ངའི་དུར་སའི་མདུན་ལ་ལངས་ཏེ་མ་ངུ་ཞིག
ང་འདི་ན་བསྡད་མེད།
ང་གཉིད་བསྡད་མེད།
ང་ནི་ལྷགས་རླུང་ཁྲི་སྟོང་ལྡང་བ་དེ་ཡིན།
ང་ནི་གངས་ངོས་ཀྱི་ཕ་ལམ་འོད་འཚེར་བ་དེ་ཡིན།
ང་ནི་སྙེ་མའི་རྩེ་ན་འཚེར་བའི་ཉི་འོད་དེ་ཡིན།
ང་ནི་སྟོན་ཟླ་ར་བའི་སྦྲང་ཆར་བསིལ་མ་དེ་ཡིན།
ནམ་ཞིག་སྐྱ་རེངས་ཀྱི་དབེན་འཇགས་ཁྲོད་ནས་ཁྱེད་རང་གཉིད་ལས་སད་དུས།
ཁ་ཁུ་སིམ་པའི་བྱེའུའི་ཚོགས་དེས་བདེ་ལྕག་འཁྱུག་པའི་ངང་ནས་ལྡིང་འཁོར་བརྒྱབ་ཅིང་།
ཨ་སྔོན་དབྱིངས་ལ་འཕུར་བའི་ཤུ་སྒྲ་དེ་ནི་ང་རང་ཡིན།
ང་ནི་མཚན་མོའི་འོད་མདངས་མག་མོག་གི་སྐར་ཚོགས་དེ་ཡིན།
མ་ངུ་ཞིག
ང་འདི་ན་མེད།
ང་ཤི་མེད།
༡༩༨༩ལོར། ཨེར་ལན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་ལ་སི་ཏ་ནས་དམག་མི་ཞིག་ས་འོག་འབར་མདེལ་ལ་བརྫིས་ནས་འདས་ཟིན་པས། ཁོང་གི་ཡིག་ལྐོགས་ནང་ལ་རྩོམ་མཁན་གྱི་མིང་མེད་པའི་སྙན་ངག་ཚན་པ་འདི་བཞག་ཡོད་པ་རེད། མི་ལོ་དྲུག་གི་རྗེས་སུ་ཁོང་གི་ཕ་རྒན་གྱིས་དབྱིན་ཇིའི་སྦི་སྦི་སི་རླུང་འཕྲིན་ལས་ཁུངས་གཤིན་པོའི་འདས་མཆོད་ཅེས་པའི་ཉིན་མོར་སྙན་ངག་འདི་གྱེར་འདོན་བྱས་པར། ཉན་མཁན་མང་པོས་དགའ་བསུ་ཚད་མེད་བྱས་ཏེ་སྙན་ངག་འདི་འཐོབ་འདོད་ཀྱི་རེ་བ་ཆེན་པོ་བཏོན་པའི་འཕྲིན་ཡིག་གྲངས་མེད་འབྱོར་བས། དེབ་ཆུང་འདི་པར་དུ་བསྐྲུན་ཞིང་། དེང་སང་ལོ་རེར་ཐེངས་གཉིས་གསུམ་རེར་སྐྱར་པར་བྱས་ན་མ་གཏོགས་ཀློག་པ་པོའིོ་རེ་བ་སྐོང་མི་ཐུབ་པའི་ཚད་དུ་སླེབས་ཡོད་འདུག སྙན་ངག་འདི་ནི་བདེ་སྦྱིན་བཟང་མོས་བོད་སྒྱུར་བྱས་པ་གཞིར་བཞག་གིས་འདི་བཀོད་པ་ཡིན་ཞིང་། པར་དབང་ཞུ་དགོས་མི་དགོས་དང་། གལ་སྲིད་དགོས་ན་སུ་ལ་ཞུ་དགོས་པ་ཡང་ཤེས་ཀྱི་མི་འདུག
སྙ་ངག་དེ་བོད་སྒྱུར་གནང་མཁན་བདེ་སྦྱིན་བཟང་མོ་ཞེས་པ་དེ་སུ་ཞིག་རེད།
ཐུགས་རྗེ་ཆེ།
ང་འདི་ན་ཡོད།
དྲ་དེབ་འདི་ཀློག་བཞིན།
དགའ་སྣང་དང་སྐྱོ་སྣང་བསྲེས་བཞིན།
སོར་མོ་དང་ཀླད་པའི་རྩོལ་བས་བསྐྲུན་པའི།
རྩོམ་རིགས་རྣམས་འབྱོར་སོང།
ཐུགས་རྗེ་ཆེ་མུ་མཐུན་ནས་བསྐུར་རོགས།
སྐྱོ་བ་ལ།
སྟོན་རླུང་གིས་གཏོར་བའི་སྡོང་ལོ་ནང་བཞིན།
གོ་ལ་ཧྲིལ་བོའི་ཟུར་བཞི་ལ་འཐོར་བའི།
ངའི་གངས་ཅན་གྱི་སྤུན་ཟླ་འགའ།
སླར་ཡང་དྲ་ཁང་འདིར་འཛོམས་སོང་།
གདུག་རྩུབ་དང་དཀའ་སྡུག་གིས་མནར་བའི་སྤུན་ཟླ་ཚོ།
ཡིད་ཆད་དང་ངལ་དུབ་རེ་ཁུར་ནས།
དགོང་ཟས་མཆོད་ཞོར་ལ།
དྲ་ཁང་འདི་ཕེབས་སོང་།
ཐུགས་རྗེ་ཆེ་མུ་མཐུད་ནས་ཕེབས་རོགས།
ང་འདི་ན་ཡོད།
ཕ་སྐད་ལ་ལོངས་སྤྱོད་བཞིན།
སྟག་སྨྱོན་བཀྲ་ཤེས་བདེ་ལེགས། མགྲིན་པའི་རྩ་མདུད་གྲོལ་སོང་བ་མ་རེད་དམ། ཐོལ་བྱུང་དུ་སྙན་ངག་ལེགས་པོ་ཞིག་བརྩམས་བྱུང་། ང་ལ་དུས་ཚོད་དང་༸ཐྲྤཀློག་༸ཐྲྤཀླད་དྲྭ་རྒྱ་སོགས་ཀྱི་དཀའ་ངལ་ཆེར་མེད་ཀྱང་ཡིག་གཟུགས་བེད་སྤྱོད་ཀྱི་སྐོར་ལ་དཀའ་ངལ་འཕྲད་ནས་མཚམས་རེར་རང་རེའི་དྲྭ་རྒྱ་འདིར་ཞུགས་ཐུབ་ཀྱི་མི་འདུག
སྤོབས་པ། སྔ་དྲོ་བདེ་ལེགས། ཡིག་གཟུགས་འགྱུར་ནས་ཀློག་ཐབས་མི་འདུག
བདེ་སྦྱིན་བཟང་མོ་ནི་བོད་ཀྱི་རྩོམ་རིག་ཉམས་ཞིབ་བྱེད་མཁན་ཕྱི་གླིང་མ་ཞིག་ཡིན་ཞིང་། མཚམས་རེར་ལ་རྩེ་ཚང་ལ་ཡོང་ནས་རིག་གཞུང་སྙན་ཞུ་རེ་ཀློག་གིན་ཡོད་པས་དེ་ཚང་གི་དྲ་ཚིགས་བསྔོགས་ན་མོའི་སྐོར་ཏོག་ཙམ་རེ་ཡོད།
བདེ་སྦྱིན་བཟང་མོ་ཞེས་མིང་སྙན་མོ་ཞིག་བཏགས་འདུག དངོས་གནས་ཕོ་སྐྱེས་པ་བུ་ཞིག་ལ་བདེ་བ་ཚད་མེད་ཅིག་སྦྱིན་གི་ཡོད་པ་ལོས་ཡིན་ཨེ་རེད།
བདེ་བ་སྟེར་ས་དེ་སུ་ཡིན་ད་དུང་ལྐོག་གྱུར་ཡིན། དྲང་མོར་བཤད་ན་ངས་མི་ཤེས།
དེ་མ་ཤེས་ན་ཡང་སྐྱོན་མི་འདུག གང་ལྟར་མིང་དེར་བལྟས་ན་ཅིག་ལ་བདེ་བ་སྦྱིན་གྱི་ཡོད་པར་ཐག་ཆོད། རིན་པོ་ཆེས་དེའི་སྐོར་ལ་མི་མཁྱེན་པར་ཁག་མེད།
དེ་རིང་ཕ་ཡུལ་དྲ་རྒྱ་ནས་སྟག་འཚེར་རིན་པོ་ཆེའི་སྐུ་གདུང་སྦྱིན་བསྲེག་གི་ས་ཕག་དམར་རོའི་ཐབ་ཀའི་འདྲ་དཔར་མཐོང་ནས། གོང་གི་སྙན་ངག་འདི་ལ་སེམས་ཚོར་ཆེན་པོ་བྱུང་། ཁོང་ནི་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་ང་ཚོས་ཕལ་ཆེར་བརྗེད་ཚར་འདུག ཁོང་གི་སྐོར་གྱི་གསར་འགྱུར་གང་འདྲ་ཞིག་ཏུའང་སྐུའི་གཅེན་པོ་ཟེར་བའི་ཚིག་འདིས་ཁོང་གི་བྱས་རྗེས་ལ་གྲིབ་མ་ཕོག་གི་འདུག སྤུན་ཟླ་ཚོ། བོད་ཀྱི་འཇབ་རྒོལ་དམག་མིའི་བཀོད་འདོམས་དམག་སྤྱི་ཆེན་མོ་ཞིག་འདི་ལྟར་ང་ཚོ་དང་ཁ་གྱེས་དུས། ང་ལ་སྙན་ངག་འདི་ལས་ལྷག་གི་སེམས་ཀྱི་གསོས་སྨན་ཞིག་ཁ་སང་དེ་རིང་ཇི་ལྟར་བཙལ་ཡང་མ་རྙེད། ངས་མ་ཎི་འདོན་གྱི་མེད་ལ། མཆོད་མེ་ཡང་ཕུལ་གྱི་མེད། མིག་ཆུ་དེ་བས་ཀྱང་གཏོང་གི་མེད། སྟག་འཚེར་རིན་པོ་ཆེས། བོད་ཀྱི་ཆེད་དུ་ང་ངུ་འདོད་ཀྱང་མིག་གི་མཆི་མ་སྐམ་ཚར་འདུག་ཅེས་གསུངས་པ་ལྟར། ངའི་མིག་ནས་ཀྱང་མཆི་མ་ཐོན་རྒྱུ་མི་འདུག