སྦྲ་དཔལ་ལྡན། རྡ་ས།
འདི་ལྟར་མི་ལོ་དུ་མ་ཞིག་ལ་
རང་ཉིད་ཀྱི་དམིགས་འདུན་ཞིག་གམ
ལས་དོན་རྡོག་པོ་ཞིག་གིས་ཕྱིར་ཏུ་
ང་འདི་ལྟར་རྡ་ས་དང་ཁ་གྱེས་དགོས་བྱུང་
ཁ་སང་དང་དེ་རིང་
ང་སླར་ཡང་སྦྲ་ནག་ལྟ་བུའི་མཛེས་སྡུག་དང་
ཕ་ཁྱིམ་ལྟ་བུའི་དྲོད་ཁོལ་མེད་རུང་
ང་རང་ཁ་ཉིན་ཁ་གྱེས་པའི་རྡ་སའི་རི་གྲོང་གི་
ཉིན་ཁུག་ཆུང་ཆུང་ཞིག་ཏུ་
ཉམ་ཆུང་གི་མིག་ཟུང་གྱེར་བཞིན་ཕྱིར་ལ་ཐོན་ཡོད
མི་ལོ་དེ་དག་གི་རིང་དུ་
ངས་ཕ་ཡུལ་ལྟ་བུའི་ཁོར་ཡུག་དེ་
འདི་ལྟ་བུའི་ཁང་བུ་ཆུང་ཆུང་ཞིག་ཡིན་པར་མཐོང་མ་མྱོང་མོད་
དེ་རིང་ མིག་ཟུང་ལྷོད་ཀྱིས་གྱེར་ནས་ཞིག་བལྟས་ཚེ་
ངའི་ཁོར་ཡུག་ན་ ང་ལྟ་བུའི་བླུན་པོ་ཧ་ཅང་མང་བས
ངས་སླར་ཡང་མིག་ཟུམ་དེ་མི་བཙུམ་ཀ་མེད་བྱུང་།
༢༠༡༥ ༠༤ ༡༠ དགོང་མོར་བྲིས།
རྡ་སའི་མདོ་སྨད་ས་རྒྱུན་ལ་འཛུལ་དང་ཡག་ཤོས་རེད། མགོ་ཚོགས་གཙོ་ནས་བར་ཁྱེད་རང་བར་དུ་གྲྭ་བ་གྲྭ་ལོག་རྐྱང་རེད།
ངས་རྡ་སྟེང་ན།
གཞན་གྱི་མེ་ཏོག་འཐུ་བཞིན།
རང་གི་མེ་ཏོག་འདེབས་བཞིན་ཡོད།
ངས་རྡ་སྟེང་ན།
ས་ཀོར་ཀོར་ཞིག་གི་དགེ་མཚན་གླེང་བཞིན།
རི་མཐོ་པོ་ཞིག་ཆག་འཇིག་བཤད་བཞིན་ཡོད།
ངས་རྡ་སྟེང་ན།
དད་པ་སྐྱེས་དུས་ཕྱག་སྐོར་འདྲ་བྱེད་བཞིན།
ཆགས་པ་འཕར་དུས་བྱི་མོ་རེ་བཙལ་བཞིན་ཡོད།
བསྐལ་བ་ཡ་ཐོག་ཞིག་ལ། ང་རྡ་སྟེང་གི་བོད་མི་ཞིག་གི་རྣམ་ཤེས་ཤིག་ཡིན་པ་ཁོ་ཐག་རེད།
ང་རྡ་སྟེང་ན་སྐྱིད་བསྡད་ཡོད།
ཁ་ལ་ཟ་རྒྱུ་སྣུམ་པོ་མེད་རུང་། ང་རྡ་སྟེང་ན་སྐྱིད་བསྡད་ཡོད།
རྒྱབ་ལ་གོན་རྒྱུ་རྫིག་པོ་མེད་རུང་། ང་རྡ་སྟེང་ན་སྐྱིད་བསྡད་ཡོད།
དྲ་འབུ་བསོད་ནམས་ཟེར་བ་ཞིག་གིས་བདག་གི་སྙན་ངག་ཐུང་ངུ་དེའི་མཇུག་ཏུ་འབྲེལ་ཐུང་ཞིག་བྲིས་བ་ཐུགས་རྗེ་ཆེ། འོན་ཀྱང་། དྲ་འབུ་ཁོང་གི་དངོས་མིང་ཕྱིར་རུ་མི་བཏོན་པར་གང་ཟག་གཞན་པར་སྐྱོན་བརྗོད་དང་། ཆོལ་ཁ་ཆོས་ལུགས་གྱི་འཐེན་ཁྱེར་དང་། གང་ཟག་ག་གེ་མོར་དྲ་ཐོག་ནས་སྐྱོན་བརྗོད་བྱེད་པ་ནི་དྲ་འབུ་ཁྱོད་ཀྱི་རླབས་ཆེན་གྱི་ལས་ཀ་ཞིག་མིན་པར་ཤེས་པར་གྱིས། གང་ལྟར། བཙན་བྱོལ་ནང་གི་དྲ་འབུ་རེ་ཟུང་གིས་དོན་དག་མེད་པའི་རྙོག་གཏམ་དང་དཀྲུགས་གཞི་བཟོས་པ་མང་དྲག་པའི་དྲ་བབུ་བསོད་ནམས་ཁྱོད་ཀྱང་དེའི་གྲལ་དུ་ཚུད་ཡོད་པར་ཁོ་ཐག་རེད། གང་ཟག་དང་རེ་རེའི་ངོས་ནས་སྐྱོན་བརྗོད་བྱེད་འདོད་ན་དངོས་མིང་བེད་སྤྱོད་བྱས་ནས་སྐྱོན་བརྗོད་བྱེད་རོགས་ཞུ།
སྙན་ངག་འབྲི་མཁན་ཚོ་ཕྱི་རྒྱལ་ལ་བུད་འགྲོ།
འཐབ་རྩོད་པ་ཚོའང་ཕྱི་རྒྱལ་ལ་བུད་འགྲོ།
ཚང་མ་ཕྱི་རྒྱལ་ལ་འགྲོ།
མང་པོ་ལས་མི་དགོས།
རྒན་པོ Aཚང་གི་བུ་གཉོར་བྱེད་དུ་འགྲོ།
རྒན་མོ་Bཚང་གི་ཕོར་བ་བཀྲུ་རུ་འགྲོ།
རྡ་ས་ནས་མི་ཚང་མ་འདུག་ནི་མ་རེད།
དཔེ་ཆ་ཀློག་མཁན་གཅིག་གཉིས་ཤིག་དང་།
སྐད་ཡིག་སྦྱོང་མཁན་རེ་འགའ་ལས་མེད་དོ།
སྦྲ་དཔལ་ལྡན་ལགས། ཡི་གེ་གད་སྙིགས་མ་བཟོས་ཡ། སློབ་ཆུང་པ་ཞིག་འབྲི་རྒྱུ་འདྲ་ཞིག་བྲིས་ཟུག་སྐད་སློང་གི་མ་འདུག་ལོ། ཁྱེད་རང་སྙན་ངག་པ་ཞིག་མིན་ནོ་ངས་ཤེས་ལེ་རེད།