟོབས་སྐོར་བྲིས་པ་བཞིན་རྩོམ་ཐུང་ཞིག་འབྲི་གི་རེད་བསམས་ནས། ཁོའི་དབྱིན་ཡིག་གི་ཟིན་བྲིས་ལ་དོ་སྣང་བྱས་ཀྱང་བྲིས་མ་སོང་། ང་ལ་ཕྲན་བུ་དོགས་པ་དང་བཅས་རྒྱུ་མཚན་བཙལ་འདོད་བྱུང་ལ། མཐར་འབབ་ས་དེ་ཕྱོགས་རེས་ཟེར་བ་དེ་ལས་ང་ལ་འགྲོ་ས་རྙེད་མ་སོང་།
དོན་དངོས་ནི་འཇམ་དབྱངས་ནོར་བུ་ཞེས་པའི་མི་དེ་རྒྱ་དམར་གྱི་དངུལ་ཤོག་ལ་བརྔམས་ནས་ལས་འབྲས་བཙོང་ནས་འཚོ་བ་སྐྱེལ་སྡོད་མཁན་ཞིག་ཡིན་པ་གསལ་པོ་རེད། ང་ཚོ་བོད་པའི་ཞལ་རྒྱུན་དུ། ཕ་མི་ཤེས་ཕྲུ་གུ་གླེན། མ་མི་ཤེས་དམྱལ་བའི་ཁ། ཞེས་གཏམ་དཔེ་བཟང་།
འཇམ་ནོར་ལ་སྡིག་ར་ཅི་ལྟར་བཏང་ནའང། ”རྒྱ་མིའི་སོ་པ་”ལྟ་བུའི་སྐྱོན་བརྗོད་ཞུས་ཏེ་རང་ཉིད་ཀླད་སྟོང་ཡིན་པའི་རྟགས་མ་བསྟན་ན་ཡག་གི་རེད་བསམས། དངོས་ཡོད་གནས་ཚུལ་མ་ཤེས་པར་ཚོར་བ་ཙམ་གྱི་གཞན་དབང་གིས་མི་སྟོང་ཕྲག་འབུམ་ཕྲག་གིས་སྐྱོན་བརྗོད་བྱས་ཀྱང། དེ་ནི་ཀླུ་སྒྲུབ་དགོངས་རྒྱན་ནང་གི་༼ སྨྱོ་ཆུ་འཐུང་བའི་ཡུལ་མི་དང་རྒྱལ་བོའི་གཏམ་རྒྱུད་༽ཆགས་ངེས་པ་རེད།
ཉེ་བའི་ཆ་ནས་ཞིབ་འཇུག་པ་དང་འགན་ཡོད་ནས། དེང་སང་ང་ཚོའི་སྤྱི་ཚོགས་ནང་རང་བཙན་ཤུགས་ཆེར་བཤད་ཁུལ་གྱི་ཟིང་སློང་བའི་ལས་འཆར་ཞིག་རྒྱ་ནག་ནས་ཐོན་གྱི་མེད་འགྲོ་གསུངས་པ་ལྟར། དངོས་གནས་རེ་ཤོས་ཀྱིས་དབུ་མར་ཡིད་ཆེས་ཡོད་མདོག་གིས་རྒྱུ་མཚན་མི་གླེང་བར་གང་ཟག་སྒེར་ལ་ཐད་ཀར་འདྲ་མི་འདྲ་བཤད་པའང་ཇུས་གཞི་ཞིག་མིན་འགྲོ་བསམས། དེས་ན་གནད་འགག་ཅན་གྱི་སྐབས་དོན་དམ་རྩ་དོན་གླེང་ཤེས་པ་བྱེད་རྒྱུ་དེའང་གལ་ཆེན་རེད། །
ཁ་ཤས་ཀྱིས་ཧུན་སུར་མི་མང་གི་གནང་སྟངས་དེ་འགྲིག་ཡོད་པ་མ་རེད་མདོག་མདོག་བྱེད་ཀྱི་འདུག མདོ་སྟོད་མི་མང་བོད་སྤྱིའི་རྩ་དོན་ལ་འཇུག་སྐབས་མདོ་སྟོད་ཆོལ་ཁའི༼ མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྩ་འཛིན་སྒྲིག་གཞི་༽ཟེར་བར་བསྟུན་དགོས་ག་རེ་ཡིན་ནམ། མང་གཙོའི་སྤྱི་ཚོགས་ནང་མི་མང་གི་བསམ་ཚུལ་འདོན་རྒྱུ་སྒྲིག་གཞི་གང་ལའང་བསྟུན་དགོས་ཀྱི་མེད། དཔེར་ན། ཧུན་སུར་མི་མང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་སྙན་ཞུ་དང་བསམ་ཚུལ་བཏོན་པ་ཡིན་ནའང། དེ་བཅའ་ཁྲིམས་སོགས་གཞུང་གི་སྒྲིག་གཞི་གང་ལ་བསྟུན་མི་དགོས་དུས། ཁེ་ཕན་ཕྱོགས་ཁག་གི་སྒྲིག་གཞི་ཞིག་བསྟུན་དགོས་མེད་གཱ དངོས་གནས་སྐད་ཆ་ཐབས་རྡུག་འདི་རིགས་གོ་ན་སུན་གི རྒྱ་ཆེའི་མི་མང་གི་ཆེད་དང་ཧུན་སུར་མི་མང་གི་རང་དབང་ལྡན་པའི་གནང་སྟངས་ལ་རྒྱབ་སྐྱོར་བྱས་པ་ཙམ་ཡིན།།
དེ་རིང་ངས་བྲི་རྒྱུའི་གོ་སྐབས་ཐོབ་མ་སོང་།
ཁོང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་འདུག་པས་དམངས་གཙོ་མི་འདུག་ཟེར་ན་ལྐུག་པ་རེད། མི་སུ་འདྲ་ཞིག་ཡིན་ཀྱང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་སྒྲུབ་རྒྱུ་དེ་རང་རང་གི་ཐོབ་ཐང་རེད། མ་སྒྲུབ་ན་ཡང་རང་རང་གི་རང་དབང་རེད། དེ་དམངས་གཙོ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ན་དམངས་གཙོ་མེད་པ་ཆགས་པ་དང་། འཇམ་དབྱངས་ནོར་བུའི་ལམ་སྟོན་བཞིན་བྱས་ན་དམངས་གཙོ་ཡོད་པ་ག་འདྲ་ཟེ་ཆགས་ཀྱི་རེད། དམངས་གཙོ་ལ་ཉེ་རིང་ཡོད་རེད་དམ། ༧སྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་གསུང་བཤད་གནང་ཆོག་པ་རེད་ལ། འཇམ་དབྱངས་ནོར་བུས་ཀྱང་རང་བཙན་གྱི་གཏམ་བཤད་གནང་ཆོག་པ་རེད། དེ་གཉིས་ཀ་སོ་སོའི་ཐོབ་ཐང་རེད། དམངས་གཙོའི་སྨྲ་བརྗོད་རང་དབང་ཟེར་བ་དེ་རེད། ༧སྐྱསབ་མགོན་རིན་པོ་ཆེ་ལ་བསམ་ཚུལ་འདོན་པའི་ཐོབ་ཐང་མེད་པ་གང་ཡིན་ནམ། ཡང་ན་༧སྐྱབས་མགོན་རིན་པོ་ཆེ་བོད་མི་ས་ཡ་དྲུག་ནང་མི་ཐེ་བ་ཡིན་ནམ། རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་པའི་ནང་སྲིད་ཐེ་བྱུས་བྱས་པ་ཆགས་པ་རེད་དམ། ག་ནས་བལྟས་ཀྱང་འཇམ་དབྱངས་ནོར་བུས་དམངས་གཙོ་ངོས་ཟིན་མི་འདུག།
༧སྐྱབས་མགོན་རིན་པོ་ཆེས་རང་བཙན་ལ་བཀག་འགོག་གཏན་ནས་གནང་མེད། དེ་སོ་སོའི་ཐོབ་ཐང་རེད་གསུངས། ཁོང་གི་སྒོ་འགྲམ་གྱི་ཚོས་རྭ་ནང་རང་བཙན་གྱི་ཚོགས་འདུ་ཚོགས་པ་དང་། རང་བཙན་གྱི་གཏམ་བཤད་སྤེལ་བ་སོགས་ལ་བཀག་འགོག་གང་ཡང་མེད། འོན་ཀྱང་འཇམ་ནོར་གྱིས་དབུ་མ་བཀག་འགོག་བྱེད་པ་དང་། ཐ་ན་༧སྐྱབས་མགོན་རིན་པོ་ཆེས་དབུ་མ་གསུང་པའི་ཐོབ་ཐང་ཙམ་ཡང་རེད་ཟེར། དོན་དམ་གྱི་དམངས་གཙོ་སུས་གནང་གི་འདུག འཇམ་ནོར་གྱི་དམངས་གཙོ་དེ་རྒྱ་ནག་གི་དམངས་གཙོ་བཅོས་བསྒྱུར་གྱི་དམངས་གཙོ་དེ་རེད། འབྱོར་མེད་གྲལ་རིམ་ལ་དམངས་གཙོ་ཡོད་པ་ལས་མངའ་བདག་ཆེ་གསུམ་ལ་དམངས་གཙོ་ལྟར་བཞག སྐད་ཅ་ཙམ་ཡང་བཤད་པའི་ཐོབ་ཐང་མེད། དེ་རྒྱ་ནག་གི་དམངས་གཙོ་དེ་རེད། འཇམ་ནོར་གྱི་དམངས་གཙོ་དེ་རེད། འཇམ་དབྱངས་ནོར་བུ་ལ་དབང་ཆ་ཞིག་ཡོད་ན་༧སྐབས་མགོན་རིན་པོ་ཆེ་དང་བཅས་པ་དབུ་མ་རྩོད་མཁན་ཚང་མ་འཛིན་བཟུང་བཙོན་འཇུག་བྱེད་པར་ཐེ་ཚོམ་མི་འདུག
ནོར་བཅོས། ༧སྐྱབས་མགོན་རིན་པོ་ཆེས་རང་བཙན་ལ་བཀག་འགོག་གཏན་ནས་གནང་མེད། དེ་སོ་སོའི་ཐོབ་ཐང་རེད་གསུངས། ཁོང་གི་སྒོ་འགྲམ་གྱི་ཚོས་རྭ་ནང་རང་བཙན་གྱི་ཚོགས་འདུ་ཚོགས་པ་དང་། རང་བཙན་གྱི་གཏམ་བཤད་སྤེལ་བ་སོགས་ལ་བཀག་འགོག་གང་ཡང་མེད། འོན་ཀྱང་འཇམ་ནོར་གྱིས་དབུ་མ་བཀག་འགོག་བྱེད་པ་དང་། ཐ་ན་༧སྐྱབས་མགོན་རིན་པོ་ཆེས་དབུ་མ་གསུང་པའི་ཐོབ་ཐང་ཙམ་ཡང་མེད་ཟེར། དོན་དམ་གྱི་དམངས་གཙོ་སུས་གནང་གི་འདུག འཇམ་ནོར་གྱི་དམངས་གཙོ་དེ་རྒྱ་ནག་གི་དམངས་གཙོ་བཅོས་བསྒྱུར་གྱི་དམངས་གཙོ་དེ་རེད། འབྱོར་མེད་གྲལ་རིམ་ལ་དམངས་གཙོ་ཡོད་པ་ལས་མངའ་བདག་ཆེ་གསུམ་ལ་དམངས་གཙོ་ལྟར་བཞག སྐད་ཅ་ཙམ་ཡང་བཤད་པའི་ཐོབ་ཐང་མེད། དེ་རྒྱ་ནག་གི་དམངས་གཙོ་དེ་རེད། འཇམ་ནོར་གྱི་དམངས་གཙོ་དེ་རེད། འཇམ་དབྱངས་ནོར་བུ་ལ་དབང་ཆ་ཞིག་ཡོད་ན་༧སྐྱབས་མགོན་རིན་པོ་ཆེ་དང་བཅས་པ་དབུ་མ་རྩོད་མཁན་ཚང་མ་འཛིན་བཟུང་བཙོན་འཇུག་བྱེད་པར་ཐེ་ཚོམ་མི་འདུག
རང་དབང་གིས་བཤད་པ་དེ་དག་སྣང་བ་འགྲོ་པོ་བྱུང་། རེད། རང་བཙན་རྩོད་ན་༧གོང་ས་མཆོག་གི་བཀའ་དང་འགལ་ལོ་ཞེས་དབུ་མ་པའི་རྡིག་ར་དང་། ༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་བའི་དབུ་མའང་རང་སྐྱོང་རྩོད་པ་ནི་རྒྱ་དགའ་འོ་བཤད་པའི་རང་བཙན་པའི་སྐད་ཆ་དག་ནི་དོན་ལ་གནས་མིན་དངོས་གནས་དཀའ་ངལ་རེད།
ཧུན་སུར་མདོ་སྟོད་མི་མང་གི་མཚན་ཐོག་ནས། ༼མདོ་སྟོད་ཆུ་བཞི་སྒང་དྲུག་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་༽ ཟེར་ནས་ཁོང་རྣམ་པས་ཡིག་ཐོག་ཏུ་གསུངས་ཡོད་པ་རེད། དེ་ཡིན་དུས་འགྱུར་བ་གཏོང་དགོས་ཟེར་ཡུལ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ལངས་ཕྱོགས་འགྱུར་བ་གཏོང་དགོས་ཟེར་གྱི་ཡོད་པ་གསལ་པོ་རེད། དཱ་འགྱུར་བ་གཏོང་དགོས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྩ་འཛིན་སྒྲིག་གཞི་ཡི་ཐོག་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད་མ་གཏོགས། མི་རེ་གཉིས་ཀྱིས་འགྱུར་བ་ཡིན་ལབ་ནས་ཡོང་ཐབས་ཡོད་མ་རེད། དེ་ཧ་ཅང་གསལ་པོ་རེད། ཡིན་ནའང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞི་གཞིར་བཟུང་ཡོང་དུས་འགྱུར་བ་གཏོང་དགོས་པའི་རྩོད་གླེང་འདི་དག་གཞི་རྩ་མེད་པ་གསལ་པོ་ཡོད་རེད།
ཧུན་སུར་ནས་མདོ་སྟོད་མི་མང་གི་མིང་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མཚན་ཐོག་ཏུ་གང་གནང་བ་དེ་ཧ་མ་གོ་བའི་ཐོག་ནས་གནང་ཡོད་པ་རེད་ཅེས་ཞུ་གི་ཡོད། རང་སྒེར་གྱི་ལངས་ཕྱོགས་ག་རེ་བཟུང་ན་ཆོག་གི་རེད། གཙོ་བོ་སྒྲིག་འཛུགས་ཤིག་ལ་ཁ་འཁོར་ནས་སྐད་ཆ་ཤོད་ཀྱི་ཡོད་ན་སྒྲིག་འཛུགས་དེའི་རྩ་འཛིན་སྒྲིག་གཞི་ཤེས་དགོས་པ་མ་མཐའི་འགྲོ་ལུགས་ཤིག་རེད་དྲན་གྱི་ཡོད། དེ་ཙམ་ཞུ་གི་ཡོད།
ཤར་ཕྱོགས་ཁུག་རྟ། ཧུན་སུར་མདོ་སྟོད་མི་མང་གིས་ཡིག་ཐོག་ག་རེ་གསུངས་འདུག་མིག་གིས་ལྟོས། དེ་ནས་བསམ་བློ་བཏང་ནས་སྐད་ཆ་ཤོད། སྨྱོན་པའི་ལབ་བརྡོལ་གྱི་ཟོལ་འདྲ་བོ་དེ་འདྲ་མ་གནང་རོགས།
ཤར་ཕྱོགས་ཁུག་རྟས་སྨྱོན་པའི་ལབ་བརྡོལ་ད་བར་བྱས་མྱོང་ཡོད་པ་མ་རེད་ལ། བཤད་ནའང་ལྐོག་ལྐོག་སིལ་སིལ་གྱིས་རྩ་ནས་གནང་གི་མ་རེད། ཨ་ལ་ཀུ་རེ་ཡིན།
དེའི་འགྲོ་རིམ་ལ་ཨུ་ཚུགས་བསྐྱོན་གྱི་ཡོད་པ་ཁ་སྔོན་ནས་ཤེས་སོང། མདོ་སྟོད་རྒྱ་ཆེའི་མི་མང་གང་འཚམས་ཀྱིས་མ་གྲུབ་པའི་ལྡི་ལི་མདོ་སྟོད་ཆོལ་ཁའམ༼ ་ལྡི་ལི་མདོ་ཁམས་ཆུ་བཞི་སྒང་དྲུག༽་ཟེར་བ་དེ་ཡོང་ཤེས་མེད་སྟབས། སོ་སོའི་ཆོལ་ཁའི་སྒྲིག་འཛུགས་ཀྱིས་ལངས་ཕྱོགས་གང་རུང་དུ་མཁྲེགས་པོར་གནས་མིན་ལ་མ་བལྟས་པར། ཧུན་སུར་གྱི་མི་མང་རྣམས་པ་ལྟར་རང་འགུལ་གྱིས། རང་རང་གི་ངོས་ནས་ལངས་ཕྱོགས་འགྱུར་བ་བཏང་བ་ཡིན་ན། འགྱུར་བ་བཏང་བའི་རྣམ་འགྱུར་འདི་ལྟར་གསལ་སྟོན་བྱས་པ་ཡིན་ན་རྙོག་དྲ་ཉུང་ཤོས། ལས་སླ་ཤོས། རང་གི་དོན་དག་རང་གིས་ཐག་བཅད་པ་རང་ཆགས་ཀྱི་རེད། ཡིན་ནའང། ཆོལ་ཁའི་སྒྲིག་འཛུགས་ལ་རེ་སྐུལ་བྱས་པ་ཡིན་ན་མ་འགྲིག་པ་ཡོད་པ་མ་རེད། གང་ལྟར་ངས་གཙོ་བོ་མི་མང་རེད་ཟེར་གྱི་ཡོད་ལ། ཧུན་སུར་མི་མང་བཞིན་སེར་སྐྱ་གཉིས་ཀས་ཁ་གསལ་བོ་གནང་བ་ཡིན་ན། སྙན་ཞུ་ཕུལ་ནས་ས་ཡིག་བཀོད་དེ་དམ་བཅའ་བཞག་པ་ཡིན་ན། སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཞིན་གྱིས་འགྱུར་བ་བཏང་བ་མ་རེད་དམ།
མང་པོ་ཞེ་དྲག་ནི་ཡོད་པ་མ་རེད། རྒན་རབས་མང་ཆེ་བ་ནི་དབུ་མའི་ལམ་རེད། རྡ་ས་མདོ་སྟོད་ཆོལ་ཁ་ཞིག་ཀྱང་ཡོད་པ་རེད། དེ་ལའང་མི་མང་གང་འཚམས་ཡོད་པ་རེད། སོང་ཙང། ངས་འདིའི་གནད་ཐུག་ས་མི་མང་གི་རྣམ་འགྱུར་ལ་རག་ལས་འདུག་བསམས། མ་རེད་དམ།། ཧཧཧཧཧཧ
༨༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༨ གི་ཆུ་ཚོད་ ༡༣ སྐར་མ་ ༠༧
དངོས་གནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ན་མཛུབ་མོ་གང་བསྟན་ཤར་ཡིན་དགོས་རེད་ཨེ། རང་བཙན་སྤོང་དགོས་རེད་ཨེ། དེ་འདྲ་བྱེད་ན་དངོས་ནས་དམངས་གཙོ་མ་རེད། དངོས་གནས་རྣམ་དཔྱོད་དང་ལྡན་པ་མ་རེད། དངོས་གནས་རང་དབང་མ་རེད་ཟེར་་་་་་་་་་་་་་དྲ་གྲོས་ཚོགས་མེ་དཀར་གྱི་བཤད་སྟངས་ལ་གཟིགས་དང་། རྒྱ་བ་རིན་པོ་ཆེས་དུ་ནམ་ཡང་དུས་ནམ་ཡང་རང་བཙན་སྤོང་དགོས་གསུང་པར་ངས་མ་ཐོས། ཁྱེད་ཚོས་གཟིགས་སམ། ཐོས་སམ།
བློ་བཟང་ཆོས་འབྱོར་ནས།
“མདོ་སྟོད་རྒྱ་ཆེའི་མི་མང་གང་འཚམས་ཀྱིས་མ་གྲུབ་པའི་ལྡི་ལི་མདོ་སྟོད་ཆོལ་ཁའམ༼ ་ལྡི་ལི་མདོ་ཁམས་ཆུ་བཞི་སྒང་དྲུག༽་ཟེར་བ་དེ་ཡོང་ཤེས་མེད་སྟབས།”
“རྒན་རབས་མང་ཆེ་བ་ནི་དབུ་མའི་ལམ་རེད། རྡ་ས་མདོ་སྟོད་ཆོལ་ཁ་ཞིག་ཀྱང་ཡོད་པ་རེད། དེ་ལའང་མི་མང་གང་འཚམས་ཡོད་པ་རེད།”
མི་རིགས་ནང་ཁུལ་འགལ་ཟླ་བཟོ་ཟེར་ན་འདི་འདྲ་ལ་ཟེར་བར་སྙམ། སྙིང་རྗེ་མི་འདི་ཕྱི་ནང་མི་ཤེས་མཁན་ཞིག་རེད།
༼ མ་༽ཡིག་ཅིག་ཐེ་བ་བྲིས་འདུག
གཏམ་དྲང་པོ་བཤད་ན་དགྲ་ཡང་མགུ། ཞེས་པ་ལྟར་ད་རིང་
མཆན་༡༡པ་བན་དེ་ནས་རྣ་བར་སྙན་ཞིང་གནད་དང་ལྡན་པ་
ཞིག་མཆན་བུར་བཀོད་ཞག།
བཙན་བྱོལ་གཞུང་གི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་ཁོང་གི་སྐུ་ལྕམ་སྐལ་བཟང་གཡང་སྒྲོན་གཉིས་ལ་རིགས་ཀྱི་སྲས་མོ་ཆུང་ཆུང་སྙིང་རྗེ་བོ་ཞིག་ཡོད། འོན་ཀྱང་། ཁོ་མོས་བོད་ཡིག་གི་འབྲི་ཀློག་ཤེས་པ་ཕར་ཟད། ཐ་ན་བོད་སྐད་ཀྱང་གཏན་ནས་མི་ཤེས་པ་ཉེ་ཆར་ཁོ་ཚོ་དང་ཐུག་འཕྲད་སྐབས་ཤེས་བྱུང་།
འབྲེལ་ཡོད་བོད་མི་ཁ་ཤས་ལ་དྲིས་སྐབས་ཁོང་ཕ་མ་གཉིས་ཀྱིས་ནམ་རྒྱུན་ཁྱིམ་དུ་དབྱིན་སྐད་ལས་བོད་སྐད་སྐྱོན་གྱིན་མེད་ལ། ཐ་ན་སྲིད་སྐྱོང་གིས་རང་གི་བུ་ནོ་དེ་ས་གནས་བོད་ཕྲུག་ཚོར་གཟའ་ཉི་མར་བོད་ཡིག་སློབ་ཁྲིད་བྱེད་བཞིན་དེར་ཡང་གཏན་ནས་བཏང་མྱོང་མེད་ཟེར།
མི་ཁ་ཤས་ཀྱིས་སྲིད་སྐྱོང་ལགས་སུ་ཁོང་གི་སྲས་མོ་རྡ་སར་ཁྲིད་ནས་དཔེ་སྟོན་སློབ་གྲྭ་སོགས་སུ་བཅུག་ནས་བོད་ཡིག་དང་བོད་སྐད་བསླབས་ན་ལེགས་ཚུལ་བཤད་སྐབས། ཁོང་གིས་རང་ཉིད་ཀྱིས་སྲས་མོས་ཕྱི་རྒྱལ་གྱི་སློབ་གྲོགས་ཚོའི་རྗེས་ཆོད་རྒྱུ་མ་རེད་ཟེར་ནས་བཏང་མི་འདུག
གང་ལྟར། རྡ་ས་གཙོས་བཙན་བྱོལ་སྤྱི་ཚོགས་ཁྲོད་དེ་འདྲ་ཧ་ཅང་མང་བ་རེད། གནད་དོན་འདི་ཉེ་ཆར་སྲིད་སྐྱོང་གིས་ཡུ་རོབ་ཁུལ་དུ་བོད་ཡིག་དགེ་རྒན་རྣམ་པར་བཀའ་སློབ་བརྩལ་བ་ཞིག་མཐོང་རྗེས་གནས་ཚུལ་འདི་འབྲི་དགོས་བྱུང་།
ངོ་མ་བཤད་ན་འཇམ་དབྱངས་ནོར་བུར་དགག་པ་རྒྱག་མཁན་ཚོས་འཇམ་དབྱངས་ནོར་བུའི་རྐང་བའི་སེན་མོར་དོ་ཟླ་མི་ཡོང་བ་རྐྱང་རེད་ཤག།
འོ་ཡ་་་་་ད་ཡང་མདོ་སྟོད་མི་དམངས་ཉམས་རིན་ཤག་་་་་་་
བཙན་བྱོལ་སྤྱིགས་ཚོགས་ནང་ལོགས་ལ་མི་དམངས་འཆམ་མཐུན་གནས་པའི་སྐབས་ག་དུས་ར་ཅིག་ཡོད་དམ།
མདོ་སྟོད་ཆོལ་ཁ་ནི་ཧ་ཅང་གི་གཞི་རྒྱ་ཆེ་བ་ཞིག་ཡིན་པ་རེད་་་་
དེའི་ནང་རྙོབ་གྲ་གསར་པ་ཞིག་སློངས་ན་ཡང་ལོ་ཤས་རིང་མི་དམངས་ཚོ་དེར་མགོ་འཁོར་ཡག་ཡིན་ཡིན་པ་རེད་་་་
ཅིག་བྱས་ན་མདོ་སྟོད་ཆུ་སྒང་དེ་ཡང་ཤུགས་ལྡན་པ་ཚོ་དང་གཅིག་མཚུངས་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་ཡུལ་ཞིག་ཏུ་ཆགས་ངེས་་་་་ཨ་ཁ་ཁ་་་་་བོད་ཟེར་ཡར་དེ་་་་་་་ཕྱི་ལ་དོན་མ་འགྲུབ་དུས་ནང་ལ་དཀྲུགས་བཤིས་རྐྱང་རྐྱང་རེད།
དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆོས་དང་འཇིག་རྟེན་གཉིས་ནང་ནས་ག་རེ་ཡོ་རེད་་་་་
གང་ཡང་ཡོ་མ་རེད་་་་་་སོང་ཙང་གཞོན་སྐྱེས་ཚོ་་་་་་་་་ངེས་པར་དུ་སོ་སོའི་བློ་རིག་ལ་བརྟེན་ནས་ཤེས་ཡོན་ལ་འབད་པ་དགོས་
དེ་ནས་སོ་སོའི་རྐང་པའི་སྒང་ལ་སོ་སོ་ལངས་ཐུབ་་་་་་་་གཞན་མ་གཏོགས་ང་ཚོར་བློ་གཏད་བཅོལ་ས་གཞུང་དང་སྒྲིག་འཛུག་བརྟན་པོ་རྩ་བ་ནས་མེད། སོ་སོས་འཇོན་ན་འཇོན་པ་རང་རེད་་་་་་ད་ངས་མང་པོ་ཞུ་མི་འདོད། བོད་སྤྱི་ཚོགས་ནང་ལོགས་ལ་སྐྱུགས་བྲོ་བའི་གནས་ཚུལ་མ་གཏོགས་མཐོང་ཐོས་ཀྱི་ཡུལ་དུ་མི་མངོན་ནོ།།
ཁ་ནག་འཇམ་གཅེས་འདིས་དཀྲུག་ཤིང་རྒྱབ་ནས་ཆུ་ཚོད ༢༤ རིང་ཁ་བརྡ་ནས་རྒྱང་ཕུད་བཏང་བྱུང་། ད་ལྟ་འཛུལ་རྒྱུ་རག་ཙམ་ཡིན།
སྲིད་སྐྱོང་མཆོག་གི་སྐྱེ་དམན་ལ་Green card ཡོད་རེད། ཁོ་རང་རྡ་སའི་ལས་ཀ་རྫོགས་ན། ཨ་རིར་ཡང་སྐྱར་ཕེབས་ནས་དེའི་ཡུལ་མི་རང་བཞིན་གྱི་ཆགས་འགྲོ་གི་རེད། དེ་སྔོན་དེབ་སེར་པོ་མི་མང་ལ་བསྟན་རྒྱུ་དེ་མགོ་བསྐོར་རང་རེད། སྲིད་སྐྱོང་མཆོག་བོད་མི་རིགས་དང་སྐད་ཡིག་ལ་ཤ་ཞེན་ཡོད་མཁན་གཅིག་མིན་འགྲོ ཁོ་རང་གི་བུ་མོ་དེ་ཡང་བོད་སྐད་མ་ཤེས་པ་ཐབས་སྐྱོ་བོ་རེད། ད་དུང་དེ་དང་དེ་འདྲ་བ་རྡ་སའི་ལས་བྱེད་ནང་མང་པོ་ཡོད་རེད། གཞིས་ཆགས་ཁག་ཏུ་སྐུ་ངོ་ཚོས་མི་མང་ཉམས་ཆུང་ལ་བོད་སྐད་དང་བོད་ཡིག་གལ་་ཆེ་ཚུལ་མང་པོ་གསུངས་ཀྱི་རེད། ཁོ་རང་ཚོས་བུ་ཕྲུག་ཕྱི་རྒྱལ་ལ་སློབ་གྲྭར་བཏང་གི་ཡོད་རེད། བགད་མོ་ཤོར་ཡ་མ་རེད་པས།
དེ་འདྲ་སྡུག་ཅག་ཡིན་ན་རང་གིས་བསྐྱར་ཟློས་མ་བྱེད་དགོས། གཞན་ཁོ་ན་ལ་མཛུབ་མོ་བཙུག་སྡད་ན་མཛུབ་མོ་ཟད་ཡོངས། ཡང་ན་མཛུབ་མོ་ལ་ལྕགས་ཤན་རྒྱོབས།
ཁ་ནག་འཇམ་གཅེས་ནས་དཀྲུག་ཤིང་རྒྱབ་སྟེ་ཁ་བརྡ་ནས་རྒྱང་ཕུད་གཏང་ཟེར།
འདི་ཀུ་རེ་ཡིན་ན་དོན་དམ་ཡིན་ན།??
དངོས་གནས་ཡིན།
བློ་སེང་ལགས་ཀྱིས་སྲིད་སྐྱོང་གི་ཕྱག་ལས་ཡག་པོ་གནང་དང་མི་གནང་སྐོར་བཤད་དགོས་པ་ལས། ཁོང་གི་བུ་མོས་བོད་སྐད་དང་བོད་ཡིག་ཡག་པོ་ཤེས་མ་ཤེས་སྐཽར་འདིར་འཁྱེར་མ་ཡོང་རོགས་གནོངས།
ཀརྡོ་གཉེར་ཕྱག་པས་གསུང་པ་བདེན། འདི་ནི་རྟ་བཤད་ས་ལ་བོང་བུ་བཤད་པ་རང་རེད། སོ་སོའི་མིང་འགོ་ལ་ནུབ་ཕྱོགས་ཤེས་བཏག་ནས་སྲིད་སྐྱོང་གི་བུ་མོའི་བོད་སྐད་ཤེས་ཀྱི་མི་འདུག་ཅེས་འཕྱ་སྨོད་བྱེད་པ་ནི། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །འཇུག་མ་མེད་ཅེས་བཞད་གད་བྱེད།། ཅེས་གསུང་པ་དང་གཉིས་སུ་མི་འདུག