ཤེས་རབ།
ད་རེས་༼གསུང་རབ་ཀྱི་ཐུག་པའི་སྐོར་ལ་བསྟན་འཛིན་རིག་གྲོལ་ལ་དངོས་སུ་བཅར་འདྲི་ཞེས་པར། ཅོ་རི་ཉི་མའི་རྗེས་འདེད་མཆན་ཨང་། ༡༢ ནང་།༽ ཁོ་པ་གཞུང་ཆེན་ཤེས་མདོག་དང་རིགས་ལམ་ལ་སྦྱངས་པ་ཡོད་མདོག་བྱས་འདུག་པར། མཚང་དམར་རྗེན་དུ་མ་བཏོན་ན་ངན་པ་ལང་ཤོར་དུ་འགྲོ་ཉེན་ཆེ་བས་ཚིག་ཁ་ཤས་མ་བཤད་ཀ་མེད་བྱུང་།
ཁྱེད་རང་གི་མཆན་དུ། ༼༢་་་ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོའི་བྲིས་པའི་ཡི་གེའི་གཟུགས་བརྙན་དེ་ཉིད་ཡི་གེ་ཡིན་ཟེར་བ་དང་། བཀའ་འགྱུར་གྱི་པོ་ཏི་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་ཟེར་བ་ནི་སློབ་སྦྱོང་མེད་པའི་རྟགས། སངས་རྒྱས་ཀྱི་བཀའ་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་དགོས། སངས་རྒྱས་ཀྱི་གསུང་ཡིན་ན་སྒྲ་ཡིན་དགོས། སྒྲ་ཡིན་ན་མིག་གི་མཐོང་མི་ཐུབ། གཟུགས་ཡིན་ན་རྣ་བས་གོ་མི་ཐུབ། སློབ་དཔོན་དབྱིག་གཉེན་གྱིས། གཅིག་གིས་གཉིས་ཤེས་མ་ཡིན་སྟེ། དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་གསུངས་ཡོད་ལ་དོན་གནས་ཡོད།༽ ཅེས་བཀོད་ཡོད།
ཁོ་པ་སློབ་སྦྱོང་ཡོད་མདོག་དང་རིག་གནས་དང་གཞུང་ཆེན་ལ་སྦྱངས་པ་ཡོད་མདོག། ཧ་ཧ་ཧ། ཁྱོད་ཀྱི་མཆན་ཐུང་དུ། སྣག་ཚ་ནག་པོའི་བྲིས་ཞེས་དང་མིག་གི་མཐོང་མི་ཐུབ། ཅེས་བྱེད་འབྲེལ་ནོར་བ་དང་། ཡི་གེའི་གཟུགས་བརྙན་ཞེས་ཡི་གེའི་གཟུགས་དངོས་དང་གཟུགས་བརྙན་ནོར་བ། གཟུགས་ཡིན་ན་རྣ་བས་གོ་མི་ཐུབ་ཅེས་གཟུགས་དང་གཟུགས་ཀྱི་སྐྱེ་མཆེད་ནོར་བ། སློབ་དཔོན་དབྱིག་གཉེན་གྱིས། ཞེས་སློབ་དཔོན་ཆོས་གྲགས་དང་ནོར་བ། གཅིག་གིས་གཉིས་ཤེས་མ་ཡིན་སྟེ། ཞེས་ལྷག་བཅས་ཀྱི་ཚིག་ཕྲད་ནོར་བ། དབང་པོ་སོ་སོར་ངེས་ཕྱིར་རོ། །ཞེས་གཞུང་ཚིག་ནོར་ནས་བཤད་པ་སོགས། མཆན་ཐུང་ཡིག་ཕྲེང་གསུམ་ཙམ་ལ་ཚིག་དོན་གཉིས་ཀ་ནོར་བ་འདི་འདྲ་མང་པོ་ཡོད་བཞིན་དུ། ད་དུང་མི་གཞན་ལ་སློབ་སྦྱོང་མེད་པའི་རྟགས་རེད་ཟེར། རྒྱུན་དུ་ཧམ་བཤད་ཀྱིས་འགྲོ་གི་ཡོད་པ་འདིས་ཤེས་ཐུབ།
ཅོ་རི་ཁྱོད་ལ་གནས་ཚད་འདི་ཙམ་ལས་མེད་ཀྱང་རྒྱུན་དུ་༸གོང་ས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་སྐུར་འདེབས་སྒྲོག་བཞིན་ཡོད། ཁྱེད་ཚོས་དམར་པོའི་འོག་ལག་གཡོག་རྒྱུག་རྒྱུ་ལས། སངས་རྒྱས་ཀྱི་བསྟན་པ་དང་བོད་མིའི་སྤྱི་དོན་ལ་ཕན་པའི་ལས་དོན་སྣེ་གཅིག་འདི་ཡིན་ཞེས་སྟོན་རྒྱུ་གང་ཡོད། སྙིང་རྗེ། མི་ཚེ་སྟོང་ཟད་རང་རེད།
ད་ཁྱོད་ཉོན་ཅིག རིགས་ལམ་ཤེས་མིན་ལྟ་ཆོག ༡༽ ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོས་བྲིས་པའི་ཡི་གེའི་གཟུགས་དེ་ཆོས་ཅན། ཡི་གེའི་གཟུགས་མ་ཡིན་པར་ཐལ། ཡི་གེའི་གཟུགས་བརྙན་ཡིན་པའི་ཕྱིར།
༢༽ སྒྲ་ཆོས་ཅན། རྣ་བས་གོ་མི་ཐུབ་པར་ཐལ། གཟུགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སློབ་དཔོན་དབྱིག་གཉེན་གྱིས། ཆོས་མངོན་པ་མཛོད་དུ་གཟུགས་བཅུ་གཅིག་གསུངས་པ་གོ་ཨེ་མྱོང་། སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་དེ་མ་གོ་བར། མ་གསུངས་པ་དེ་གོ་མཁན་ཁྱོད་མིན་པ་སུ་ཡོད།
༣༽ སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལེའུ་གསུམ་པར། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་ཡོད་པ་ལས། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། དབང་པོ་སོ་སོར་ངེས་ཕྱིར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གཞུང་གང་དུ་གསུངས་ཡོད། དཔེ་ཆའི་མིང་གང་རེད། ཤོག་གྲངས་གང་ན་འདུག དེ་ཁྱོད་ཀྱིས་ཁུངས་གསལ་པོ་སྐྱེལ་མ་ཐུབ་ཚེ་ད་ནས་ཁ་བཙུམས་ནས་བསྡད་རྒྱུ་ལས་མ་འདས།
སངས་རྒྱས་ཀྱི་འདྲ་སྐུ་དང་ཕྱག་དཔེ་རྣམས་དད་གུས་བྱ་ཡུལ་མིན་ན། ལམ་རིམ་ཆེན་མོར། བསྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལ༌ཡང༌། དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་གཞག་པ་དང༌། གཏའ་མར་འཇོག་པ་སོགས་ཀྱི་མི་གུས་པ་དང་། བརྙས་ཐབས་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་གཟུང་སྟེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །ཅེས་གསུངས་སོ། ། ཞེས་པ་ནས། རྨོངས་པ་ད་ལྟའི་འདི་གས་ཆོག་གི༌རྨོངས་པའི་རྒྱུ་མ་གསོག༌འདི་ལས་རྨོངས་ན་ཅི་བཏུབ་གསུང་ངོ་། །ཞེས་པའི་བར་ཡག་པོ་ལྟོས་ཤིག །མ་གཞི་ཁྱེད་ཚོས་དོལ་རྒྱལ་ལ་ཐུག་ཚེ་སངས་རྒྱས་བཅོམ་ལྡན་འདས་དང་རྗེ་ཙོང་ཁ་པའི་གསུང་ཡང་ཁས་མི་ལེན་ཟེར་མཁན་རེད་པ། ཕལ་ཆེར་གསུང་འདི་ཡང་ཁས་ལེན་རྒྱུ་དཀའ་མོ་རེད། དེ་འདྲའི་ནང་པ་དང་སྙན་རྒྱུད་པ། ཧ་ཧ།
ད་དུང་ཁྱོད་ཀྱི་དྲི་བ་དང་པོར། སྐྱུག་བྲོ་བའི་ཐལ་ཚིག་འགའ་ཞིག་འཕངས་པའི་མཐཪ། ཁྱབ་པ་ཁེབས། ཞེས་པ་རིགས་ལམ་མ་ཤེས་པའི་རང་རྟགས་བསྟན་པ་རང་རེད། དཔེ་ཆའི་ནང་ཡོད་པ་ནི། ཁྱབ་པ་ཁས་ཞེས་པ་དེ་ཡིན། དེ་ནི་ཁྱབ་པ་ཁས་བླངས་ཟིན་པའི་དོན་ཡིན། ཁྱོད་ཀྱིས་ཁྱབ་པ་ཁེབས་ཞེས་པ་གོ་དོན་གང་རེད། དཔེ་ཆ་གང་དུ་ཡོད། གཞུང་ལུགས་ཀྱི་བརྡ་ཆད་དེ་ཙམ་ཡང་མི་ཤེས་པ་ཧ་ཧ།
གོང་དུ་བཤད་པ་དེ་དག་ལ་ལན་གཡས་ཀྱོག་གཡོན་ཀྱོག་མེད་པར་གནད་ལ་ཁེལ་བ་ཞིག་རྒྱག་གམ། ཡང་ན་ད་ནས་བཟུང་ཇུས་མེད་ཇུས་གཏོགས་དང་འགན་འཁུར་མེད་པའི་སྐད་ཆ་ཁ་ནས་གང་ཐོན་དང་སེམས་ལ་གང་དྲན་མ་བཤད་པར་སྡོད། ཁྱོད་ཀྱིས་འདམ་ཀ་གྱིས་ཤིག།
ཤེས་རབ་ལགས། བཀྲ་ཤེས་བདེ་ལེགས།
༣༽ སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལེའུ་གསུམ་པར། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་ཡོད་པ་ལས། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། དབང་པོ་སོ་སོར་ངེས་ཕྱིར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གཞུང་གང་དུ་གསུངས་ཡོད། དཔེ་ཆའི་མིང་གང་རེད། ཤོག་གྲངས་གང་ན་འདུག དེ་ཁྱོད་ཀྱིས་ཁུངས་གསལ་པོ་སྐྱེལ་མ་ཐུབ་ཚེ་ད་ནས་ཁ་བཙུམས་ནས་བསྡད་རྒྱུ་ལས་མ་འདས།
འདིར་ངས་ནོར་ཡོད་པར་ཁས་ལེན་གྱི་ཡིན། ཚར་རྒྱག་དགོས་ན་རྒྱོབ་ཤོག་་་་ཨ་་་་་ཞུ་རྒྱུ་ལས་མེད་་་་དང་པོར་ཁྱོད་རང་གིས་ཚར་རྒྱོབ་བསྡད་ཨ་་་་་དེ་ནས་ག་ལེ་ངས་ཁྱོད་ལན་ཕུལ་ཡོང་།
ཅོ་ཉི་སོགས་གཟིགས་དང་། ནོར་བ་ལ་ནོར་བ་ངོས་འཛིན་གནང་འདུག་པ་ལས། ནོར་བ་འགྲིག་ཐབས་ཀྱི་འགྲེལ་བཤད་རྒྱབ་མི་འདུག་ བསྟན་གྲོལ་ནས་ད་བར་དགོངས་དག་ཞུ་སོང་ངམ། ཁོ་སྒྱུ་རྩལ་ང་རྒྱལ་ཅན་ཞིག་དང་། གཡོ་སྒྱུ་ཅན། ཕྱོགས་ལྷུང་ཅན་ཡིན་པ་གསལ་པོ་རེད། གསར་གཏོད་ཚོས་དུས་ནམ་ཡིན་ལ། དགོངས་དག་དང་སྐྱོན་གསལ་ཞུ་ཐུབ་ན་རང་གི་མངོན་འདོད་ལམ་འགྲོ་ཡོང་བར་ཤིན་ཏུ་ཕན། དེ་མིན་བོད་པ་ཚོ་མ་ཤེས་མ་འཇོན་རྐྱང་ལབ་བསྡད་ནས་ཅི་ཕན། དང་པོ་རང་སྐྱོན་ངོ་ཤེས་པ་དགོས་པ་ནི་ལས་འགུལ་གང་ལའང་མཚུངས་པ་རེད།
http://www.tibettimes.net/news.php?showfooter=1&id=9366
ཇོ་བོའི་སྐྱབས་འགྲོ་བསྟན་པ་ལས། དེ་ལ་ཐེག་པ་ཆེན་པོའི་གཞུང་གིས་ནི་དཀོན་མཆོག་གསུམ་འདི་ལྟ་བུ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ། མངོན་པར་རྟོགས་པའི་དཀོན་མཆོག་གསུམ། མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་མོ།། ཞེས་མདུན་དུ་བཞུགས་པའི་དཀོན་མཆོག་གསུམ་གྱི་མཚན་གཞིར་ག་རེད་གསུངས་འདུག་ལྟོས། དེ་ནས་དཔེ་གཟུགས་དེ་དཀོན་མཆོག་ཡིན་མི་ཤེས་འོང་།
ཡི་གེའི་གཟུགས་དེ་ཆོས་ཅན། ཡི་གེའི་གཟུགས་མ་ཡིན་པར་ཐལ། ཡི་གེའི་གཟུགས་བརྙན་ཡིན་པའི་ཕྱིར།་་་་་་ཁྱབ་པ་མ་བྱུང་་་་ཞེས་ལན་འདེབས་ཀྱི་ཡིན། ཀློད་ཀླད་ངོས་ཀྱི་ཡི་གེའི་གཟུགས་ཆོས་ཅན། ཁྱོད་ཀྱིས་བསམ་པར་ཀློག་ཀླད་ངོས་ཀྱི་ཡི་གེའི་གཟུགས་དེ་ཡི་གེའི་གཟུགས་བརྙན་མ་རེད་བསམས་ཀྱི་ཡོད་པེ།
༢༽ སྒྲ་ཆོས་ཅན། རྣ་བས་གོ་མི་ཐུབ་པར་ཐལ། གཟུགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སློབ་དཔོན་དབྱིག་གཉེན་གྱིས། ཆོས་མངོན་པ་མཛོད་དུ་གཟུགས་བཅུ་གཅིག་གསུངས་པ་གོ་ཨེ་མྱོང་།ཞེས་བཤད་འདུག
ལན་་་རྟགས་དང་པོར་་་་རྟགས་མ་གྲུབ་ཅེས་ལན་འདེབས་ཀྱི་ཡིན། སློབ་དཔོན་དབྱིག་གཉེན་གྱིས་གཟུགས་བཅུ་གཅིག་མི་དགོས་་་གཟུགས་༡༠༠་་་གསུངས་ཡོད་ན་་་ཁྱབ་མ་བྱུང་ཞེས་ལན་འདེབས་ཀྱི་དང་། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཁས་ལེན་གྱི་མིན། མིག་གིས་མི་མཐོང་བའི་གཟུགས་ཁས་ལེན་གྱི་མིན། རྣ་བས་མི་གོ་བའི་སྒྲ་ཁས་ལེན་གྱི་མིན། ལྕེ་ཡིས་མི་མྱོང་བའི་རོ་ཁས་ལེན་གྱི་མིན། འདི་ངའི་དམ་བཅའ་ཡིན།
ཡིན་ད་་་རྩ་བའི་དམ་བཅའ་འདིར་ཤོར་ན་ཅོ་རིའི་ཤོར་བ་ཡིན། བླ་གོག་སྤྲུལ་གོག་དང་གར་བའི་ས་དུང་བྷ་བྷ་དེ་ཚོའི་ལུང་ངས་ཁས་ལེན་གྱི་མིན། གཏན་ཚིགས་རིག་པའི་ཐོག་ནས་བསྒྲུབ་འོང་རོགས་བྱོས་ཤོག་ཨ།
གཞན་དག་་་དམོད་འབོད་ཀྱི་ཚིག་དེ་དག་ལ་རྗེས་སུ་ལན་རྒྱག་གི་ཡིན་་་་དང་པོར་་་རྩ་བའི་དམ་བཅའ་ཐག་གཅོད་ཀྱིན་ཡིན།
ཡ་་་་ཕེབས་ཤོག་ཨ་་་་ཤེས་རབ་ལགས།
ངའི་རྩ་བའི་དམ་བཅའ་་་་༢་་་ཤོག་བུ་དཀར་པོའི་སྟེང་དུ་སྣག་ཚ་ནག་པོའི་བྲིས་པའི་ཡི་གེའི་གཟུགས་བརྙན་དེ་ཉིད་ཡི་གེ་ཡིན་ཟེར་བ་དང་། བཀའ་འགྱུར་གྱི་པོ་ཏི་དེ་དག་སངས་རྒྱས་ཀྱི་བཀའ་ཡིན་ཟེར་བ་ནི་སློབ་སྦྱོང་མེད་པའི་རྟགས། སངས་རྒྱས་ཀྱི་བཀའ་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་དགོས། སངས་རྒྱས་ཀྱི་གསུང་ཡིན་ན་སྒྲ་ཡིན་དགོས། སྒྲ་ཡིན་ན་མིག་གི་མཐོང་མི་ཐུབ། གཟུགས་ཡིན་ན་རྣ་བས་གོ་མི་ཐུབ
འདི་་་་འགྱུར་བ་མེད།
མདོ་དོན་་་་ཤོག་བུ་ཐོག་ཏུ་བྲིས་པའི་ཤཀྱའི་རྒྱལ་པོ་གཟུགས་བརྙན་དེ་ཉིད་སངས་རྒྱས་དཀོན་མཆོག་མ་རེད་ལབ་ཀྱི་ཡོད། སངས་རྒྱས་དཀོན་མཆོག་མིན་པ་ཞིག་ལ་དད་པ་བྱེད་དགོས་པའི་རྒྱུ་མཚན་མི་འདུག་ཅེས་བཤད་ཀྱི་ཡོད་དོ། སྒྲུབ་བྱེད་རིག་པ་ག་རེ་ཡོད་ན་འཁྱེར་ཤོག་་་་་ཨ
ཧ་ཧ་ཧ། ཡ་མགོ་མ་མགོ་མི་འཕྲོད་པའི་དཔེ་ཆ་བ། ཡག་ཉེས་མི་ཤེས་བའི་ཀ་ཁ་བ། བླང་དོར་མི་ཤེས་བའི་དེང་རབས་པ། ཕུག་མདུན་མི་རྟོག་པའི་ཁ་འཁྲུག་པ། བརྫུན་གྱི་འཁོར་ལོ་ཡང་ཡང་བསྐོར་བའི་ཉེས་ཅན་པ། ཆོས་སྲིད་རྡོག་རྩར་ཡང་ཡང་རྒོལ་བའི་གཡོ་ཅན་པ།
དེ་རིང་། མིང་དོན་ལྡན་པ་ཤེས་རབ་ལགས་ཀྱིས། ཁྱོད་ཅོ་རིའི་ཁ་རྐུབ་གྲགས་གྲགས་གྲགས་གྲགས་མེད་སེ་བཏང་འདུག་གི་ཨ། ཧ་ཧ་
གལ་སྲིད་མིག་གིས་མཐོང་མི་ཐུབ་པའི་གཟུགས་ཤིག་ཡོད་པར་ཁྱོད་ཀྱིས་གཏན་ཚིགས་རིག་པའི་ཐོག་ནས་སྒྲུབ་མ་ཐུབ་པ་དང་། ཡང་ན་ཚན་རིག་གིས་ཐོག་ནས་སྟོན་མ་ཐུབ་ན་་་ང་ཅོ་རི་ངན་པ་ལང་ཤོར་མིན་པར་་་རིག་རྒོད་རིར་ཤོར་ཡིན།
ཁྱོད་ཀྱིས་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཤིག་འཇོག་མ་ཐུབ་ན་་་དགེ་སློང་ཚོའི་རྒྱུད་ཀྱི་སྡོམ་པ་དེ་ཡང་མིག་གིས་མཐོང་ཐུབ་པའི་གཟུགས་ཤིག་འཇོག་དགོས་པས་་་སྡོམ་པ་ཡོད་མེད་གློག་དཔར་རྒྱག་ན་གྲྭ་ལོག་ཡིན་མིན་ཞིབ་འཇུག་བྱ་དགོས་པར་ཁྱོད་ཀྱིས་ཁས་ལེན་དགོས་ཡོད་དོ་་་་་ཧཧ
མིག་གིས་མི་མཐོང་གཟུགས་ཤིག་ཡོད་མདོག་མདོག
རྣ་བས་མི་གོ་སྒྲ་ཞིག་ཡོད་མདོག་མདོག
དགེ་སློང་སྡོམ་པ་ག་ཡོད་དཔྱོད་འོང་དུས།
མིག་གིས་མི་མཐོང་གཟུགས་ཤིག་ཡིན་མདོག་མདོག
མིག་གིས་མཐོང་ཡ་མེད་པའི་གཟུགས་ཅན་ཞིག
གཡོ་ཅན་མགོ་རིལ་རྒྱུད་ལ་ཡོད་སྐད་འདིར།
ཚུལ་གསུམ་རིག་པས་དཔྱད་ན་རྫུན་དྲི་དྲོ།
ཚན་རིག་གློག་དཔར་རྒྱག་ན་མེད་རྟགས་སྟོན།
ཅོར་ཉི་ལགས། དངོས་པོ་ལ་དབྱེ་ན་ག་ཚོད་ཡོད་དམ། གཟུགས་ལ་དབྱེ་བ་ཡོད་དམ། མིག་གིས་མཐོང་མི་ཐུབ་པའི་གཟུགས་མེད་དམ།
དངོས་པོ་ལ་དབྱེ་ན་བེམ་པོ་དང་ཤེས་པ་ལྡན་མིན་འདུ་བྱེད་དང་གསུམ་ཡོད། གཟུགས་ལབ་མི་འདུག
ཅོ་ཉི་ལ་སྔགས་འདི་བགྲང་ཤིག་་་་བིུཡཡགངརཏདཡགབུབུཡགུཡགཏཡ་་་་་་ཨམ་ཙམ་ཡག་པོ་ཕན་ཡོང་་་་ལོ་་་་ཧཧཧ
གཟུགས་ཡིན་ན་མིག་གིས་མཐོང་བའི་ཁྱབ་ཟེར་ན། གཟུགས་ཀྱི་ཆུང་བའི་མཐར་ཐུག་ཆོས་ཅན། མིག་གིས་མཐོང་བར་ཐལ། གཟུགས་ཡིན་པའི་ཕྱིར། གཞན་ཡང་། ནང་གི་གཟུགས་སུ་གྱུར་པའི་མིག་དབང་ཆོས་ཅན། ཁྱོད་མཐོང་བའི་སོ་སྐྱེས་ཡོད་པར་ཐལ། ཁྱོད་གཟུགས་ཡིན་པའི་ཕྱིར།
དཱ།།། མ་གཞི་ནས་ཅོ་ཉིས་བོད་ཡིག་ཐོག་ནས་དངོས་སུ་ཁ་བརྡའི་ཐོག་བྲིས་པ་རེད། བོད་ཡིག་མི་ཤེས་མཁན་མང་པོ་ཞིག་ནས་ངོ་དེབ་ཐོག་བསྟན་གྲོལ་གྱི་བྱ་བྱས་ལ་རྒྱབ་སྐྱོར་གནང་བཞིན་འདུག
༡ བརྩོམ་པ་པོ་འཇམ་དབྱངས་ནོར་བུ།
༢ སེར་བྱས་གྲྭ་ཟུར་ཐུབ་བསྟན་ནོར་བཟང་།
༣ སྐལ་བཟང་དབང་མོ། བོུ་ལོ་ཆུང་གཞད་གཏོང་མཁན་གྱི་ཨ་མ།
༤ བལ་ཡུལ་བ་ཡེ་ཤེས་སྒྲོལ་དཀར་ལ་སོགས་པ་ངས་ངོ་མི་ཤེས་པའང་ཧ་ཅང་མང་པོ་འདུག
གང་ལྟར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་བཤད་གྲྭ་བ་དང་། གདན་ས་བ་ཚོའི་མཁྱེན་གལ་ཤིན་ཏུ་ཆེ། ན་གཞོན་ནང་དེའི་རིགས་ཇི་མང་རེད།
མང་ཐོས་་་་ཤེས་རབ་སྒུག་བསྡད་ཡོད། ཁྱོད་ཤེས་རབ་ཡིན་ན་ལན་རྒྱག་ཆོག
ཤེས་རབ་ལགས། ཁྱོད་རང་ཆབ་མདོ་ཤེས་རབ་ཡིན་མིན་ལན་ཞིག་གནང་རོགས་བྱོས། ང་ཡང་ཁྱོད་རང་ངོ་ཤེས་འདོད་ཡོད། ངོ་སྤྲོད་རེ་གནང་ན་དེ་ཡང་སྐྱེས་ཕོ་རབ་ཤིག་འགྲོ་སྟངས་རེད་བ། དགའ་པོ་ཡང་བ།
ད་ཡིན་ན་སྙིང་སྟོབས་གླིང་ལ་བསྐྱལ་རན་འདུག་ཡ
སྒྲོག་དང་སྒྲོགས་ཀྱི་ཁྱད་པར་ཁྱད་པར་བསྟན་བཅོས་སུ། འབྲུག་ལྟར་ཆེར་སྒྲོགས། ལས་ཀྱི་ལྕགས་སྒྲོག མཁས་པས་བྲིས་པ་ན། རྒྱབ་མ་གཏོགས། རྒྱག་ཅེས་མེད་པར་མཐོང་། རོགས། ཁ་ནས་འཐོན་ཡང་། འབྲི་དུས་ཟུར་མ་ཆག་པ་འབྲི་དགོས།
་
རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།
འདི་ན་གླང་ཆེན་མེད་མེད་དོགས་བསལ་ཏེ།
་
ཞེས་པའི་དཔེ་མ་སོང་བ་ཞིག་དགོས། ཀ་རྨ་དུས་གསུམ་མཁྱེན་པ་མི་སྐྱོད་རྡོ་རྗེས་མཛད་པའི་དབུ་མ་འཇུག་པའི་འགྲེལ་པར་དྲངས་པ།
ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།
་
ཞེས་སོགས་ཚིགས་སུ་བཅད་པ་དེ་མདོ་གང་གི་ལུང་ཡིན་པ་དང་། དོན་དག་ལེགས་པར་གསུང་ཐུབ་ན། རབ་ཡིན། ཞེས་སོ།
རྒན་ལ་དྭགས་པ་མཆོག དགོངས་འགལ་མེད་པ་བྱོས། སྤྱིའི་ཆ་ནས་ཅོ་རི་བརྡ་དག་སྐྱོ་བ་དང་། ཡང་སྒེར་མཆན་བུ་འདེབས་དུས་སེམས་པ་བརྗོད་འདོད་ཀྱི་དབང་དུ་ཤོར་ནས་ནོར་བ་དང་ཆད་པ་མང་པོ་ཤོར་འགྲོ་གི་འདུག་པས་དགོངས་འགལ་མེད་པ་བྱོས། རྗེས་སུ་ཡིག་ནོར་མི་ཤོར་བའི་ཐབས་ཤེས་བྱ་ངེས་ཡིན། ཁྱེད་ཀྱིས་བོད་ཡིག་ལ་བརྩེ་བ་བྱེད་སྟངས་འདིར་ང་དགའ་པོ་ཡོད།
ལ་དྭགས་དགེ་བློ་ལགས་སྔ་མ་འཇུག་པ་དང་ཕྱི་མ་ལང་གཤེགས་ཀྱི་ཚིག་རེད། དེ་མདོ་བསྟན་གང་གི་ཚིག་ཡིན་མིན་ངོས་འཛིན་བྱས་དགོས་དོན་གང་ཡིན་ནམ།
གོང་མཆན་ནོར་ཐལ་ཤོར་སོང་། ལང་གཤེགས་དགོངས་འགྲེལ་ལ་བཅོས། དགོངས་དག དགེ་བློ་ལགས། མི་བསྐྱོད་རྡོ་རྗེའི་འཇུག་འགྲེལ་ན་མདོ་འདི་དྲངས་ཡོད་ཚེ། འཇུག་པར། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། ། ཅེས་པའི་གསུངས་པ་འདི་འགྲེལ་བའི་སྐབས་ཡིན་པར་སྣང་། གུས་པས་ཐེངས་ཤེས་བམ་ཀློག་ཞུས་མྱོང་མོད་དྲན་ཡུལ་ན་མི་གསལ། གལ་ཏེ་ཡིན་ན། འདིར་སེམས་ཙམ་པའི་མདོ་ཁུངས་རྣམས་དྲང་དོན་དུ་ལུང་རིགས་ཀྱིས་སྒྲུབ་པ་ཡིན་པས། དེ་ཡང་དངོས་ཟིན་གྱི་དྲང་དོན་གྱི་མདོ་ནི།ལང་གཤེགས་ལས། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་པ་འདི་ལྟ་བུ་ཡིན་ལ། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། ཞེས་པའི་དྲང་མདོ་ནི་དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབས།། བདག་ཏུ་ལྟ་བར་བསྟེན་ན་མི་རུང་ཞེས།། འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན།། ཞེས་པའི་མདོ་ཡིན་པ་སྟེ། ཉིད་ཀྱིས་འདྲི་བའི་གཞི་འདིའོ། ཡང་ལང་གཤེགས་ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ཡོད་པར་གསུངས་པ་ལྟ་བུ་སྟེ།༼ཚིག་དྲན་མ་སོང་༽ མདོར་ན་སེམས་ཙམ་མདོ་ལྔར་གྲགས་པ་རྣམས་ཡིན་ནོ།
ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ་ཞེས་སོགས་ཀྱི་དོན་ནི། དཔེར་ན། རང་ཅག་རྣམས་སྐྱེ་གནས་གང་ཞིག་ཏུ་ཉིང་མཚམས་སྦྱར་ནས་སྐྱེ་བ་ལེན་པའི་ཚེ་ན། ལུས་ཕུང་སོགས་སྔར་མེད་པ་ལེན་པའི་ཚུལ་གྱིས་འགྲུབ་པར་བྱེད་ཅིང་྄བཟུང་བས་ན་ལེན་པའི་རྣམ་ཤེས་ཞེས་པ་དང་། དེ་ཡང་འཇིག་རྟེན་རང་ག་བས་རྟོག་པར་མི་ནུས་པས་ན་ཟབ་པར་མ་ཟད། ཉན་རང་རྣམས་ཀྱིས་ཀྱང་ཤེས་མི་ནུས་པས་ན་ཕྲ་བ་ཞེས་གསུངས་པའོ།།འཁོར་བར་འཁོར་བྱེད་ཀྱི་ས་བོན་ཏེ་རྒྱུ་ཐམས་ཅད་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་གཅིག་ནས་གཅིག་རྒྱུད་ཀུན་གཞིའི་སྟེང་བག་ཆགས་འཇོག་པ་དང་། དེ་ནས་སླར་སད་དེ་འཁོར་བར་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་ཆད་མེད་པར་འཇུག་པ་དེས་ན། ཤིན་ཏུ་ཟབ་ཅིང་ཕྲ་བའི་གནས་འདི་ནི་བྱིས་པ་རྣམས་ལ་བསྟན་ན། དེ་ནི་གང་ཟག་གི་བདག་ཏུ་གྲུབ་པའོ་ཞེས་ལོག་པར་རྟོག་པར་འགྱུར་པའི་ཕྱིར། ལོག་པར་རྟོག་ན་མི་རུང་བར་དགོངས་ནས་ངས་མ་བསྟན་པ་ཡིན་ནོ། ཞེས་པ་ནི་ཐུགས་དགྱེས་པའི་རྒྱུར་འགྱུར་བའི་ཡིད་ཆེས་དང་བཅས་འགྲེལ་བ་བྱེད་ཁུལ་ཙམ་མོ།།
བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས།། པར་བཅོས་ན་ལེགས།
ཧ་ཧ་ཧ་ལྟད་མོ་འདུག ཅོ་རི་འདི་མིས་ལུང་རིགས་མ་དྲང་ན་ཁྱབ་མ་ཁྱབ་ཀྱི་སྐད་སྒྲ་ཆེ། མིས་མཐུང་རྩ་ནས་བཙུར་ན་སྐད་ངན་ཤོར་བ་ལས་ལུང་རིགས་ཀྱི་ཐིག་པ་གཅིག་ཙམ་ཡང་ཐོན་རྒྱུ་མེད་པ་བརྒྱད་ཅུའི་རྒད་པོ་རླུག་པ་ལྟར་ཀུག་ནས་བསྡད་འཇོག་པ་ཞིག་རེད། མགོན་པོ་བཀྲ་ཤིས་ནས་བཤད་པ་ལྷང་ངེར་དྲན་ཡོང་། མི་ཤེས་ན་རྟགས་མ་གྲུབ་མ་ཟེར། མིས་ལུང་དང་རིགས་པ་དྲང་ཡོང་གི་རེད། དེ་ལས་འདོད་ལན་རྐྱང་རྐྱང་ཐོབ་ཟེར་བ་དེ་རེད། གོང་གི་ཤེས་རབ་ཀྱི་ལུང་དང་རིགས་པ་དྲང་བ་ལ་ལུང་རིགས་དང་མཐུན་པའི་ལན་མ་བཏབ་པར་སྐད་ཤུགས་ཆེན་པོ་བརྒྱབ་ནས་ཅང་ཕན་ས་མ་རེད། གལ་ཏེ་སྐད་ཤུགས་ཆེན་པོས་ཕན་གི་བསམ་ན་བོང་བུ་ཁ་ཤས་ཁྲིད་ཡོང་ནས་སྐད་བརྒྱབ་བཅུགས་དང་ཅུང་ཟད་སྐད་ཤུགས་ཆེ་རུ་འགྲོ་གི་རེད།།
ཅོ་རི་ན་རེ། ༼གཟུགས་ཡིན་ན་རྣ་བས་གོ་མི་ཐུབ། སློབ་དཔོན་དབྱིག་གཉེན་གྱིས། གཅིག་གིས་གཉིས་ཤེས་མ་ཡིན་སྟེ། དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་གསུངས་ཡོད་ལ་དོན་གནས་ཡོད།༽ འདི་ལྟར་ལུང་རྫུན་མ་བཀོད་སྐབས་སློབ་དཔོན་དབྱུག་གཉེན་ཁས་ལེན་དགོས་པའི་རྣམ་འགྱུར་བསྟན་འདུག འོན་ཀྱང་ཤེས་རབ་ཀྱིས་༼སྒྲ་ཆོས་ཅན། རྣ་བས་གོ་མི་ཐུབ་པར་ཐལ། གཟུགས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་སློབ་དཔོན་དབྱིག་གཉེན་གྱིས། ཆོས་མངོན་པ་མཛོད་དུ་གཟུགས་བཅུ་གཅིག་གསུངས་པ་གོ་ཨེ་མྱོང་།༽ ཞེས་སློབ་དཔོན་དབྱིག་གཉེན་གྱི་ལུང་ངོ་མ་དེ་དྲངས་ན། ༼བླ་གོག་སྤྲུལ་གོག་དང་གར་བའི་ས་དུང་བྷ་བྷ་དེ་ཚོའི་ལུང་ངས་ཁས་ལེན་གྱི་མིན།༽ ཟེར་ནས་ལན་བཏབ་འདུག གད་མོ་ལངས་ཡ་འེ་རེད། ལྟག་ཆོད་ཟེར་ན་འདི་འདྲ་ཡིན་པ་རེད།
ཅོ་རི་ལ་འདི་འདྲ་ཞིག་ཀྱང་འཕེན། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཁས་ལེན་དགོས་པར་ཐལ། ཁྱོད་རང་གིས་གཞན་ལ་ཁོང་གི་ལུང་དྲངས་ནས་སྒྲུབ་པའི་ཕྱིར། རྟགས་མ་གྲུབ་ཟེར་ན།་༼གཟུགས་ཡིན་ན་རྣ་བས་གོ་མི་ཐུབ། སློབ་དཔོན་དབྱིག་གཉེན་གྱིས། གཅིག་གིས་གཉིས་ཤེས་མ་ཡིན་སྟེ། དབང་པོ་སོ་སོར་ངེས་ཕྱིར་རོ།་་་ཞེས་གསུངས་ཡོད་ལ་དོན་གནས་ཡོད།༽ ཞེས་རང་གིས་བཤད་པ་དང་འགལ། རྩ་བར་འདོད་ན། རང་གིས་༼བླ་གོག་སྤྲུལ་གོག་དང་གར་བའི་ས་དུང་བྷ་བྷ་དེ་ཚོའི་ལུང་ངས་ཁས་ལེན་གྱི་མིན།༽ ཟེར་བ་དང་འགལ། གཏན་ཚིགས་འདི་འདྲ་བཀོད་པ་འམ་ལན་ཐོབ་དང་། ད་ཚིགས་བཅད་འདྲ་འབྲི་བའི་དུས་མ་རེད། རིགས་རྩལ་ངོམས་པའི་དུས་ལ་སླེབས་འདུག་ལོ།
ཅོ་ཉི་་་་་xxxx་་་་་་༡༽ རྒྱལ་བ་རིན་པོ་ཆེ་ལ་བཀུར་བ་བདེབས་རྒྱུ་མཚམས་བཞག་དགོས། ༢༽ བོད་ཀྱི་ཆོས་དང་རིག་གཞུང་ལ་དམའ་འབེབས་གཏོང་མི་ཆོག ༣༽ སོ་སོས་ལྟོ་གོས་གང་ལས་འབྱུང་བ་ཤེས་པ་བྱེད་ན་བཟང་། འདི་གསུམ་སེམས་ལ་ཞོག
ནང་ཁུལ་ལ་ཅུང་ཟད་ཙམ་བློ་མ་མཐུན་དུས་ལམ་སང་གནམ་མཆོང་ས་མཆོང་བྱེད་སྟངས་འདི་ཚོ་ངན་པ་ལང་ལ་ཤོར་འདུག གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་རྣམས་ཀྱི་མིང་དང་པར་སོགས་ཁ་བརྡར་འགོད་དགོས་ན་རྒྱ་ནག་གི་དཔོན་རིགས་རེ་རེ་ནས་འགོད་རོགས།
སྔ་དྲོ་བདེ་ལེགས། ཤེས་རབ་ཟེར་བའི་མི་དེ་བསླེབས་མི་འདུག་ག མི་དགོས་པའི་དཀར་མཛེས་གངས་ཕྲུག་ཟེར་འདི་བསླེབས་ཤག
ཤེས་རབ་དང་དཀར་ཕྲུག་གཉིས་ཉོན། ང་ཅོ་རིས་་གོང་ས་ཏ་ལའི་བླ་མ་ལ་སྐུར་བ་འདེབས་སོང་ལབ་ན་ཁས་ལེན་གྱི་མིན། སྐུར་འདེབས་ཟེར་བ་འདི་ཡོད་པ་ལ་མི་འདུག་ལབ་ན་སྐུར་འདེབས་རེད། ང་ཅོ་རིས་ག་རེ་གོང་ས་ཏ་བླ་མ་ལ་ཡོད་པ་ཞིག་ལ་མི་འདུག་ལབ་སོང་ངམ།། རེ་རེ་བཞིན་འདི་དང་དེ་ཟེར་ནས་བཤད་ཤོག་ཨ། དེ་མིན་ན་མི་དཀར་པོའི་མགོ་ལ་ཞྭ་མོ་ནག་པོ་གོན་དགོས་ན་ཁས་ལེན་གྱི་མིན།་་་་གཅིག་ཡིན།
གཉིས་པ། ངའི་དཔར་དང་ལོ་རྒྱུས་ཁ་བརྡའི་ཐོག་ཏུ་འགོད་ཀྱི་ཡིན་ཨེ། དགའ་བསུ་ཡོད། ང་ཅོ་རི་ལ་ཁྱོད་ཚོ་ནང་བཞིན་ངོ་སྤྲོད་བྱེད་མི་ཕོད་ལོ་རྒྱུས་ཀྱི་སྡུག་སྐྱ་དེ་འདྲ་མེད། ཁྱོད་ཀྱིས་ག་པ་འགོད་ན་འགོད་རྐྱང་བྱོས། དཀར་ཕྲུག་ཁྱོད་ཀྱིས་ངའི་དཔར་དང་ལོ་རྒྱུས་འགོད་དུས་རང་ཉིད་ཡང་ངོ་སྤྲོད་གསལ་པོ་བྱོས ཨ
གསུམ་པ། ཤེས་རབ་ལགས་་་་་མུ་མཐུད་ཁྱོད་སྒུག་བསྡད་ཡོད། མགྱོགས་པོ་ཕེབས་ཤོག་་་ཨ
མདུན་གྱི་གོམ་ཁ་བཙོན་ལ་ཐུག་ཀྱང་ཕྱིར་ནུབ་བསམ་པ་སེམས་ན་མེད།
རྒྱབ་ནས་མྱི་ཁའི་རལ་གྲི་ཕྱར་ཀྱང་ཕྱིར་བལྟ་བསམ་པ་ཡིད་ལ་མེད།
གཡས་དང་གཡོན་ནས་ཁྱི་འབོད་འཐེན་ཀྱང་སྤོབས་པ་ཤོར་དོན་ང་ལ་མེད།
རང་གི་གཅེས་སྲོག་བོད་ཀྱི་དོན་དུ་དེ་རིང་གཅོད་ཀྱང་འགྱོད་པ་མེད།།།།
ལུང་ཤར་བཞིན་དུ་མིག་རིལ་བཏོན་ཀྱང་ཅོ་རིས་སྡང་སྐད་ཤོར་མི་འོང་།
དགེ་ཆོས་བཞིན་དུ་བཙོན་དུ་བཅུག་ཀྱང་ཅོ་རིས་བློ་འགྱོད་སྐྱེས་མི་འོང་།
འགྲོ་བ་མི་ཡི་གྲལ་མཐའ་ལྷུང་བའི་ཉམ་ཐག་ཁ་བ་རི་པའི་ཆེད་།
བུ་སྡུག་ཅོ་རིས་འཐབ་རྩོད་བྱེད་ངེས་སྔ་ནས་དམ་བཅའ་སེམས་ལ་ཡོད།།།།
ངས་དོལ་རྒྱལ་བརྟེན་གྱི་མེད་ཟེར་ནས་རང་གི་དད་པ་ཆེ་ཤོས་ཡོད་སའི་དམ་པ་དགེ་ཆོས་མཆོག་མགོ་ལ་བཞག་མནའ་ལན་གཉིས་བསྐྱལ་ཡོད། ད་དུང་་་ཁྱོད་ཚོ་ཡིད་མི་ཆེས་ནས་དོལ་ཕྲུག་་་་དོལ་ཕྲུག་་་འབོད་བསྡད་དུས་་ཁྱོད་ཚོ་ལ་དྲང་བདེན་གྱི་ཐོག་ནས་དགག་གཏམ་རྫོགས་ཚར་བའི་རྟགས་རེད།་་་ཧཧཧ མྱི་ངན་ཁྱོད་ཚོས་དུས་རྟག་ཏུ་ཉམ་ཆུང་བོད་མི་རྣམས་ལ་འདི་འདྲ་བའི་མ་ཉེས་ཁ་གཡོགས་ཀྱི་ཞྭ་མོ་གོན་བསྡད་ཀྱི་ཡོད་པ་གསལ་པོ་རེད་ད།
ནང་བའི་གཞུང་ལུགས་ཁས་ལེན་ན་འདི་འདྲ་ཞིག་ཀྱང་གདའ། གཟུགས་ལ་ཕྱི་དང་ནང་གཟུགས་གཉིས། ཕྱིའི་གཟུགས་ལ་དབྱེ་ན་ལྔ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་རྣམས་སོ། གཞན་ཡང་། སྒྲ་དེ་རྡུལ་དུ་གྲུབ་པ་ཡིན་པ་གང་ཞིག རྡུལ་དུ་གྲུབ་པ་གང་ཡིན་ཐམས་ཅད་བེམ་པོ་ཡིན་དགོས་པའི་ཕྱིར་ཏེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། གཞན་ཡང་། ཆོས་གང་དང་གང་བེམ་པོ་ཡིན་ན་གཟུགས་ཡིན་པའི་ཁྱབ་པ་དང་། གཟུགས་ཡིན་ན་བེམ་པོ་ཡིན་པའི་ཁྱབ་པ་དགོས་ཏེ། དེ་གཉིས་དོན་གཅིག་ཡིན་པ་ནང་པའི་སྤྱི་སྐད་ཡིན་པའི་ཕྱིར་རོ།།
་དགོངས་འགྲེལ་ལས།
ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།།
ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབས།།
བདག་ཏུ་ལྟ་བར་བསྟེན་ན་མི་རུང་ཞེས།།
འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན།།
འདི།
དགོངས་པ་ངེས་འགྲེལ་ལས།
ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།།
ས་བོན་ཐམས་ཅད་ཆུ་ཡི་་རྒྱུན་ལྟར་འབབས།།
བདག་ཏུ་རྟོག་པར་གྱུར་ན་་མི་རུང་ཞེས།།
བྱིས་པ་རྣམས་ལ་ངས་ནི་འདི་མ་བསྟན།།
སྐད་ཆ་བཤད་དུས་དང་དགག་སྒྲུབ་བྱེད་དུས་ཕར་ཕྱོགས་ཀྱི་དྲི་བ་ལ་ལན་རྒྱབ་དགོས་རེད། ལན་ལ་བལྟ་ནས་སྒྲུབ་བྱེད་འགོད་དགོས་པ་རེད། ཤེས་རབ་་་་་་་་མ་སླེབས་ན་ལན་རྒྱབ་ཀིན་མིན།
དགེ་སློང་ཤེས་རབ་ཤ་ཁྱི་རྐང་ཆག་རེད།
ཅོ་རིའི་རིག་རྒོད་ཤ་བ་རྭ་རིང་རེད།
ཤ་བ་རྭ་རིང་ལ་མོ་རྒྱབ་བཞིན་འདུག
ཤ་ཁྱི་རྐང་ཆག་ལུང་ཁུག་ལྷག་བཞིན་འདུག་་་་་་ཧཧཧ
སྲིད་གལ་དགེ་སློང་ཤེས་རབ་ལགས་ཀྱིས་སྒྲུབ་བྱེད་འགོད་མ་ཐུབ་ན་་་གྲུབ་མཐའ་མཐོ་ཤོས་ཐལ་འགྱུར་བའི་ལུགས་ལྟར་དགེ་སློང་སྡོམ་པ་ཟེར་བའི་གཟུགས་ཅན་དངོས་ཤིག་དགེ་སློང་ཚོའི་རྒྱུད་ལ་ཡོད་པར་ཁས་ལེན་དགོས། ཚན་རིག་པས་ཕྲ་མཐོང་མེ་ཤེལ་དང་གློག་དཔར་གྱི་རྒྱུད་ནས་ངན་པ་ལང་ཤོར་ཚོའི་རྒྱུད་ལ་ཡོད་མེད་ཞིབ་འཇུག་བྱ་ཆོག་པར་ཁས་ལེན་དགོས་ཡོད། དེ་ནས་་་ག་ལེ་་་གྲྭ་ལོག་སུ་ཡིན་མིན་ཤེས་འོང་གི་རེད་ད་་་་ཧཧཧ་་ དེ་འདྲ་བྱུང་ན་གྲྭ་པ་སྡོམ་གཙང་ཁྲིམས་གཙང་དག་ལ་མི་དམངས་ཀྱིས་དད་པ་བྱ་ངེས་ཡིན། དེ་མིན་པར་ད་ལྟའི་གནས་སྟངས་བཞིན་ངན་པ་ལང་ཤོར་ཚོས་གྲྭ་ཆས་རེ་གྱོན་ནས་དགེ་སློང་ཡིན་མདོག་མདོག་འདིས་་་ཤཀྱའི་དགེ་སློང་གི་རྐང་ནས་འདྲེན་བཞིན་ཡོད། ངས་རེ་བ་ལྟར་བྱུང་ན་ངེས་པ་ཏུ་སྡོམ་པ་ཡོད་མེད་ཚན་རིག་གིས་ཐོག་ནས་ཞིབ་འཇུག་བྱ་དགོས།འཛམ་གླིང་གི་འགྲོ་བ་མིའི་རིགས་ལ་ཡིད་ཆེས་སྐྱེས་ཐུབ་པའི་དཔང་རྟགས་སྟོན་དགོས།
བོད་མ་ཤོར་གོང་ནས་རྒྱའི་རྒྱུགས་ཀྱི་རེད་ཨེ། རྒྱ་གུན་མིང་ཏང་གིས་ཁམས་ལ་བཙན་འཛུལ་བྱས་སྐབས་སུ་ངའི་ཕ་མེས་བསོད་ནམས་དབང་འདུས་་་ཏྲེའུ་དཔོན་གྱི་བློན་ཆེན་རེད་ལ་དམག་དཔོན་རེད། རྒྱ་གུན་མིང་ཏང་དང་ཉིན་བདུན་འཐབ་པའི་རྗེས་སུ་སྐུ་སྲོག་གུན་མིང་ཏང་གི་ལག་ཏུ་ཤོར་སོང་བ་རེད།
གུང་མིང་ཏང་གིས་སྐེ་བཅད་ནས་དབུ་ཏྲེའུ་ཟམ་པའི་ཐོག་ཏུ་བཀལ་བ་རེད། དུས་དེ་ནས་གུང་མིང་ཏང་གིས་དབང་སྒྱུར་བྱས་པ་རེད། ་ཤེས་སོང་ངམ། xxx
མི་རབས་ནས་མི་རབས་བོད་གངས་ཅན་པའི་ཆེད་དུ་ཚེ་སྲོག་གིས་འཐབ་རྩོད་བྱས་ནས་ཡོང་བའི་ཤ་རྩ་ཁྲག་རྒྱུད་ཡོད་པའི་བུ་ཞིག་ཡིན་མ་གཏོགས་རིག་གནས་གསར་བརྗེའི་སྐབས་སུ་ལྷ་རྐུབ་དགོན་རྐུབ་ཕུད་མཁན་གྱི་སྤྲང་རྒྱུད་ཤིག་མིན།
བློ་མཐུན་ཅོ་རི་འདི་དགེ་བཤེས་ཚོ་ལས་ཆོས་སྲིད་གཉིས་ཀར་མཁས་པ་འདུག དགེ་བཤེས་འདི་ཚོའི་སྒྲོ་འདོགས་དང་བསྐུར་འདེབས་ཀྱི་གོ་དོན་དང་དབྱེ་བ་ཧ་གོ་མེད་པ་འདྲ། ད་དུང་སྐུ་རླུང་བཞེངས་ནས་རྫུན་མིང་འོག་འཛུལ་ཟིན་པས། རྒྱུད་ཀྱི་སྡོམ་པའང་བརླག་ཚར་པ་འདྲ། ཐབས་སྐྱོ་བོ་རེད།
ཕ་དཔའ་བོའི་བུ་ལ་ཁྱི་འབོད་མ་འཐེན་ཞིག
རྟ་རྐྱང་པོའི་མགོ་ལ་རྟ་ལྕག་མ་རྒྱབ་ཤིག
བོད་གངས་ཅན་ལས་དབང་ཐུར་ལ་མ་འདེད་ཤིག
ཡུལ་གངས་ཅན་ར་བ་དགྲ་ལ་མ་སྤྲོད་རོགས།།།།
གཟུར་གནས་པ་ཅོ་རི་ལ་དྲ་འབུ་མང་པོ་དེ་འདྲས་རུབ་བརྒྱབ་ནའང་བརླག་ཁ་གི་མི་འདུག ཁྱེད་ཚོས་ཅོ་རི་ཁྱི་རྒན་དང་ཨ་མ་རྒན་མོ་ཞེས་དམའ་འབེབས་བྱེད་མོད། དོན་དུ་གྲྭ་སའི་དགེ་བཤེས་དེ་ཚོས་ཀྱང་རིགས་པ་བརླག་མི་ཁ་འདུག ཨ་མ་རྒན་མོ་ཁྱི་རྒན་ཞིག་ལ་དེ་འདྲ་གཅིག་རྒྱབ་གཅིག་ལངས་བྱེད་དགོས་དོན་གང་ཡིན་ནམ། ཅོ་རི་ཉི་མ་ནི་དྲང་བངེན་ལ་དགའ་མཁན་དང་ཉམས་ཆུང་ལ་རྒྱབ་སྐྱོར་དམངས་གཙོ་ལ་དགའ་ཞེན་མི་རིགས་ལ་ཤ་ཞེན། རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་གང་ཡང་བྱེད་ཕོད་པའི་མི་བུ་ཞིག་རེད་འདུག་པས་ཁྱེད་རྣམ་པས་རང་གི་རྩ་བའི་བླ་མར་གུས་བཀུར་མ་བྱས་པ་ཙམ་ལ་དེ་འདྲ་སྡང་ཟུག་བྱེད་པ་མཛེས་པོ་མ་མཐོང། རང་གི་ཆོས་ལུགས་བསྣུབ་མཁན་རེད་ཟེར་ནས་བོད་རྒྱལ་པོའི་སྐེ་ལ་དུག་མདའ་འཕེན་ནས་བོད་རྒྱལ་ཁབ་ལ་རྩ་གཏོར་དུ་བཏང་ཡོད། དེ་བཞིན་རང་གི་རྩ་བའི་བླ་མར་མ་གུས་པ་ཙམ་གྱིས་ཁྱོད་ཤི་ང་གསོན་བྱེད་དགོས་པའི་གནད་དོན་ཅིག་ཅང་འདུག་གམ
ཧཧཧ དེ་རིང་ཤེས་རབ་ལགས་ཀྱིས་ཅོ་རི་ལ་འགྲམ་ལྕགས་ཚ་ཐག་ཆོད་ཅིག་ཞུས་འདུག ཅོ་རིས་རིག་པ་གཏོང་མ་ཤེས་པར་བོང་བུ་བཞིན་དུ་སྐད་ཤུག་ཆེན་པོ་རེ་རྒྱབ་ནས་སྡད་འདུག ད་ཡིན་ན་ལྟད་མོ་འདུག ད་དུང་ཁོའི་ཕ་མེས་བསོད་ནམས་དབང་འདུས་རྒྱ་གུང་མིང་ཏང་གིས་སྐེ་བཅད་པ་དང་། མི་རབས་ནས་མི་རབས་བོད་གངས་ཅན་པའི་ཆེད་དུ་ཚེ་སྲོག་གིས་འཐབ་རྩོད་བྱས་ནས་བྱུང་བའི་མི་རྒྱུད་ཡིན་ཟེར། སྐད་ཆ་འདི་བདེན་ན་ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་ལོ་མ་ཞེས་པའི་དཔེ་བཞིན་ཅོ་རི་འདི་ཕ་མེས་བཟང་པོའི་ཞབས་འདྲེན་ཞུ་མཁན་ཞིག་ཡིན་པ་གསལ་པོ་རེད། རྒྱ་མཚན་ནི། ཕ་མེས་ཚོས་བོད་གངས་ཅན་པའི་ཆེད་དུ་རྒྱ་ནག་གཞུང་ལ་ཚེ་སྲོག་གིས་འཐབ་རྩོད་བྱས་ཀྱང་། བུ་སྡུག་ཅོ་རིས་རྒྱ་གཞུང་ཚིག་ཅིག་ཀྱང་མེད་པར་ཁོ་རང་གི་ཕ་མེས་ཚོས་དད་གུས་ཞུ་ཡུལ་གོང་ས་མཆོག་ལ་ཟུར་ཟ་སྐྱོན་བརྗོད་དང་། ཕ་མེས་ཚོས་གང་གི་ཆེད་དུ་ཚེ་སྲོག་གཏོང་སའི་བོད་གངས་ཅན་པའི་ཆོས་དང་རིག་གཞུང་ལ་སྨ་འབེབས་ཁོ་ན་གཏོང་ནས་དུས་ཟླ་བཞིན་འདུག
གང་ལྟར་ཅོ་རི་ཉི་མ་འདི་མི་རྩ་ཚང་མཁན་ཞིག་ཡིན་ན་སྤྱིར་བོད་མི་རིགས་ཀྱི་ཞབས་འདྲེན། དེ་ནང་ནས་ཀྱང་ཁམས་པ་མི་མང་གི་ཞབས་འདྲེན། ཏྲེ་ཧོར་ཡུལ་ལུང་གི་ཞབས་འདྲེན། ཕ་མེས་བཟང་པོ་ཚོའི་ཞབས་འདྲེན་རེད་ཅེས་ཐག་བཅད་ནས་བཤད་ཆོག་པ་ཁ་བརྡ་དྲ་ཐོག་གི་ཁོས་མཆན་རྣམས་ལ་ཞིབ་འཇུག་ཅིག་བྱས་ན་གསལ་པོ་ཆགས་ངེས།
ཅོ་རི་ཉི་མ་ཟེར་བ་འདིxxxx སྔ་མ་ཨོའུ་ཙམ་ཡོད། xxxxx མགོ་གོང་ས་མཆོག་ནས་གཞུགས་དོལ་ཚོགས་ལས་གཞན་པ་ཚང་མ་ཟ་གི་འཕྱ་གི
ལུང་རྟོགས་་་ཉོན་དང་། གོ་བ་བསྟན་པ་རྒྱལ་མཚན་གྱི་བུ་ཕུན་ཚོགས་ཟེར་བ་ཁོ་བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དུ་བཀོད་ཡོད་རེད། དཔའ་བོ་གོ་བ་བསྟན་པ་རྒྱལ་མཚན་ལགས་་་་་སྔོན་མ་གུན་ཁྲན་ཏང་དང་དམག་འཐབ་སྐབས་སུ་མེ་རྒྱོབ་བརྒྱབས་མཁན་རེད། ཕ་ཙན་དན་སྡོང་པོའི་བུ་རྒྱུད་ཆུ་ཤིང་ལོ་མ་བཟོ་བཞིན་ཡོད་པར་མཐོང་དུས་ངའི་སྙིང་ལ་ཟུག་བརྒྱབས་ཀིན་འདུག ཤེས་སོང་ངམ།
ངས་ཕུན་ཚོགས་ཟེར་བ་དེར་དྲ་ཐོག་ཏུ་མཐོང་པ་མ་གཏོགས་ཐུག་མྱངས་མེད་ལ་ངོ་ཤེས་མིན། ཁོང་གི་ཕ་དཔའ་བོ་གོ་བ་བསྟན་པ་རྒྱལ་མཚན་གྱིས་དམག་འཁྲུགས་སྐབས་ཀྱི་ལོ་རྒྱུས་གསལ་པོ་ཤེས་ཀྱིན་ཡོད། དེང་སང་ཕ་རྒྱུད་ཙན་དན་སྡོང་པོའི་བུ་རྒྱུད་ལ་ཆུ་ཤིང་ལོ་མ་བཙུགས་ཀིན་ཡོད་པ་ནི་མིག་མཐོང་ལག་ཟིན་རེད་དོ།།།
བྱས་སྟངས་འདི་དག་ཕྱིའི་དགྲ་བོས་བལྟས་ན་སེམས་པ་དགའ་དགོས་པ་དང་། ནང་གི་ཕུ་ནུ་ཡིས་བལྟས་ན་ཡིད་མུག་སྐྱེས་དགོས་པའི་གནད་དོན་མ་རེད་དམ།
ཁྱོད་ཚོས་ཁྱི་འབོད་སྐྱག་འབོད་འཐེན་སྟངས་ཀྱི་ཡ་རབས་བཟང་སྤྱོད་འདི་ག་ནས་སློབ་སྦྱོང་བྱས་པ་ཡིན་ཨ། ཡ་རབས་བཟང་སྤྱོད་བཤད་མཁན་གོང་ས་ཏ་ལའི་བླ་མས་རྩ་ནས་སློབ་སྦྱོང་བྱས་པེ། ཁྱོད་ཚོས་ང་ལ་ཞབས་འདྲེན་རེད་ལབ་ནས་ཨེ་་་ཧཧཧ
དགྲ་དམར་པོའི་རྩ་ཁྲིམས་འོག་ཏུ་མགོ་བཅུག་མཁན་འགྲོ་གི་ཟེར་མཁན་དེ་ཚོ་ཞབས་འདྲེན་མིན་ན་ང་ཞབས་འདྲེན་ཡིན་དོན་སྤུ་ཙམ་མེད་ད། ཁས་ལེན་གྱི་མིན།
བོད་ཆེན་པོའི་མི་རིགས་ཀྱི་རུས་རྐང་བཅག་མཁན་ང་མིན་ད།
ཅོ་རི་ཉི་མ་མཆོག་དང་། དོན་གྲུབ་ལེགས་སོགས་ལ་ཞུ་བ།
སྤྱོད་འཇུག་ལེའུ་༦པན།
་
འོན་ཏེ་སྐྱོན་ཏེ་གློ་བུར་ལ།
སེམས་ཅན་རང་བཞིན་དེས་པ་ནའང་།
འོ་ནའང་ཁྲོ་བར་མི་རིགས་ཏེ།
མཁའ་ལ་དུད་འཐུལ་བཀོན་པ་བཞིན།། ༤༠ །།
ཞེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ན།
་
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
ལྕེ་དང་ལུས་དང་སེམས་ཀྱང་ཀྱང་ཚད་མ་མིན།
གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།།།
་
ཆོས་ལ་ངེས་པར་སེམགས་པའི་བཟོད་པས། ཅོ་རི་མཆོག་གིས་ལན་རྒྱབ་པར་དགའ། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་དུ། ཀུན་གྱིས་ནོར་འཕྲུལ་བྱེད། ཆེད་དུ་བརྗོད་དུ་བརྗོད་པའི་ཚོམས་༢༥པ་ན།
་
བྱིས་པ་གང་ཞིག་བྱིས་པའོ་ཞེས།
ཤེས་པ་དེ་འདིར་མཁས་པ་ཡིན།
བྱིས་པ་གང་ཞིག་མཁས་སེམས་པ།
དེ་ནི་བྱིས་པ་ཞེས་བརྗོད་དོ།། ༢༢ །།
་
རང་ཉིད་མཁས་པར་སེམགས་ང་རྒྱལ་ཡོད་ན། རང་ཉིད་སྨད་པའི་འོས་སུ་འགྱུར།
་
མཁས་པ་དོན་གྲུབ་ཀྱིས་ལན་བྲིས་པར་བཀའ་དྲིན་ཆེ། དཔེ་ཆ་གཟིགས་པའི་ཉམས་མྱོང་བཟང་པོར་སྣང་། དྲི་དགོས་པའི་རྒྱ་མཚན་ཡང་གོང་སྨོས་གཞུང་དཔེ་ཨིན་འགྱུར་ལེགས་པ་ཞིག་དང་སྐད་གཉིས་ཤན་སྦྱར་དུ་ཡོད་པ་ཞིག ཨ་རིར་ལོ་མང་སྔོན་དུ། ཨིན་ཇི་བོད་སྐད་སྦྱོང་བ་མོ་ཞིག་གིས་སྟེར་པ་ཕན་ཐོགས་ཆེ་ཡང་ཀློག་ལོང་ཆེར་མེད། ད་དུས་སྟེས་དབང་གིས་མཐོང་ཡང་། ལང་གཤེགས་སམ། མདོ་སྡེ་དགོངས་འགྲེལ་གང་གི་ཡིན། ཤེས་འདོད་ཀྱིས་དྲིས།
་མི་སྐྱོད་རྡོ་རྗེས།
ཅེས་མང་དུ་འབྱུང་གཞན་ཡང་ནི།
་
ཇི་ལྟར་ནད་པ་ནད་པ་ལ། །
སྨན་པས་སྨན་རྣམས་གཏོང་བ་ལྟར།
དེ་བཞིན་སངས་རྒྱས་སེམས་ཅན་ལ།
སེམས་ཙམ་དུ་ཡང་རབ་ཏུ་གསུངས།།
་
ཞེས་པ་ལས། ཁྱེད་ཀྱིས་བཀོད་པ་ན། ཇི་ལྟར་ནད་པ་ན་བ་ལ། ཞེས་པ་དེ་བདེ་བར་སེམས། ཁྱེད་སྱིས་གསུངས་པ་ཇི་ལྟ་བ་བཞིན་དུ།
འཇུག་པར། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། ཅེས་པའི་འགྲེལ་པ་ན། ལུང་དེ་དག་མཆིས།
དེ་ཡང་རྣམ་ཤེས་ཚོགས་བརྒྱད་ལས། ཀུན་གཞི་རྣམ་ཤེས་དང་། ཉོན་ཡིད་རྣམ་གཉིས་ལ་ལེན་པའི་རྣམ་ཤེས་དང་། གཞན་དྲུག་པོ་ལ་འཇུག་པའི་རྣམ་ཤེས། ཞེས་པ་ཞིག་མ་ཡིན་ནམ་སྙམ། མུན་སྦྲུལ་དུ་སྨྲ་བ་ལས་རྒྱུས་ཆེས་ཆེར་མེད་པ་ལགས་སོ།
ཅ་ག་མ་དག་ཅོ་རི་ཉི་མ་འདི།།
ཅ་ཅོ་མང་བ་ཅོང་ཆེན་རྡུང་བ་འདྲ།།
ཅ་དག་ཤེས་རབ་ཉི་མ་གསལ་ཤར་ཚེ།།
ཅ་རིལ་བཞིན་དུ་ཁ་འཁུམས་ལག་པ་འཁུམས།།
ཅ་ལག་སྦོམ་པ་བོང་བུའི་སྤུན་ཡིན་ཞེས།།
ཅ་ཟིང་སྤུ་ཟིང་ཁ་བརྡའི་ནང་དུ་ངོམས།།
ཅི་ཙམ་བཤད་པ་ཚང་མའི་སེམས་ན་གསལ།།
ཅུ་གང་སྨན་ཐུན་གཅིག་ཙམ་ད་ནི་ཐོབ།།
ཅེ་སྤྱང་བཞིན་དུ་སྐད་ངན་འབོད་པ་ནི།།
ཅོ་རི་ཉི་མར་ཕན་པའི་རྟགས་ཡིན་འདྲ།།
བན་དེ་ཟླ་མེད། རྫུན་ལ་ཐོགས་མེད། དཀོར་གྱིས་ངོམས་མེད། ཆོས་དྲི་མི་འདུག
དུག་གསུམ་ཟླ་མེད་དེང་སང་ཟླ་མེད་དང་འགྲན་མེད་མང་པོ་འདུག དགོས་རྒྱུའི་དུག་ལྔ་དུག་གསུམ་མ་ཉམས་པར་དེ་དག་ལ་འངྲན་ཟླ་མེད་པར་ཆགས་འདུག
ཅོ་རི་བུ་ད་འུར་རྒྱག་གི་མ་འདུག དེ་ལས་སྔར་འགྱོད་འཕྱི་སྡོམ་གྱིས་རྒན་ལ་དྭགས་པའི་བཀའ་ཆོས་ཡག་པོ་ཉོན་དང་ཕྱི་མ་དམྱལ་བར་འགྲོ་མི་དགོས་ཙམ་ཞིག་ཡོང་ན་ཐང་།
ཅོ་རི་ནས། ཤེས་རབ་ལགས་་་་་མུ་མཐུད་ཁྱོད་སྒུག་བསྡད་ཡོད། མགྱོགས་པོ་ཕེབས་ཤོག་་་ཨ་ཟེར།
ང་བསྒུགས་ནས་གང་བྱེད། ང་ལ་དགོས་པ་ནི། གནད་ལ་ཁེལ་བའི་ལན་ཞིག་དགོས་པ་དེ་ཡིན། ངའི་རྩོམ་གྱི་མཇུག་མཐར། གོང་དུ་བཤད་པ་དེ་དག་ལ་ལན་གཡས་ཀྱོག་གཡོན་ཀྱོག་མེད་པར་གནད་ལ་ཁེལ་བ་ཞིག་རྒྱག་གམ། ཡང་ན་ད་ནས་བཟུང་ཇུས་མེད་ཇུས་གཏོགས་དང་འགན་འཁུར་མེད་པའི་སྐད་ཆ་ཁ་ནས་གང་ཐོན་དང་སེམས་ལ་གང་དྲན་མ་བཤད་པར་སྡོད། ཁྱོད་ཀྱིས་འདམ་ཀ་གྱིས་ཤིག།ཅེས་བཀོད་ཡོད། ད་བར་ཁྱོད་ཀྱིས་སྨྱོ་ལབ་དང་ཉབ་ཉོབ་མང་རོགས་ལས་གནད་ལ་ཁེལ་བའི་ལན་སྣ་གཅིག་ཀྱང་མི་འདུག
ཁྱོད་ནས་ངོ་སྤྲོད་བྱ་དགོས་ཟེར། ང་ནི་ཆབ་མདོ་ཤེས་རབ་མིན་ཞིང་། ཁྱོད་ཀྱི་རྨོངས་པ་སེལ་བའི་ཤེས་རབ་དེ་ཡིན། ད་གཟོད་ཁྱོད་ཀྱི་མུན་པ་ཅུང་ཟད་བསལ་ནས་འགྱོད་བཤགས་ཞུ་མུས་རེད་འདུག་ལ། ཅལ་འདྲོགས་ལ་དགའ་བ་དག་གིས་ཀྱང་ཁྱོད་ཀྱི་ངོ་གདོང་ངོ་མ་དེ་ཤེས་ཐུབ་ཡོད། དེ་ནི་ངས་རྩོམ་ཡིག་སྤེལ་བའི་དགོས་དོན་ངོ་མ་དེ་ཡིན། མི་འདི་དང་འདི་འདྲ་བས་མ་ཤེས་ཤེས་མདོག་གིས་རྒྱལ་བསྟན་ལ་རྨ་འབྱིན་དང་ལོག་བཤད་བྱས་དང་བྱེད་བཞིན་ཡོད། དེ་རིགས་དང་བསྟན་པའི་དགྲ་བོ་ཕྱི་ནང་གང་ན་ཡོད་ཀྱང་གདོང་ལྤགས་བཤུ་རྒྱུ་དང་རང་མཚང་དམར་རྗེན་དུ་འདོན་རྒྱུ་ནི། བསྟན་ལ་ཞུགས་པ་སྤྱི་དང་ལྷག་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཚོ་ལ་འགན་འཁྲི་ཡོད།།
དེས་ན་རྒྱལ་བསྟན་ལ་གཅིག་ཏུ་གཅེས་པ་དག་གིས་གཅིག་མཇུག་གཉིས་བསྟུད་ཀྱིས་རིགས་པའི་དྲག་ཆར་ཕབ་སྟེ་ཁོ་པ་ཅི་བྱ་གཏོལ་མེད་ཀྱི་གནས་ལ་གྱར་ཡོད། ཡང་ངན་པ་ལག་སྦྲེལ་དང་རྐུན་རྒྱབ་རྫུན་ལངས་མཁན་ལང་ཤོར་རེ་ཟུང་ནས་ཡོན་ཏན་ཡོད་པའི་ཟོལ་གྱིས་ངོ་བསྟོད་འདྲ་བྱས་ཏེ་སེམས་གསོ་ཡང་བྱེད་བཞིན་འདུག དེ་ལ་མཁས་གྲུབ་ཐམས་ཅད་མཁྱེན་པས། སྐྱེ་བོ་ཡོན་ཏན་མེད་ལ་ཡང་། །ཡོན་ཏན་ལྷག་པར་སྒྲོ་བཏགས་ནས། །གཅམ་བུ་ཁོ་ནའི་ངག་གིས་ནི། །མགུ་བ་ལྷུར་ལེན་ཚིག་ཏུ་སྨྲ། །ཞེས་གསུངས་པ་དེ་མ་འོངས་ལུང་བསྟན་རང་རེད་འདུག
སྤྱིར་དེང་སྐབས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་གཞུང་ཆེན་མོར་སློབ་གཉེར་དང་གོམས་འདྲིས་སོགས་གང་ཡང་མེད་པར་རྩོམ་ཡིག་ཁྱར་ཁྱོར་རེ་བྲིས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གླེང་མོལ་དང་རྒྱལ་བའི་མཛད་འཕྲིན་ལ་འགོག་རྐྱེན་དང་ཟུར་ཟ་བྱེད་མཁན་ཅོ་རི་ཉི་མ་དང་རྒྱལ་རོང་ཟེར་བ་སོགས་དོལ་ཚོགས་ཀྱི་དྲ་འབུ་དག་དང་དུས་བབ་ཀྱི་དོན་འགྲུབ་བཀྲ་ཤིས་ལྟ་བུ་མི་ཉུང་བ་ཞིག་ཡོད། བསྟན་འཛིན་རིག་གྲོལ་སྨྱོན་པ་དེ་ལ་རྒྱལ་བསྟན་ལ་དུང་ཞེན་དག་གིས་མཚང་དམར་རྗེན་འདོན་བཞིན་འདུག་པས་ཡི་རང་ཡོད།
ཅོ་རི་ཁྱོད་ཀྱིས་གནད་ལ་ཁེལ་བའི་ལན་གཅིག་ཀྱང་སྨྲ་རྒྱུ་མེད་ཀྱང་། ད་དུང་ངན་པ་ལང་ཤོར་གྱིས་ཡིག་ནོར་དང་ཟེར་རྒྱུས་ཕོངས་པ་རེ་ཟུང་བསྐྱར་ཟློས་བྱས་པར་ལ་དྭགས་བློ་འཇམ་ལྟ་བུ་ལའང་མཐོལ་བཤགས་ཞུ་དགོས་བྱུང་འདུག
ཁྱོད་ཀྱིས་རྣམ་པར་རིག་བྱེད་ཀྱི་གཟུགས་མེད་པའི་སྒྲུབ་བྱེད་དུ། གཟུགས་ཡིན་ན་མིག་གིས་མཐོང་དགོས་པ་དང་གློག་དཔར་བརྒྱབ་ནས་མཐོང་དགོས་ཟེར། འོ་ན་བར་དོ་བའི་གཟུགས་དང་གཟུགས་ཁམས་པའི་ལྷའི་གཟུགས་དང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཟུགས་རྣམས་གློག་དཔར་བརྒྱབ་རྒྱུ་ཡོད་དམ། དོལ་རྒྱལ་གྱི་གཟུགས་གློག་དཔར་བརྒྱབ་རྒྱུ་ཡོད་དམ། ཧ་ཧ།
སྤྱིར་གཟུགས་ལ་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་ཐོགས་བཅས་ཀྱི་གཟུགས་དང་། ཡིད་ཤེས་འབའ་ཞིག་གི་ཡུལ་དུ་གྱུར་པའི་ཐོགས་མེད་ཀྱི་གཟུགས་གཉིས་ཡོད་ཅིང་། ཕྱི་མ་དེ་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཟེར། དེ་འདྲའི་གཟུགས་གཉིས་ཡོད་པར་བྱེ་བྲག་སྨྲ་བ་ནས་དབུ་མ་ཐལ་འགྱུར་བའི་བར་རང་སྡེ་ཐམས་ཅད་ཀྱིས་ཁས་ལེན་ཀྱང་ཁྱེད་ཀྱིས་ཁས་མི་ལེན་ཟེར། ད་གྲུབ་མཐའ་ལྔ་པ་ཞིག་ཟུར་དུ་ཚུགས་ཤིག
སོ་ཐར་གྱི་སྡོམ་པ་རིག་མིན་གྱི་གཟུགས་ཡིན་པར་བྱེ་བྲག་སྨྲ་བར་མ་ཟད། གྲུབ་མཐའ་སྨྲ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བས་ཀྱང་བཞེད་ཀྱི་ཡོད། དབུ་མ་ཐལ་འགྱུར་བའི་གཞུང་ཕུང་པོ་ལྔའི་རབ་བྱེད་དུ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། གཟུགས་གང་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་གྱིས་ཤེས་པར་བྱ་བ་སྟེ། སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། བར་མས་བསྡུས་པ་དགེ་བ་དང་མི་དགེ་བའི་རྒྱུན་གྱི་ངོ་བོ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཞེས་གསུངས་ཡོད།
ཧ་ཧ། ད་ཅི་རི་ཉི་མས་དཀའ་སེ་རེད་ལེ་ཁོ་རེ། ཕ་རྒྱུད་ཙན་དན་སྡོང་བོ་ལ་བུ་རྒྱུད་ཆུ་ཤིང་ལོ་མ་འེ་་་ཅི་མ་བདེན།
མ་གཞི་གཞོན་ནུ་ཟླ་མེད་ལགས་ཀྱིས་ཐལ་བ་འཕངས་ཟིན་པ་ལྟར། ཁྱོད་ཀྱིས་སློབ་དཔོན་དབྱིག་གཉེན་གྱི་ལུང་རྫུས་མ་ཤེས་བྱེད་དུ་དྲངས་པ་ཁས་བླངས་དགོས་ལུགས་དང་། ངོས་ནས་ལུང་དངོས་གནས་ཤེས་བྱེད་དུ་དྲངས་པ་ཁས་མི་ལེན་ལུགས་ཟེར་བ་ནི། ཁས་བླངས་སྔ་ཕྱི་དང་རང་ཚིག་དངོས་ཤུགས་འགལ་བ་ཞེས་པ་དེ་འདྲ་ལ་ཟེར། ད་ལུང་རིགས་གཉིས་ཀ་ཁས་མི་ལེན་ཟེར་རམ། དེ་འདྲའི་རིག་རྒོད་ཅིག
(ཁྱོད་ཀྱིས་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཤིག་འཇོག་མ་ཐུབ་ན་་་དགེ་སློང་ ཚོའི་རྒྱུད་ཀྱི་སྡོམ་པ་དེ་ཡང་མིག་གིས་མཐོང་ཐུབ་པའི་གཟུགས་ཤིག་འཇོག་དགོས་ པས་་་སྡོམ་པ་ཡོད་མེད་གློག་དཔར་རྒྱག་ན་གྲྭ་ལོག་ཡིན་མིན་ཞིབ་འཇུག་བྱ་དགོས་པར་ ཁྱོད་ཀྱིས་ཁས་ལེན་དགོས་ཡོད་དོ།) ཞེས་ཁྱོད་ཀྱིས་ཐལ་བ་དེ་སུ་ལ་འཕེན་གྱི་ཡོད། ངས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཤིག་ཡོད་པ་དང་དེ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཡིན་པ་དང་། གཟུགས་ཡིན་ན་མིག་གིས་མཐོང་མི་དགོས་པར་བཤད་བཞིན་དུ། ཁྱོད་ཀྱིས་གཟུགས་ཡིན་ན་མིག་གིས་མཐོང་དགོས་པ་དང་གློག་དཔར་བརྒྱབ་ནས་མཐོང་དགོས་པར་ཐལ་བ་འཕེན་པ་ཧ་ཧ། མཆིལ་མ་གནམ་འཕངས་རང་གི་གདོང་དང་། གླང་རྒན་ས་གཤགས་རང་གི་གཉའ་ཞེས་པ་རང་རེད།
ཅོ་རི་ཁྱོད་ཀྱིས་ཡི་གེའི་གཟུགས་དང་གཟུགས་བརྙན་ཙམ་གྱི་ཁྱད་པར་ཡང་འབྱེད་ཤེས་ཀྱི་མི་འདུག དངོས་པོའི་དབྱེ་བ་ཙམ་ཡང་འཇོག་ཤེས་ཀྱི་མི་འདུག སྒྲོ་སྐུར་ནི་དེ་བས་ཀྱང་ག་ནས་ཤེས།
ཁྱོད་ལྟར་ན་བྱད་བཞིན་གྱི་གཟུགས་བརྙན་དང་བྱད་བཞིན། ཟླ་བའི་གཟུགས་བརྙན་དང་ཟླ་བ་སོགས་ཁྱད་མེད་དུ་ཐལ་བས། གཞུང་ལུགས་བརྒྱ་ཕྲག་མང་པོ་ལས། འཇིག་རྟེན་ལ་གྲགས་པའི་རྫུན་པའི་དཔེར་གཟུགས་བརྙན་བཀོད་པའང་མི་འཐད་པར་ཁས་ལོངས་ལ་བ་གླང་གི་ཁྲོད་དུ་རྒྱུགས་ཤིག།
གནད་ལ་ཁེལ་བའི་ལན་མེད་ན་ཁ་བཙུམས་སྡོད་ཅེས་ངས་དང་པོ་ནས་བཤད་ཡོད། ཁྱེད་ནས་མ་ཤེས་ཤེས་མདོག་གིས་གང་དང་གང་བཤད་ཐམས་ཅད་ཁྱེད་རང་ཉིད་ཀྱི་སྐྱོན་ཇེ་གསལ་དང་ཇེ་མང་དུ་འགྲོ་བའི་རྒྱུ་ལས་མ་འདས་པས་སོ་སོས་སོ་སོར་བསམ་མནོ་ཐོངས། སླད་ཕྱིན་རྩོམ་ཡིག་གི་དྲི་བར་གནད་ལ་ཁེལ་བའི་ལན་ཞིག་མ་བརྒྱབ་བར་ཁྱོད་ལ་ཁ་ཡ་མི་བྱེད་དོ།།
དགེ་འཇམ་དཔལ་ལགས། ཀུན་གཞི་རྣམ་ཤེས་ལེན་པའི་རྣམ་ཤེས་ཡིན་ཀྱང་ཉོན་ཡིད་ལེན་པའི་རྣམ་ཤེས་སུ་གཞུ་གང་དུ་ཡང་ཐོང་མ་སོང། ཀུན་གཞི་ལ་ལེན་པའི་རྣམ་ཤེས་ཟེར་དགོས་དོན་ནི་ཉིང་ཚམས་སྦྱར་བའི་གནས་སྐབས་སུ་ལུས་ལེན་མཁན་གྱི་རྣམ་ཤེས་ཡིན་པས་ན་ལེན་པའི་རྣམ་ཤེས་བརྗོད་པ་རེད།
དགེ་འཇམ་དཔལ་ལགས། ཀུན་གཞི་ལེན་པའི་རྣམ་ཤེས་ཡིན་ཀྱང། ཉོན་ཡིད་ལེན་པའི་རྣམ་ཤེས་སུ་གཞུང་གང་དུ་ཡང་མཐོང་མ་སོང། ཀུན་གཞི་ལ་ལེན་པའི་རྣམ་ཤེས་བརྗོད་དགོས་དོན་ནི། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་སུ་ལུས་ལེན་མཁན་གྱི་རྣམ་ཤེས་ཡིན་པས་ན་ལེན་པའི་རྣམ་ཤེས་ཞུ་བ་རེད་འདུག
ཤེས་རབ་ཕ་བཟང་བུ། ཤིན་ཏུ་ལེགས་གནད་འགག་འཇུས་སོང་། ཅོ་རི་ཧཧཧཧ། ད་བསྡད་ན་དགའ་ཡོང་།
ད་དྲ་འབུ་མང་པོ་ཞིག་གིས་བུ་ཅོ་རི་ལ་ཁ་གདུང་དང་ངན་སྨྲས་ཚད་ལས་རྒལ་བ་བྱེད་ཀྱི་འདུག མ་གཞི་བོད་ཀྱི་ཡི་གེ་རྣམས་ཀྱིས་རིག་པ་དང་རྒྱུ་མཚན་གྱིས་གླག་མི་ཁེལ་དུས་རྒྱལ་ཚོང་བ་དང་༧གོང་ས་མཆོག་ལ་ངན་སྨྲས་བྱེད་མཁན། ད་དུང་དོ་རྒྱལ་ཚོགས་པ་སོགས་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་ནི་སྲོལ་ངན་ཞིག་ཡོད། དུས་རབས་འདི་འདྲ་ཞིག་ལ་སླེབས་ཀྱང་ད་དུང་སྲོལ་ངན་དེའི་ལམ་དུ་བསྐྱོད་བཞིན་ཡོད་པར་རེད། གང་ལྟར་དྲ་འབུ་ཚོ་བང་བུ་ངུ་ངུ་བྱས་ཀྱང་བུ་ཅོ་རི་ཡི་གཏམ་ལ་ལན་ཕོག་རྒྱུ་ལྟ་ཞོག རང་ཉིད་ཀྱི་ཀྱི་མི་གཤིས་ངན་པ་ཕྱིར་གཏོན་བྱེད་ཙམ་ལས་ཅི། ཧ་ཧ་ཧ།
ང་དང་ང་ཞེས་འདྲ་བ་མང་པོ་ཞིག་འཛམ་བུ་གླིང་འདིར། མི་གྲལ་ལ་ཚུད་དགོས་ན་༧གོང་ས་མཆོག་གི་མཚན་ནས་ཚུད་འགྲོ་ཡི་འདུག མཐོང་ཆེན་དགོས་ན་ཁོང་བཀྲིན་ཅན་གྱི་མཚན་ནས་ཚུད་འགྲོ་ཡི་འདུག མིའི་རང་ལ་ཡིད་ཆེས་ཡང་སྐྱབས་མགོན་ཁོང་གི་མཚན་ནས་ཐོབ་ཡོང་གི་འདུག མཐོང་ཆེན་དང་ཡིད་ཆེས་རྒྱུད་ནས་ཚོང་ལམ་འགྲོ་ཡག་ཀ ཟས་བཅུད་མངར་བཟང་བ། ས་གནད་མལ་བདེ་བ་བཅས་སྒོ་གང་ས་ནས་བདེ་སྐྱིད་བྱུང་བ་དངོས་ཤུགས་རྒྱུད་གསུམ་ནས་ཁོང་རྣམ་འདྲེན་དམ་པའི་བཀྲིན་ལས་ཡིན། དངུལ་རྒྱུ་ནོར་རང་ལ་ཡོད་ནའང་དེ་ལྟ་བུ་བདེ་སྐྱིད་མེད་པ་ཧ་ཅང་མང་།
ཕ་མས་དྲིན་བརྒྱ་ཐམ་པ་བསྐྱངས་ནས་སྐྱོན་སྣ་གཅིག་མཐོང་བ་འདི་ཡང་ཡང་མ་ནི་བཞིན་བགྲང་པ་གཞི་མེད་སྐུར་འདེབས་མ་ཡིན་རུང་། སྤྱོད་ངན་ངོ་སོ་ཡིན་ཁོ་ཐག་རེད། གང་ཡིན་ཟེར་ན་སྐྱོན་གཅིག་གི་དྲིན་བརྒྱ་ཐམ་པ་བརྗེད་སོང་བ་ཡིན་པའི་ཕྱིར། ལར་ནས་སྐྱོན་མཐོང་བ་ཡང་རང་གི་སྣང་ངོར་ངེས་པ་མེད་པས་ནོར་བའང་སྲིད།
དྲང་མོར་བཤད་ན་ངས་ཅོ་རི་འདི་མི་དྲང་མོར། མཆན་ཁ་ཤས་ཀློག་མྱོང་། མང་པོ་ཀློག་མ་མྱོང་། ཁ་རི་ཁ་ཐུག མ་ཟད་བཤད་ཕོད་པ། ལྷག་པར་ཏུ་ཁྱད་ཆོས་ཞིག་ཡོད་པ་ནི་ཚིག་སྦྱོར་ལ་ཐོག་པ་མེད་པ། བོད་མིའི་གཤིས་ཀ་ཤ་རྐང་རུས་རྐང་ལ་ཡོད་པ་འདྲ་ཞིག་མཐོང་སོང་། མ་ཟད་གཞུང་ཆེན་ཁག་ལ་སྦྱང་བའི་གོ་སྐབས་ཡོད་ན་དང་། བཤེས་གཉེན་དམ་པ་ཞིག་དང་ཕྲད་ན་རེ་བ་ཡང་ཡག་པོ་ཡོད་ས་རེད་དྲན་ཡོད། འོན་ཀྱང་དེ་རིང་གོང་གི་རྩོམ་ཡིག་འདི་ཀློག་སྐབས་དོ་སྣང་ཅུང་ཟད་བྱུང་། ༼བླ་གོག་སྤྲུལ་གོག་དང་གར་བའི་ས་དུང་བྷ་བྷ་དེ་ཚོའི་ལུང་ངས་ཁས་ལེན་གྱི་མིན།༽ སུ་ཡིན་མིན་ཐད་ལ་བསམ་གཞིག་བྱས་ན། ༡༽ བླ་གོག་ཟེར་བ་དེ་སུ་ཡིན་མིན་ཤེས་རབ་ཀྱི་རྩོམ་ཡིག་ཀློག་སྐབས་ཤེས་རབ་ཀྱིས་རྗེ་བླ་མའི་ལམ་རིམ་ཆེན་མོའི་ལུང་དྲང་འདུག་པས་ཁོང་གིས་ཁས་མི་ལེན་པའི་བླ་གོག་དེ་རྗེ་བླ་མ་རེད་འདུག ༢༽ ཁས་མི་ལེན་པའི་སྤྲུལ་གོག་ཟེར་བ་དེ་ཤེས་རབ་ཀྱིས་༼ཅོ་རི་ཁྱོད་ལ་གནས་ཚད་འདི་ཙམ་ལས་མེད་ཀྱང་རྒྱུན་དུ་༸གོང་ས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཟུར་ཟ་དང་སྐུར་འདེབས་སྒྲོག་བཞིན་ཡོད། ཁྱེད་ཚོས་དམར་པོའི་འོག་ལག་གཡོག་རྒྱུག་རྒྱུ་ལས། སངས་རྒྱས་ཀྱི་བསྟན་པ་དང་བོད་མིའི་སྤྱི་དོན་ལ་ཕན་པའི་ལས་དོན་སྣེ་གཅིག་འདི་ཡིན་ཞེས་སྟོན་རྒྱུ་གང་ཡོད། སྙིང་རྗེ། མི་ཚེ་སྟོང་ཟད་རང་རེད།༽ ཅེས་བྲིས་པ་འདི་ལ་གཟས་འདུག་ན་ཁས་མི་ལེན་པའི་སྤྲུལ་གོག་དེ་༧གོང་ས་མཆོག་ལ་གཞན་ལ་འགྲོ་ས་མི་འདུག ༣༽ དེ་ནས་ཁས་མི་ལེན་པའི་གར་བའི་ས་དུང་བྷ་བྷ་ཟེར་བ་འདི་རྒྱ་གར་པ་ཟེར་བ་འདྲ། དེ་ནི་ཤེས་རབ་ཀྱིས་སློབ་དཔོན་དབྱིག་གཉེན་གྱིས་ལུང་དྲང་པ་དེ་ལ་བཤད་ཀྱི་ཡོད་པ་འདྲ། འོན་ཀྱང་དེ་ལྟར་ཡིན་མིན་ཁོང་གིས་གསལ་ཁ་བཏོད་ན་ཡག་ས་རེད། ཁས་མི་ལེན་པའི་བླ་གོག་དང་སྤྲུལ་གོག གར་བའི་ས་དུང་བྷ་བྷ་གསུམ་པོ་དེ་སུ་སུ་རེད། དྲི་བ་འདི་ནི་ཁོང་གི་བཤད་པ་དང་འབྲེལ་བ་ཡོད་ཀ རྒྱ་མིའི་སོ་བ་ཡང་ཟེར་གི་མེད་ལ། དོལ་རྒྱལ་རྗེས་འབྲང་ཡང་ཟེར་གི་མེད།
ཐོག་མར་གཞོན་ནུ་ཟླ་མེད་ཞུ་བ་ལགས་སུ་ཡིན་མིན་གསལ་ཁ་མ་བྱུང་ན། ཅོ་རི་ནི་གཟུགས་ཅན་ཞིག་ཡིན་པས་གཟུགས་མེད་ཀྱི་སྡེ་ལ་ལན་རྒྱག་དགོས་དོན་མི་འདུག་སྙམ།
རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་མི་དམངས་ལ་རྒྱལ་ཁབ་ཀྱི་དབུ་འཛིན་དང་གཞུང་དང་སྒྲིག་འཛུགས་གང་ལའང་བཟང་ངན་གྱི་སྐད་ཆ་ཤོད་ཆོག་པ་རེད། བོད་མི་ཡིན་ནའང་ཅིས་མི་བཤད་མི་ཆོག སྟོན་པ་སངས་རྒྱས་དང་གོང་ས་མཆོག་གིས་ཀྱང་སློབ་མས་བླ་མ་བརྟག་པ་དང་བླ་མས་སློབ་མ་བརྟག་པ་སོགས་དགོས་ཚུལ་མང་པོ་གསུངས་ཡོད། ལྷག་པར་དུ་སངས་རྒྱས་ཀྱི་ཡོན་ཏན་ཕྱི་རུ་མངོན་པར་བྱེད་པོ་ནི་སྐབས་དེའི་བདུད་རིགས་རྣམས་ཡིན་པ་ལས་ཅི་གསུང་བཀའ་བསྒྲུབ་ཞུ་མཁན་གྱི་སློབ་མ་དེ་རིགས་མིན་པ་རེད། དཔེ་དེ་ག་ནང་བཞིན་རེད། སྔར་བོད་བཙན་པོའི་སྐབས་སུ་རྒྱལ་པོར་ཚིག་ངན་པ་བརྗོད་ན་ལྕེ་བཅད། རྒྱལ་པོའི་དཀོར་ནོར་རྐུས་ན་ལག་པ་བཅད། རྒྱལ་པོའི་བཙུན་མོར་སྤྱད་ན་ཕོ་རྟགས་བཅད་ཚུལ་སོགས་ཡོད་པས་དེ་འདྲ་ཡིན་ན་བྱེད་འདོད་ན་གནས་ཚུལ་ཁ་ཁ་རེད། འོན་ཀྱང་ད་ནི་ང་ཚོ་དུས་རབས་ཉེར་གཅིག་གི་ནང་དུ་ཡོད་པས་དེ་འདྲ་བྱེད་ཕོད་མཁན་མེད་ལ་ཡོད་ཀྱང་འཛམ་གླིང་གིས་འཕྱ་དམོད་བྱེད་རྒྱུ་ཉག་ཅིག་རེད།
ངའི་སྐོར་ལ་བྲིས་པ་འདྲ་བའི་མཆན་ཁ་ཤས་འདུག དེ་དག་ལ་ལན་ཕུལ་དགོས་རྒྱུ་རེད། ༡༽ཀརྨ་བློ་གསལ་ནས། ༼བན་དེ་ཟླ་མེད། རྫུན་ལ་ཐོགས་མེད། དཀོར་གྱིས་ངོམས་མེད། ཆོས་དྲི་མི་འདུག༽ ཚིག་སྦྱོར་དང་ནང་དོན་གཉིས་ཀའི་ཆ་ནས་གནད་ལ་འཁེལ་འདུག བཀའ་དྲིན་ཆེ། འདི་ཆོས་ཕྱོགས་ནས་བསམ་བློ་བཏང་ན་ད་དུང་བན་གཟུགས་ཟླ་མེད་ཟེར་ནས་བཅོས་ན་འོས་མཚམས་འདུག རྫུན་ལ་ཐོགས་མེད་འདི་ཕན་པ་མེད་ན་དང་རང་ཁོ་ནའི་དོན་དུ་རྫུན་བཤད་ཀྱི་མེད། ཚིག་ཕྱི་མ་གཉིས་ངོ་ནས་མཚང་ལ་ཕོག་འདུག ད་དུང་མུ་མཐུད་ནས་འདི་འདྲ་འབྲི་བ་ལ་རེ་བ་ཡོད།
༢༽ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།: ༼དུག་གསུམ་ཟླ་མེད་དེང་སང་ཟླ་མེད་དང་འགྲན་མེད་མང་པོ་འདུག དགོས་རྒྱུའི་དུག་ལྔ་དུག་གསུམ་མ་ཉམས་པར་དེ་དག་ལ་འངྲན་ཟླ་མེད་པར་ཆགས་འདུག༽ འདི་ཚིག་སྦྱོར་མི་ཡག་གི ད་དུང་ཡིག་ནོར་མང་གི ནང་དོན་གྱི་ཆ་ནས་ཅུང་ཟད་ཡག་གི་མོད། འོན་ཀྱང་ངའི་གོང་གི་མཆན་བཏབ་པ་རྣམས་དང་འབྲེལ་བ་མེད་ཀི
༣༽ ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།: ༼ཐོག་མར་གཞོན་ནུ་ཟླ་མེད་ཞུ་བ་ལགས་སུ་ཡིན་མིན་གསལ་ཁ་མ་བྱུང་ན། ཅོ་རི་ནི་གཟུགས་ཅན་ཞིག་ཡིན་པས་གཟུགས་མེད་ཀྱི་སྡེ་ལ་ལན་རྒྱག་དགོས་དོན་མི་འདུག་སྙམ།༽ འདི་ནི་ངའི་སྨྱིག་མིང་བེད་སྦྱོད་བཏང་བ་ལ་བཤད་ཀྱི་ཡོད་པ་འདྲ། སྨྱིག་མིང་བཏགས་ན་ལན་འདེབས་དགོས་དོན་མེད་ན། ཁྱེད་རང་གིས་ལན་བརྒྱབ་འདུག་ཀ ངའི་དྲི་བ་དག་ལ་ལན་མ་ཕོག་ན་ཡང་ངའི་བྲི་བ་དག་ལ་ལན་བཏབ་འདུག་ཀ ཁྱོས་གཟིགས་མེད་ལ་ལན་འདེབས་ལ། ཅོ་རིས་གཟུགས་མེད་ལ་ལན་འདེབས་མི་དགོས་པའི་རྒྱུ་མཚན་ཅི། ཡང་ཤེས་ནི་མ་རེད། སྡུག་དེ།
གཞོན་ནུ་ཟླ་མེད་རྣམ་དཔྱོད་ལྡན་པའི་སློབ་དཔོན་ཞིག་ཡིན་ཀྱང་། བོད་སྤྱིའི་སྐད་ལ་མཉམ་པར་མ་བཞག་པར་ཁ་སྐད་བཀོལ་བ་མང་བས་བོད་པ་ཡོངས་ལ་ཕན་ཐོགས་དཀའོ།
ད་སླེབས་སོང་། ངན་པ་དཔུང་སྒྲིག་ནས་བཟང་པོའི་གཉའ་གནོན་པར་སླེབས་སོང་། ལྷ་སྡེ་ཁྱོད་ཚོར་གཟུགས་ཡོད་ཀྱང་མི་གཟུགས་མེད་པ་ང་ཚོས་ཤེས་ཡོད། གཞོན་ནུ་གཟུགས་མེད་ཡིན་པ་ཁྱོད་ཀྱིས་ལིང་ཏོག་གིས་སྒྲིབ་པ་རེད་ལ་ཅོ་རི་གཟུགས་ཅན་ཡིན་པ་ཁྱོད་ཀྱི་ཞེན་པས་སྒྲུབ་པ་རེད། དོན་དངོས་ཐོག་ཁྱོད་ཚོས་བོད་མི་དམངས་ཁ་ལ་འཁྱེར་ནས་བོད་མི་དམངས་ཀྱིས་དགའ་གུས་ཚད་མེད་བྱེད་ས་དེར་ཁྱེད་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་ངོ་ལོག་གི་རྣམ་པ་བསྟན་པ་ནི་བོད་མི་དམངས་ཀྱི་མངོན་འདོད་དང་རྒལ་བ་རེད་ལ། ཁྱེད་ཚོ་རང་ཉིད་ཀྱང་བོད་མི་དམངས་ཀྱི་མིག་ལམ་ན་མི་མཛེས་པའི་ཕོ་རོག་དཀར་པོར་འགྱུར་བ་རེད། དེ་ཤེས་པར་གནང་ནས་རྗེས་ཕྱོགས་བོད་མི་དམངས་ཀྱིས་ཁ་ལོ་བཅུན་མི་དགོས་པར་རང་ངོ་རང་གིས་ཤེས་པར་གནང་ནས་ཅི་མཛད་བོད་མི་དམངས་ཀྱི་བློ་ཁ་དང་མཐུན་པ་གནང་རྒྱུ་ནི་ཁྱེད་ཚོར་མཁོ་བའི་དུས་ཐོག་ཆར་པ་ཡིན་པར་སོམས།
དགེ་བཤེས་ཤེས་རབ་ལགས། བསླེབས་འདུག་ཀྱང་། ངས་རེ་བ་ལྟར་རང་ཉིད་ངོ་སྤྲོད་ཙམ་ཡང་བྱས་མི་འདུག སྤྱི་སྟངས་ཀྱི་མི་གཉིས་ཀྱིས་སྐད་ཆ་འགོ་འཛུགས་དུས་ཀྱང་དང་པོར་ངོ་སྤྲོད་བྱེད་རེའི་བྱས་ནས་དེ་ནས་སྐད་ཆ་བཤད་ཀྱི་རེད། ལྷག་པ་ཏུ་ཤེས་ཡོན་གྱི་གནས་ཚོད་མཐོ་བའི་ནུས་ཕྱོགས་པའི་ཡུལ་གྱི་མི་རྣམས་ཀྱིས་རང་ཉིད་ང་སྤྲོད་བྱས་པ་ནི་འགྲོ་སྟངས་རེད།
ཡིན་ཀྱང་་་ཁྱོད་ཀྱིས་འགྲོ་བ་མི་སྤྱིའི་འགྲོ་ལུགས་ལྟར་མིན་པར་ངོ་སྤྲོད་མི་བྱས་ནས་སྐད་ཆ་བཤད་ཀྱི་ཡིན་ཟེར་གི་ཡོད་རེད། ཁྱོད་ཀྱིས་རང་ཉིད་ངོ་སྤྲོད་ཙམ་ཡང་བྱེད་མི་ནུས་པའི་གནད་དོན་གང་ལ་ཐུག་སོང་ངམ། བ་གླང་གི་རྫིའུ་ཞིག་ཡིན་ནའང་ངོ་སྤྲོད་ནུས་ཀྱི་རེད་བསམས་ཀྱི་འདུག ངས་ཡང་བསྐྱར་རེ་བ་ལ་ཁྱོད་ཀྱིས་ངོ་སྤྲོད་ཤིག་གནང་བའི་རེ་བ་ཡོད།། དེ་ཡང་རྫུན་བཤད་ཙམ་མིན་པར་དཀོན་མཆོག་དཔང་བཙུགས་ཐོག་ནས་གནང་རོགས་བྱོས།
གཉིས་པ། རྩ་བའི་དམ་བཅའ་གྱི་ཐོག་ཏུ་བཤད། ཁྱོད་ང་ལ་དགག་པ་རྒྱབ་མཁན་བསླེབས་པ་རེད། ངའི་རྩ་བའི་དམ་བཅའ་ལ་དགག་མཁན་བསླེབས་པ་རེད། ངའི་རྩ་བ་དམ་བཅའ་ནི་་་གཟུགས་ཡིན་ན་མིག་གིས་མཐོང་པའི་ཁྱབ། སྒྲ་ཡིན་ན་རྣ་བས་གོ་པའི་ཁྱབ། མིག་གིས་མི་མཐོང་བའིི་གཟུགས་ཁས་ལེན་གྱི་མིན། རྣ་བས་མི་གོ་བའི་སྒྲ་ཞིག་ཁས་ལེན་མིན་ཟེར་བ་འདི་ངའི་རྩ་བའི་དམ་བཅའ་རེད། འདིར་དགག་ཐུབ་ན་ཅོ་རི་དགག་ཐུབ་པ་རེད། འདིར་དགག་མ་ཐུབ་ན་ཅོ་རི་དགག་མ་ཐུབ་པ་རེད། རིག་རྒོད་རིར་ཤོར་རེད།
མིག་གིས་མཐོང་གྱི་མེད་པའི་གཟུགས་ཅན་དངོས་པོ་ཞིག་ཡོད་ཟེར་བ་ནི་སྤྱི་འཛམ་གླིང་མི་དམངས་དང་ལྷག་པ་ཏུ་ཚན་རིག་པས་ཁས་མི་ལེན། བ་གླང་གི་རྫིའུ་ཞིག་གིས་ཀྱང་ཁས་མི་ལེན།
ཤེས་རབ་ལགས་ཀྱིས་་་་འོ་ན་བར་དོ་བའི་གཟུགས་དང་གཟུགས་ཁམས་པའི་ལྷའི་གཟུགས་དང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཟུགས་རྣམས་གློག་དཔར་བརྒྱབ་རྒྱུ་ཡོད་དམ། དོལ་རྒྱལ་གྱི་གཟུགས་གློག་དཔར་བརྒྱབ་རྒྱུ་ཡོད་དམ། ཧ་ཧ།ཞེས་བཤད་འདུག
ལན། ལྷའི་གཟུགས་དང་ཀླུའི་གཟུགས། དོལ་རྒྱལ་གྱི་གཟུགས་ཟེར་བ་ཞིག་ཅོ་རིས་ཁས་ལེན་གྱི་མིན། འདི་དག་གཟུགས་མེད་ཀྱི་ལྷ་འདྲེ་ཡིན་པ་ལས་་་་གཟུགས་ཅན་གྱི་གང་ཟག་ཞིག་མ་རེད། འདི་ནི་བ་གླང་གི་རྫིའུ་ཞིག་གིས་ཀྱང་ཤེས་ངེས་ཡིན།
ད་་་ཁྱོད་ཀྱིས་མིག་གིས་མཐོང་མེད་པའི་གཟུགས་ཅན་དངོས་པོ་ཞིག་ཡོད་ཟེར་བ་ལ་རྒྱུ་མཚན་དང་དཔང་རྟགས། གཏན་ཚིགས་རིག་པའི་སྒྲུབ་བྱེད་དགོས་པ་མ་གཏོགས་ཡོད་ཟེར་ནས་ཨུ་ཚུགས་བརྒྱབས་ན་མི་ཕན།
# 59 ཤེས་རབ།་ལགས་ཀྱིས་མཆན་བཏབ་པ།:
October 2nd, 2014 at 12:22 PM
ཅོ་རི་ཁྱོད་ཀྱིས་ཡི་གེའི་གཟུགས་དང་གཟུགས་བརྙན་ཙམ་གྱི་ཁྱད་པར་ཡང་འབྱེད་ཤེས་ཀྱི་མི་འདུག དངོས་པོའི་དབྱེ་བ་ཙམ་ཡང་འཇོག་ཤེས་ཀྱི་མི་འདུག་་་ཅེས་བཤད་འདུག
ཡི་གེའི་གཟུགས་དང་ཡི་གེའི་གཟུགས་བརྙན་གཉིས་གཅིག་པ་ཡིན་ཟེར་གྱི་ཡོད། ཡི་གེ་སྒྲ་ཡིན་དུས་རང་ངོས་ནས་གཟུགས་མེད་པས་ཡི་གེའི་གཟུགས་དང་ཡེ་གེའི་གཟུགས་བརྙན་གཉིས་ལ་ཁྱད་པ་མེད་ཟེར་གྱི་ཡིན། བུམ་པ་ལྟ་བུ་ཡིན་ན་རང་ངོས་ནས་གཟུགས་ཡོད་པས་བུམ་པའི་གཟུགས་དང་གཟུགས་བརྙན་གཉིས་མི་འདྲ་ལབ་གྱི་ཡིན་ནོ།
མིག་གིས་མཐོང་ཡ་མེད་པའི་གཟུགས་ཅན་དངོས་པོ་ཞིག
ཡོད་པའི་ཡོད་ལུགས་ཁྱོད་ཀྱིས་དཔང་རྟགས་མ་ཐུབ་ན།
བ་གླང་རྫིའི་ལས་ཀྱང་ངན་པ་ལང་ཤོར་རེད།
ཁྱོད་རང་བ་རྫི་འགྲོ་བའི་དུས་ལ་བབ་བཞིན་འདུག་་་་་་་་་་་་་་་་ཧཧ
ད་་་ཁྱོད་ཀྱིས་མིག་གིས་མཐོང་༼ཡ༽མེད་པའི་གཟུགས་ཅན་དངོས་པོ་ཞིག་ཡོད་ཟེར་བ་ལ་རྒྱུ་མཚན་དང་དཔང་རྟགས། གཏན་ཚིགས་རིག་པའི་སྒྲུབ་བྱེད་དགོས་པ་མ་གཏོགས་ཡོད་ཟེར་ནས་ཨུ་ཚུགས་བརྒྱབས་ན་མི་ཕན།་་ཞེས་བཅོས་རོགས་་་བྱོས་་་མ་གཏོགས
དགེ་བཤེས་ཤེས་རབ་ཚིག་སྤུ་ཐོགས་ལ་དགའ་བའི་གང་ཟག་ཞིག་ཡིན་དུས་་་་ཚིག་སྤུ་ཐོགས་ནས་དོན་དམར་བཞག་བཞག་གི་རེད་བསམས་པས་ཡིན།།།
ཕྲ་མོ་འོད་རིམ་གྱི་གཞལ་ཐག་ན། འགྲོ་མིའི་མིག་ཤེས་ཀྱིས་བཟུང་ཁམས་ནི་400nm་ནས་750nmབར་ཙམ་རེད། དེ་ཡི་སྣེ་གཉིས་ན་བཟུང་བར་མི་ཐུབ་འོད་རིམ་གྱི་གཟུགས་ཁམས་ནི་མཚན་རིགས་ཀྱི་གོམ་དང་མཉམ་དུ་སྤོས་ནས་འགྲོ་བཞིན་ཡིན་པ་རེད།
ཕྲ་མོ་སྒྲ་འཛིན་གྱི་རླབས་བརྡ་ན་ཡང་། སྒྲ་དེ་ཡང་བཞིན་དུ། འགྲོ་མིའི་རྣ་ཤེས་ཀྱིས་གོ་ཁམས་ནི་20hz་ནས་20,000hzབར་ཙམ་རེད། མཚན་རིག་གི་གཞལ་བྱ་འདི་དག་གང་རུང་གི་ཕ་རོལ་ན་གནས་བའི་གཟུགས་སྒྲ་ནི། མིག་གིས་མཐོང་ཡ་མེད་པའི་གཟུགས་སྒྲ་མིན་ན་ཅི་རེད། རྟུལ་རྒན་ཚོ། ཧ་ཧ་ཧ།
དཀར་མཛེས་གངས་ཕྲུག་ལགས།
ཁྱོད་ཀྱིས་ང་ཅོ་རིའི་ལོ་རྒྱུས་ཁ་བརྡའི་ཐོག་ཏུ་འགོད་ཀྱི་ཡིནལབ་ཀྱི་འདུག དེར་བརྟེན་སྐད་ཆ་ཚིག་གཉིས་བཤད་ཀྱི་ཡོད། ཅོ་རི་བོད་པ་མ་རེད་ཡང་ལབ་ཀྱི་འདུག ཁྱོད་དང་ངེད་ཕ་ཡུལ་གཅིག་པའི་མྱི་ཡིན་དུས་ཁྱོད་ཀྱིས་ངའི་ཁྱིམ་ཚང་གི་ལོ་རྒྱུས་ངས་ལས་ཡག་བ་ཤེས་སྲིད་པ་རེད།
ངའི་ཁྱིམ་ཚང་མིང་ལ་ཝང་ཙང་ཟེར། ཆུ་མཁའ་གྲོང་པ་ནས་ཡིན་པས་ཆུ་མཁའི་ཝང་ཚང་ཟེར། ཝང་ཞེས་པའི་མིང་འདི་བོད་མིང་མ་རེད། ཧོར་མིང་རེད། ཧོར་ཀྲང་ཅན་ཝང་ཟེར་བ་ཞིག་གི་རུང་མིང་ནས་བྱུང་བ་བཤད། དེ་ཡང་ངའི་རྨོ་རྨོ་ཡིས་བཤད་སྲོལ་ལྟར་ན་་ས་སྐྱ་ཡིས་བོད་དབང་སྒྱུར་བྱས་སྐབས་སུ་ཧོར་ཀྲང་ཅན་ཝང་ཟེར་བའི་སོག་པོའི་མི་ཞིག་གིས་རུས་རྒྱུད་ཀྱི་ཁྱིམ་ཚང་ཞིག་རེད་ཅེས་གསུངས་མྱངས་ཡོད། ཝང་ཚང་ཟེར་བའི་ཁྱིམ་མིང་ཡོད་པ་གསུམ་ཡོད། གསུམ་ཀ་སྤུན་ཆེད་དུ་རེད།
ཆུ་མཁའི་ཝང་ཚང་། རྫི་མདའི་ཝང་ཚང་། སྟག་སྒོ་ཝང་ཚང་། ཟེར་བའི་ཁྱིམ་ཚང་གསུམ་ཡོད། ཁྱིམ་ཚང་འདི་གསུམ་གྱི་ཝང་མིང་སོག་པོ་ནས་བྱུང་། ཏྲེའུ་དཔོན་གྱི་བློན་ཆེན་གསོད་ནམས་དབང་འདུས་ཟེར་བ་དེ་ནི་རྫི་མདའི་ཝང་ཚང་གི་བུ་རེད།། གུན་མིང་ཏང་གིས་སྐེ་བཅད་ནས་མགོ་ཏྲེའུ་ཟམ་པའི་ཐོག་ཏུ་བཀལ་པ་རེད།
ཏྲེའུ་ལུང་པ་དང་ཝང་ཚང་གི་ཁྱིམ་རྒྱུད་ཀྱི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་འདུག་པས་ཁྱོད་ཀྱི་ལོ་རྒྱུས་གསལ་པོ་དང་ཕན་ཐོགས་ཡོད་པར་ཞིག་འབྲི་རོགས་ཅེས་རེ་བ་ཡིན། བདག་ཅོ་རིས་འབྲི་བསམས་ཀྱང་ལོ་རྒྱུས་ཡིག་ཆ་མི་རྙེད་པ་དང་། ཕ་མེས་རྒད་མགོ་རྣམས་འདས་ཟིན་པས་འབྲི་སྟངས་མ་ཤེས་ནས་བསྡད་ཡོད།
ཆུ་མཁའི་ཝང་ཚང་ལ་ཡིག་རྙིང་ཧང་ཅང་མང་ཡོད་ཀྱང་ཉག་ཁད་དཔོན་མགོན་པོ་རྣམ་རྒྱལ་གྱིས་བོད་སྡེ་བ་གཞུང་ལ་གྱེན་ལོག་བྱས་སྐབས་སུ་ཏྲེའུ་ལུང་པའི་ནང་དུ་ཉག་རོང་བའི་དམག་བསླེབས། སྐབས་དེར་དུས་ཆུ་མཁའི་ཝང་ཚང་གི་ཁང་པ་མེར་སྲེག་བྱས། འབུམ་བཀའ་འགྱུར་བསྟན་འགྱུར་དང་ཡིག་ཆ་མང་ཆེ་བ་མེ་ཡིས་བསྲེགས། གསེར་གྱིས་བྲིས་པའི་འབུམ་དམ་པ་བཅུ་གཉིས་ཡང་མེ་བསྲེགས་ཤོར་བ་སོེང་།
དེ་ནས་གུན་ཁྲན་ཏང་བོད་ལ་བསླེབས་དུས་ཆུ་མཁའི་ཝང་ཚང་གི་ཁ་གཞི་ཐང་ཐོབ་ཆ་ཚང་རྒྱ་གཞུང་གིས་ཕྲོགས། ཡིག་ཆ་རྙིང་པ་ཟེར་བ་གཅིག་ཀྱང་ཝང་ཚང་གི་ལག་ཏུ་ལྷག་མེད། བྱས་ཙང་ལོ་རྒྱུས་འབྲི་ཤེས་ཁག་པོ་འདུག ཁྱོད་ཀྱིས་ང་ལ་བོད་པ་མ་རེད་ཟེར་བ་དང་། ལོ་རྒྱུས་འབྲི་གི་ཡིན་ཟེར་ལུགས་ལ་བལྟས་ན་ངས་ལས་ཡག་ཙམ་ཆུ་མཁའི་ཝང་ཚང་གི་ལོ་རྒྱུས་ཤེས་ཀྱི་ཡོད་ཟོལ་འདུག་པས་ཞུ་བཞིན་ཡོད།
ཁྱོད་ཀྱིས་ཝང་ཚང་གི་ལོ་རྒྱུས་རྒྱས་པ་ཞིག་འབྲི་རོགས་བྱེད་ན་ངས་ཁྱོད་ལ་བཀའ་དྲིན་མཚོན་ཆེད་དུ་འབྲི་ཡོན་ཕུལ་ཆོག ངས་ཤེས་པ་རྣམས་ཀྱང་ཁྱོད་ལ་ཕུལ་ཆོག
གཟུགས་ཡིན་ན་མིག་གིས་མཐོང་པའི་ཁྱབ། སྒྲ་ཡིན་ན་རྣ་བས་གོ་པའི་ཁྱབ། མིང་མཐའ་འདྲེན་ཚུལ་ནོར་ཡོད་པ་ལ་ཞུས་དག་དགོས་ཀྱང་ ཁོ་བོས་གླེང་བ་གཙོ་བོ་ནི། བྱེད་སྒྲ་དང་། འབྲེལ་སྒྲ་གང་འཐོབ། སྔར་བོད་ཀྱིས་མཁས་པས་བྲིས་པ་ཞིག་ལ་གཞིར་བྱས་ནས། ཞུས་དག་བྱེད་ན། སེམས་ལ་ངེས་པར་ཕན། དེ་འདྲ་བྱེད་མཁན་མ་བྱུང་ན། དཔེ་ཆ་རྙིང་པ་ཞིག་ལ་ཁུངས་གཏུགས་ཀྱིས་བདག་གིས་བྱེད་ངེས། འདི་ཡང་བོད་ཀྱི་རིག་གཞུང་སྲུང་བའི་སྲིད་ཞུ་ཡིན། ཞེས་སོ།
སྒྲ་ཆོས་ཅན། མིག་གི་མཐོང་བ་ཐལ། གཟུགས་ཡིན་པའི་ཕྱིར། དེར་ཐལ། ཐོགས་བཅས་ཀྱི་གཟུགས་ཡིན་པའི་ཕྱིར་ཏེ། རྩིག་པ་ལ་ཐོགས་ནས་ཕར་མི་འགྲོ་བ་གང་ཞིག བྲག་ཅ་ཚུར་འཁོར་བའི་ཕྱིར།
ཚན་རིག་པའི་སྒྲ་རླབས་མཐོང་བས་སྒྲ་མཐོང་ཟེར་ན། སྒྲ་ཆོས་ཅན་རྒྱུད་ཆད་ཅིག་འཇུག་པ་མ་ཡིན་པར་ཐལ། སྒྲ་རླབས་བར་མཚམས་མེད་པར་འགུལ་བའི་ཕྱིར།
སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར།།
གཟུགས་ཀྱི་སྐྱེ་མཆེད་དང་གཟུགས་གཉིས་ཁྱད་པར་ཤེས་མི་འདུག སྒྲ་མིག་ཤེས་ཀྱིས་བཟུང་བྱ་ཡིན་པར་ཐལ།
ཐོགས་བཅས་ཀྱི་གཟུགས་ཡིན་པར་རྟགས་མ་གྲུབ། བྲག་ཅ་ཚུར་འཁོར་བའི་ཕྱིར།ཟེར་ན་་ཁྱབ་པ་མ་བྱུང་།
མ་ཐོགས་ན། རྩིག་པའི་ཕར་ངོས་ན་འགྲོ་མི་ཐུབ་པ་གང་ཡིན་ནམ། གསང་བ་བཤད་སྐབས་རྩིག་ཟུར་གཅིག་ལ་འགྲོ་དགོས་པ་གང་ཡིན་ནམ། གློག་བརྙན་པའི་སྐད་སྒྲ་ཆེན་པོ་དེ་ཕྱི་རོལ་དུ་མི་གོ་བ་གང་ཡིན་ནམ། སྒྲ་རྡུལ་མེད་དམ། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།། གསུངས་པ་མིན་ནམ། བྲག་ཅ་ཚུལ་ལོག་པའི་རྒྱུ་མཚན་གང་ཡིན་ནམ། ལན་རེ་གནང་དང་དེ་ནས་བལྟ་ཆོག
ཁྱེད་རང་གིས་གོང་དུ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་ཞེས་པའང་མི་གོ་འདུག དོན་ལྔ་རེ་རེ་ནས་བཞག་ནས་དེ་དག་གཟུགས་ཡིན་ཚུལ་ལ་བསམ་བློ་གཏོང་། དེས་ན་མིག་གིས་མཐོང་བའི་ཁྱབ་མིན་ཤེས་འོང་། ཁྱེད་རང་གི་ཨུ་ཚུགས་ལ་ལྟས་ན་དེ་དག་མི་ཤེས་པ་འདུག་བསམ་ནས་དྲི་མེད་ཀུན་སློང་ལས་འདི་འདྲ་ཞིག་བཤད་ཐལ། དཱ་མི་བཤད་གོ་ཚོས་ན་ཚོས་ཚོད་རེད། ཨ་རྩི་སྐུ་རྩེད་ཡིན།
(གཟུགས་ཡིན་ན་མིག་གིས་མཐོང་པའི་ཁྱབ། སྒྲ་ཡིན་ན་རྣ་བས་གོ་པའི་ཁྱབ། མིང་མཐའ་འདྲེན་ཚུལ་ནོར་ཡོད་པ་ལ་ཞུས་དག་དགོས་ཀྱང་ ཁོ་བོས་གླེང་བ་གཙོ་བོ་ནི། བྱེད་སྒྲ་དང་། འབྲེལ་སྒྲ་གང་འཐོབ།)
བྱེད་སྒྲ་ཐོབ་དགོས། གཟུགས་ཡིན་ན་མིག་གིས་མཐོང་བས་ཁྱབ། སྒྲ་ཡིན་ན་རྣ་བས་གོ་བས་ཁྱབ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། རྟེན་འབྱུང་ལ་རང་བཞིན་གྱིས་སྟོང་ “པས་”ཁྱབ་པར་གསུངས་པ་འདི་ལ༎ རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ལ་རང་བཞིན་གྱིས་གྲུབ་“པས་”ཁྱབ་བོ་ཞེས་བཟློག་ནས་མ་སྨྲ་ཞིག ཞེས་དང། བརྟེན་ནས་སྐྱེ་བ་དང་བརྟེན་ནས་འགག་པ་ལ་རང་གི་ངོ་བོས་གྲུབ་“པས་ཁྱ”བ་པར་བཟུང་ནས༎
ས་པཎ་གྱི་ཚད་མ་རིགས་པའི་གཏེར་ལས།མི་མཐུན་ཕྱོགས་མཐོང་མཐུན་ཕྱོགས་ལ། །མ་མཐོང་འགལ་བའི་ལྷག་ལྡན་ཡིན། །རྟགས་གྲུབ་བཟློག་པས་ཁྱབ་ན་འགལ། །
རྟག་ན་དངོས་པོ་ མ་ཡིན་པས་ཁྱབ་པ་ ངེས་པར་བྱས་ནས། ཚད་མ་དེ་ཉིད་ཀྱིས། རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པར་བྱས་ནས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་པར་བྱར་ཡོད་པའི་ཕྱིར་ཞེས་གསུངས་སོ། ། ཤཱཀྱ་ཆོག་ལྡན། རྟོག་གེའི་འཁྲུལ་འཇོམས་ཆེན་མོ་པོད་དང་པོ།
ཚན་རིག་ནས་བཤད་པའི་གཟུགས་ཕྲ་མོ་གཟུགས་མིན་པའི་སྐྱོན་མེད་དེ། ཆེ་ཤེལ་སོགས་ལ་བརྟེན་པའི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་རོ།
lobsang མཆོག་གིས་ཆོས་རྗེ་ས་པཎ་དང་། ཤཱ་ཀྱ་མཆོག་ལྡན་གྱི་གསུང་བཀོད་པར་བཀའ་དྲིན་ཆེ། དེ་བཞིན་དུ། པཎ་ཆེན་དགེ་འདུན་གྲུབ་པའམ་རྒྱལ་བ་དགེ་འདུན་གྲུབ། ༡༣༩༡ནས་༡༤༧༤། གང་གིས་ཚད་མའི་བསྟན་བཅོས་རིགས་པའི་རྒྱན་ན། གང་བྱས་ན་མི་རྟག་པས་ཁྱབ། ཅེས་སོགས་གསུངས་སོ།
རྗེས་འཇུག་འ་དང་ས་གཉིས་ཁ་སྐད་འགའ་ཞིག་ཏུ་གཅིག་པར་འདོན་པས་ནོར་འཁྲུལ་བྱུང་། འདི་ལ་སོགས་པ་ཁ་སྐད་གཙོ་བོར་བྱས་ན། བོད་ཀྱི་མཁས་པའི་དག་ཆ་མེད་པར་འགྲོ་བ་རང་ཅག་ཚང་མས་ཡིད་ལ་བཞག་ཏེ། དེ་ཉིད་སྲུང་བ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སོགས་པ་རང་རང་གི་རྣམ་འདྲེན་ཆེན་པོ་རྣམས་ཀྱི་སྲིད་ཞུ་སྒྲུབ་དགོས་པར་མཐོང་ངོ་།
ད་བྱས་ན་ཅོ་རི་ལགས་སྐུ་དྲག་མི་དྲག་ཁྱིམ་ཚང་གི་བུ་རྒྱུད་རེད་འདུག་ག