གངས་དཀར་སེམས་ཀྱིས་སྒྱུར་སྒྲིག་བྱས།
འདི་ལྟར་སྐར་མ་གཉིས་ལང་ན་ཆུ་ཚོད་གཅིག་གོམ་བགྲོད་བྱས་དང་མཚུངས། ཉཱི་ཧོང་གི་སྲིད་འཛིན་ཟུར་པའི་སྨན་པའི་བསམ་འཆར།
སྔོན་གླེང་ཚིག་གསུམ།
དེང་ལས་མེད་ནང་དུ་སྡོད་སྐབས་དུས་གསུམ་གྱི་ཟས་གཡོ་བསྐོལ་དང་དྲ་ཐོག་མྱུར་རྒྱུ། ཡི་གེ་འབྲི་རྒྱུ། དྲ་ལམ་ནས་གསུང་ཆོས་ཞུ་རྒྱུ་བཅས་ལ་མགོ་འཁོར་ནས་ཡོད་སྟབས་དམིགས་བསལ་གྱི་ལུས་སྦྱོང་དུས་ཚོད་བཟོས་མེད་པར་བརྟེན་ཉིན་རེ་བཞིན་གཟུགས་པོ་ཇེ་རྒྱགས་སུ་འགྲོ་བཞིན་པར་ཚོར། དྲ་ཐོག་ཏུ་སྟབས་བདེའི་ལུས་སྦྱོང་འདྲ་ཨེ་རག་བལྟས་པས་འདི་མཐོང་སྟབས་བོད་འགྱུར་ཞུས་ཏེ་ང་འདྲ་བའི་རྐང་པ་བདེ་མིན་གྱི་སྐྱོན་ཡོད་མཁན་དང་རྒྱགས་ལུག་ཚོ་ལའང་ཅུང་ཕན་རེ་ཞུས།
རྩོམ་དངོས།
རྐང་པ་ཡ་གཅིག་ཡར་སྐུམ་ནས་ཐད་ཀར་ལང་ན་ལུས་ཀྱི་ཤ་སྣག་ལ་སྦྱོང་བརྡར་ཐེབས་ཅིང་། རུས་པའི་ནུས་པ་ཉམས་གསོར་ཕན། ཉཱི་ཧོང་གི་སྲིད་འཛིན་ཟུར་པའི་སྨན་པའམ་ཨཱི་ཞི་ཧ་ར་དམར་འཁྲིད་ Ishihara Clinic སྨན་ཁང་གི་འགན་གཙོ་ཞལ་ངོ་ Dean ཨཱི་ཞི་ཧ་རས་ཁྱོད་ལ་རྐང་པ་ཡ་གཅིག་བཙུགས་ནས་སྐར་མ་ ༢ ལང་ན་དེས་ལྗིད་ཚད་ནོན་པ་དེ་ཆུ་ཚོད་ ༡ རྐང་བགྲོད་བྱས་དང་མཚུངས་སྟངས་དེ་བསླབས་ཡོད།
རྟག་དཔྱད་བྱས་པ་ལྟར་ན། རྐང་པ་ཡ་གཅིག་ལང་ནས་སྦྱོང་བརྡར་བྱས་རིགས་ལས་སྟབས་བདེའི་སྒོ་ནས་སར་འགྱེལ་མི་ཐུབ་པའམ་རུས་པར་ཆག་སྐྱོན་ཤོར་སླ་པོ་མེད་པར་ཤེས། རྐང་པ་ཡ་གཅིག་ལང་སྟངས་དེར་ཁོར་ཡུག་རྒྱ་ཆེན་མི་དགོས་པར་བྱེད་ཆོག དེ་བས་དུས་ཚོད་ཉུང་ཉུང་ནང་རུས་པར་ཕན་ཏེ་ལུས་སྦྱོང་གི་ཕན་ནུས་ཀྱི་གྲུབ་འབྲས་ཅུང་ཐོན་པ་ལའང་ཕན། གལ་ཏེ་བརྒྱུད་མཐུད་ཀྱིས་དེ་སྦྱོང་ན་ངར་གདོང་དང་རྗེ་ངར་གྱི་ནུས་པ་མི་ཉམས་པར་ཕན། ཞཱོའོ་སློབ་ཆེན་ Showa University རུས་པའི་ཚན་ཁག་གི་སློབ་དཔོན་ professor སཱ་གྷ་མོ་ལྡུ་ཀེ་ཟོ་ Sakamoto Keizo ཡིས་སྐར་མ་གཅིག་ལང་ནས་སྦྱོང་སྟངས་དེར་སྒུལ་ཤུགས་ལྡན་པའི་ངང་པའི་རྒྱལ་པོ་ Dynamic flamingo ལང་སྟངས། ཅེས་མིང་བཏགས་ཏེ་ལོ་མང་རིང་ནད་པར་ལུས་སྦྱོང་འདི་བསླབས། སློབ་དཔོན་གྱིས་གལ་ཏེ་རྐང་པ་གང་རུ་ཞིག་སྐུམ་ནས་སྐར་མ་གཅིག་ཐད་ཀར་ལང་ན་རྐང་རུས་ལ་ནུས་པ་སྦྱིན་སྟངས་དེ་གོམ་བགྲོད་ཆུ་ཚོད་གཅིག་བྱས་པ་དང་མཚུངས། རུས་པ་སོབ་སོབ་དང་དེའི་ནུས་པ་ཉམས་པའི་ནད་གཞི་དང་སར་འགྱེལ་ནས་རུས་པ་ཆག་པའི་མི་ལ་ཧ་ཅང་འོས་འཚམ་གྱི་སྦྱོང་བརྡར་གྲལ་ཞིག་ཡིན་པར་ངོས་འཛིན་བྱས།
དོན་དངོས་ཐོག་ཉིན་གཅིག་སྐར་མ་རེའི་རྐང་པ་ཡ་གཅིག་ལང་སྟངས་འདི་ཐེངས་གསུམ་ཙམ་སྦྱོང་ནས་ཟླ་བ་གསུམ་སོང་རྗེས་བརྒྱ་ཆ་ ༦༠ ཡི་མི་རྣམས་ཀྱི་རྐང་རུས་ཀྱི་མཚམས་སྦྱོར་སའི་ཚགས་དམ་ལྷོད་ Bone density ལེགས་སུ་སོང་ཡོད་པ་རེད། གཞན་ཡང་ལོ་ ༤༠ ནས་ ༨༠ བར་གྱི་བུད་མེད་བརྒྱ་ཚོགས་ཆུང་གཉིས་སུ་བགོས་ཏེ། ཚོགས་པ་གཅིག་གིས་གོང་གསལ་གྱི་སྦྱོང་བརྡར་དེ་བྱས་པ་དང་། ཉིན་རེར་རྐང་པ་ཡ་གཅིག་གིས་ལང་ཐེངས་གསུམ་དང་། ཚོགས་ཆུང་གཞན་དེས་གང་ཡང་མ་བྱས་པར་བཞག དེ་འདྲ་ཟླ་དྲུག་གི་རྗེས་སུ་ཚོགས་ཆུང་གཉིས་དབར་དཔྱད་བསྡུར་གྱི་གྲུབ་འབྲས་ལ་བལྟས་དུས། རྐང་པ་ཡ་གཅིག་གིས་ལང་མཁན་གྱི་ཚོགས་མིས་ཆ་སྙོམས་ཀྱི་གནས་སྟངས་ནི་སྐར་ཆ་ ༦༥ ཡིན་ལ། སྦྱོང་བརྡར་དེ་མ་བྱས་པའི་ཚོགས་ཆུང་དེས་དེ་འདྲ་བྱས་པའི་ཆ་སྙོམས་ཀྱི་གནས་སྟངས་ནི་སྐར་ཆ་ ༣༤ ཆག་ཡོད་པ་རེད། དཔྱད་ཞིབ་དེས་རྐང་ཡས་ལང་སྟངས་སྦྱོང་བརྡར་མ་བྱས་པའི་ཚོགས་མི་ཚོ་ས་ལ་རིལ་བའི་གྲངས་ཀ་དེ་གཞན་ཚོགས་ཆུང་དེའི་ཚོགས་མི་ལས་ལྡབ་གསུམ་ཡས་འཕར་ཡོད་པ་བཤད། དེ་བས་སྦྱོང་བརྡར་བྱས་ཡོད་པའི་ཚོགས་མི་ཚོས་ཁོ་ཚོའི་རུས་པ་དང་ཚིགས་ཐོ། སྐེད་པ་དང་རྒྱབ་ཟུར་གྱི་ཤ་སྣག་བཅས་ལའང་སྦྱོང་བརྡར་ཐུབ་ཡོད། ད་དུང་མི་མང་པོའི་ཚིགས་ཐོ་ན་བ་དང་། རྒྱབ་ལ་ཟུག་གཟེར་རྒྱག་པའི་ནད་གཞི་ཡོད་མཁན་ཚོའང་སྔར་གྱི་ནད་གཞི་དེ་དག་དྲག་བསྐྱེད་སོང་ཡོད་པ་རེད་འདུག
རུས་པར་ཕན་པའི་སྒུལ་ཤུགས་ལྡན་པའི་ངང་པའི་རྒྱལ་པོའི་ལང་སྟངས་སྐར་མ་ ༢། འདི་ནི་ལས་བྲེལ་དང་དམིགས་བསལ་ལུས་སྦྱོང་གི་ས་ཚིགས་མེད་པའི་མི་རྣམས་ལ་གསར་གཏོད་བྱས་པ་ཞིག་རེད། རུས་པའི་ནུས་པར་ཤུགས་གནོན་རྒྱག་པ་དང་། ལུས་སྦྱོང་བྱེད་སྟངས་རྐང་པ་ཡ་གཅིག་ལང་ནས་སྐར་མ་རེར་སྦྱང་ན་དེར་སྐར་མ་ ༥༣ རེར་གོམ་བགྲོད་བྱས་པའི་ནུས་ཚད་དང་མཉམ་ཡོད་པ་རེད།
སྦྱོང་སྟངས་ནི།
ལུས་སྲོང་པོར་ལང་སྟེ་མིག་གཉིས་མདུན་དུ་ཐད་ཀར་བལྟ་རྒྱུ་དང་། ལག་པའི་གྲུ་མོའི་ཚིགས་ཐོ་དང་ཕྲག་པ་ལྷོད་ལ་ཕབ་རྒྱུ།(པར་ནས་མཐོང་བ་ནང་བཞིན།) སྤུས་མོའི་དབྱིབས་ཟུར་གསུམ་ཚོད་ཀྱིས་སམ་གྲུ་ཁུག་གི་ཆ་ཚད་ ༩༠ ཙམ་ལ་འགུག་རྒྱུ། གལ་ཏེ་ལུས་པོ་ཀྱོག་ནས་བྱས་ན་ནུས་པ་ཕྱེད་ཉམས་རྒྱུ། ཐད་ཀར་ལང་མི་ཐུབ་མཁན་གྱིས་ཐོག་མར་རྐུབ་སྟེགས་ཀྱི་ཟུར་གཉིས་འཇུས་ནས་སྦྱོང་ནའང་འགྲིག རྐང་པ་ཡར་འགྱོག་ནས་བརླ་བཅས་ལ་སྦྱོང་བརྡར་ཐུབ་ཡོད་པས་གྲུབ་འབྲས་སྔར་བའི་ལེགས་པར་ཐོན། འོན་ཀྱང་རྒན་རབས་རྣམས་ཐད་ཀར་སྲོང་པོར་ལང་ཁག་པར་བརྟེན། ཁོང་རྣམས་གོམ་པ་གང་མདུན་དུ་སྤོས་ནས་རྐང་པ་ཅུང་སྟེགས་ནས་ས་དང་རྐང་པ་དབར་བར་སྟོང་ Cm ༥ ཙམ་བཞག་ན་འགྲིག རྐང་པ་ཡ་གཅིག་གིས་ལང་སྐབས་ས་ལ་མ་རིལ་བར་གཟབ་དགོས། ས་ངོས་སྐམ་པའི་ཐོག་ཏུ་བྱོས་ལ་ཐོག་མར་དེ་སྦྱོང་དུས་ལག་གཅིག་གིས་བྱང་ལ་རེག་པའམ་རྐུབ་སྟེགས་ལ་བརྟེན་ནས་བྱས་ན་འགྲིག་གི་རེད། ཉཱི་ཧོང་བཟོ་ལས་འཕྲོད་བསྟེན་ནད་གཞི་སྔོན་འགོག་ Immune disease སྡེ་ཚན་གྱི་རྒྱུན་རིང་བདེ་ཐང་སྐོར་གྱི་འཆར་འགོད། བདེ་ཐང་གི་ཉཱི་ཧོང་ ༢༡ ཅེས་པ་ནས་རང་ལོ་ ༧༥ ཡས་རྐང་པ་ཡ་གཅིག་ལང་ནས་སྐར་ཆ་ ༢༠ བརྒལ་ཐུབ་པའི་རིགས་ཀྱི་སྐྱེས་པ་བརྒྱ་ཆ་ ༣༨།༩ ལས་ཟིན་གྱི་མེད་ལ། བུད་མེད་རྣམས་ཀྱང་བརྒྱ་ཆ་ ༢༡།༢ ཙམ་ལས་ཟིན་གྱི་མེད་པར་བཤད་ཡོད། གཅིག་མཚུངས་ཀྱི་འཆར་གཞི་དེ་འདྲའི་ནང་ནད་པ་ཉལ་ཁྲིར་ལྷག་སྡོད་པའི་རྒན་འཁོག་རིགས་ཀྱི་གྲངས་ཀ་མང་དུ་འགྲོ་བཞིན་པ་དང་། ༢༠༡༠ ལོར་དམིགས་ཚད་ཀྱི་གྲངས་ཀ་དེའི་ནང་སྐྱེས་པ་བརྒྱ་ཆ་ ༦༠ དང་བུད་མེད་གྲངས་ཀ་བརྒྱ་ཆ་ ༥༠ ཡས་བརྒལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
མིའི་ལུས་ནད་གསོ་ཐབས་ཀྱི་གསོ་རིག་དེབ་ Medical book ནས་བཤུས།
ཞཱི་མོ་དཔེ་སྐྲུན་ཁང་ Shimao Publishing ནས་པར།
མ་རྩོམ་གྱི་འབྲེལ་ཐག
བདེ་ཐང་དགོས་ན་ལུས་རྩལ་དགོས། །
བདེ་ཐང་དགོས་ན་ཟ་རྩལ་དགོས། །
བདེ་ཐང་དགོས་ན་སེམས་རྩལ་དགོས། །
བདེ་ཐང་དགོས་ན་དེ་གསུམ་དགོས། །