གངས་ཤར།
གདུགས་དཀར་ཚེ་རིང་མཆོག་གི་མི་ཚེའི་ལོ་རྒྱུས་ཚིགས་བཅད་དེ་བཀླགས་རྗེས། བདག་གི་ཕ་ཡུལ་ལ་བཞུགས་པའི་གྲོགས་པོ་ཚོའི་འཚོ་བའི་རྣམ་པ་ཞིག་བཀོད་པར་ཐལ་ལོ། གྲོགས་པོ་ལགས། ཟླ་རྙིང་ང་རང་ཕ་ཡུལ་ལ་ཕྱིན་རྗེས། གཟའ་འཁོར་འགའ་ཤས་རང་དང་ན་ཚོད་མཉམ་པའི་གྲོགས་པོ་ཚོའི་མཉམ་དུ་ཟ་འཐུང་དགའ་སྐྱིད་ལ་རོལ་ནས། སླར་མི་ཡུལ་གནས་ཚང་འདི་ལ་ལོག་རྗེས་ཕ་ཡུལ་གྱི་རྣམ་པར་དྲན་གསོ་བྱེད་སྐབས། ངའི་དྲན་པ་ནི་འདི་ལྟར།
ཕ་ཡུལ་དྲན་གསོའི་དེབ་ཐེར་ཁ་བསྔོགས་པས།།
གྲོགས་པོའི་ལེའུ་ནི་འདི་ལྟར་རི་མོར་འཁོད།།
དཔོན་པོའི་གོ་ས་འཛིན་མཁན་ཉུང་ཉུང་མིན།།
རང་རིགས་ལ་རྒྱ་ལྡན་པ་ཤིན་དུ་ཉུང་།།
གཉེན་སྒྲིག་གཅིག་ལས་མང་བ་ཉུང་ཉུང་མིན།།
བཟའ་མི་བུ་ཕྲུག་མཉམ་འཛོམས་ཤིན་ཏུ་ཉུང་།།
རང་རིགས་བླ་སྲོག་དོར་མཁན་ཉུང་ཉུང་མིན།།
ཕ་མེས་འགན་ཁྲི་ལེན་མཁན་ཤིན་ཏུ་ཉུང་། །
གཞན་གྱི་སྤྲེལ་ལད་རྒྱུག་མཁན་ཉུང་ཉུང་མིན།།
རང་ས་འཚུགས་ནས་ཕུགས་བསམ་ལེན་མཁན་ཉུང་།།
རླངས་འཁོར་འགའ་ཤས་ཡོད་མཁན་ཉུང་ཉུང་མིན།།
རང་གི་ལམ་ཁ་ཤེས་མཁན་ཤིན་ཏུ་ཉུང་།།
རྒྱན་གོས་གསེར་དངུལ་གྱོན་མཁན་ཉུང་ཉུང་མིན།།
ནང་སེམས་ཡོན་ཏན་ཕྱུག་པ་ཤིན་ཏུ་ཉུང་།།
ཟ་རྒྱུ་འཐུང་རྒྱུ་འབེལ་པོ་ཉུང་ཉུང་མིན།།
ལུས་པོ་ཐང་ཐང་ཡོད་མཁན་ཤིན་ཏུ་ཉུང་།།
གནས་ཚང་ཁང་པ་རྫིག་པོ་ཉུང་ཉུང་མིན།།
ནང་སེམས་བདེ་ཞིང་ལྷོད་པ་ཤིན་ཏུ་ཉུང་།།
ཟ་འཐུང་རོགས་པ་དགོས་ན་ཉུང་ཉུང་མིན།།
བློ་འགེལ་ཐུབ་པའི་གྲོགས་པོ་ཤིན་ཏུ་ཉུང་།།
རྣམ་གཡེང་ཁ་གཡང་ཤོད་མཁན་ཉུང་ཉུང་མིན།།
སེམས་ཀྱི་སྐད་ཆ་ཤོད་ས་ཤིན་ཏུ་ཉུང་།།
ཆང་རག་ཚོད་མེད་འཐུང་མཁན་ཉུང་ཉུང་མིན།།
ལུས་སེམས་ཕན་པའི་འཕྲོད་བསྟེན་ཤིན་ཏུ་ཉུང་།།
དི་རིང་སྐྱིད་པོ་གཏོང་མཁན་ཉུང་ཉུང་མིན།།
སང་ཉིན་འཆར་གཞི་ཡོད་མཁན་ཤིན་ཏུ་ཉུང་།།
གཞན་གྱི་བུད་མེད་སྤྱོད་མཁན་ཉུང་ཉུང་མིན།།
རང་གི་བཟའ་ཟླ་སྐྱོང་མཁན་ཤིན་ཏུ་ཉུང་།།
གཞང་ཁང་ཆང་ཁང་བསྟེན་མཁན་ཉུང་ཉུང་མིན།།
སློབ་གྲྭ་དགོན་པ་བསྟེན་མཁན་ཤིན་ཏུ་ཉུང་།།
སྤྱི་པའི་འགྲོ་སོང་གཏོང་མཁན་ཉུང་ཉུང་མིན།།
རང་གི་གླ་ཆ་བཀོལ་མཁན་ཤིན་ཏུ་ཉུང་།།
གཞན་གྱི་ཀླད་པ་བཀོལ་མཁན་ཉུང་ཉུང་མིན།།
རང་གི་ཀླད་པ་བཀོལ་མཁན་ཤིན་ཏུ་ཉུང་།།
ཕ་མ་སྤུན་མཆེད་སྐྱུར་མཁན་ཉུང་ཉུང་མིན།།
རྒྱུ་འབྲས་དཔང་པོ་འཛིན་མཁན་ཤིན་ཏུ་ཉུང་།།
སེམས་བཞིན་བསམ་ན་སྐྱོ་བ་སྐྱེས་དགོས་ཚོད།།
ཆང་ཁང་སྤྲོ་ཁང་ནང་ནས་ལུས་སེམས་སྦྲིད།།
ལྟ་བཞིན་མཐོང་ན་སྐྱུག་མེར་ལངས་དགོས་ཚོད།།
དབང་དང་དངུལ་གྱིས་མིག་གཉིས་མཐུག་པོར་བསྒྲིབས།།
གནས་སྟངས་འདི་ལྟར་གྱུར་པའི་གྲོགས་པོ་འགའ།།
དོར་ན་ཕངས་ལ་ཁྲིད་ན་བློ་མི་བདེ།།
བྱེད་སྟངས་མི་ཤེས་རང་གི་རི་མོ་དེ།།
དི་རིང་གདུགས་དཀར་མཆོག་ལ་སྤྱན་བསྟར་ཞུས།།
བླ་མའི་དགོངས་དོན་བཀོལ་མཁན་ཉུང་ཉུང་རེད། །
རང་གི་ཀླད་པ་བཀོལ་མཁན་ཤིན་ཏུ་ཉུང་། །
དུས་རབས་ཉི་ཤུའི་ཤེས་རྨོངས་ཉུང་ཉུང་རེད། །
ཤེས་ཡོན་ཟུང་ལྡན་ཡོད་པ་ཤིན་ཏུ་ཉུང་། །
ཚུལ་ལྡན་བོད་མོ་བསྟེན་མཁན་ཉུང་ཉུང་རེད།
རྒྱ་མོ་འཆལ་མོ་བསྟེན་མཁན་ཤིན་དུ་མང་།
སྲུང་ཤུབ་འཇམ་པོ་བཀོལ་མཁན་ཉུང་ཉུང་རེད།
བརྗེན་པ་ནང་ལ་འཇུག་མཁན་ཤིན་དུ་མང་།
འདིར་ཕེབས་པའི་སྙན་ངག་གི་མཁན་པོ་འབའ་པ་ལགས་དང་། གངས་ཤར་ལགས་སོགས་ལ་འདྲི་བ་ཞིག་ཡོད། གོང་གི་གངས་ཤར་ལགས་ཀྱི་སྙན་ངག་འདིའི་དབྱེ་ན། རིགས་གང་ལ་གཏོགས། དཔེ་གང་ལ་གཏོགས་སམ། གོ་བདེ་པོ་གཏིང་ཟབ་པོ་ཞིག་འདུག
དགོངས་དག གོང་གི་འདྲི་བ་འདི་ཀ་རྡོ་ལགས་སུ་ཡང་ཁྱབ་པ་ཡིན། ལན་ཞིག་བསྟེར་རོགས།
གཞན་གྱི་རི་མོ་ཤེས་མཁན་ཉུང་ཉུང་རེད། །
རང་གི་རི་མོ་འབྲི་མཁན་ཤིནད་ཏུ་ཉུང་། །
གཞན་གྱི་ཀླད་པ་ཤེས་མཁན་ཉུང་ཉུང་རེད། །
རང་གི་ཀླད་པ་བཀོལ་མཁན་ཤིནད་ཏུ་ཉུང་། །
བསམ་ཤེས་ལགས། འདི་ཡང་། གངས་ཤར་ལགས་ཀྱི། འབྲི་སྟངས་མ་བརླག་པའི་སྒོ་ནས། ད་ལྟའི་བོད་རིགས་ཚོའི། ལོ་རྒྱུས་ཤོད་ཁུལ་བྱས་པ་ཙམ་མོ།།
གངས་ཤར་ལགས། ཆ་ཚང་བཀླགས་པ་ཡིན། སེམས་པ་སྐྱོ་ལྷང་ངེར་ཕྱིན་སོང་། འཕགས་པ་སྤྱན་རས་གཟིགས་མཁྱེན་ནོ།། ད་ཅི་དྲག