འཇམ་དཔལ་ཚུལ་ཁྲིམས།
བཀའ་བློན་ཁྲི་ཟུར་ཟམ་གདོིང་རིན་པོ་ཆེ་སོགས་བོད་དོན་ལ་རྒྱ་དང་སེམས་ཁུལ་མེད་ཅིང་། ཁ་ཤུགས་ཆེ་བའི་རང་རེའི་དབུ་ཁྲིད་འགའ་ཡི་བསམ་སྦྱོར་ནོར་བ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེས། འདི་ནི་སྒྲིག་འཛུགས་འདི་རང་ཉིད་ལ་རྩོད་མེད་དུ་ཐོབ་པའི་མིང་ཐོབ་ ‘བཙན་བྱོལ་བོད་གཞུང་’ཞེས་པ་དེ་བཙན་གྱིས་འཕྲོག་ནས་སྒྲིག་འཛུགས་ཞིག་གི་ཆོ་ལོ་ཙམ་ལས་མ་སྤྲད་པ་དང་འདྲ་བ་རེད། དེ་དུས་མཐོ་དམན་དྲག་ཞན་ཀུན་གྱི་ཐུགས་ལ་མ་བབ་ནས། བརྒྱད་ཅུ་མན་ཆད་ཀྱིས་ཐུགས་ཁ་མ་གང་། བརྒྱད་པ་ཡན་ཆད་ཀྱིས་སེམས་ཁ་མ་གང་བ། བྱུང་ཡོད་ཀྱང་སྤྱི་འཐུས་གྲོས་ཚོགས་ཀྱིས་མང་ཚོགས་ཀྱི་ཐུགས་འདོད་ལ་བརྩི་བཀུར་མ་བྱས་པར་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས།
འདི་ནི་བོད་རྒྱལ་ཁབ་ལ་སེམས་པ་དཀར་བའི་སྐྱེས་བོ་ང་དང་ང་ལྟ་བུའི་སེམས་པ་ལ་སོས་མི་ཐུབ་པའི་གས་ཀ་ཆེན་པོ་ཞིག་བཟོས་པ་རེད། ལྷག་པར་དུ་པེ་ཅིན་རྒྱལ་ས་ན་མི་ལོ་དྲུག་ཅུའི་ནང་དུ་ཨེ་འགྲུབ་ཀྱི་རེ་སྒུག་བྱས་ནས་མ་འགྲུབ་པ་ཞིག་ང་ཚོས་རིན་མེད་དུ་བསྒྲུབས་པ་ཡིན་ཞིང་། དེ་དང་འབྲེལ་བར་རང་རེའི་སྤྱི་ཚོགས་སུ་སིམ་འཛུལ་བྱས་ཡོད་པའི་ཕ་རོལ་བོའི་མི་སྣ་ཚང་མའི་ཁ་ལ་གསེར་རིན་པོ་ཆེ་སྤྲད་པ་ཞིག་ཀྱང་ཡིན། རྒྱུ་མཚན་ནི་ད་ནས་བཟུང་བོད་གཞུང་ཞེས་པའི་མིང་ཙམ་བརྗོད་པ་ཡང་འགོག་ཐུབ་པའི་ལག་ཆ་རྣོན་པོ་ཞིག་ཁོ་ཚོ་ལ་རག་ཟིན་པ་རེད། ཁོ་ཚོས་སྐྱེ་བོ་ཞིག་གི་ངག་ནས་བོད་གཞུང་ཞེས་མིང་བཏོན་པ་ཐོས་པ་ན་‘ཁྱོད་ཀྱིས་བོད་གཞུང་ཞེས་འབོད་པ་དེ་ཁྲིམས་དང་འགལ་བ’་ཡིན་ལུགས་ཀྱི་བཀའ་བཀྱོན་ཚ་ཐག་ཆོད་རེ་ནེམ་ནུར་མེད་པར་བྱེད་སྤོབས་པར་གྱུར་ཞིང་། བསམ་གཞིགས་མི་མཛད་པའི་མང་ཚོགས་དཀྱུས་མའི་ནང་དུ་ཡང་ད་ནི་བོད་གཞུང་ཞེས་འབོད་པ་ནི་རྒྱལ་བའི་དགོངས་པ་དང་འགལ་བའམ་རང་རེའི་སྒྲིག་འཛུགས་ཀྱི་བཀའ་དང་འགལ་བ་ཞིག་ལ་བསམ་སྲིད་པ་རེད། ངས་སྔོན་ནས་འདི་འདྲ་བ་ཞིག་ཡོང་གི་རེད་སྙམ། དེས་ན་ནོར་འཁྲུལ་དེ་ཡོ་སྲང་བྱེད་པར་བདག་ལ་དོན་དག་གཉིས་ཞུ་རྒྱུ་ཡོད།
- སྒྲིག་འཛུགས་འདི་ལ་མང་ཚོགས་ཀྱི་ངོས་ནས་གཞུང་ཞིག་གི་འདུ་ཤེས་འདོར་མི་ཉན་པ་དེ་ཀུན་ལས་གནད་འགག་ཆེ་བ་རེད།དེའི་ཆ་རྐྱེན་དང་པོ་ལ་སྒྲིག་འཛུགས་རང་ངོས་ནས་ཀྱང་ང་བོད་གཞུང་ཡིན་ཞེས་པའི་རྣམ་འགྱུར་དེ་སྟོན་དགོས་ཀྱང་། ད་ནས་བཟུང་དེ་འཚམས་བཞག་ཟིན། དེའི་ཕྱིར་ད་ནི་མང་ཚོགས་ཀྱིས་ངོས་ནས་སྒྲིག་འཛུགས་འདི་ལ་ཡར་གཞུང་ཞིག་གི་འདུ་ཤེས་བཙན་གྱིས་རྒྱུན་འཛིན་བྱེད་རྒྱུ་དེ་མ་གཏོགས་ལྷག་མེད། དེས་ན་གཞན་གྱིས་གང་ཟེར་རུང་ཟེར་དུ་ཆུགས། ང་རང་ཉིད་ཀྱི་ངོས་ནས་སྒྲིག་འཛུགས་འདི་ལ་མུ་མཐུད་ནས་‘བཙན་བྱོལ་བོད་གཞུང’་ཞེས་འབོད་རྒྱུ་ཡིན་ཞེས་ཁོ་བོས་བསྒྲགས་གཏམ་སྔོན་ནས་སྤེལ་ཡོད། འདི་ལྟར་བྱས་ན་ཁྲིམས་དང་སྒྲིག་གཞི་གང་ལ་ཡང་འགལ་མེད། གལ་སྲིད་བོད་མི་ཚང་མས་སྒེར་གྱི་ངོས་ནས་འདི་ལྟར་བྱས་ན་བོད་གཞུང་ཞེས་པའི་མིང་དེ་ཤོག་ཐོག་ལ་མེད་པའི་ནོར་འཁྲུལ་ལ་ཡོ་བསྲང་མི་ཆུང་བ་བྱས་ཐུབ་པར་སྙམ་པས་གཞན་ལ་ཡང་དེ་ལྟར་གནང་བའི་ཁོ་བོས་འབོད་སྐུལ་ཞུ་གིན་ཡོད།
- ཁ་ཉིན་ཚེས་༢༠༡༢་༡༢་༧་ཉིན་ཨ་རིའི་རླུང་འཕྲིན་ཁང་དུ་་་་་ཟེར་བ་ཞིག་གིས་‘ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་ཟེར་དགོས་པའི་དོན་དག་གང་ཡིན།’ཞེས་བོད་གཞུང་འབོད་མཁན་རྣམས་ལ་འཛམ་གླིང་ཡོངས་ཁྱབ་ཏུ་རྒོལ་བ་དངོས་སུ་བཏང་བྱུང་། གཞན་གྱི་སྨྲ་བརྗོད་རང་དབང་ལ་བཙན་འཛུལ་གྱིས་འདི་ལྟར་རྒོལ་གཏོར་བྱེད་མཁན་གྱི་མི་དེ་རིགས་ལ་ཁོ་བོ་སྒེར་གྱི་ངོས་ནས་‘པེ་ཅིན་ནས་མངགས་པའི་མི’་འམ། ཡང་ན་‘མ་ཤེས་པའི་དབང་གིས་དེའི་རིགས་གཏོགས་སུ་གྱུར་བའི་མི’་ལ་ངོས་འཛིན་ཞུ་རྒྱུ་ཡིན། གང་ཟག་སྒེར་གྱི་ངོས་འདི་ལྟར་བྱས་ན་ཁྲིམས་དང་སྒྲིག་གཞི་གང་ལ་ཡང་འགལ་མེད། གལ་སྲིད་བོད་མི་ཚང་མས་སྒེར་གྱི་ངོས་ནས་འདི་ལྟར་བྱས་ན་བོད་གཞུང་ཞེས་པའི་འདུ་ཤེས་ལ་གཏོར་རྒོལ་བྱེད་མཁན་དེ་དག་འབུར་འཇོམས་ཐུབ་པར་སྙམ་པས་གཞན་ལ་ཡང་དེ་ལྟར་གནང་བའི་ཁོ་བོས་འབོད་སྐུལ་ཞུ་རྒྱུ་ཡིན།
སྤྱི་དོན་ལ་ནོར་འཁྲུལ་ཤོར་ན་ཁོས་འགྲིག་མ་སོང་། དེས་འགྲིག་མ་སོང་ཞེས་ལེ་འདེད་བྱས་པས་མི་ཕན། ཚང་མ་རང་གི་མི་ཡིན། རང་ཅག་སུས་འཇོན་ན་རང་ཅག་གིས་འཇོན་པ་ཡིན་པ་བཞིན་སུས་མ་མཇོན་ན་ཡང་རང་ཅག་གིས་མ་མཇོན་པ་རེད། རང་ཅག་གིས་མ་འཇོན་ན་ཡོ་བསྲང་བྱེད་མཁན་ཡང་རང་ཅག་ཡིན་པ་ལས་གཞན་སུ་ཡང་མིན། དེའི་ཕྱིར་གོང་གི་དོན་དག་གཉིས་ནི་བདག་གིས་སྤྱི་དོན་ལ་འགན་ཁུར་བའི་བྱ་སྤྱོད་ཅིག་ཡིན་པར་བསམ་པ་ལགས་སོ།
མང་པོ་བཤད་མི་འདོད་ཁྱོད་ཚོས་སྨ་བརྗོད་རང་དབང་ཁ་རུ་འཁྱེར་ནས་ཐུག་པ་དཀྲུགས་པ་བཞིན་བཟོ་རོགས། ༧གོང་ས་ཡིད་བཞིན་བུ་མཆོག་ཡང་བསྐྱར་ཐུགས་ཕམ་དགོས་པ་ཞིག་བཟོས་རོགས། ཡང་བསྐྱར་ལ་དྭག་དང་ཨེ་ཕྲ་གླིང་སོགས་གནང་བས་བཀའ་སློབ་དེ་འདྲ་གནང་དགོས་པ་བཟོ་རོགས། ཁ་ནང་ཐལ་བ་ཐོབ་ད་ཡིན་ན་་་་་་་་་་་་་་་་་་་
ཨ་ཁྱད་མཚར། ག་དུས་ཡིན་ཡང་࿂གོང་ས་མཆོག་ཐུགས་མ་དཀྲུགས་རོགས་ཟེར་བའམ་ཡང་ན་࿂གོང་ས་མཆོག་ཐུགས་ཕམ་ཡོང་གི་རེད་ཟེར་ཡོང་བ་འདི་ངས་གོ་བ་མི་ལོན་གི ངས་བལྟས་࿂གོང་ས་མཆོག་གིས་འགོ་འཛིན་འོག་ང་ཚོའི་མི་རབས་ཐོག་མ་དག་གིས་བོད་ཤོར་ནས་ད་བར་ལས་ཀ་ཧ་ལས་བ་འགྲུབ་ཡོད་པ་རེད། དེ་ནང་བཞིན་ཕྱི་རབས་པ་ཚོས་ཡང་ལས་ཀ་དེ་འདྲ་ལས་རོགས། ག་དུས་ཡིན་ན་ཡང་࿂གོང་ས་མཆོག་དང་བོད་གཞུང་ཞེས་བསྟོད་པ་དང་ཡང་ན་ཁ་ངན་བརྗོད་མ་ཡོང་རོགས། སོ་སོ་སོ་སོས་གང་འོང་འོང་ཞིག་བྱས་ནས་ལག་རྗེས་འཇོག་རོགས།
རེད་རེད་་་་ཤེས་ན་ཡང་མི་ཤེས་མདོག་འཁྲབ་ནས་་སྤྱིར་སེམས་དང་ལྟ་གྲུབ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ཐུགས་ཕམ་དགོས་བཟོས་པ་ཉུང་ཉུང་མིན། ད་དུང་མི་ཤེས་ཟེར་ན་མི་ཤེས་སར་བཞག་རྒྱུ་ལས་གཞན་གང་ཡང་ཡོད་པ་མ་རེད། བསམ་ཡོད་བོད་མི་སུ་འདྲ་ཞིག་ཡིན་ཡང་མི་ངན་འདི་དག་གིས་བཤད་པར་ཡིད་ཆེས་དང་རྒྱུ་མཚན་འཛིན་དགོས་དོན་མི་འདུག་ལ་འཛིན་མཁན་ཀྱང་ཡོང་རྒྱུ་མ་རེད། བོད་གཞུང་མིང་བསྒྱུར་བཟོས་པ་དེ་༧གོང་ས་མཆོག་རང་གིས་ཡང་གོང་གསལ་བཀའ་སློབ་གནང་ཡུལ་ས་གནས་སོ་སོར་དགོས་པ་དང་རྒྱུ་མཚན་གསལ་པོ་གསུངས་ཡོད་པ་རེད། ཞར་ལོངས་འོན་གསུམ་ཅན་གྱི་དུད་འགྲོ་མི་གཟུགས་ཅན་ཞིག་མིན་ན་ཤེས་དགོས་ངེས་རེད་་་་་་་དེ་ཙམ་ཡིན་་་་་་་་་་་དྲ་བའི་དཀྲུགས་ཤིང་དང་སྤྱིར་ཚོགས་དཀྲུགས་ཤིང་མཁན་ཡོངས་རྫོགས་ལ་ཟེར་གྱི་ཡོད།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར་ཆིབས་སྒྱུར་སྐབས་བཀའ་སློབ་བསྩལ་དོན།
གསལ་བཤད་བྱེད་དགོས་དོན་ནི་བཙན་བྱོལ་གཞུང་ཟེར་བ་འདི་དབྱིན་ཇིའི་ཚིག་ལ་ (Government) བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད། ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད། ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད། དབྱིན་ཇིའི་སྐད་ནང་ (Government) བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ། དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད། ང་ཚོའི་འདིར་སྒྲིག་འཛུགས་ཤིག་ཡོད་པ་རེད། དེ་ནི་བཙན་བྱོལ་བའི་སྡེ་ཚོགས་ཤིག་ཡོད་པ་འདི་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་པ་རེད། སྒྲིག་འཛུགས་འདིའི་འགོ་ཁྲིད་མཁན་ཆགས་ཡོད། བཀའ་བློན་ཁྲི་པ་འོས་འདེམས་ཟིན་རྗེས་ངས་གཞུང་འབྲེལ་གྱི་དབང་ཆ་རྩིས་འབུལ་བྱེད་པའི་སྐབས་སྲིད་སྐྱོང་ཟེར་བའི་མིང་ཚིག་འདི་བེད་སྤྱོད་བྱས་པ་ཡིན། ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང། དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་ (Political Leader) དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime Minister) བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད། སྐད་ཆ་འདི་བྱུང་བའི་སྐབས་ལ་ང་ཚོའི་བོད་རིགས་ནང་ནས་ཞེན་ཁོག་དང་ཤ་ཚ་ཡིན་ཀྱང་ཁ་ཤས་ཤིག་གིས་ད་བོད་གཞུང་བསྡུ་གསོག་བརྒྱབ་སོང། འགྲིག་གི་མི་འདུག་ཅེས་སྐད་རྒྱག་མཁན་བྱུང་བ་དེ་ལ་ང་རང་ཏོག་ཙམ་བློ་ཕམ་བྱུང།
ངས་ལོ་བཅུ་དྲུག་ནས་བོད་གཞུང་གི་འགན་འཁྱེར་བ་ཡིན། ལོ་བཅུ་དྲུག་ནས་ད་ཆ་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་བར་ངས་འགན་འཁྱེར་བ་ཡིན། མི་ལྟ་བུར་མཚོན་ན་ཕྲུ་གུ་ཆུང་ཆུང་གཡས་འཁྱོར་གཡོན་འཁྱོར་བྱེད་མཁན་ཞིག་མགོ་འདོན་འཚོ་སྐྱོང་བྱས་པ་ཡིན། དེ་འདྲ་བྱེད་མཁན་གྱི་མི་གཅིག་ལ་ད་ཆ་བོད་གཞུང་བསྡུ་གསོག་བརྒྱབ་སོང་བརྗོད་ན་འགྲིག་གི་རེད་དམ། ལོ་དྲུག་ཅུའི་རིང་ངས་ཕར་གཡས་སྐྱོར་གཡོན་སྐྱོར་གྱི་ལྟ་རྟོག་བྱས་པ་དེ་ཇི་ལྟར་བྱས་ཏེ་བསྡུ་གསོག་རྒྱག་གི་རེད་དམ། དེ་ཙམ་ཡང་བསམ་བློ་མ་འཁོར་བར་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐད་ཅོར་རྒྱག་དུས་དེ་ནི་ང་ལ་ཡིད་ཆེས་མེད་པའི་རྟགས་རེད་བསམ་པ་དྲན་བྱུང། ཚུར་ཡིད་ཆེས་མེད་ན་དེ་ལ་བྱེད་རྒྱུ་གང་ཡང་མི་འདུག ཡིད་ཆེས་ཡོད་ན་ལོ་བཅུ་དྲུག་ནས་འགན་འཁྱེར་མཁན་གྱི་ྋརྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་རྒྱག་གི་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་བསམ་དྲན་དགོས་པ་ཡིན། ཤེས་སོང་ངམ། ཞེས་གསུངས་ཡོད་དོ།།
༸གོང་ས་མཆོག་གིས།
་་་་་་ དབྱིན་ཇིའི་སྐད་ནང་ (Government) བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ། དེར་བརྟེན་ང་ཚོས་བོད་གཞུང་ཟེར་བའི་མིང་ཚིག་འདི་ལ་ཏོག་ཙམ་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོ་སྐད་ཆ་བྱུང་བ་རེད། ང་ཚོའི་འདིར་སྒྲིག་འཛུགས་ཤིག་ཡོད་པ་རེད། དེ་ནི་བཙན་བྱོལ་བའི་སྡེ་ཚོགས་ཤིག་ཡོད་པ་འདི་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་པ་རེད། སྒྲིག་འཛུགས་འདིའི་འགོ་ཁྲིད་མཁན་ཆགས་ཡོད། ་་་་་
ཆོས་ཕྱོགས་ནས་༧གོང་ས་མཆོག་ལ་མི་ཕྱེད་པའི་དད་བརྟན་པོས་ཁོང་བོད་རྒྱུད་ནང་བསྟན་གྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པ་སྨྲོས་ག་ལ་དགོས། སྲིད་ཕྱོགས་ནས་ནོར་བ་ལ་ནོར་བ་བརྗོད་རྒྱུ་ལས་དད་པ་དང་ངོ་དགས་བོད་རྒྱལ་ཁབ་དེ་ཡོད་པ་ནས་མེད་པ། མེད་པ་ནས་རྩ་མེད་ཆགས་པ་རེད། ད་དུང་ཆོས་ལུགས་ལ་ཞེན་ནས་སྐད་ཆ་བཤད་མཁན་འདི་ཚོ་ནི་ཡར་རྒྱས་དང་རང་དབང་གི་བཀག་རྡོ་རེད་ལ་གཞུང་གསར་པ་ལ་ལ་འགྲོ་རུ་མི་བཅུག་པའི་གཤེད་མ་ཡང་རེད། དེས་ན་ཁོག་ལ་དྲན་རྒྱུ་གཞན་ཞིག་དང་ཁ་ནས་གོང་ས་དང་གོང་ས་ཟེར་མཁན་རྣམས་མི་གྲལ་མ་དགོས་ཁྱི་གྲལ་ལ་འཇོག་ཐབས་བྲལ། བཙན་བྱོལ་བོད་གཞུང་དང་མི་རྗེ་སྲིད་སྐྱོང་མཆོག་གི་དབུས་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་ནས་བོད་མི་རིགས་མྱུར་སྐྱོབས་ཀྱི་ཕྱག་ལས་ལ་བར་ཆད་མ་བྱེད་རོགས་བཤད་རྒྱུ་ཡིན། ལ་དྭགས་ཀྱི་བཀའ་སློབ་གལ་ཆེན་པོ་དེ་འདྲ་ཡིན་ན་དེ་སྐབས་ཆོས་རྒྱུད་ཁ་ཤས་ཀྱི་དར་ཆ་ལ་སྨད་པ་ཚོད་མེད་དང་ཁྱད་སོད་ཀྱི་བཀའ་མོལ་དེ་ཡང་བདག་སྤྲོད་བྱེད་དགོས་པར་སྙམ།
རབས་བྱུང་ན་དྲ་གྲོགས་རྣམ་པས་དགོངས་པ་བཟང་ས་ནས་བཞེས་ལ་ཆབ་སྲིད་ཀྱི་དཔྱད་བརྗོད་འདི་འདྲ་སྤེལ་སྐབས་༧གོང་ས་མཆོག་གི་བཀའ་སློབ་འདྲེན་བཀོད་དང་། ཐུགས་ཕམ་དང་ཐུགས་དགྱེས་པའི་སྐད་ཆ་དེ་ཚོ་མ་བཤད་ན་བཟང་། དྲ་ཐོག་བཀོད་ཚར་ན་དོན་གྱི་རང་དབང་རེད་ལ། ཁ་ནས་རང་དབང་ཁྱེར་ནས་ཚུལ་མིན་གྱི་སྐད་ཆ་ཞུ་གཞི་ཆགས་འགྲོ་བ་དངོས་ཡོད་རེད། ཆོས་ཕྱོགས་ཀྱི་ལམ་སྟོན་དང་དགོངས་ཚུལ་དཔྱད་བརྗོད་སོགས་སྤེལ་སྐབས་༧གོང་ས་༧མཆོག་གི་བཀའ་སློབ་དང་དགོངས་ཚུལ་འདྲེན་བཀོད་གནང་ན་འོས་ཤིག་འཚམས་པར་མཐོང་།
སྐབས་དེ་དུས་༧གོང་ས་མཆོག་གིས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་”མིང་ཕྱིར་སྡུ་བྱེད་ཕྱོགས་འདིའི་སྐོར་ལ་ཐབས་ཤེས་གཞན་པ་འདྲ་མི་འདུག་གམ”་ཞེས་གསུང་བའི་སྐབས་ཁོང་གི་བོད་ཡིག་གི་གནས་ཚད་ཞན་པའི་དབང་གིས་འཇོན་མི་འདུག
གལ་སྲིད་དེ་དུས་ཁོང་གིས་”ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད།”ཞེས་པའི་བཀའ་སློབ་འདིའི་ནང་དོན་ལ་འཇུས་ནས་”ལགས། བོད་གཞུང་ཞེས་པ་འདི་བོད་ཡིག་ནང་དུ་དེ་ག་རང་དུ་བཞག་ན་སྐྱོན་མི་འདུག གལ་སྲིད་ང་ཚོར་ཁྲིམས་ཐོག་ནས་ནད་འགག་དེ་འདྲ་སླེབས་ན་བོད་གཞུང་ཞེས་པ་government་ལ་གོ་རྒྱུ་མིན། བོད་ཀྱི་སྐད་ཡིག་ནང་དུ་government་ལ་སྲིད་གཞུང་ཞེས་འབོད་ཀྱི་ཡོད། གཞུང་ཞེས་པ་ང་ཚོའི་སྐད་དུ་གཙང་བོའི་གཞུང་ཡང་ཟེར་སྲོལ་ཡོད་ཅེས་རྩོད་ཆོག”་ཅེས་ཞུ་ཐུབ་མི་འདུག གལ་སྲིད་དེ་དུས་ཁོང་གིས་དེ་ཞུས་ཐུབ་ཡོད་ན་ད་སྐབས་བཙན་བོད་གཞུང་འདི་ཀུན་གྱི་བློ་ན་གཟི་བརྗིད་དང་བཅས་འགྱིང་ཡོད་ངེས།
དེ་ནི་ད་སྐབས་གཞིས་ལུས་བོད་རྒྱལ་ཡོངས་སུ་government་ཞེས་པ་འདི་ལ་སྲིད་གཞུང་ཞེས་འབོད་བཞིན་པས་དངོས་ཡོད་གནས་ཚུལ་གྱི་རྨང་གཞི་ཡང་ཡོད།
ད་དམ་ཉམས་ལྟ་ལོགས་ཇེ་མང་རེད་འདུག ཅི་དྲག
རེད་རེད་་་་་་་ཁ་ཤས་ཀྱིས་དཔྱད་རྩོམ་ཡིན་ཁུལ། ཁ་ཤས་ཀྱིས་དེར་བགྲོག་གླེང་ཡིན་ཁུལ། མདོར་བསྡུས་ནས་བཤད་ན་ནང་ཁུལ་དཀྲུག་ཤིང་བཟོ་རྒྱུ་ནི་དམིགས་ཡུལ་ངོ་མ་དེ་ཡིན་པ་ལོངས་བས་བལྟས་ན་རྒྱལ་ཁམས་གསལ་ཟེར་བཞིན་ལས་མེད་པ་རེད། སྤྱིར་ཁྱོད་ཚོ་རང་སྣང་རི་བོ་ལས་མཐོ་ནས་རང་ངོ་སྐྱག་པའི་ཁེངས་པར་མ་མཐོང་པའི་ནོངས་པ་ལས། ༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་དགུང་ལོ་༡༦་སྔ་ལོའི་བར་དུ་ཆོས་སྲིད་ཀྱིས་མཛད་མགན་བཞེས་ནས་འཛམ་གླིང་འདིར་ཡོད་པའི་གཟུར་གནས་ཤེས་ལྡན་ཅན་ཚོས་བསྟོད་བསྔགས་དང་། ཡིད་ཆེས། ཁོང་ཚོས་དམིག་དཔེར་ལྟ་སར་ཞིག་ལ་ངོས་འཛིན་ནས་བླང་དོར་ལམ་བསྟོན་ཞུ་ལ་བྲེལ་ཀྱིན་ཡོད་པ་དེང་ཡང་མ་རིགས་པའི་ལིང་རྟོག་ངན་པའི་བསྒྲིབས་སོང་ནས་མ་མཐོང་བ་སྐྱོ་སོང་བ་རེད།
མངའ་རིས་ཀྱིས་བཤད་པ་བློ་ལ་འགྲོ་སོང་།།
ཨ་མཆོད་འཇམ་དཔལ་གསུང་པ་ལ་བདེན་པ་འདུག་ད་ཚར་རེད་སླར་གྲོས་མཐུན་དོན་ཚན་བཅུ་བདུན་ནང་བཞིན་ཕྱོགས་གཅིག་ནས་བདེན་པ་དང་། ཕྱོགས་གཅིག་ནས་བརྫུན་པ་རྩི་རྒྱུ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་མེ་མདའི་སོ་ཁའི་འོག་ནས་ས་ཡིག་ཤོར་རབ་ཟེར་ནས་གསལ་བསྒྲགས་གནང་བ་རེད། གང་ལྟར་རྒྱལ་སྤྱིའི་གྲོས་མཐུན་དེ་ལ་ཆ་འཇོག་བྱེད་བཞིན་པ་ད་ལྟའི་བྱེད་སྟངས་ལས་གསལ། རྗེས་གཞུང་གི་མིང་དེ་དད་པས་ཤོར་བ་རེད་ཟེར་ནས་གསལ་བསྒྲགས་བྱེད་རྒྱུ་རེད།
ཁྱེད་ཅག་ཚང་མ་ཁ་ཁེར་སྡོད། བོད་གཞུང་ཟེར་བ་འདི་སུ་དང་གང་གིས་སུ་དང་གང་ལ་རྩིས་སྤྲོད་རྩིས་ལེན་དང་བསྡུ་གསོག་རྩ་མེད་གང་ཡང་བརྒྱབས་གནང་ཡོད་པ་མ་རེད། དེ་ཤེས་བར་ཤོག། མང་པོ་མང་པོ་ཞིག་བཤད་མ་དགོས་པར་ཤོག། བོད་རང་བཙན་ལེན་རྒྱུ་ད་དུང་ལྷག་ཡོད་པ་རེད། ང་ཚོ་ཚང་མས་ཤི་རེ་བྱེད། དབུ་མའི་ལམ་ནི་རྒྱ་ནག་ཚང་ལ་ཕུལ་བའི་གདམ་ཀ་ཆུང་ཆུང་ཞིག་རེད། དགོས་བ་འདུག་ན་སྐད་ཆ་བཤད་ཀྱི་རེད། མི་དགོས་ན་གཡུག་རྒྱུ་རེད། བོད་རང་བཙན་གྱི་རྒྱལ་ཁབ་ད་དུང་ལེན་རྒྱུ་ལྷག་བསྡད་ཡོད་པ་རེད། རྩད་བརྒྱབས་ནས་བསྡད་མ་འདུག། རང་བཙན་གྱི་རྒྱལ་ཁ་་ལེན་དུ་འགྲོ།
མི་སྲིན་བླ་གློའི་སྙིང་རླུང་དྲག་ཏུ་འཕར། །མི་ཤེས་རང་མགོ་བརྡོ་ལ་བཞུས་བ་འདིར། །མི་མཆོག་རྒྱལ་བ་མི་མངོན་དབྱིངས་ནས་ཁྲེལ། །མི་ངན་གང་ཡོད་གཏམ་ངན་རྫོགས་མཐར་མེད། །མི་རུང་རང་མཚང་མི་སྔོན་བཤམ་བ་འདི། །མི་བུ་ཞིག་ལས་ཁྱིའི་བུ་ཡིན་ན་དགའ། །མི་ཤེས་རྨོངས་ནས་རང་ངོ་མ་ཟིན་པ། །མི་མཆོག་གང་དེ་ཆོལ་ངེ་འདོན་འདི་སྐྱོ། །
འཇམ་དཔལ་ཚུལ་ཁྲིམས་ཀྱི་སྐད་ཆ་བློར་གཏན་ནས་བབ་མ་སོང་། ང་དགུ་ལོ་ནས་ད་ལྟའི་བར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུག་འདིས་ལོ་རྒྱུས་ཐོག་བོད་རང་བཙན་མིན་པ་མཁས་ལེན་གཏན་ནས་མྱོང་མེད། བོད་ཀྱི་མི་རབས་གསར་བ་ཚོར་འཇོན་ཐང་ཡོད་ན་ངོམ་སའི་ས་ཆ་ལྟ་བུར་རང་སོར་ཡོད། བཙན་བྱོལ་སྒྲིག་འཛུག་འདིའི་མིང་ཙམ་བསྒྱུར་བ་ནི་ཧ་ཅང་སྦྱང་གྲུང་འཛོམས་པའི་བྱེད་སྟངས་ཤིག་ལ་ང་ཚོས་རྩིས་ན་འགྲིགས་སྙམ། རྟ་ཕོ་རྒྱུགས་རྩལ་ཡོད་ན། ཨ་ཆེན་ཐང་གི་ཁ་ཞེང་སྔར་བཞིན་རེད།
ཁ་ནས་བཤད་དུས་ལ་རྒྱལ་ཟེར་བཞིན་ད་ལྟ་དགྲ་ལ་རྒོལ་མདོག་ཞིག །
སེམས་པའི་མངོན་འདོད་ཕུལ་ནུ་ནང་ཁུལ་དཀྲུག་འདོད་ལྟ་ངན་ཡལ་མ་མྱོང་། །
ཁ་བ་རི་བའི་བདེ་སྡུག་བསམས་ན་ཁ་དོན་ཚིག་ལ་གནས་པར་བྱོས་ནས་ཡིན་ལུགས་དཔྱོད། །
རང་དབང་ཟེར་བཞིན་ཁྲེལ་གཞུང་བྲལ་བས་ངང་ཚུལ་མ་བསམ་ཡིད་རེ་མུག །
བསམ་ཤེས་མེད་པའི་རྐང་གཉིས་དུད་འགྲོའི་མི་གཟུགས་ཅན་ཚོ་ཡ་རེ་ང་། །
གནས་ལུགས་རྨོངས་པའི་བྲག་རྫོང་ནང་དུ་བྱ་ཐེན་འུག་པའི་བཙན་སར་བཟུང་། །
ལྟས་ངན་དེ་ཚོས་གང་བཤད་ཀྱི་ཡོད་རེད། ད་བར་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་མིང་བཏགས་པ་རེད། དེ་དུས་ཁྱོད་ཚོས་བོད་གཞུང་ལ་ཕན་པའི་ལས་ཀ་གང་ལས་ཡོད། ད་ལྟ་བོད་གཞུང་གི་མིང་ཡོད་ན་གཅིག་བྱེད་རྒྱུ་ཡོད་མདོག་མདོག ངས་ཚིག་ཐག་བཅད་ནས་ཤེས་ཐུབ། ཁྱོད་ཚོ་འདྲ་བས་སྔར་ཡང་བོད་སྤྱི་པའི་ཕྱིར་དུ་ལས་ཀ་ལས་མྱོང་ཡོད་མ་རེད་ལ་མ་འོངས་པར་ཡང་ལས་མི་སྲིད། བོད་གཞུང་གི་ཐ་སྙད་ཕར་བཞག འཛམ་གླིང་རྒྱལ་པོ་བོད་གཞུང་ཞེས་མིང་བཏགས་ནའང་ལས་མི་སྲིད། གང་ཡིན་ཞེ་ན་སྐྱག་པ་ནི་ནམ་ཡང་གསེར་དུ་འགྱུར་མི་སྲིད།
དེ་སྔ་བོད་གཞུང་ཞེས་པ་འཛམ་གླིང་རྒྱལ་ཁབ་སུ་གཅིག་གི་ངོས་ལེན་མེད་ན་ཡང་། བོད་པ་ཚོའི་སེམས་ནང་བོད་གཞུང་ཞེས་པ་ཁས་ལེན་རྡོ་ནང་བཞིན་ཞིག་ཡོད་རེད། ཚང་མའི་བརྩི་བཀུར་གནང་གི་ཡོད། དེ་ནི་ངའི་བསམ་ན་རྨོངས་ཞེན་མིན་པར་ལ་རྒྱ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དབྱིན་ཇིའི་ཚིགས་ནང་བེད་སྤྱོད་government བཞག་ན་རུང་མ་རུང་བོད་སྐད་ནང་བཙན་བྱོལ་བོད་གཞུང་ཞེས་ལོ་ངོ་༦༠ ལྷག་རིང་བེད་སྤྱོད་བཏང་བ་རེད། གང་ལྟར་ང་རང་ཚོ་དོན་ལ་མ་རྩོད་ནས། ཚིགས་ལ་རྩོད་རྒྱུ་མང་དྲག་འདུག དེ་སྔ་ལོ་རབས་དགུ་བཅུའི་ནང་མང་གཙོ་དང་དམངས་གཙོ་གཉིས་ལ་རྩོད་པ་ལོ་བཅུ་ཙམ་ཤོར་རེད། ད་དུང་ཚིགས་ལ་མགོ་མ་འཁོར་རོགས་གནང་། དོན་ལ་བསྒྲིལ།
བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བསྒྱུར་ཐད་གོང་ས་མཆོག་སྐུ་ངོས་ནས་གསལ་བཤད་གནང་ཡང་ད་རུང་སོ་སོ་ལ་རྒྱུ་མཚན་ཡོད་མདོག་མདོག་བྱེད་མཁན་གྱི་གླེན་པ་ཁ་ནག་དང་གོ་བ་མེད་པའི་གླེང་རྒན་འདི་ཚོ་ལ་དངོས་ཡོད་གནས་ཚུལ་ལ་ལྟ་བའི་བློ་མིག་མི་འདུག
བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་བསྡུས་པས་དགའ་བ་དང་བོད་གཞུང་བསྡུ་གསོག་རྒྱག་པའི་མྱ་ངན་གཉིས་་་་
བོད་གཞུང་ཟེར་བ་ཞིག་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་ནས་ཡོད་ན་ཡང་རང་གི་རྒྱལ་ཁབ་བརྟན་སྲུང་དང་། བོད་མི་རིགས་ཆིག་སྒྲིལ་བྱེད་ཐུབ་མེད། ད་ལྟ་དང་། མ་འོངས་པ་ནའང་བོད་གཞུང་ཟེར་བའི་མིང་ཚིག་སྐམ་པོ་འདི་རང་སོར་བཞག་ཀྱང་། མིང་ཚིག་འདིས་བོད་ཀྱི་བདེན་མཐའ་གསལ་བྱེད་ལ་ཕན་པ་ལས། དེ་ལས་ལྡོག་སྟེ་ང་ཚོ་ལ་གནོད་པ་ཚབ་ཆེན་འབྱུང་བའི་གཞི་མར་མི་འགྱུར་བའི་ངེས་པ་མེད། བོད་གཞུང་ཟེར་བའི་མིང་འདི་ལ་ལོ་རྒྱུས་ཀྱང་རིང་བོ་ཞིག་མེད་པ་དང་། མིང་འདི་འདོགས་ཡུལ་ནི་དགའ་ལྡན་ཕོ་བྲང་ཡིན་ལ། བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་འདིའི་མངའ་འབངས་སུ་མ་གཏོགས་པའི་མདོ་སྨད་ཡོངས་རྫོགས་དང་། མདོ་སྟོད་ཀྱི་ས་ཁུལ་མང་པོ་ཞིག་ཡོད། མིང་འདི་གཅེས་སུ་འོས་པ་ཞིག་གཏན་ནས་མ་རེད།
ཟམ་གདོང་བླ་མའི་ཡོན་ཏན།
མདོ་སྔགས་གཞུང་ཆེན་ལ་མཁས་པ།
རིག་གནས་དང་ཆོས་བརྒྱུད་གཞན་གྱི་རྒྱུས་ཡོད་པ།
དབྱིན་ཧིན་ལེགས་བྱར་སོགས་མཁྱེན་པ་རྒྱས་པ།
བཀའ་མོལ་དང་བཀའ་སློབ་གསུངས་མཁས་པ།
འདུལ་ཁྲིམས་གཙང་ཞིང་དྲང་བདེན་ཡིན་པ།
འདོད་ཆུང་ཆོག་ཤེས་ཡོད་པ།
ཟམ་གདོང་བླ་མའི་སྐྱོན།
དགེ་ལུགས་པ་ལ་ཞེན་ཁོག་ཆེ་བ།
མཁས་འདོད་ཆེ་དྲག་ནས་བསམ་འཆར་བཏོན་མཁན་ལའང་དམའ་བེབས་བྱེད་པ།
ཁོ་རང་གི་ལྟ་བ་དང་བསམ་ཚུལ་ལ་ཨུ་ཚུགས་ཆེ་བ།
རྒྱ་གར་རྒན་རབས་ཀྱི་ལྟ་བ་དངགཅིག་མཚུངས་ཀྱི་ནུབ་ཕྱོགས་པར་སྡང་བ།
རྒྱ་གར་གྱི་ལྟ་སྤྱོད་ལ་ཤེན་ཆེ་བ་དང་དེང་རབས་གསར་པ་ལ་མི་དགའ་བ།
བཀའ་སློབ་གནང་སྐབས་དལ་ལྷོད་ཆེ་བ་དང།
་མི་མང་དཀྱུས་མའི་མགོ་མ་འཚོ་བའི་ཆོས་སྐད་དམ་ཚིགས་མཐོན་པོ་མང་བ།
བཅས་བསམ་ཚུལ་ཙམ་དུ་བྲིས།
འཛམ་གླིང་འདིར་ཡུན་རིང་ལོ་རྒྱུས་ལྡན་པའི་བོད་གཞུང་གི་མཚན་གནས་རྩ་མེད་བཏང་བ་ནི།
ལོས་རྒྱུས་ཐོག་གི་ནག་ཉེས་ཚབ་ཆེན་བསགས་མཁན་རྒྱ་དམར་དང་གཉིས་སུ་མེད་པའི་ཟོམ་རྒས་ཀྱི་ལྐོག་གཡོའི་མུན་འཁྲུལ་གྱི་ཆ་ཤས་ཙམ་རེད།
དེང་སང་རྒྱལ་བའི་མཚན་བྱང་ཁ་ལ་ཁྱེར་ནས་བོད་ཀྱི་མཚན་བྱང་རྩ་མེད་བཟོ་ཐུབ་པ་ནི།
རྒྱ་མིའི་དམག་ཇུས་ལྟར་ཕྱི་དགྲ་ནང་དགྲ་ལག་སྦྲེལ་ལ་བརྟེན་ནས་བྱུང་བ་ལས་རང་གར་བྱུང་བ་ཞིག་ག་ལ་ཡིན།
ད་དུང་སྐབས་འཚོལ་བ་དང་གཡོམ་བརྒྱུགས་བྱེད་མཁན་ཚོས། བོད་གཞུང་གི་མཚན་རྩ་མེད་བཏང་བ་འདི་བྱས་རྗེས་སུ་རློམ་པ་ནི་ཕ་བསད་པའི་ཤ་བུ་ལ་ཟ་བཅུག་པ་དང་མི་འདྲ་འམ???????????????
སྤྱི་བཏང་ “གཞུང” ཞེས་པའི་ཚིག་དོན་གཉིས་ཀའི་དོན་ལ་ཤིན་ཏུ་རྨོངས་པའི་རྒྱ་ཁྱི་རྡར་ཚེ་ཁུག་ལྟ་དང་ལྐལ་གློ་བཅས་པས་བོད་རང་བཙན་དྲན་མི་ཕོད་པ་ཁོ་ཚོའི་ལྟོ་ཕོག་གི་གནས་སྟངས་ལས་ཚོད་དཔག་ཐུབ་ཀྱང་།
བོད་ཀྱི་གནས་བབ་སྐྱོ་བའི་དུས་འདིར་བོད་ལ་ཕན་སེམས་དང་དགའ་ཞེན་མེད་ཀྱང་།
བོད་གཞུང་ཞེས་པའི་ཚིག་ཙམ་བརྗོད་མཁན་ལ་དུས་རྟག་ཏུ་ཁོང་ཁྲོ་ཆེན་པོས་འབུར་འཇོམས་ཁྱད་གསོད་བྱེད་ལུགས་འདི་ལྟ་བུ་ལ་བལྟས་ན་ཁོ་ཚོས་དམིགས་ཡུལ་ཡང་སྙིང་གང་ཞིག་ཡིན་ནམ??????????????????????????????????????????????????
ཐབས་ཇུས་ཀུན་ཤེས་ཟེར་བ་ལ་འདྲི་རྒྱུ་ཞིག་འདུག་ལན་རྒྱག་རོགས། བོད་གཞུང་ཟེར་བའི་མིང་འདི་དུས་ནམ་ཞིག་ལ་ཐོག་མར་བྱུང་བ་འདུག མིང་འདི་འདོགས་ཡུལ་གྱི་མངའ་འབངས་སུ་བོད་ཆོལ་ཁ་གསུམ་ཡོད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་དམ།
ཁོ་བོའི་རྩོམ་འདིར་ཀློག་མཁན་རེ་ཟུང་གིས་རྒན་རབས་ལ་ཟུར་ཟ་བྱས་ཞིག་ལ་གོ་བལེན་མཁན་ཡོད་བཟོ་འདུག་པ་དེ་ནི་ཁྱེད་ཅག་གིས་རྦད་དེ་ནོར་བ་རེད་ཅེས་ཞུ་རྒྱུ་ཡིན། ང་ལ་དེ་འདྲའི་དམིགས་ཡུལ་ཟུར་ཙམ་ཡང་མེད། ལར་ནས་ང་ནི་ཐམས་ཅད་ཐད་ཀར་སྨྲ་མཁན་ཞིག་ཡིན་པས་འདི་ཙམ་ཞིག་བརྗོད་པར་དངོས་སུ་མི་གླེང་བར་ཤུགས་སུ་འཇོག་དགོས་དོན་མེད། གལ་སྲིད་ངའི་རྩོམ་གཤིས་ལ་དེ་འདྲ་ཞིག་ངོ་མ་ཞུགས་ཡོད་ན་ངས་དེ་དག་ཡོངས་སུ་ཕྱིར་འཐེན་བྱེད་རྒྱུ་ཡིན། ཤུལ་དུ་ལྷག་པའི་འདིའི་ནང་དོན་ནི་འབོད་སྐུལ་དེ་ཁོ་ན་ལས་གཞན་མེད་དོ།
དེང་གིས་དུས་འདིར་སོ་སོའི་དངོས་མིང་ཙམ་ཡང་སྟོན་མི་ཕོད་པ་མིང་བྱང་རྫུན་མ་རེ་རེའི་འོག་ཏུ་ཡིབ་ནས། དུད་འགྲོ་མིའི་གཟུགས་ཅན་འདི་ཚོའི་རང་ཉིད་ཀྱིས་ཀུན་སྤྱོད་དང་། ཤེས་ཡོན། དཔའ་མཛངས་དང་། རྣམ་དཔྱོད། དེ་བཞིན་བཟང་སྤྱོད་དང་། ཉམ་མྱོང་སོགས་ལ་དཔག་ནས་བློ་ཁ་ནང་དུ་མི་ཕྱོགས་པར། རང་ལྟ་མཆོག་འཛིན་གྱིས་དབང་གི་མངོན་པའི་ང་རྒྱལ་གྱི་ཁེངས་ཏེ་སེམས་ཁོངས་སུ་བདུད་སྲིན་དོལ་འདྲེ་སོགས་འཛུལ་བ་བཞིན། སྤྱིར་སེམས་དཀར་ཞིང་མཛད་རྗེས་ཆེ་བས་སྐྱེས་ཆེན་དག་ལ་མིག་ནང་དུ་ཚེར་མ་བཞིན་འཛིན་ནས་ངོ་ཚ་ཁྲེལ་གཞུང་བྲལ་བ་དང་། མ་མཐར་ཡང་འགྲོ་བ་མི་ཞིག་ལ་དགོས་པས་བཟང་སྤྱོད་ཀྱི་འགན་ཡང་འཁུར་མི་འདོད་པ་ལོང་བ་ཆུའི་ནང་མཆོང་བ་བཞིན། གནས་ལུགས་བྲལ་བས་འུར་ཤོད་དང་དེ་བཞིན་འགན་ཁུར་མེད་པའི་དཀྲོག་གཏམ་ཟད་མཐའ་མེད་པ་སྤེལ་མཁན་འདི་ཚོའི་གྲས་ལ་ལན་གྱི་ངལ་བ་དང་དུ་ལེན་དགོས་ཆེར་མི་འདུག་མོད། ཡིན་ཡང་རྣག་ཐོག་གཙག་འཁེལ་ཟེར་བ་བཞིན་དུས་དུས་སུ་འབུར་འཇོམས་རེ་མ་བྱས་ཚེ་ངན་པ་ལོང་ཤོར་དུ་འགྲོ་རྒྱུ་ཉག་གཅིག་བརྟེན། འཇམ་མཁས་དང་བཟང་པོའི་ཚིག་གིས་མཛེས་རྒྱན་སོགས་མི་དགོས་པར་གཙོར་གཉེར་ཐོག་ནས་ཁ་བརྡུ་རེ་བཏང་དགོས་བྱུང་བར་གཟུར་གནས་སྐྱེས་ཆེན་ཀུན་ལ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང་། སླད་མར་ཡང་མི་ངན་འདི་ཚོའི་རྔ་ལ་དཔག་པའི་ངས་ཀྱང་དེ་བཞིན་གར་འཁྲབ་འདོད་ནི་དམ་བཅའ་འམ་ཆོད་སེམས་ཡིན་པས་དེ་བཞིན་དགོངས་མངའ་ཡོང་བ་ཞུ། །
འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཤད་པར་གནས་ལུགས་ཨདུག བླ་བཙོང་བ་ཟམ་གདོང་དང་པད་མ་འཕྲིན་ལས། བྱམས་པ་ཕུན་ཚོགས་སོགས་འདི་ཚོའི་རིགས་ལ་ཁྱི་སྐྱག་ནང་ལ་གཙང་གཙོག་མེད།།
་་་་་བླ་བཙོང་བ་ཟམ་གདོང་དང་པད་མ་འཕྲིན་ལས། བྱམས་པ་ཕུན་ཚོགས་སོགས་འདི་ཚོའི་རིགས་ལ་ཁྱི་སྐྱག་ནང་ལ་གཙང་གཙོག་མེད།། ཟེར།
ད་ལྟའི་བོད་མིའི་སྒྲིག་འཛུགས་དང་། སྒྲིག་འཛུགས་དེའི་དེའི་ལས་བྱེད་མཐོ་གྲས་ལ་འཕྱ་དམོད་མ་བྱས་ན་རང་ཉིད་ལ་ཡང་ཕན་ཐོགས་ཆེ་བར་མི་འདུག་གམ།
གལ་སྲིད་བོད་རང་བཙན་ལེན་འདོད་ཡོད་ན་ཡང་། རྒྱ་གཞུང་གི་ལག་ནས་ལེན་དགོས་པ་ལས་བཙན་བྱོལ་ལས་བྱེད་དེ་ཚའོ་མགོ་ལ་གཡོག་ནས་སུ་ལ་ཕན་པ་འདུག་གམ། ངའི་དྲ་གྲོགས་ཤེས་ཡོན་པ་གསར་པ་ཚོ། ལགས། ལན་ཅིག་གསུངས་དང་།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་ལ་ཟམ་གདོང་གི་གནོན་འཚེ་ཆེན་པོ་་བཏང་ཡོད་པ་་ཚང་མའི་ཤེས་དགོས
ང་ཚོ་རང་གཤིས་ཀ་ངན་པ་ཞིག་ཡོད་པ་ནི། མི་ལས་ཀ་ཡུན་རིང་བྱས་ནས་རྗེས་བྱས་ཅན་ལ་མཐོང་མེད་པར་སྐྱོན་བརྗོད་དང་རྨ་འབེབས་བྱེད་གང་ཐུབ་བྱེད་རྒྱུ་དེ་རེད།
གང་ཟག་སྒེར་པའི་མིང་དངོས་སུ་སྨྲོས་ནས་སྐྱོན་བརྗོད་དང་ཚིག་མཚོན་འདེབས་པ་ནི་འོས་བབས་ཤིག་མ་མཐོང་། ཟམ་གདོང་བླ་མ་སྐྱོན་ཡོན་གང་ཡོད་ཀྱང་ཟིན་པ་རེད། གཙོ་ཆེར་བཀའ་ཤག་སྙིང་པའི་སྐབས་ཀྱི་ཡོན་ཏན་ལ་མཇུག་སྐྱོང་དང་། སྐྱོན་རྣམས་ཞེན་ཁོག་དང་དད་པའི་བཙན་འོག་ཏུ་མ་ཤོར་པར་དོར་དགོས། བོད་གཞུང་ཞེས་པ་དེ་ད་བར་དགའ་ལྡན་ཕོ་བྲང་གི་མིང་དང་ལྷན་དུ་འབོད་རྒྱུ་ཡོད་ཙང་ལྷག་པ་རེད། དགའ་ལྡན་ཕོ་བྲང་གི་མིང་ཟུར་དུ་ཐོན་པ་དང་བོད་གཞུང་ཟེར་བ་དེ་སྒྲིག་འཛུག་ཏུ་འགྱུར་བ་ཡིན་པ་ལྐུགས་པས་ལྟས་ཀྱང་ཤེས་ཚོད་རེད། བྱས་ཙང་དེ་ནས་ཆོས་སྲིད་ཟུང་འབྲེལ་གྱི་མཇུག་འབྲས་རེད།
དྲ་གྲོགས་ཚོ།
ངས་མདའ་འཕངས་སར་མ་ཕོགས། མ་འཕང་སར་ཕོགས་པ་འདྲ། རྣམ་རྟོག་གིས་སྣོན་པ་བརྒྱབ་ན་ཚིག་རིས་ལ་མེད་པ་ཞིག་ཏུ་གོ་བ་ལེན་སྲིད་པ་ཆོས་ཉིད་ཀྱང་རེད། དེའི་ཕྱིར་ངས་རྩོམ་དེ་འཁྱོག་དེ་བྲིས་པ་དང་བཏང་བ་དུས་མཉམ་དུ་ཤོར་བ་དེ་བདག་ནོར་བ་འདྲ། ལྷག་པར་དུ་དྲ་གྲོགས་བཀྲ་ཤིས་རྒྱལ་གྱི་གསུང་སྟངས་དེ་འོས་པོ་མི་འདུག བྱམས་པ་འཕྲིན་ལས་སོགས་ནི་བཙན་འཛུལ་བས་འུ་ཚོའི་མགོ་ཐོག་ཏུ་མར་བསྐོས་བཞག་པ་ཞིག་ཡིན་པ་དང་། ཟམ་གདོང་རིན་པོ་ཆེ་སོགས་ནི་ང་ཚོས་ཡར་བསྐོས་བཞག་པ་ཡིན་པས་འདྲ་ས་མེད།
གང་ལྟར་ངའི་རྩོམ་དེའི་དམིགས་ཡུལ་ནི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་བོད་གཞུང་གི་མིང་ཕྱིར་བྱས་ཟིན་པ་ལ་བགྲོ་གླེང་བྱེད་འདོད་མིན་ལ། ལྷག་པར་དུ་དབུ་ཁྲིད་ཟུར་བ་དང་རྒན་པ་རྣམས་ལ་ཟུར་ཟ་དང་དམའ་འབེབས་བྱེད་ཆེད་དེ་བས་མིན། ཟམ་གདོང་མཆོག་ལ་བོད་ཞེན་མེད་པར་ཞུས་པ་ནི་ཁོང་རང་ཉིད་ཀྱི་ཐུགས་བཞེད་ཡིན་ཞིང་། དེ་ལྟར་ལབ་ན་ཁོང་ལ་བསྟོད་པར་འགྲོ་སྲིད་པ་ལས་དམད་པར་འགྲོ་བའི་ངེས་པ་ཡེ་ནས་མེད།
ངས་དམིགས་ཡུལ་གཙོ་བོ་རེ་སྐུལ་དེ་གཉིས་ཀྱི་ཆེད་དུ་ཁོ་ན་ཡིན། བྱུང་རབས་ནི་འདས་ཟིན་པ་རེད། གལ་སྲིད་དེ་ནོར་ཡོད་ན་དེ་ལ་དཔགས་པའི་ནོར་བཅོས་ཀྱི་ཚུལ་དུ་དྲ་གྲོགས་ཚོར་རེ་སྐུལ་དེ་གཉིས་ཞུས་པ་ཡིན། དྲ་གྲོགས་ཚང་མར་རེ་སྐུལ་གཉིས་པ་དེར་འདོད་མོས་མེད་སྲིད་ཀྱང་། རེ་སྐུལ་དང་པོ་ལ་ནི་འདོད་མོས་ཡོད་པའི་རེ་བ་ངོ་མ་ཆེ།
ཧ་ཧ་དེང་སང་གི་དྲ་འབུ་ཁ་ཤས་ལ་ཟེར་གྱི་ཡོད། མ་ཤེས་ན་ཡང་ཤེས་མདོག་མ་བཟོ་ཤིག །སྲིད་བཤད་ན་ཆོས་ཤེས་མདོག །ཆོས་བཤད་ན་སྲིད་ཤེས་མདོག་བཟོ་བ་འདི་ནི་དེང་སང་དྲ་འབུ་དག་གི་གཤིས་སུ་གྲུབ་འདུག་ལབ་ན་མི་ཆོག་པ་མེད་པར་མངོན། སེམས་གཙོ་དང་དངོས་གཙོའི་སྐད་ཆ་འབྲེལ་མེད་དོན་གཞན་ཞིག་ངའི་དུས་ནང་ཡང་བཤད་མི་འདོད། རང་དང་ལྟ་གྲུབ་མི་མཐུན་པའི་མི་བུ་དག་གི་སྤྱོད་ཚུལ་ལ་་སྡུག་སྐད་རྒྱུན་མི་ཆད་པ་ངའི་དུས་ནམ་ཡང་འདོན་མི་འདོད། རང་གི་ནག་ཉེས་ཐེར་འདོན
་བཟོ་མཁན་དག་ལ་དགྲ་བོའི་འདུས་ཤེས་ངའི་དུས་ནང་ཡང་འཛིན་མི་འདོད། རང་ལ་བྱས་པ་རྡུལ་ཙམ་མེད་པར་མི་ལ་སློབ་སྟོན་ངའི་དུས་ནམ་ཡང་བཟོ་་མི་འདོད། རང་ལ་ཤེས་ཡོན་རང་མགོ་ཐོན་ངེས་ཞིག་མེད་བཞིན་དུ་གཞན་གྱི་སྔོན་ནས་མཁས་དབང་ཡིན་མདོག་མདོག་གིས་བཅོས་མའི་རྣམ་འགྱུར་ངའི་དུས་ནམ་ཡང་སྟོན་མི་འདོད། རང་ལ་འཇོན་ཐང་ཏིལ་འབྲུལ་ཙམ་མེད་བཞིན་དུ་གཞན་གྱི་སྔོན་དུ་ཆེ་མདོག་དང་འཇོན་ཐང་ཅན་ཞིག་ཡིན་མདོག་གྱི་སྤོབས་པ་ངའི་དུས་ནམ་ཡང་ཁུར་མི་འདོད། རང་ལ་ནུས་པ་ཁབ་རྩེ་ཙམ་ཞིག་མེད་བཞིན་དུ་མིང་རྗུན་འོག་ནས་ཁ་ཕོར་འབྲུག་སྒྲ་ལྟ་བུར་ངའི་དུས་ནམ་ཡང་བསྒྲོགས་མི་འདོད། རང་ལ་སྤྱིར་སེམས་ནས་འབྲུ་ཙམ་ཞིག་མེད་ན་ཡང་གཞན་གྱི་སྔོན་ནས་ལ་རྒྱའི་གླུ་དབྱངས་གཞན་གྱི་ཨ་མཆོག་ཚ་ཚ་བར་དུ་ངའི་དུས་ནམ་ཡང་འཐེན་མི་འདོད། རང་ལ་བློ་ཁོག་ཐལ་རྡུལ་ཙམ་ཞིག་མེད་ན་ཡང་དཔའ་བོ་ཡིན་རབས་ཀྱི་སྟོང་གཏམ་ལུང་པའི་ནང་དུ་མི་ཤོང་བ་རེ་ངའི་དུས་ནམ་ཡང་བཤད་མི་འདོད། འདི་དག་ནི་ངའི་རང་གཤིས་སོ། །
༣༡༽ བོད་ལ་ཞེན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ གི་ཆུ་ཚོད་ ༥ སྐར་མ་ ༤༦
ང་ཚོ་རང་གཤིས་ཀ་ངན་པ་ཞིག་ཡོད་པ་ནི། མི་ལས་ཀ་ཡུན་རིང་བྱས་ནས་རྗེས་བྱས་ཅན་ལ་མཐོང་མེད་པར་སྐྱོན་བརྗོད་དང་རྨ་འབེབས་བྱེད་གང་ཐུབ་བྱེད་རྒྱུ་དེ་རེད། ཟེར།
ང་ཚོས་ཟམ་གདོང་ཡར་བསྐོས་ཀྱང་རུང་། བཙན་འཛུལ་བས་བྱམས་ཕུན་སོགས་མར་བསྐོས་ཀྱང་རུང་། དོན་ལ་ཁོ་ཚོས་བོད་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་མིན་ཚུལ་དང་། རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་བཤད་བཞིན་པ་གཅིག་མཚུངས་རེད། བོད་ནང་དུ་རང་དབང་རང་བཙན་གྱི་ཆེད་དུ་རང་ལུས་མེར་སྲེག་རྒྱུན་མ་ཆད་པར་བྱུང་བཞིན་པའི་སྐབས་འདིར། ཟམ་གདོང་གིས་བཙན་བྱོལ་ནང་བོད་ལ་རང་བཙན་གི་ལོ་རྒྱུས་གཙང་མ་མེད་རབས་སོགས་བསྒྲགས་དོན་ཅི་རེད། རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོགས་བརྗོད་དང་ཧམ་བཤད་ཅི་ལྟར་བྱས་ཀྱང་དེས་ང་ཚོའི་ཁ་འགོགས་ཐབས་མེད་ཀྱང་། ང་ཚོའི་རང་གི་འགོ་འཁྲིད་ཚོས་རྒྱ་གཞུང་གི་ཚབ་བྱས་ཏེ་སྐད་ཆ་ཉེན་ཚབ་ཅན་འདི་འདྲ་བཤད་པ་ནི་འཆི་ཐག་རང་སྐེ་ལ་བསྐོན་པ་མ་ཡིན་ནམ། ཟམ་གདོང་ནམ་རྒྱུན་མི་མང་ཉམས་ཆུང་ཚོའི་སྒང་ལ་ཧམ་བཤད་དང་མཁས་མདོག་སྟོན་རྒྱུར་གོམས་ཡོད་ཀྱང་། ད་རེས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བརྗོད་བྱས་བ་འདི་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་རྒྱལ་རབས་ལོ་རྒྱུས་ཐོག་ང་ཚོ་རང་བཙན་རྒྱལ་ཁབ་ཅིག་རེད། འོན་ཀྱང་། རྒྱལ་རབས་ལོ་རྒྱུས་དེ་ལོ་རྒྱུས་སྨྲ་བ་ཚོར་བཞག་ཤོག་ཞེས་གསུང་གི་ཡོད་པར་ཐད་ཀར་གཟས་བ་ཞིག་རེད།།
༧གོང་ས་མཆོག་གིས་བཀའ་སློང་མང་པོ་ཞིག་གིས་ནང་དུ་ང་ཚོས་ཕྱོགས་གཉིས་བར་གྱི་ལོ་རྒྱུས་རྙོག་འཛིང་ཅན་དེ་ཚོར་གཞིར་མི་འཛིན་པར་གཉིས་ཕན་དབུ་མའི་ལམ་ཞིག་ལ་འགྲོ་དགོས་གལ་ཆེ་ཡིན་བསྐོར་ཡང་ཡང་གསུངས་སྐབས་དྲ་བའི་འབུ་བསྲིན་དག་དུག་གསུམ་གདོན་གྱིས་སྨྱོས་ནས་གང་ཡང་མ་གོ་བ་དང་། དེང་སང་ནང་ཁུལ་དཀྲུགས་འདོད་ཀྱིས་ལྟ་ངན་མངོན་དུ་གྱུར་ནས་དྲམ་ལམ་དག་ལ་གོ་སྐབས་དམ་འཛིན་གྱིས་རྒྱུ་མཚན་ལྟར་སྣང་རེ་བཀོད་ཏེ་སྡུག་སྐད་འདོན་བཞིན་པ་འདིའི་རྒྱབ་ལོགས་སུ་དང་གང་ཡོད་མིན་ཞིབ་འཇུག་བཟོ་དགོས་ངེས་རེད། རྒྱ་བོད་ལོ་རྒྱུས་ནི་ལོ་རྒྱུས་གཞན་དང་མི་འདྲ་བ་དུས་རབས་མང་པོའི་རིང་དུ་སྐབས་རེ་བོད་རྒྱ་འོག་ཏུ་ཚུད་པ་དང་སྐབས་རེ་བོད་རང་བཙན་ཡིན་ལྟ་བུའི་ཆེས་མགོ་ཉོག་ཆན་གྱི་ལོ་རྒྱུས་ཞིག་ལས། རྒྱལ་སྤྱིའི་སྒང་དུ་ཁུངས་བསྐྱེར་ཐུབ་པའི་ལོ་རྒྱུས་ཞིག་མིན་པ་ཕྱོགས་མང་པོ་ནས་གསལ་གྱིན་ཡོད་པ་རེད། སྤྱིར་རྒྱལ་ཁབ་ཞིག་རང་བཙན་གྱི་ངོ་བོ་བསྒྱུར་དགོས་ཚེ་ངེས་པར་དུ་རང་བཙན་ཡིན་པའི་ལོ་རྒྱུས་ཞིག་ལ་ཁུངས་གཏུགས་དགོས་པའི་ངེས་པར་གང་ཡང་མེད་པ་རེད། སྟོབས་འབྱོར་དང་ཐབས་ཤེས་གལ་ཆེ་བ་རེད། མདོར་བསྡུས་ན་ང་ཚོས་རྒྱ་ནག་གཞུང་ལ་བརྙས་བཅོས་དུས་ནམ་ཡང་བཤད་ཐུབ་གྱི་མ་རེད། ཁོང་ཚོ་ལ་ཡང་ལོ་རྒྱུས་ཤེས་མཁན་ང་ཚོ་ལས་མང་བ་ཡོད་ངེས་རེད། ལོ་རྒྱུས་ཀྱིས་ཐག་གཅོད་དགོས་ན་ཕྱོགས་གཉིས་ཀ་ལ་རྒྱུ་མཚན་ལྡན་མིན་གང་ཡིན་ཡང་ལོ་རྒྱུས་ཁུངས་གཏུགས་ས་ཡིན་ཟེར་ནས་ཡིག་གེ་བརྙིང་རལ་རེ་བསྟོན་རྒྱུ་ཡོད་ངེས་རེད། བོད་རིགས་ཀྱིས་བྲིས་པའི་ལོ་རྒྱུས་ནང་བོད་བཙན་ཡིན་པའི་རྒྱུ་མཚན་རེ་དང་། དེ་བཞིན་རྒྱ་རིགས་ཀྱིས་བྲིས་པའི་ལོ་རྒྱུས་ནང་བོད་རྒྱལ་ཁོངས་སུ་ཡིན་པའི་རྒྱུ་མཚན་རེ་བྲིས་ཡོད་པ་རེད། རྒྱལ་སྤྱིའི་སྒང་ཡོངས་གྲགས་སུ་སོང་བས་ལོ་རྒྱུས་ནི་ཆིང་ཡིག་གྲོས་མཐུན་དོན་ཚན་བཅུ་བདུན་ཟུར་རྒྱན་དང་བཅས་པ་དེ་ཡོད་པ་རེད། ཡིན་ཡང་བཙན་བྱོལ་འབྱོར་མ་ཐག་ནས་ལོ་རྒྱུས་དེར་ངོས་མེད་ཚུལ་ཡོངས་བསྒྲགས་གནང་ཡོད་ན་ཡང་རྒྱ་སྤྱིའི་སྒང་དུ་དེར་བདེན་ཁ་འམ་རྒྱབ་སྐྱོར་དོན་ཕན་ལྡན་པ་ཞིག་གང་ཡང་མ་བྱུང་བ་དེ་ཡང་ལོ་རྒྱུས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ཤེས་དགོས། རང་གཞན་སུ་ཡིན་ཡང་ལོ་རྒྱུས་ལ་འཆོག་བཤད་བཟོ་རྒྱུ་ཚོད་འཛིན་དགོས་པ་རེད། དེའི་བོད་དོན་ལ་ཕན་ལས་གནོད་ཆེ་བ་ཤེས་དགོས་སོ། །
འཇམ་གཅེས་ལགས། མི་སོ་སོར་བསམ་ཚུལ་མ་འདྲ་བ་དང་གནད་དོན་ལ་ལྟ་སྟངས་ལོག་ཁ་ཡོད་པ་སྤྱི་བཏང་རེད། འདིར་མི་ཚོས་སོ་སོའི་བསམ་ཚུལ་བཤད་ཀྱི་ཡོད་རེད། བསམ་ཚུལ་མི་གཞན་གྱི་སྣང་བར་འགྲོ་ཆེད་མ་རེད། ཁྱེད་ཀྱིས་དོན་མེད་མི་གཞན་ལ་དམའ་འབེབས་སྡུག་དམོད་གཏོང་དགོས་དོན་ག་རེ་ཡིན་ནམ། ཁྱོད་ཀྱི་ཀླད་པར་སྐྱོན་ཡོད་པ་འདྲ།།
ཟམ་གདོང་ནས། ༼བོད་མི་དམངས་ལ་ཤ་ཚ་དང་མི་རིགས་ལ་ཞེན་ཟེར་བ་ང་ལ་རྩ་ནས་མེད། དེ་འདྲ་འདུག་བསམ་མཁན་ཚོ་ཁྱོད་རང་ཚོ་ནོར་འཁྲུལ་རེད། ང་ལ་ག་རེ་ཡོད་ཟེར་ན། ང་རང་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བཀའ་ཅི་གནང་བསྒྲུབ་ཡ་མ་གཏོགས་ང་ལ་ཅི་ཡང་དགོས་མེད། ༽ ལྡི་ལི་ནས་བཀའ་བློན་ལས་ཐོག་སྐབས་སུ་གསུངས། དེ་བཞིན་ཟམ་གདོང་བླ་མས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙས་ནས་ལོ་ངོ་༣༦༠ འཁོར་བའི་དུས་ཆེས་ཚུགས་ཡ་དེ་བོད་ནང་དམེ་རྒྱལ་ཕམ་བྱས་པའི་དུས་ཆེན་ཞིག་རེད། དེ་ནི་ཁོང་གིས་བཀའ་བློན་ལས་ཀ་ནང་ནས་གཙོ་བོ་ཆེ་ཤོས་བསྒྲུབ་ཡ་གཅིག་དེ་ཡིན་གསུངས་རེད།
རེད་རེད་་་་་ངས་སོ་སོའི་ཁ་ཕོར་ཆེད་དུ་དང་། ནང་ཁུལ་དཀྲུག་ཤིང་ཆེད་དུ་བཤད་གྱི་ཡོད་པར་ཁྱོད་ཀྱིས་ངོས་འཛིན་མ་ནོར་བ་གྱིས་ཤིག །ཁྱོད་ཚོས་ཟམ་གདོང་ལ་བསྐྱོན་བརྗོད་བཟོ་སྟངས་ནི་ངོ་མ་རང་མགོར་བརྡོ་ལ་བཞུས་དང་གཅིག་མཚུངས་མ་ཡིན་ནམ། ཁྱོད་ཚོས་ཟམ་གདོང་བླ་མའི་བདེན་གཏམ་བཤད་ཀྱི་འདུག་ཟེར་ནས་བསྐྱོད་བརྗོད་བཟོ་སྟངས་འདིའི་སོ་སོའི་རང་མདོག་ངན་པ་ཞིག་ཕྱིར་མངོན་བཅུག་པ་མ་ཡིན་ནམ། ཟམ་གདོང་བླ་མའི་སེམས་ཤུགས་མེད་ན་ཡོད་མདོག་དང་། ལ་རྒྱལ་མེད་ན་ཡོད་མདོག་མ་གནང་བར་བདེན་གཏམ་བཤད་པར་ཡིད་རངས་ཞུ་དགོས་ངེས་རེད། དེ་ནི་ཁོང་གིས་དྲང་བདེན་དང་མི་གཤིས་མཚོན་གྱི་ཡོད་པ་རེད། །
མི་དེ་ཚོའི་ཁ་ལ་ལྟ་རྒྱུ་ཉན་རྒྱུ་གང་ཡང་མེད། དེ་ཚོ་དྲང་པོ་ཞིག་དང་གཟུ་བོར་གནས་པ་ཞིག་མ་ཡིན་པ་གང་གིས་ཤེས་ནུས་བསམ་ན། ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པའི་དབུ་མའི་ལམ་གྱི་ལྟ་གྲུབ་སྤེལ་བ་ཡིན་པ་གསལ་པོ་རེད། སྐྱོན་བརྗོད་ན་ཐད་ཀར་༧གོང་ས་མཆོག་ལ་མ་བརྗོད་པར་ཟམ་གདོང་ལ་བརྗོད་པ་ནི་༧ གོང་ས་མཆོག་ལ་དད་པས་མ་ཡིན་པར་སྤྱི་ཚོགས་ནང་ནག་པོ་ཆགས་ཡོང་སྙམ་ནས་བཤད་མ་ཕོད་པ་རེད། མི་དེ་ཚོས་ད་ལྟ་ཟམ་གདོང་ལ་བཤད་པ་དེ་མ་འོངས་པར་བློ་སེང་ལ་ཡང་སྐྱོན་བརྗོད་ངེས་རེད། མདོར་ན་རང་གཞུང་གི་དབུ་ཁྲིད་སུ་སླེབས་ན་ཡང་གཞི་མེད་ཀྱི་སྐྱོན་བརྗོད་ངེས་རེད། དེ་ཚོའི་མིག་ནང་རང་དང་རང་གི་ཨ་ཕ་མ་གཏོགས་མི་བཟང་པོ་མེད་
བོད་ལ་ཞེན་གྱིས་ཡག་པོ་གསུངས་སོང་། ང་ཚོའི་སྤྱི་ཚོགས་ནང་ལ་ཅིག་འགྲིག་གི་མི་འདུག
ཟམ་གདོང་བླ་མའི་མཁྱེན་རྩལ་དང་རྣམ་དཔྱོད་ཀྱིས་བློ་གྲོས་ཟུ་རེ་ཡང་མི་ངན་འདི་ཚོའི་དོ་ཟླ་མི་ཡོང་བཞིན་དུ་ཨུ་ཚུགས་ཀྱིས་འགྲན་འདོད་པ་ནི་དགོད་མོ་ཤོར་རྐྱེན་ཞིག་ལས་གང་ཡང་མི་འདུག །ཁོང་གིས་ཚིགས་མཐོན་པོ་བེད་བསྐྱེད་ནས་ང་ཚོའི་མགོ་བོ་རྨོངས་བཅུག་སོང་ཟེར། ཡང་རེས་འགའི་ཁོང་གིས་གྲོས་ཚོགས་ནང་རིག་ལམ་བེད་བསྐྱོད་ནས་འཐུས་མི་དག་མགོ་ཡོམ་འཁོར་དགོས་པ་བཟོས་ནས་སོ་སོའི་འདོད་མོས་བཞིན་ལས་དོན་གནང་བ་རེད་ཟེར། ཧ་ཧ་ཧ་་་ངོ་ཚ་བྲལ་སོང་བས་མི་ལ་འདི་འདྲ་ཡོད་པ་རེད། སོ་སོར་རྨོངས་ལྐུགས་ཡིན་པ་མ་ཤེས་པར་ཟམ་གདོང་ལ་བསྐྱོན་འཛུག །མཚམས་འདིར་ངས་དྲ་གྲོགས་ཡོངས་ལ་སྒྲུང་ཞིག་བཤད། རིག་གསར་སྐབས་སུ་བོད་རིགས་ཞབས་འདྲེན་པ་ཞིག་གིས་ཡུལ་དེའི་བླ་ཆེན་ཞིག་ལ་འཐབ་རྩོད་བརྒྱག་པ་རེད། ཁོས་བཤད་རྒྱུར། སྔོན་མ་ང་ལ་ཟ་ཡ་མེད་པའི་དུས་དེར་ཁྱོད་ཀྱིས་མར་དང་རྩམ་པ་དཀྲུགས་ནས་ང་ལ་མང་པོ་ཞིག་སྤྲོད་སོང་བ་དེ་གང་ནས་འཁྱེར་ཡོང་བ་ཡིན་ཟེར་ནས་མི་མང་འདུར་འཛོམས་སར་བཤད་ནས་བླ་མ་དེར་སྡིགས་སྐུལ་བྱས་པ་རེད།
ཟོང་མདུང་་་་ཕུང་སེ་ཁོ་ལ་ཡག་པོ་ཞིག་ཡོད་ཟེར་ན་་་་་བོད་མི་ས་ཡ་དྲུག་ནང་་་ཡག་པོ་མེད་ཉན་སུ་གང་ཅིག་ཡོད་མ་རེད་ད་་
ཕུང་དཀྲུགས་ཟམ་གདོང་ཡག་པོ་ཡོད་རེད་ཟེར་མཁན་འདི་ཚོ་ངོ་ཚ་མེད་པའི་མི་ངན་དེ་ཚོའི་རིགས་རེད
ཟམ་གདོང་བླ་མའི་མཁྱེན་རྩལ་དང་རྣམ་དཔྱོད་ཀྱིས་བློ་གྲོས་ཟུ་རེ་ཡང་མི་ངན་འདི་ཚོའི་དོ་ཟླ་མི་ཡོང་བཞིན་དུ་ཨུ་ཚུགས་ཀྱིས་འགྲན་འདོད་པ་ནི་དགོད་མོ་ཤོར་རྐྱེན་ཞིག་ལས་གང་ཡང་མི་འདུག ། ་་་ཟེར།
ཟབ་གདོང་རིན་པོ་ཆེ་ཡག་པོ་བྱས་མེད་ན། བོད་དོན་ལས་བྱེད་མི་ཉན་ཆགས་བགྱིད་རེད་དོ། །སོམས་ཤིག