གཙང་བུས།
ཡ་གིའི་བྲག་ལ་རྣམ་ལྩགས་ཕུར་བ་དང་། །
མ་གིའི་མཚོ་མཐར་སྐྱེར་བའི་ཕུར་བ་ཞིག །
སྔགས་ནག་དྲང་སྲོང་རྒན་པོས་མ་བཏབ་ན། །
མི་ཚེར་གཟུངས་སྔགས་བགྲང་ལ་སྙིང་པོ་ཅི། །
བླ་ཤིང་ཆག་ཤིང་བླ་མཚོ་བསྐམས་ཡང་རུང་། །
བོན་མཁར་མཐིང་སྒོར་ཐོག་གིས་གཏོར་ཡང་སྲིད། །
དམར་པོའི་རི་ལ་ཕོ་བྲང་དམར་པོ་ཞྀག །
མ་བསྐྲུན་སྲོང་བཙན་སྒོམ་པོ་ཅི་ལ་འབད། །
གྲུ་གུམ་བཙན་པོ་རྟ་རྫིའི་ལག་འོག་འདས། །
མུ་ནེ་བཙན་པོར་ཡུམ་གྱིས་བཞི་ཤེད་འཐེན། །
ཁྲི་རལ་བཙན་པོ་བློན་པོས་ཁྲིམས་ལ་སྦྱར། །
ལྷ་སྲས་དར་མ་ལྷ་ལུང་མདའ་ལ་དྲངས། །
སངས་རྒྱས་རྒྱ་མཚོ་སོག་པོའི་ལག་འོག་ཤོར། །
དགེ་འདུན་ཆོས་འཕེལ་དགེ་ཕྲུག་གཡོ་འོག་ཚུད། །
ཐུབ་བསྟན་འཇམ་དཔལ་འཇམ་པའི་ངག་གིས་བསླུས། །
ཆོས་ཀྱི་རྒྱལ་མཚན་ཆོས་མེད་ཀླ་ཀློས་བཀྲོངས། །
སྔོན་ཆད་མ་བྱུང་བ་ཞིག་མ་ཐོས་ལ། །
སྔོན་ཆད་མ་བྱུང་བ་ཞིག་མི་སྲིད་ཀྱང་། །
ང་དང་ཁྱོད་གཉིས་བགྲང་བྱ་དུ་མའི་རིང་། །
ལྷད་མེད་དུང་བའི་སེམས་ཚོར་བརྗེད་མི་སྲིད། །
ཁ་དང་སྣ་གཉིས་སྐྱེ་ས་མཐོ་དམན་ཡོད། །
སོ་དང་ལྩེ་གཉིས་ཕྱི་ནང་དབྱེ་བ་གནས། །
བརྟགས་ཤིང་དཔྱད་ན་ཐམས་ཅད་མི་གཅིག་ཅིང་། །
མ་བརྟགས་ངང་དུ་བདེན་བདེན་འདྲ་ཞིག་སྣང་། །
གངས་དཀར་རི་བོ་ཉི་མས་དྲོད་ཀྱིས་བཞུར། །
གཙང་ཆབ་སྔོན་པོ་གངས་རིའི་རྒྱུན་ནས་བབས། །
འབྲུ་དྲུག་སྙེ་མས་གང་བའི་ཞིང་ས་ན། །
བསམ་མེད་བྱི་བའི་སྤྱོད་པ་ཅི་ལས་ངན། །
ཡ་གིའི་བྲག་རི་གཏོར་བའི་ཐལ་འཚུབ་དང་། །
མ་གིའི་མཚོ་མོ་བསྐམས་པའི་ཐལ་འཚུབ་གཉིས། །
གཅིག་ཏུ་བསྡེབས་ནས་གནམ་ས་ལོག་པ་ཞིག །
བྱས་ཀྱང་མི་ཚེའི་སྙིང་པོར་ཅི་ཞིག་བགྲངས། །
འགྱེལ་ནས་ས་ལ་གོག་དགོས་ཐུག་ཀྱང་ཁུར་ཚུར་གཉིས་པོ་གནམ་ལ་བསྒྲེངས།
ལོངས་ནས་ས་འདིར་བསྡད་ས་ཟད་ཀྱང་འཕགས་འཚབ་ལན་དགུ་ང་ཡིས་བྱེད། །
གནམ་ས་གཉིས་ལ་ཕྱི་ལྟོས་མེད་པ་གཡས་བསྐོར་ལན་དགུར་མ་བྱེད་ན། །
སྟོབས་དང་འབྱོར་བ་ལང་ཚོས་ཕྱུག་ཀྱང་ཕོ་རྒོད་ཡིན་ཞེས་ཅི་ལ་བརྗོད། །
སྐྱེས་པ་ཕོ་ལ་དགོས་པ་སྙིང་སྟོབས་དང་། །
ཟ་མ་མོ་ལ་དགོས་པ་བྱམས་བརྩེ་ཡིན། །
དེས་ན་གཙང་བུའི་ལ་རྒྱ་སྤོབས་པ་འདི། །
ལྷུན་པོའི་ཟླ་རུ་འགྱུར་བའི་སྨོན་འདུད་ཞུ། །
ངོ་མ་བཟང་གི་ཡ། ཤུགས་རྒྱོབས་དང་གཙང་བུ་ལགས།
སྲོག་ལྡན་གྱི་སྙན་ངག་ཟེར་བ་འདི་འདྲ་ལས་ཡིན།
ངེད་ཚད་ཡང་སྐལ་བཟང་དུ་གྱུར་སོང་།
ཚིག་གཞན་དུ།
གྲི་གུམ་ལོག་ངམ་རྟ་རྫིའི་གྲི་འོག་འདས། །
མུ་ནེ་བཙན་པོར་ཡུམ་གྱིས་བཙན་དུག་ཕུལ། །
ཁྲི་རལ་སྡིག་བློན་འགའ་ཡིས་སྐེ་གཅུས་འདས། །
འུ་དུམ་དར་མ་ལྷ་ལུང་མདའ་ཡིས་དྲངས་། །
སངས་རྒྱས་རྒྱ་མཚོ་སོག་མོས་སྐེ་མགྲིན་བཅད། །
དགེ་འདུན་ཆོས་འཕེལ་གསར་རྙིང་བར་ན་བཙིར། །
ཐུབ་བསྟན་འཇམ་དཔལ་འཇམ་པའི་ངག་གིས་བསླུས། ། (འདིའི་སྐོར་ངའི་མི་ཤེས་པས་ཅུང་རྒྱས་བཤད་ཅིག་གནོངས་དང་།)
ཆོས་ཀྱི་རྒྱལ་མཚན་ཆོས་མེད་ཀླ་ཀློས་བཀྲོངས། །
ཡང་ན།
ཆོས་ཀྱི་རྒྱལ་མཚན་ཧུ་ཡིས་དུག་གིས་བཀྲོངས། ། (འདིར་ཧུ་ནི། ཧུ་ཆིན་ཐའོ།འོ།)
མི་འགྱུར་རྡོ་བརྐོས་འདྲ་བའི་དམ་བཅའ་བཞག།
མི་ནུབ་བྲག་རི་འདྲ་ཞིག་བརྟན་དུ་བཏང་།།
མི་འཕྱུག་བློ་ལ་གྲོས་གཞི་ཤོ་འདྲ་གྱིས།།
མེས་པོ་ཨག་ཚོམ་འདྲ་ཡང་བྱེད་དུས་ཡོད།།
མི་འགྱུར་རྡོ་བརྐོས་འདྲ་བའི་དམ་ཞིག་བཅོས།།
མི་ནུབ་བྲག་རི་འདྲ་བའི་དཔའ་ཞིག་མངོན།།
མི་འཕྱུག་བློ་རྩ་བརྟན་པོ་མནའ་ཡིས་མནན།།
མེས་པོ་ཨག་ཚོམ་འདྲ་ཡང་བྱུང་དུས་ཡོད།།
ཀརྡོ་རབ་འབྱམས་པ་ལགས།
ངས་འདི་ལྟར་བཅོས།
གྲི་གུམ་བཙན་པོ་ལོག་ངམ་གྲི་འོག་འདས། །
མུ་ནེ་བཙན་པོར་མ་ཡུམ་དུག་གིས་བཀྲོངས། །
ཁྲི་རལ་བཙན་པོ་བློན་པོས་ཁྲིམས་པ་སྦྱར། །
ལྷ་སྲས་དར་མ་ལྷ་ལུང་མདའ་ཡིས་བསད། །
སངས་རྒྱས་རྒྱ་མཚོ་སོག་པོས་༼སོག་མོ་མ་རེད་བོད་མོ་རེད༽ལགས་འོག་ཤོར། །
དགེ་འདུན་ཆོས་འཕེལ་དགེ་ཕྲུག་གཡོ་འོག་ཚུད། །
འཇམ་དཔལ་ཡེ་ཤེས་༼ཐུབ་བསྟན་འཇམ་དཔལ་ཞེས་པ་འདི་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་སམ་སྐུ་ཕྲེང་ལྔ་བ་ལ་གོ་སྙམ།༽འཇམ་པའི་ངག་གིས་བསླུས། །
ཆོས་ཀྱི་རྒྱལ་མཚན་ཆོས་མེད་ཀླ་ཀློས་བཀྲོངས། །
མིག་གིས། ལྷ་སྲས་དང་། ཁྲིམས་སྦྱར། རྒྱལ་བ་ལྔ་བ་ཟེར་ལུགས་ལ་བལྟས་ན། བན་བོན་རྩོད་པ་སློང་འདོད་ཡོད་པ་ཡིན་པ་འདྲ། ངའི་མིག་ལ་འདི་འདྲའི་ལིང་ཏོག་མེད་པས། ད་ནས་མིག་གིས་བྲིས་ཚད་ལ་ངའིམི་ག་གིས་མི་ལྟ་བའི་དམ་བཅའ་བཞག་ཟིནད་ཏོ། རེ་ཞིག་འཚམས་ལ་བསྡད་ནས་མི་སྨྲ་བའི་རྟུལ་བཞུགས་བཟུང་ན་དགེ་བས། དགེའོ། །
ཀརྡོ་རབ་འབྱམས་པ་ལགས། ངས་ལྷ་སྲས་དང་། ཁྲིམས་སྦྱར། རྒྱལ་བ་ལྔ་བ་༼རྭ་སྒྲེང་སྐུ་ཕྲེང་ལྔ་བ་ལས་རྒྱལ་དབང་གང་ལ་ཟེར་འདུག༽ཟེར་ལུགས་ལ་བལྟས་ན། བན་བོན་རྩོད་པ་སློང་འདོད་ཡོད་པ་གང་འདྲ་བྱས་ནས་ཤེས་སོང་།
འདི་ནི་བསམ་བཞིན་དུ་མི་ལ་ནག་ཉེས་གཡོགས་པ་རང་རེད།