ཁྲོ་གཏུམ།
ངག་རྩྭ་མོ་ཞིག་གི་ཁུག་པ་ན
དལ་ལྷོད་ཀྱིས་སྒྲོག་གུ་རྒྱུན་པའི་འགུལ་བསྐྱོད་ཁྲོད
གྲང་ལྷག་གཏོར་བའི་ཚིག་གི་དྲོད་རླངས་འཐིབས་ཤིང
གྲོག་རོང་གི་གཏིང་དང་ས་དོང་གི་ཞབས་སུ
ལོ་དུ་མིན་ལ་རུལ་བའི་མི་བོ་ཆེ་ཡིན་ཁུལ་དག
རླུང་གཡུགས་ཕྱོགས་ཀྱིས
ཆར་འབབ་སྟངས་ཀྱིས
ས་ས་མལ་དང་རྡོ་རྡོ་མལ་ཏུ་བཏང
དུས་རབས་ཀྱི་མགོ་ན་མེ་འབར་དུས
མི་རབས་ཀྱི་སེམས་སུ་རི་འཁོར་དུས
ད་གཟོད་དབྱངས་ཀྱི་ཁུག་པ་བཅོ་བརྒྱད་ལ་རིན་དོད་ཆེ
༢༠༡༥། ༠༢། ༡༥ ཉིན་བྲིས།
འོ་རེད་ཐུགས་རྗེ་་་་ཞེ་གི་སྙན་ངག་སྨྲེ་བོ་བཞུར་འདུག
རྩྭ་མོ་ཞེས་པ་ཅི་ཞིག་གི་དོན་རེད།
དེ་ནི་ལས་སླ་བོའི་དོན་རེད་ལགས་་་ཨ་མདོའི་ཁ་སྐད་ལ་་