བོད། ལྷ་ཀླུ་གཉན་གསུམ།
ང་བོད་མི་ཞིག་གིས་སྐད་ཆ་བཤད་ཤེས་པ་དེ་ནི་བོད་སྐད་ཡིན་ལ། བོད་སྐད་དེ་ཡང་བོད་མི་རིགས་ཀྱི་ཆེད་དུ་བཤད་རྒྱུར་ང་ལ་འཚེར་སྣང་གང་ཡང་མི་འདུག དེ་ཡིན་དུས་ངའི་ཁ་ནང་དུ་གཏོར་མ་ལྡབ་ཀྱང་ཆོག ངའི་ཁ་ལ་འདྲེ་ཞུགས་འདུག་ཟེར་ནས་བསྡིག་མོད་བྱས་ཀྱང་འགྲིག
ངས་འདི་ནས་དེ་རིང་སྐད་ཆ་ཞིག་བོད་མི་རིགས་ཚོ་ལ་གསལ་བོ་ཞུ། ང་ཚོའི་ཡ་ཐོད་ཀྱི་མིག་དང་ཁོག་པའི་སྙིང་དུ་འབོད་པའི་༧གོང་ས་ཏྰ་ལའི་བླ་མ་མཆོག་ནི་ད་ལོ་སྲིད་དོན་གྱི་སྟེགས་པུ་ལས་བགྲེས་ཡོལ་དུ་ཕེབས་པ་དེར་བོད་མི་ཆེས་མི་ཉུང་བ་ཞིག་གིས་འཕོངས་སེམས་ཆེན་པོ་ཡོད་རབས་ཀྱིས་སྐད་ཤུགས་ཆེ་ཙམ་གང་ས་ནས་སླེབས་ཀྱི་ཡོད་པ་རེད།
མི་ཞིག་གི་ལོ་ཚད་ནས་བཤད་ན། ང་ཚོས་ད་ལྟ་མིག་གི་མདུན་དུ་ཡོད་པ་དེ་ནི་ཤ་ཡི་གཟུགས་སུ་བྱོན་པའི་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན་པ་ལས། ང་ཚོའི་འཁྲུལ་བའི་སྣང་ངོ་ན་བཞེངས་པའི་ནམ་ཡང་ངེས་སུ་མཇལ་མྱོང་མེད་པའི་སྤྱན་རས་གཟིགས་དེ་མིན་པ་ཁས་ལེན་བྱེད་དགོས་པ་ཡིན། དེ་ལྟར་ཁས་བླངས་པ་ཡིན་ན། ད་གཟོད་ཁོང་གིས་སྲིད་དོན་གྱི་སྟེགས་པུ་ལས་བོད་མི་རིགས་ཀྱི་ཆེད་དུ་དགུང་ལོ་བཅུ་དྲུག་ནས་དུས་ད་ལྟའི་བར་དུ་མ་བྱས་པ་དང་མ་གསུངས་པ་གཅིག་ཀྱང་ལུས་མེད་ཅེས་བཤད་ན་ང་རང་གི་སྐད་ཆ་འདི་ཧམ་པ་གཏན་ནས་མིན།
དེས་ན་ད་གཟོད་ང་ཚོས་མུ་མཐུད་དུ་ཁོང་ལ་སྐུ་ངལ་ཕྲན་པུ་ཙམ་ཡང་གསོ་རུ་མི་འཇུག་པར་མུ་མཐུད་དུ་འཛམ་གླིང་གི་སྲིད་དོན་གྱི་སྟེགས་པུའི་སྟེང་ན་གདོང་གཉིས་ཅན་གྱི་སྲིད་དོན་པ་དེ་དག་གི་གམ་དུ་བསྔགས་ནས་ཞུ་བ་འཐེན་དུ་བཅུགས་པ་ཡིན་ན། དངོས་ནས་བོད་མི་རིགས་འདི་ལ་ཁྲེལ་ཞིག་ཡོད་པ་རེད་དམ་ཅི། བོད་མི་དག་གིས་དངོས་ནས་༧གོང་ས་ཏྰ་ལའི་བླ་མ་མཆོག་ལ་དེ་འདྲའི་ཞིག་བརྩི་བཞིན་ཡོད་མེད་དེ་ནི་བོད་མི་རང་རང་གི་གདོང་ལ་བརྩི་མོ་བཙུགས་དེ་ཞིབ་དུ་དྲིས་ཤིག་དང་། ད་གཟོད་ལན་དེ་ཡང་རང་རང་གི་སེམས་ཁོང་ནས་རྙེད་ངེས་ཡིན།
༧གོང་ས་ཏྰ་ལའི་བླ་མ་མཆོག་ནི་མི་ཡིན་པ་མ་ཟད། མི་ཡི་ནང་གི་སྐྱེ་བུ་བྱམས་བརྩེ་ཅན་ཞིག་ཡིན་པ་ནི། འཛམ་གླིང་ན་མིག་ཡོད་མཁན་གྱི་སྐྱེ་འགྲོ་ཚང་མས་གླེང་གི་ཡོད་པ་རེད། འོན་ཀྱང་། ཏྰ་ལའི་བླ་མ་ནི་འཆི་མེད་རྒས་མེད་དུ་འདོད་མཁན་གྱི་མི་ནི་བཙལ་ཡང་རྙེད་དུ་མེད། དེ་ཡིན་དུས་སྔ་ཕྱི་མ་གཏོགས་ཏྰ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་བ་མི་ཡུལ་འདི་དང་ཁ་གྱེས་རྒྱུར་གདོན་མི་ཟ་བ་ཡིན། དེ་དུས་བོད་མི་དག་ངུས་དེ་མིག་ནས་ཁྲག་བཞུར་ཡང་མི་ཕན་ལ། སེམས་སྐྱོ་ནས་རང་ཤི་བརྒྱབས་ཀྱང་གང་ཡང་མི་ཡོང་།
དེས་ན་བོད་མི་དག་གིས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་སྐུ་ངོས་བཞུགས་དུས་སུ། གཟུགས་དང་གྲུབ་མ། གསུང་དང་ཞས་རས། འཛུམ་མདངས་དང་རེག་རྒྱུ་ཡོད་དུས་འདིར། ཤེས་པ་དག་དང་དུ་བླངས། མ་ཤེས་པ་དག་ཁོང་ལ་དྲིས་དེ་བོད་མི་ཚོ་ཤི་མ་རན་གོང་དེར། གསོན་པའི་ཐབས་ལམ་ཞིག་བཙལ་ན་ཡག་གི དེ་མིན། མང་རུང་ད་ནས་བརྩིས་པའི་ལོ་ངོ་ཉི་ཤུའི་རྗེས་སུ་༧ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ང་ཚོ་དང་གཏན་ནས་གྱེས་རྒྱུར་མི་ངན་ངས་བཤད་ཐུབ་ཀྱི་འདུག
ཀླུ་སྨྱོན་མཆོག་གི་བོད་མིར་བཅིང་པའི་ལྷག་བསམ་དང་། བོད་མིའི་ཐུན་མིན་གྱི་རིག་གཞུང་མཁྱེན་རབ་ཀྱི་པདྨོ་ཕྱོགས་ཀུན་ནས་བཞད་པར་སྙིང་ནས་དགའ་བསུ་ཡོད། སྐུ་ཉིད་རྩོམ་ཡིག་ཏུ། ༼ང་ཚོས་ད་ལྟ་མིག་གི་མདུན་དུ་ཡོད་པ་དེ་ནི་ཤ་ཡི་གཟུགས་སུ་བྱོན་པའི་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན་པ་ལས། ང་ཚོའི་འཁྲུལ་བའི་སྣང་ངོ་ན་བཞེངས་པའི་ནམ་ཡང་ངེས་སུ་མཇལ་མྱོང་མེད་པའི་སྤྱན་རས་གཟིགས་དེ་མིན་པ་ཁས་ལེན་བྱེད་དགོས་པ་ཡིན།༽ བོད་མི་རྣམས་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་ནང་ཆོས་དེ་རྨོངས་དད་ཀྱི་ལམ་ནས་སྒྲུབ་པའམ། ཡང་ན་ནང་ཆོས་འདི་ནོར་འཁྲུལ་དུ་རྩི་རྒྱུ་ལས། ནང་ཆོས་ཀྱི་ལྟ་གྲུབ་རྣལ་མར་སློབ་སྦྱོང་གིས་ཚུལ་བཞིན་དཔྱོད་མཁན་ཅུང་ཉུང་བར་མངོན། དེས་ན་མཚོན་བྱ་དོན་གྱི་སྤྱན་རས་གཟིགས། མཚོན་བྱེད་དཔེ་ཡི་སྤྱན་རས་གཟིགས། རྣམ་པ་བརྟགས་ཀྱི་སྤྱན་རས་གཟིགས་སོགས་ལ་གོ་རྒྱུ་རྣམ་དག་ཅིག་ཡོད་པས་དེ་འཁྲུལ་བའི་བློ་ངོར་བཞེངས་པ་ཡིན་ན་ཅུང་ཐལ་མ་ཆེས་སམ། འོན་ཀྱི་བོད་མི་རིགས་ཀྱི་བསམ་ཚུལ་ལ་༧གོང་ས་མཆོག་སྤྱན་རས་གཟིགས་སུ་བལྟ་ཚུལ་དང་། ཐམས་ཅད་མཁྱེན་པར་བལྟ་ཚུལ་དེ་ལ་སྐྱོན་ཞིག་ཡོད་མོད། དེ་ནི་ནང་ཆོས་ལྟ་གྲུབ་ཀྱི་སྐྱོན་མིན་པ་སོགས་ཞིབ་ཆ་ཐོན་པའི་སྒོ་ནས་གསུངས་ན་ལེགས་པར་མངོན། རྒྱུ་མཚན་ནི། ནང་ཆོས་འདི་ད་ལྟའི་ཆར་བོད་མི་རིགས་ཀྱི་རིག་གཞུང་འཁྲོད་དུ་རིན་ཐང་ཆེ་ཤོས་ཀྱི་དངོས་པོ་ཞིག་ཡིན་པར་མངོན། དེ་ནི་ཚེ་ཕྱི་མར་ཕན་པ་དང་། ཐར་པ་ཐོབ་པ་སོགས་ཀྱི་ཆ་ནས་བཤད་པ་མིན་པར་བོད་མིའི་སྐད་དང་རིག་གཞུང་སྲིད་དོན་སོགས་ཕྱོགས་མང་པོ་ཞིག་ནང་ཆོས་ཀྱི་ནུས་ཤུགས་ལ་བརྟེན་ནས་གསོན་གནས་དར་སྤེལ་ཡོང་བར་ཕན་ཐོགས་བཞིན་པ་དངོས་མཐོང་ལག་ཟིན་ཡིན།
དབང་འདུས་ལགས། ཀླུ་སྨྱོན་དང་བོད་ལྷ་ཀླུ་གཉན་གསུམ་གཉིས་གང་ཟག་གཅིག་ཡིན་ནམ། གང་ཟག་གཅིག་མིན་ན་ལྷ་ཀླུ་གཉན་གསུམ་གྱིས་བྲིས་པའི་རྩོམ་ཡིག་ལ་བརྟེན་ནས་ཀླུ་སྨྱོན་ལ་བཀའ་བཀྱོན་བཏང་ན་གདོན་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་བཏང་བ་དང་མི་མཚུངས་སམ།
རྩོམ་པ་པོ་ལགས། ང་ཚོའི་འཁྲུལ་པའི་སྣང་ངོར་བཞེངས་པའི་ནམ་ཡང་དངོས་སུ་མཇལ་མྱོང་མེད་པའི་སྤྱན་རས་གཟིགས་ཞེས་པའི་དོན་གང་ཡིན། སྔོན་གྱི་ལོ་རྒྱུས་དག་ན་སྐྱེས་ཆེན་དམ་པ་དུ་མ་ཞིག་གིས་ལོ་དང་ཟླ་བ་ཞག་དུས་དུ་མར་དཀའ་སྤྱད་ཀྱིས་སྒྲུབ་པ་བྱས་པའི་མཐར། སྤྱན་རས་གཟིགས་སོགས་དངོས་སུ་མཇལ་མྱོང་ཚུལ་བཤད་ཡོད་པ་དེ་དག་བློ་འཁྲུལ་པ་ཡིན་ནམ། ཨོ་་་་ཡང་ན་ང་ཚོའི་འཁྲུལ་པའི་སྣང་ངོར་མཇལ་རྒྱུ་ཡོད་པའི་རྒྱལ་བ་རིན་པོ་ཆེ་མཆོག ང་ཚོས་ནམ་ཡང་དངོས་སུ་མཇལ་མྱོང་མེད་པའི་སྤྱན་རས་གཟིགས་མ་རེད་ཅེས་བརྗོད་འདོད་པ་ཡིན་ནམ། དེ་འདྲ་ཡིན་ན་ངའི་བློ་ལ་ཤོངས་ཚོད་འདུག འོན་ཀྱང་ང་ཚོ་ཞེས་པའི་ཚིག་གིས་བོད་མི་རིགས་ཡོངས་རྫོགས་བསྡུས་པས་བོད་མི་རིགས་གཅིག་གིས་ཀྱང་སྤྱན་རས་གཟིགས་དངོས་སུ་མཇལ་མྱོང་མེད་པ་སུས་ཤེས།
འཁྲུལ་པ་ཞེས་པའི་ཚིག་ཅིག་ལྷན་པ་སྦྱར་ནས་འཁྲུལ་པའི་བློས་དངོས་སུ་མཇལ་མྱོང་མེད་པ་ཞེ་ན་་་་་་་་་་་་འོ་དེ་འདྲ་ཡིན་ན་མི་འགྲིགས་པ་མེད་པ་འདྲ་བོ་འདུག་་་་་་་་་་་་
ཉིན་འདི་གའི་རིང་ལ་སྐབས་འགར་ཁ་བརྡ་དྲ་བ་སྒོ་ཕྱེ་མི་ཐུབ་པའི་གནས་ཚུལ་འབྱུང་གི་འདུག དེ་ཅི་ཡིས་ལན་ནམ།
༧གོང་ས་མཆོག་བགྲེས་ཡོལ་གནང་ཙམ་གྱིས་མཛད་པ་འཔྲོ་ཆད་པ་མིན། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་ན་ཁོང་གིས་གང་བཞེད་པ་དེ་བཞིན་ཐག་བཅད་ན་ལེགས། རྒྱལ་སྤྱིའི་མདུན་སར་༧གོང་པས་མཆོག་གི་བགྲེས་ཡོལ་ནི་བོད་མི་རིགས་ལ་མཚོན་ན་མིག་གིས་བལྟ་མི་ཕོད་པ་དང་། རྣ་བས་ཉན་མི་ཕོད་པ། ཡིད་ལ་འཁོར་དཀའ་བ་ཞིག་ཡིན་མོད། ༧གོང་ས་མཆོག་ནི་སྔོན་དཔག་དང་། ཉམས་མྱོང་། མཁྱེན་རབ་གག་གི་ཆ་ནས་ཟླ་མེད་པ་ཞིག་དང་། བོད་གངས་ཅན་པས་སྤྱན་རས་གཟིགས་ཀྱི་སྐུ་དངོས་ཡིན་པས་ཡིད་ཅེས་ཡོད་པས། འཔགས་པ་མཆོག་གི་དགོངས་བཞེད་ལ་མོས་མཐུན་ཞུ་རྒྱུ་དང་། འཕགས་པ་མཆོག་བགྲེས་ཡོལ་གནང་ནའང་བོད་མི་ས་ཡ་དྲུག་གི་སྙིང་ཁོང་ན་ནམ་ཡང་ནུབ་པ་མེད་པའི་སྒྲོན་མེ་དང་། རླབས་ཆེ་བའི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་ངོས་འཛིན་པ་འགྱུར་བ་མེད་པའི་གཏན་ཚིག་ཡིན། ཞེས་བརྗོད་པར་འདོད་ལགས།
ལྷ་ཀླུ་གཉན་གསུམ་གྱི་བསམ་ཚུལ་འདིར་མོས་མཐུན་ཡོད།
ཁོ་རེ་ལྷ་ཀླུ་གཉན་གསུམ། གྲ་སྒྲིག་ཨང་གསར་གྱིས་མ་གཏོགས། བྷི་བྷི་སིས་ལུས་ལ་འཁོར་གསུམ་སྐོར། མདོ་བ་རྒྱ་བྱའི་སྟེང་བུད། ལག་ན་རལ་གྲི་རྣོན་པོ་ཞིག་ཐོགས་ཀི་སྭས་སྒྲ་དང་བཅས་ཁྱོད་ཀྱི་སྟེང་དུ་ཤོར་ངེས་རེད།
བསམ་འཆར་ཡང་དག་རེད་འདུག
རེད་ཡ། བོད་ལྷ་ཀླུ་གཉན་གསུམ་གྱིས་ངོ་མ་དོན་དངོས་དང་མཐུན་པ་ཞིག་བཤད་འདུག། ད་དུང་ང་ཚོས་༧གོང་ས་མཆོག་ལ་བགྲེས་ཡོལ་མི་ཕེབས་པའི་རེ་བསྐུལ་གནང་དང་ཨུ་ཚིགས་བྱས་བ་ནི། མིག་ཡོད་བཞིན་ཏུ་གཡང་ལ་མཆོངས་འདོད་མ་རེད་དམ།
སྤུན་ཟླ་ཚོ། ཐོག་མར་བསམ་བློ་གནད་དུ་ཞོག་ལ། འབྲེལ་ཐག་འདི་ལ་ཞིབ་དུ་གཟིགས་ནས། བོད་ནང་གི་དབའ་བོ་དག་གིས་འུ་ཅག་ལ་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་མེད་དེ་ལ་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་ཞུ།
http://www.tibettimes.net/blogs.php?id=66&post_id=14438&&comment_mode=done
དབང་འདུས་ལགས། ཀླུ་སྨྱོན་དང་ངེད་གཉིས་མི་གཅིག་མིན་པ་ཐུགས་སུ་འཛིན་རོགས་ཞུ། དེ་ནས་ཉིད་ཀྱི་བསམ་ཚུལ་ངས་ཀློག་ཟིན་པ་ཡིན། རྩོམ་ཡིག་གི་ནང་ནས་སྐྱོན་རྒྱགས་ས་དེ་ཙམ་མ་གཏོགས་མ་རེག་པ་དེ་ནི་དངོས་ནས་ཡིད་སྐྱོ་བའི་གཞི་རེད།
༧རྒྱལ་བ་ཡིད་བཞིན་ནོར་བུས་གཅེས་ཕྲུག་༼བོད་མི་ཚོ༽སྙིང
་རེ་རྗེ།༧ཡིད་བཞིམ་ནོར་བུས་ང་ཚོ་སྐྱག་ལངས་སུ་བཏང་
བ་མང་དྲག་པས་དུས་ལ་བབ་ཀྱང་སྤོབས་པ་དང་སྙིང་སྟོབས་
ཀྱིས་མ་འདེངས་བའི་ང་ཚོ་ད་དུང་སོ་སོའི་རྐང་པའི་སྒང་ལངས་
མ་ཐུབ་པ་ནི་ང་ཚོ་བོད་མི་རྣམས་ཀྱི་འཐུས་ཤོར་ཞིག་ཆགས་ཡོད་
པས་༧གོང་ས་མཆོག་གིས་ང་ཚོར་གོ་སྐབས་དང་སྦྱོང་བརྡར་སྤྲོད་
འཆར་ཡོད་པ་འདི་བཏང་ལེན་བྱེད་དགོས་བ་ཧ་ཅང་གིས་གལ་ཆེ།
ད་རེས་ང་ཚོས་ང་ཚོ་ལ་ཚོད་ལྟ་ཞིག་ངེས་བར་དུ་བྱ། གལ་སྲིད་ཡོང་
ས་མ་རེད་བསམ་ན་ཡང་བསྐྱར་སྐྱབས་འཇུག་སྨོན་ལམ་ཞུ་ཆོག་གི་རེད།
ང་ཚོས་ཚོད་བལྟ་ཙམ་ཡང་མ་བྱས་བར་ཡོང་ས་མ་རེད་བསམ་ན་འགན་
མ་ཁུར་པ་རང་རེད། སོང་ཙང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་རེས་ངེས་བར་
༧གོང་ས་མཆོག་གི་བཀའ་བཏང་ལེན་བྱ་དགོས།ག་རེས་ཡིན་ནཡིན་ང་ཚོས་
ད་རེས་སོ་སོའོ་ནུས་བ་དང་འཇོན་ཐང་ལ་སྐུའི་མདུན་ནས་ཚོད་བལྟ་ཞིག་བྱ།
མ་རེད་དམ?