ཐོར་རྒོད་པ་སྤྱན་ཆབ།
ངའི་ཕ་ཡུལ་ནི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ངའི་ཕ་ཡུལ་ནི་གླུ་སྐད་གཉོམ་པོ་ཞིག་ཡིན། མ་ཟད་ངའི་ཕ་ཡུལ་ལ་རྒྱ་ནག་གི་གཡོ་འཕྲུལ་དང་ལྗན་ལྗིན་གྱིས་ཁ་སྨེ་དང་བསླུ་བྲིད་མང་དུ་བྱས་ཡོད། དེ་ནི་དང་པོར་བོད་ནས་སྐྱེས་ཀྱང་ཁྱོད་རང་བོད་མི་མིན་རེད་ཟེར་བ་ལྟ་བུ་དང་། གཉིས་པ་ཀ་ཁ་བསླབས་ཀྱང་ཀྱང་ཁྱོད་ཀྱི་རང་སྐད་མ་རེད་ཟེར་བ་ལྟ་བུ་སོགས་ཀྱིས་དྲང་པོ་འཁྱོགས་བརྗོད་དང་དངོས་མ་རྫུན་ཚིག་ཏུ་གྲུབ་པའི་དབང་དང་བཀའ་ཆོས་མང་ནས་མང་དུ་བསྩལ་མོད་ཀྱང་།
དེ་རིང་སྟེ་སྤྱི་ཚེས༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་༩དང་ཕྱེད་ཀ་ཡས་མས་སུ་ཡུལ་དེ་གའི་གྲྭ་མང་གིས་མདུན་བསུས་ནས་མི་སྐྱ་རེ་གཉིས་དང་བཅས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་འབོད་ཚིག་དུ་༼རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཡོད། ང་ཚོར་རང་དབང་དགོས་ཡོད། སྐད་ཡིག་བདེ་སྤྱོད་ཀྱི་ཐོབ་ཐང་དགོས་ཡོད་༽སོགས་ཀྱི་སྐད་འབོད་བྱས་མཐར། རྒྱ་ནག་གཉེན་རྟོག་པ་དང་བདེ་སྲུང་མིི་སྣས་མཐའ་སྐོར་ཏེ་མི་གྲངས་ཉི་ཤུ་ཡས་མས་ཤིག་དེ་འཕྲལ་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་པའི་གནས་ཚུལ་འབྱོར་འདུག་མོད།
ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཟིན་ཙམ་ནས་རྫོང་དེ་གའི་གནས་སྡོད་འབྲོག་འབངས་ཉིས་སྟོང་ཙམ་གྱིས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཡོད། ང་ཚོར་སྨྲ་བརྗོད་རང་དབང་དགོས་༽སོགས་ཀྱི་འབོད་ཚིག་སྒྲོག་གཞིན་༼རང་རེའི་བོད་མི་རྣམས་ད་ལྟ་ཉིད་དུ་གློད་གྲོལ་གཏོང་དགོས་༽པའི་སྐད་འབོད་བྱས་ཏེ་རྒྱ་གཞུང་བཙོན་ཁང་གི་སྒོ་ཆེན་གཏོར་ཏེ་ནང་དུ་བླུགས་ཡོད་པས་ན། དེ་གའི་ཆུ་ཚོད་བཞི་ཡས་མས་སུ་མིག་སྔར་བཙོན་དུ་བཅུག་ཟིན་པ་རྣམས་གློད་གྲོལ་མི་གཏོང་ག་མེད་ཆགས་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་དྲུག་པའི་རྗེས་ཀྱི་འཇིགས་སྣང་དང་དོགས་སློང་ཡོད་ཚད་ཀྱིས་དེ་གའི་མི་སུ་ཡིན་ཡང་གཉིད་མི་ཁུགས་པ་དང་། ཡང་ན། གཉིད་རྦད་དེ་མེད་པ་ཞིག་གི་ཚོར་བ་ཡོང་གིན་འདུག་ཅེས་ཀྱང་སྨྲ་མཁན་ཡོད་པ་མི་རེ་གཉིས་མིན་ཚོད་འདུག་ཟེར་རོ།།
སྐད་འབོད་དང་རང་ལུས་མེར་མཆོད་ཀྱིས་བོད་པ་ཚང་གི་སྡུག་གི་རྒྱ་མཚོའི་ཟབ་ཚད་ཇི་ལྟར་གླེང་ཞིང་གླེང་ནའང་། རང་རེ་བའི་བོད་མི་དག་གིས་ནི་ཁྱོད་ཀྱི་དཔའ་བོ་དང་ང་ཡི་ལ་རྒྱ་ཙམ་ལས་རོགས་རམ་དང་ཕྱར་གྲི་མཉམ་འདེགས་ཀྱི་ལས་ལ་གཞོལ་བ་ཤིན་ཏུ་ནས་ཀྱང་ཉུང་བས་ན། ངའི་ཕ་ཡུལ་གྱི་གྲོང་ཚོ་ཆུང་ངུ་དེ་ནས། ངའི་ཕ་ཡུལ་གྱི་གླུ་སྐད་གཉོམ་པོ་དེ་ནས། ད་དུང་དུའང་དོན་དངོས་ཀྱི་བོད་མིའི་སྐྱིད་སྡུག་མཉམ་མོང་དང་དྲང་བདེན་གྱི་ང་ཚོ་ཁྱོད་ཀྱི་རྒྱབ་ན་ཡོད་པའི་དཔང་ཡིག་དང་བདེན་པ་བྲིས་ནས་རྔམ་རྔམ་བརྗིད་བརྗིད་ཀྱིས་འཚོ་ཞིང་འཚོས་ནའང་།གློ་བུར་བའི་གསང་འཕྲིན་དང་ལྐོག་རྙི་ཡོད་ཚོད་ཀྱིས་ཁྱོད་ཀྱི་ཞབས་ཀྱི་རི་མོ་རེ་རེ་ལ་བལྟས་ཤིང་བརྟག་ནས་ཡོད་པས་ན།
ཁྱོད་ནི་ཁ་སང་། ཁྱོད་ནི་དེ་རིང་། ཁྱོད་ནི་སང་ཉིན་གྱིས་ཆུ་ཚོད་ཀྱིས་དེད་པའིོ་སྐར་མདའ་རེ་རེ་བཞིན་གཅིག་ཀྱང་ཐར་ས་མེད་པ་དེའོ།།དེ་བས་ཕྱིར་ན། རང་གི་ཡུལ་གྱིས་བགྱིས་པའི་དཀའ་བ་དང་དཔའ་སྤོབས་ཡོད་ཚད་ལ་ཡི་རངས་དང་དགའ་མཉེས་འཕེལ་ཞིང་། བླ་ལྷག་ཏུ་བཙོན་ཁང་གི་སྒོ་ཆེན་བཅག་པས་ཤེད་ཤུགས་ཆེ་འདུག་ལ་ངོ་གདུང་དམར་རྗེན་པ་ཡོད་ཚད་རྒྱང་ཤེལ་དང་པར་ཆས་སུ་བསྟན་པས་གླེན་རྟགས་ཆེ་དྲགས་པ་མིན་ནམ་སྙམ་པ་རེའང་ལན་རེར་སྐྱེས་ཡོང་བ་ཞིག་རེད་ཅེས་པ་དེའོ།།
ཡིན་ན་ཡང་། ༼བོད་བོད་ཡུལ་ན་སྐྱིད་དང་རྒྱ་རྒྱ་ཡུལ་ན་བདེ་༽ཅེས་པའི་གཏན་ཚིག་དེ་ལས་བརྡོལ་ཅིང་ཤ་དང་ཁྲག་གི་འཁོན་དང་དགྲ་རུ་གྱུར་ཡོད་པའི་དེ་རིང་གི་དུས་འདི་ལ་བསམ་ན། ངས་ཕ་ཡུལ་གྱིས་ཁ་སྤོ་ལག་ཏུ་བླངས་འདུག་ལ། ངའི་ཕ་ཡུ་ནས་སྐྱིད་སྡུག་མཉམ་མྱོང་བྱས་བཞག་འདུག ཡིན་ན་ཡང་། འདི་ནི་གླེན་རྟགས་ཤིག་མ་རེད་དམ་ཟེར་བའམ་དེ་ནི་ཞེད་བྲལ་རིགས་ཤིག་མ་ཡིན་ནམ་ཟེར་མཁན་ཡང་ཡོད་རེད།
དེ་ལྟ་བུས་ན། ངའི་ཕ་ཡུལ་གྱི་མི་རྣམས་ཀྱིས་རང་ཚོད་རང་གིས་འཛིན་ནུས་སམ་ཞུ་བ་དང་རང་ལུས་རང་གིས་ཉར་ཐུབ་བམ་ཞུས་པ་དེ་ཡིན། གཙོ་ཆེར་ཞུ་བ་ཞིག་ལ། རང་རིགས་ཡོད་ཚོད་ཀྱིས་ཅི་བྱས་ལ་ཁྱོད་དང་ཁྱོད་ཀྱིས་སྒོ་ཆེན་ཡོད་ཚད་གཏོར་ཅིང་བཅོམས་པར་བྱེད་ནུས་སམ་ཞུ་བ་དང་། ཁྱོད་ཀྱིས་ཁོ་བོའི་དཔའ་སྙིང་ལ་ཉིན་མཚན་ཡོད་ཚད་དུ་མིག་ལྟོས་དང་བརྟན་སྲུང་བྱེད་ཐུབ་བམ་ཞུ་པ་དེའོ།།
2012/03/18ཉིན།
ངའི་ཕ་ཡུལ་ཡང་རྒྱ་དམར་འོག་གདུག་རྩུབ་མྱོང་དང་མྱོང་བཞིན་པ་རེད་རྒྱ་དམར་ཚང་གི་འདི་ལྟར་འདྲི་སྲིད་ཏཱ་ལའི་བླ་མ་ངོ་འེ་ཤེས་མཇལ་འེ་མྱོང་ཞེས་འདྲི་རྒྱ་དམར་ཚང་གཡོ་རྒྱུ་ཆེ་བ་ལ།
དམར་བོའི་མེ་མདའི་སོ་ཁ་ནས་ཁུ་ཚུར་འཕྱར་ནས་རྒྱ་དམར་ལ་ངོ་རྒོལ་བྱས་པའི་དཔའ་བོ་དཔའ་མོ་རྣམས་རྒྱལ་གྱུར་ཅིག།བོད་རྒྱལ་ལོ།
http://www.youtube.com/watch?v=yAvf1F-Cf8U&feature=player_embedded
བྱིས་མོ་རྫོང་ལ་འདི་མོ་བྱི་ལི་མང་པོ་ཞིག་གང་ནས་ཡོང་བ་རེད། ཨ་ཡ་མཚན།
དངོས་གནས་དཔའ་བོ་རེད།་་་་་་ང་ཚོ་ལག་གདང་སྦྲེལ་ནས་མཉམ་དུ་འགྲོ།་་་་གངས་རིའི་བུ་རྒྱུད་སྐྱོང་དུ་འགྲོ།་་་་་གངས་སེང་དཀར་མོའི་དར་ཆ་སྒྲེང་དུ་འགྲོ།་་་་གངས་ལྡན་བོད་མིའི་བདེ་སྐྱིད་བཙལ་བར་འགྲོ།
གཞིས་ལུས་སྤུན་ཟླའི་གཅེས་པའི་སྲོག །
མཚོན་དང་མེ་ལྕེ་ལ་བསྡོངས་ཏེ། །
ཡུལ་གྱར་བོད་མིར་སྲེག་བྱས་ཀྱང་། །
ཚོར་མེད་འདུག་པར་ཡིད་རེ་སྐྱོ། །