མིང་-དཀོན་ཅོག། འཛིན་རིམ་-༨ རང་ལོ་-༡༤
རྟ་བདུན་པོ་མངོན་པར་འཕགས་མ་ཐག་བོད་དགེ་མཆོག་ཉལ་ཁང་ནང་སླེབས་ཏེ་འཛིན་རིམ་བརྒྱད་པའི་སློབ་ཕྲུག་ལ་རྩོམ་འབྲི་ཆེད་དུ་མགོ་བརྗོད་གསུམ་སྤྲད་སོང་། ངའི་རྩོམ་གྱི་མགོ་བརྗོད་གསུམ་ལ་བསམ་བློ་རིམ་བཞིན་བཏང་དུས་ངའི་བསམ་བློ་ནང་ལ་ང་དང་ངའི་གྲོགས་པོ་ཞེས་པའི་མགོ་བརྗོད་དེ་སླེབས་སོང་། ཡིན་ནའང་། རྩོམ་འབྲི་ཡ་ནི་ལས་སླ་པོ་ཞིག་མ་ཡིན་པ་དང་བུ་ང་ལ་མཚོན་ན་རྩོམ་ཡིག་ལ་བསམ་བློ་མང་པོ་གཏོང་དགོས་ཡོད་པ་དང་། ང་ནི་ལེ་ལོ་དང་རྣམ་གཡེང་གིས་ཁེངས་པའི་སློབ་ཕྲུག་ཞིག་ཡིན་པ་དང་དུས་ཚོད་ཡང་དམ་འཛིན་བྱེད་དཀའ་བའི་བུ་ཞིག་ཡིན།
རྩོམ་བྲིས་བ་ནི་ཆུང་ཆུང་གིས་གཞས་བཏང་བ་ཞིག་དང་རྩེད་མོ་རྩེས་བ་བཞིན་གང་དྲན་དྲན་བྲིས་ཆོགས་དང་གང་དྲན་དྲན་བཤད་ཆོག་པ་ཞིག། དེས་ལ་ཀྱང་ག་ལ་ཡིན། གང་ལྟར་ངས་དེ་རིང་དགེ་རྒན་མཆོག་གི་བཀའ་བསུང་བཞིན་དཀར་གཙང་ཉེ་ཤིག་ངེས་སུ་རང་ཉིད་ཀྱི་བསམ་ཚུལ་བྲི་བར་བརྩོན་ནོ།
ངའི་གྲོགས་པོ་མིང་ལ་དཔལ་འབར་ཟེར་ཞིང་ཁོའི་གདོང་ནི་དཀར་པོ་ཡིན་པ་དང་ཁོའི་ངོ་གདོང་ནི་འབུར་ཏོག་གི་ཁེགས་ཡོད་ཁོའི་དབུ་སྐྲ་སིལ་ལིང་འཇམ་པའི་དཀྱིལ་དབུས་སུ་སྐྲ་དཀར་འགའ་ཞིག་སྐྱིལ་ཡོད། སློབ་ཕྲུག་ཚོས་ཁོའི་མིང་ལ་རྫིག་པོ་ཡང་ཟེར་ནས་འབོད་ཀྱིན་ཡོད། རྡིག་པོ་ཟེར་ནས་འབོད་ཐེངས་རེར་ཁོའི་ངོ་གདོང་ན་བཀག་ནས་མ་ཁོག་པའི་འཛུམ་མདྭངས་ཤིག་ངོམས་ནས་ཡོངས་གི་འདུག། ཁོ་ནམ་རྒྱུན་སློབ་ཕྲུག་བཞིན་སྡོད་གཟོད་མེད་པ་ཞིག་ཡིན་ནའང་སློབ་ཕྲུག་ཕན་ཚུན་བར་ལ་བསམ་བློ་གདོང་ཐུབ་མཁན་ཞིག་ཡིན་པས་ང་ཚོ་ཚང་མ་ཁོང་ལ་དགའ་མོ་ཡོད། གང་ཡིན་ཟིར་ན་ཀུ་རེ་རྩེ་ད་ཡ་མཁས་པ་ཡོད་པར་མ་ཟད་བློ་རིག་ཀྱང་རྒོན་པོ་ཡོད་པ་དང་ང་ཆོའི་འཛིན་ཁང་སློབ་ཕྲུག་ཚོའི་གད་མོ་ཤོར་མཚམས་བཞག་མྱོང་མེད་རྒྱུ་མཚན་དེའི་དབང་གིས་སློབ་ཕྲུག་ཚོའི་འཛིན་ཁང་ལ་ཡིད་སྨོན་སྐྱེས་བཞིན་ཡོད། ཁོང་ཚོ་ང་ཚོའི་འཛིན་གྲྭར་ཡིད་སྨོན་སྐྱེས་པ་དེ་གད་མོས་ཁེངས་བ་གཅིག་པོ་དེ་བ་ཡིན་པར་ང་ཚོའི་འཛིན་གྲྭ་ནི་དཔེ་སྟོན་ཁོར་ཡུག་འདིའི་ནང་གི་ཤེས་ཡོན་ཡག་ཤོས་ཀྱི་འཛིན་གྲྭ་ཞིག་ཡིན་པས་དགེ་སློབ་ཚང་མའི་ངག་སྒོ་ན་བསྟོད་བསྔགས་ཀྱི་མེ་ཏོག་འཐེར་གྱོན་ཡོད་པ་ཡིན་པ་མ་ཟད། ངའི་གྲོགས་སུ་དང་འཕྲད་ནའང་ཁ་ཞེན་གཉིས་མེད་ཀྱིས་གསང་བ་ལྷུག་བརྗོད་བྱེད་པར་དགའ་ཡིན་ནའང་། ཁོང་ལ་སྐྱོན་ཆ་ཞིག་ཡོད་པ་དེ་སློབ་སྦྱོང་ལ་དོ་སྣང་མེད་པ་ཞིག་རེད། གལ་སྲིད་ཁོ་ལ་སྐྱོན་ཆ་དེ་མིན་ན་ཁོ་ནི་སློབ་སྦྱོང་ཡག་ཤོས་ཆགས་ཀྱི་རེད། དཔེ་སྟོན་སློབ་གྲྭའི་དགེ་རྒན་ཆ་ཚང་གི་དཔལ་འབར་ལ་རེ་བ་ཡོད་རེད། དཔལ་འབར་ནི་ངའི་གྲོགས་པོ་རེད། དེ་ངས་སྤོབས་པ་མཐོ་པོའི་ངང་བཤད་ཐུབ་ཀྱི་ཡོད།
ངདང་ངའི་གྲོགས་པོ།
འདི།
ང་དང་ངའི་གྲོགས་པོ།
༄༅།་ང་དང་ངའི་གྲོགས་པོ་ཞེས་པའི་རྩོམ་ཐུང་དེ་ལ་བྲོ་བ་ཅང་མི་འདུག་
དུས་ཚོད་འཕྲོ་བརླག་རེད།