མཁོ་སྤྲོད་པ། འཇམ་དཔལ་ཚུལ་ཁྲིམས།
གསུམ་བཅུའི་དུས་དྲན་ང་བཞི་བའི་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡་༥༠ ཙམ་ལ་རྫ་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་དང་། བསོད་ནམས་རྣམ་རྒྱལ། ཐུབ་བསྟན་དགེ་ལེགས་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྐབས་འབུམ་རྙིང་སྡེ་བའི་མི་སྐྱ་བློ་བཟང་སྐལ་བཟང་དང་། འབུམ་གསར་སྡེ་བའི་ངག་དབང་རྒྱ་མཚོ་གཉིས་ནས་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ན་མི་འགྲིག་པའི་སྐད་འབོད་ངང་ཉེན་རྟོག་པ་བཀག་འགོག་བྱས་སྟབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ལྔ་བོ་མཉམ་དུ་འཛིན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་སྔོན་སོང་ཟིན་པ་ལྟར།
ངག་དབང་རྒྱ་མཚོ་ལགས་ཀྱི་སྐུ་པར་ཞིག་ད་ལྟ་ལག་སོན་བྱུང་སོང་བ་འདིར་ཕུལ་ཡོད། ངག་དབང་རྒྱ་མཚོ་ནི་རྫ་ཆུ་ཁ་བའི་འབུམ་གསར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་བསོད་སྐྱབས་དང་། མ་མིང་ལ་ཚེ་དབང་ལྷ་མོ་ཟེར། ཁོང་ད་སྐབས་རང་ལོ་༤༡ ཙམ་ཡིན་ཞིང་། དེ་སྔོན་ཁོང་འབུམ་གསར་དགོན་པའི་གྲྭ་བ་གནང་མྱོང་ཡོད། ད་སྐབས་ས་ཁུལ་དེར་བརྡ་འཕྲིན་དྲ་ལམ་ཡོངས་སུ་བཀག་ཟིན་སྟབས་ཞིབ་ཕྲའི་གནས་ཚུལ་ད་ལྟ་ལོན་ཐབས་མི་འདུག
ངག་དབང་རྒྱ་མཚོ་བོད་ཀྱི་དཔའ་བོ། གྲྭ་པ་རྒྱ་རོས་འཛིན་བཟུང་བྱེད་པའི་སྐབས་བལྟ་མོ་བལྟས་མ་སྡད་པར་རྒྱ་འདྲེ་བཀག་པ་བོད་ཀྱི་ཕོ་རྒོད་ཁྱེད་ནི་ང་ཚོ་ནམ་ཡང་རྗེད་དུ་མེད་པའི་གང་ཅན་པའིཚ་བོ་རེད་ལ་ རྒྱ་རོ་ཁྱོད་ཚོ་གནས་ཆུང་ཆོས་ཀྱི་རྒྱལ་པོའི་གཙོའི་བོད་ཀྱི་བཀའ་སྡོད་དམ་ཅན་རྣམས་ཀྱིས་སྙིང་ཁྲག་ཚ་པོ་ཚ་པོ་ད་འཐུང་ཞིག་གུ།