མི་ལ་རང་བཙན་གྱིས་བརྩམས།
བསྟན་འཛིན་པདྨས་བོད་སྒྱུར་ཞུས།
ངའི་སྲིད་སྐྱོང་གི་འོས་མི་ཀླུ་མཁར་འབྱམས་ནི་དཔའ་ངར་དང་ལོ་རྒྱུས་རང་བཞིན་ཅན་གྱི་འགྲན་རྩོད་ཞིག་གི་རྗེས་སུ་(ཕྱི་ལོ་༢༠༡༦ ལོའི་)སྲིད་སྐྱོང་གི་འགྲན་རྩོད་འོས་མི་ཁོངས་ནས་འབུད་ཚར་སོང། ད་ནི་ང་ཚོར་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་ནང་དུ་གདམ་ཀ་གཉིས་ལས་ལྷག་མེད། གཅིག་ནི་(སྤྱི་འཐུས་ཚོགས་གཙོ་ལས་ཐོག་) སྤེན་པ་ཚེ་རིང་དང་(ད་ལྟའི་སྲིད་སྐྱོང་ལས་ཐོག་) བློ་བཟང་སེང་གེ་གཉིས་རེད། དེ་གཉིས་ལས་ངོས་རང་གིས་(ཚོགས་གཙོ་ལས་ཐོག་)སྤེན་པ་ཚེ་རིང་འདེམ་རྒྱུ་ཡིན། ངས་གཙོ་བོ་མིའི་ཁྱད་ཆོས་དང་སྤུས་ཀ་ལས་གནད་དོན་གཙོ་བོ་བྱས་མེད།
རྒྱུ་མཚན་ནི་(ངའི་འོས་མི་)ཀླུ་མཁར་བྱམས་ང་ཚོའི་འཐབ་རྩོད་ཀྱི་ནང་དུ་གལ་འགངས་ཆེ་བའི་གནད་དོན་དག་གིས་ཕམ་ཉེས་བྱུང་བ་རེད། སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ཀ་དབུ་མའི་ལམ་གྱི་རྗེས་འབྲངས་པ་ཞིག་ཡིན་ནའང། ངས་(ཚོགས་གཙོ་)སྤེན་པ་ཚེ་རིང་འདེམ་རྒྱུ་ཡིན།
(ཚོགས་གཙོ་)སྤེན་པ་ཚེ་རིང་ནི་འཛིན་སྐྱོང་ལས་དོན་ཐོག་ལ་ལོ་ངོ་ཉི་ཤུ་ལྷག་གི་ཉམས་མྱོང་ལྡན་པའི་སྐྱེ་བོ་ཞིག་དང། ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་ཉམས་མྱོང་འདི་ཡིས་ཁོང་རང་འཇོན་ཐང་ཅན་གྱི་འགོ་འཁྲིད་ཞིག་ཆགས་ཐུབ་པ་ལ་སྐུལ་བའི་ཁྱད་ཆོས་གལ་ཆེན་ཞིག་ཆགས་ཡོད། ཁོང་ནས་བརྗོད་གཞི་གང་འདྲ་ཞིག་གི་ཐོག་ཏུ་གསུང་རྒྱུ་ཡོད་པའི་གཏམ་བཤད་པ་ཞིག་ཀྱང་རེད། ལྷག་པར་དུ་ཁོང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐབས་རྩལ་ནི་ང་ཚོའི་སྤྱི་ཚོགས་ནང་དུ་ཡོང་གྲགས་རེད། ཁོང་ནི་མི་མང་གི་འགོ་འཁྲིད་ཅིག་རེད། དེ་ལས་ལྡོག་ནས་(སྲིད་སྐྱོང་ལས་ཐོག)བློ་བཟང་སེང་གེ་ནི་ཁོང་རང་གིས་དེ་སྔོན་ཁས་ལེན་བྱས་པ་གང་ཡང་བསྒྲུབ་ཐུབ་མེད།
ཆོལ་ཁའི་འཐེན་འཁྱེར།
བློ་བཟང་སེང་གེའི་ལི་ཐང་སྤུན་འགྲིག་ཅེས་པའི་ཁྱབ་བསྒྲགས་དེ་ནི་། ཆོལ་ཁའི་འཐེན་འཁྱེར་བྱེད་ལུགས་ཀྱི་སྲོལ་རྙིང་པ་ཞིག་རེད། དེ་འདྲའི་རྐྱེན་པས་ཁོང་ནས་དབུས་གཙང་མི་མང་མང་ཤོས་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་སྒར་ཆེ་ཤོས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་བསྐྱར་བཟོ་ཐུབ་པ་ལ་རྒྱབ་སྐྱོར་བྱས་མེད་པ་ཡིན་སྲིད་ཀྱི་རེད། མ་ཟད་ང་ཚོའི་མིག་ལམ་དུ་ཁོང་ནས་མང་གཙོའི་འགྲོ་ལུགས་དང་མཐུན་པའི་ཐོག་ནས་དབུས་གཙང་པ་ཞིག་གིས་སྣེ་འཁྲིད་བྱེད་འཇུག་འདོད་མེད་པ་ལྟ་བུར་སྣང།
ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་གལ་གནད་ཆེ་བའི་གནས་རིམ་ཆ་ཚང་(སྲིད་སྐྱོང་བློ་སེང་) ཁོང་རང་གི་ཆོལ་ཁ་(ཁམས་པའི་)མི་རྣམས་ལ་སྤྲད་ཡོད། དཔེར་ན་། བོད་ཀྱི་འཐེབས་རྩ་ཁང་གི་འགན་འཛིན་དུ་བློ་བཟང་སྙན་གྲགས་དང། ཝ་ཤིང་ཊོན་གྱི་དོན་གཅོད་དུ་ཨུ་ཀ་ཚང་སྐལ་རྡོར་། དེ་བཞིན་སྦེང་ལོར་གྱི་ལྷོ་སྤྱི་རུ་ཆོས་འཕེལ་ཐུབ་བསྟན་ལྟ་བུ་རེད། གོང་གི་གནས་རིམ་དག་ཏུ་བསྐོ་གཞག་བྱས་པའི་ལས་བྱེད་རྣམས་ནི་ཁོང་རང་གི་ཕ་ཡུལ་གཅིག་པ་རེད། འདི་ནི་(བསམ་བློ་གཏོང་དགོས་པའི་)དྲིལ་བརྡ་ཞིག་མ་རེད་དམ།
གོང་དུ་བསྐོ་གཞག་བྱས་པའི་ལས་བྱེད་རྣམས་ནི་ད་བར་(སྤྱི་ཚོགས་ཀྱི་ལས་དོན་བྱེད་པའི་ཁྲོད་དུ་)འདོད་བློ་ཁེངས་པའི་བྱ་བ་ཞིག་བསྒྲུབ་ཐུབ་མེད་སྟབས། ལ་ལ་གནས་དབྱུང་གཏོང་བའམ་གོ་གནས་གཅོག་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་ཤ་སྟག་རེད། འོན་ཀྱང་སྲིད་སྐྱོང་བློ་སེང་ནས་ཁོང་ཚོ་བསྐྱར་དུ་བསྐོ་གཞག་བྱས་པ་རེད། དེ་དང་དེ་འདྲ་བའི་དཔེ་མཚོན་མང་པོ་ཞིག་མཆིས།
ཕྱི་ལོ་ ༢༠༡༤ ལོར་ཁེ་ལི་ཕྷོར་ནི་ཡའི་མགྲོན་ཁང་དུ་དོལ་རྒྱལ་རྗེས་འབྲངས་པའི་(ཕྱི་རྒྱལ་བའི་)བཙུན་མ་ཞིག་༸གོང་ས་མཆོག་གི་ཉེ་འགྲམ་དུ་སླེབས་ནས་ངོ་རྒོལ་བྱེད་པ་ནི། ༸གོང་ས་མཆོག་གི་སྐུ་འཕྱའི་སྲུང་སྐྱོབ་ལ་འཐུས་ཤོར་བྱུང་བའི་གནས་ཚུལ་དེ་(སྲིད་སྐྱོང་)བློ་སེང་གི་སྣ་འོག་ཏུ་བྱུང་བ་ཞིག་རེད། དེ་བཞིན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ས་གནས་དགུ་ཕྱིར་ཐོན་པའང་ཁོང་གི་སྣ་འོག་ཏུ་བྱུང་། དོན་རྐྱེན་དེ་དག་གི་རྒྱབ་ཏུ་སུ་དང་སུ་ཡོད་དམ།
(ཨ་རིའི་སྐུ་ཚབ་དོན་གཅོད་)སྐལ་རྡོར་གྱིས་ཝ་ཤིང་ཊོན་གྱི་དོན་གཅོད་ལས་ཁུངས་ནང་གི་༸གོང་ས་མཆོག་གི་སྐུ་པར་འཇོག་གནས་སུ་སྲིད་སྐྱོང་བློ་སེང་གི་པར་ཞིག་བཞག བྱ་སྤྱོད་འདི་ལྟ་བུ་ནི་ང་ཚོ་བོད་མི་ཙམ་མ་ཟད། ལྷག་པར་དུ་ལོ་ངོ་ ༦༠ ལྷག་གི་རིང་ལ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་མཁན་དང་བོད་མི་རྣམས་ལ་བཀའ་དྲིན་བླ་ན་མེད་པ་༸གོང་ས་མཆོག་ལའང་གུས་བརྩི་མེད་པ་ཞིག་བསྟན་ཡོད།
དེར་མ་ཟད་སྲིད་སྐྱོང་བློ་སེང་ནས་ཁང་པའི་བུ་ལོན་རྣམས་ཇི་ལྟར་འཇལ་ཡོད་མེད་ཀྱི་རྙོག་གླེང་ནི་། ད་ལྟའི་བར་དུ་གསལ་པོ་ཆགས་མེད། ལོ་ངོ་གསུམ་ཙམ་གྱི་གོང་དུ་བོད་དོན་རྒྱབ་སྐྱོར་བ་མཱོ་རཱ་མཱོ་ཡཱི་ནི་ཧན་གྱིས་སྐྱོན་འཛུགས་དེ་བྱས་པ་རེད། སྐབས་དེར་རྙོག་གླེང་འདི་གཙང་མ་ཆགས་པ་ལ་ཁོང་རང་ནས་ཁྲལ་འཇལ་བའི་ཡིག་ཆ་ (tax papers) རྣམས་ཕྱི་གསལ་ནང་གསལ་ཐོག་གཙང་མ་བཟོས་ཡོད་ན་འགྲིག་ཡོད་ཀྱང་ད་བར་དུ་བྱས་མེད་པ་རེད།
དེ་མཚུངས་སྲིད་སྐྱོང་བློ་སེང་ནས་ཁ་ཕོ་ཆེན་པོས་དེ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ལས་ཡུན་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་ས་ཡ་ ༡༠༠༠ བྱུང་ཡོད་པ་དང། ཁོང་རང་གི་ལས་ཡུན་ནང་ཧིན་སྒོར་ས་ཡ་ ༢༠༠༨ བྱུང་ཡོད་ཅེས་ཤོད་བཞིན་ཡོད། དྲང་པོར་ཞུས་ན་། འདི་ནི་མི་སྒེར་ཞིག་གི་གྲུབ་འབྲས་མིན་པར་ཕྱིའི་རོགས་སྐྱོར་ཡིན་པས་ཧང་སངས་དགོས་དོན་གང་ཡང་མེད། རོགས་དངུལ་དེ་ཚོ་ནི་ཡུལ་ཐང་གུན་གཟབ་ཀྱི་འཕར་ཆ་ལ་གཞིགས་ནས་(རོགས་དངུལ་གནང་མཁན་གྱི་རྒྱལ་ཁབ་བམ་ཚོགས་པའི་ནང་དུ་)ཐག་གཅོད་སྔོན་དུ་ཟིན་པ་ཞིག་རེད།
འདི་ནི་སྲིད་སྐྱོང་གྱི་འཇོན་ཐང་དང་འབྲེལ་བ་གཅིག་ཀྱང་མེད། ཁོང་ནས་གནང་རོགས་གནང་ཞེས་ཡར་ཞུ་རྒྱུ་ཙམ་ཞིག་དང་། དེ་ནས་རོགས་དངུལ་གནང་གི་ཡོད། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ དབར་གྱི་རྗེས་མའི་སྲིད་སྐྱོང་(ཆགས་ལ་ཉེ་བའི་ཚོགས་གཙོ་)སྤེན་པ་ཚེ་རིང་ལ་ཧིན་སྒོར་ས་ཡ་ ༤༠༡༦ ཞིག་བྱུང་ངེས་རེད། འོན་ཀྱང་དེ་ལའང་ཧང་སངས་དགོས་དོན་གང་ཡང་མེད།
ཕྱིའི་རྒྱལ་ཁབ་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རོགས་དངུལ་སློང་བ་འདི་ནི་། དོན་དངོས་ཐོག་སྲིད་སྐྱོང་བློ་སེང་གི་(ཡོངས་གྲགས་རྩ་དོན་གསུམ་ལས་)རང་ཁ་རང་གསོ་ཞེས་མ་ཎི་བགྲང་བགྲང་བྱེད་བཞིན་ཡོད་པ་དེའི་དཔེ་མཚོན་བཟང་པོ་ཞིག་མ་རེད།
ང་ཚོའི་རེ་བ་རྣམས་སྟོང་ཟད་དུ་གྱུར་སོང་།
སྲིད་སྐྱོང་བློ་སེང་ནི་བོད་ཀྱི་ལོ་རྒྱུས་ནང་དུ་ནག་ཉེས་ཅན་ཞིག་ཏུ་འགྱུར་ངེས་པ་རེད། དེ་ཡང་ཁོང་ནི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ན་
༡༽ “བོད་མི་ཚོ། ང་ཚོ་ལ་རྒྱལ་ཁབ་ཟེར་བ་ནམ་ཡང་ཡོད་པ་མ་རེད་”
༢༽ “ང་ཚོས་(རྒྱ་ནག་ལ་)བོད་ནང་དུ་མང་གཙོ་ལག་བསྟར་བྱ་རྒྱུའམ་བྱེད་རྒྱུ་འཇུག་རོགས་ཞེས་ཞུ་ཡི་མེད་”
༣༽ “ང་ཚོས་(རྒྱ་ནག་ལ་)བོད་ནང་གི་བོད་མི་རྣམས་ལ་མང་གཙོ་རྩོད་ཀྱི་མེད་” ལྟ་བུ་ཧ་ལས་དགོས་པའི་བསྒྲགས་གཏམ་སྤེལ་མཁན་གྱི་སྲིད་སྐྱོང་ཐོག་མ་དེ་ཆགས་ཡོད། སྲིད་སྐྱོང་བློ་སེང་གིས་ང་ཚོའི་རེ་འདུན་ཡོངས་རྫོགས་མེད་པར་བཟོས་སོང། དང་པོ་རང་སྐྱོང་ཟེར་བ་རྨི་ལམ་རེད། ཁོང་དང་ཁོང་གི་བཀའ་ཤག་ནས་འདས་པའི་ལོ་ངོ་བཞིའི་དུས་ཡུན་ནང་དུ་རྒྱ་གཞུང་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་ཐེངས་གཅིག་ཀྱང་བྱུང་མེད་པ་མ་ཟད་། ཁོང་ནས་ཁོང་རང་གི་སྲིད་སྐྱོང་ལས་ཡུན་ནང་དུ་༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་ཀྱི་ཡིན་ཅེས་(ཕྱི་ལོ་ ༢༠༡༡ བཀའ་ཁྲིའི་འོས་བསྡུའི་སྐབས་) འོས་ཤོག་ཐོབ་ཆེད་དུ་མི་མང་ལ་རེ་མེད་རེ་བ་ཞིག་སྤྲད། དེ་ལ་མང་ཚོགས་ནས་ཀྱང་༸གོང་ས་མཆོག་ནས་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་ལ་སྐུ་ངལ་བསྐྱོན་ནས་བསྒྲུབ་ཐུབ་མེད་པའི་བྱ་བ་ཞིག་ཁོང་གིས་བསྒྲུབ་ཀྱི་རེད་བསམ་པའི་རེ་བ་ཞིག་བཅངས་ནས་འོས་བླུག་མཁན་བྱུང་ཡོད།
ལྷག་པར་དུ་བོད་ཕྲུག་གི་ཤེས་ཡོན་ལ་མཚོན་ནའང་། ཁོང་དང་ཁོང་གི་བཀའ་ཤག་ནས་འགྲུབ་འབྲས་གང་ཡང་ཐོན་མེད། སྲིད་སྐྱོང་བློ་སེང་གིས་ཁོང་རང་གི་སྲིད་སྐྱོང་ལས་ཡུན་ནང་དུ་བོད་ཕྲུག་རྣམས་ཀྱི་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་དེ་བཀའ་བློ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་ལས་ཡུན་ལས་བརྒྱ་ཆ་ ༡༠༠༠ ཙམ་ཞིག་བཟང་དུ་ཕྱིན་ཡོད་པ་འགྲེལ་བརྗོད་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་ད་སྐབས་བཙན་བྱོལ་བོད་མིའི་བོད་ཕྲུག་རྣམས་ཀྱིས་ཤེས་ཡོན་གྱི་གནས་ཚད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་དངོས་དོན་དེར་ཁོང་ནས་གང་ཞིག་གསུང་རྒྱུ་ཡོད་དམ།
ཕྱི་ལོ་ ༢༠༡༣ ལོར་ཚན་རིག་སྡེ་ཚན་(Science stream)གྱི་འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་བདུན་གྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་དུ་ཆ་སྙོམས་བརྒྱ་ཆ་དེ་ ༦༩༌༥ དང། ཚོང་རིག་སྡེ་ཚན་(Commerce stream) ཡོད་པའི་འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་བདུན་གྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་དུ་ཆ་སྙོམས་བརྒྱ་ཆ་དེ་ ༥༩༌༢། དེ་བཞིན་འབྱུང་རིག་སྡེ་ཚན་(Arts stream)ཡོད་པའི་འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་དག་གི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་དུ་ཆ་སྙོམས་བརྒྱ་ཆ་ ༥༩༌༦ བཅས་རེད། འོན་ཀྱང་འཛིན་རིམ་བཅུ་པའི་ཆ་སྙོམས་ཀྱི་བརྒྱ་ཆ་དེ་བཞག་མེད་པའི་རྒྱུ་མཚན་ཅི། དེ་བཞིན་དུ་ཕྱི་ལོ་ ༢༠༡༤ ལོའི་འཛིན་རིམ་བཅུ་གཉིས་སློབ་གྲྭ་ ༡༦ དག་གི་ཆ་སྙོམ་རྒྱུག་འཕྲོད་པའི་བརྒྱ་ཆ་ནི་ ༦༢༌༩ དང་འཛིན་རིམ་བཅུ་པའི་སློབ་གྲྭ་ ༢༦ དག་གི་ཆ་སྙོམས་རྒྱུག་འཕྲོད་པའི་བརྒྱ་ཆ་ནི་ ༥༨༌༢ ཙམ་རེད།
སྤྱིར་བཏང་ནས་མ་དྷ་ར་སི་ཡེ་ཤུའི་མཐོ་སློབ་(MCC)ལྟ་བུ་སྙན་གྲགས་ཆེ་བའི་མཐོ་སློབ་ནང་དུ་སློབ་འཇུག་ཐུབ་པ་ལ་ཚོང་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་དུ་ཉུང་མཐར་བརྒྱ་ཆ་ ༨༥ དང། ཚན་རིག་སྡེ་ཚན་གྱི་འཛིན་རིམ་བཅུ་གཉིས་ནང་དུ་དེ་ལས་ཀྱང་ལྷག་པ་ཉུང་མཐར་བརྒྱ་ཆ་ ༩༥ དགོས་ཀྱི་ཡོད། དེ་དེ་བཞིན་མཐོ་སློབ་གཞན་ཁག་གི་ངོ་སྤྲོད་དེབ་ཆུང་(college brochure) ནང་དུ་ཚུད་པ་ལ་ཉུང་མཐའི་བརྒྱ་ཆ་དེ་(གོང་གི་ཚད་གཞི་བརྒྱ་ཆ་ལས་) ཉུང་ཙམ་གསལ་ཡོད་ཀྱང། དོན་དངོས་ཐོག་ས་མིག་ཉུང་ཉུང་ཞིག་ལ་འཛུལ་མཁན་མང་བས་འགྲན་རྩོད་ཧ་ཅང་ཆེན་པོ་ཡོད་པ་རེད། དེས་ན་ཤེས་ཡོན་གྱི་ཐོག་ནས་ང་ཚོའི་བོད་ཕྲུག་རྣམས་ (ཀྱི་ཤེས་ཡོན་གྱི་གནས་ཚད་དེ་) གང་ཞིག་ཏུ་སླེབས་ཀྱི་ཡོད་དམ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་དུ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢། ༢༠༡༥ བཅས་ཀྱི་ཆ་སྙོམས་བརྒྱ་ཆ་རྣམས་འཁོད་མེད་པ་དེ་ཡིས་ངའི་སེམས་སུ་ང་ཚོའི་སློབ་གྲྭ་ཁག་གི་འགྲུབ་འབྲས་ཡག་པོ་བྱུང་མེད་དམ་སྙམ་བྱུང། ཡང་ན་རྒྱུ་མཚན་གང་ཞིག་གིས་ཡིན་ནམ།
སྔོན་མ་(ཕྱི་ལོ་ ༢༠༡༡ ནང་)སྲིད་སྐྱོང་བློ་སེང་གིས་ཁོང་རང་གི་སྲིད་སྐྱོང་གི་ལས་ཡུན་ནང་དུ་འབུམ་རམས་པ་(PhD)འམ་། ཡང་ན་ཁྱད་མཁས་པ་ ༥༠༠༠ ཐོན་ཐུབ་པ་བྱ་རྒྱུ་ཡིན་ཅེས་ཁས་ལེན་བྱས་ཡོད་ནའང། ད་ཆ་ང་ཚོ་ལ་འབུམ་རམས་པ་དང་ཁྱད་མཁས་པ་ག་ཚོད་ཅིག་ཡོད་དམ། ལྔ་ཡོད་དམ། ང་ཚོས་མི་མང་རྣམས་ཀྱིས་ལོ་ངོ་ལྔའི་རིང་ལ་སྲིད་སྐྱོང་བློ་སེང་གིས་འཇོན་ཐུབ་ཡོད་མེད་ལ་མ་ལྟོས་པར། ཁོང་ལ་གོ་སྐབས་ཤིག་ཕུལ་ཡོད་ནའང་ད་ཆ་སླར་ཡང་མི་མང་གིས་གོ་སྐབས་སྤྲོད་སྲིད་ཀྱི་མ་རེད། ད་རེས་(ཕྱི་ལོ་ ༢༠༡༦)སྲིད་སྐྱོང་དུ་ལྷག་བསམ་ཅན་དང་ལོ་ངོ་ ༢༠ ལྷག་གི་འཛིན་སྐྱོང་ལས་དོན་ལ་ཉམས་མྱོང་ལྡན་པའི་(ལས་ཐོག་སྤྱི་འཐུས་ཚོགས་གཙོ་) སྤེན་པ་ཚེ་རིང་ལ་གོ་སྐབས་སྤྲོད་རྒྱུ་དང་། དེ་ནི་ཁོང་ལ་འོས་ཤིང་འཚམས་པ་ཞིག་རེད།
ཉེ་སྔོན་(ནིའུ་ཡོག་གི་)དབུས་གཙང་མཐུན་ཚོགས་ཀྱི་ཚོགས་གཙོ་ལར་རྒྱ་བདག་པོ་ནས་སྲིད་སྐྱོང་ལས་ཐོག་བློ་སེང་གིས་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་སྐྱོན་བརྗོད་བྱས་པའི་རྒྱུ་མཚན་གྱིས་། ནིའུ་ཡོག་ཏུ་གནས་སྡོད་པ་དང་ཧོན་སུར་རྒྱུད་སྨད་གྲྭ་ཚང་གི་གྲྭ་ལོག ལི་ཐང་པ་བློ་བཟང་འཇམ་དཔལ་གྱིས་(ནིའུ་ཡོག་དབུས་གཙང་མཐུན་ཚོགས་ཀྱི་ཚོགས་གཙོ་) ལར་བརྒྱ་བདག་པོ་གསོད་རྒྱུའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད། ད་ལྟའི་ཆར་ནིའུ་ཡོག་ཉེན་རྟོག་ལས་ཁུངས་ནས་གནས་ཚུལ་འདིའི་ཐོག་ཏུ་ཞིབ་རྩད་བྱེད་བཞིན་པའི་སྒང་རེད། འདི་ལྟ་བུའི་ཉེན་བརྡ་འདི་ནི་ད་རེས་སྲིད་སྐྱོང་གི་འོས་བསྡུའི་ནང་དུ་ཆོལ་ཁའི་འཐེན་འཁྱེར་ཇི་ཙམ་ཞིག་ཐེ་གཏོགས་ཡོད་མེད་མཚོན་གྱི་ཡོད།
དེ་མ་ཟད་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་། (སྲིད་སྐྱོང་)བློ་སེང་གི་རྒྱབ་སྐྱོར་བ་སྐར་བཟང་(ཡང་ན་སྐལ་བཟང་)ཞུ་བ་ཞིག་གིས་ “གལ་ཏེ་ཁྱེད་རང་(ཚོས་)བློ་སེང་ལ་འོས་མ་བླུག་པའམ། ཡང་ན་ཐེངས་འདིར་བློ་བཟང་སེང་གེ་ལ་སྲིད་སྐྱོང་མི་ཐོབ་ན་། ངས་དྭངས་བླང་དཔྱ་དངུལ་ལག་དེབ་ཀྱི་དངུལ་དེ་སྤྲོད་ཀྱི་མིན་” ཅེས་བཤད་ཡོད། ཁོང་རང་གང་ཞིག་བྱེད་ནའང་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ལས་དེ་ནས་ང་ཚོར་ཁྱད་པར་གཅིག་ཀྱང་མེད།
ད་དུང་(སྲིད་སྐྱོང་)བློ་སེང་གི་རྒྱབ་སྐྱོར་བ་གཞན་ཞིག་གིས་ “གལ་ཏེ་ད་རེས་བློ་བཟང་སེང་གེ་ལ་སྲིད་སྐྱོང་མ་ཐོབ་ན་། བོད་མི་ནང་ཁུལ་ཆོལ་ཁའི་འཐེན་འཁྱེར་གྱི་འགལ་ཟླ་བྱུང་ནས་ནང་འཁྲུག་བྱུང་སྲིད་པ་དང། དེའི་དབང་གིས་༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་ནས་སྐུ་ཚེ་མི་བརྟན་པའང་ཡོང་སྲིད་ཀྱི་རེད་”ཅེས་པའང་བཤད་ཡོད། འདི་ནི་ཆེས་འཇིགས་སུ་རུང་བའི་ཐབས་བྱུས་ངན་པ་ཞིག་རེད། དེར་བརྟེན་ང་ཚོ་མགོ་སྐོར་བསླུ་བྲིད་འདི་འདྲའི་ནང་དུ་ནམ་ཡང་མི་ཚུད་པར་བྱེད་དགོས། ང་ལ་ཡིད་ཆེས་གནོངས་དང། ང་ཚོས་མུ་མཐུད་ནས་མདུན་དུ་བསྐྱོད་ཐུབ་ཀྱི་རེད།
ང་རང་སྒེར་གྱིས་ཀྱང་ཁ་པར་གྱི་ཐོག་ཏུ་ཆོལ་ཁ་གསུམ་སོ་སོ་ནས་ངོ་ཤེས་ཉི་ཤུ་ཙམ་ཞིག་ནས་(འོས་ཀྱི་) བསམ་ཤོག་བསྡུས་པ་ཡིན། དེའི་ཁྲོད་ནས་དབུས་གཙང་པ་བརྒྱ་ཆ་ ༧༠ དང་ཨ་མདོ་པ་བརྒྱ་ཆ་ ༢༠། མདོ་སྟོད་པ་བརྒྱ་ཆ་ ༡༠༠ བཅས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱས་སོང། ཁྱེད་ཚོས་དེའི་ཐོག་ནས་(ཆོལ་ཁའི་ཞེན་ཁོག་གི་གནད་དོན་) གང་ཞིག་མཐོང་ཐུབ་བམ། ཁྱེད་རང་ཚོ་སོ་སོས་བསམ་བློ་ཞིག་ཐོངས་དང། དེ་ནས་སོ་སོས་འགྲོ་ལམ་(འོས་མི་)དེ་འདེམས་རོགས།
སྲིད་སྐྱོང་གི་(འོས་མིའི་)ཁྱད་ཆོས།
ང་ཚོ་འོས་ཤོག་འཕེན་མཁན་ཚོ་ལ་མཚོན་ན་། སྲིད་སྐྱོང་ནི་གསར་གཏོད་ཐུབ་མཁན། ཉམས་མྱོང་ལྡན་པ། མི་གཤིས་དྲང་པོ། བློ་རིག་བཀྲ་བ། དཀའ་ངལ་སེལ་ཐབས་ལ་མཁས་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་བོ་ཞིག་འཚོལ་དགོས་། (ཚོགས་གཙོ་)སྤེན་པ་ཚེ་རིང་ལ་ཡོན་ཏན་དེ་དག་ཐམས་ཅད་ལྡན་ཡོད། ཁོང་ནི་བློ་སྟོབས་ཆེ་ལ་གདེང་སྤོབས་ལྡན་པ། ངག་གི་བརྗོད་པའང་གསལ་ཞིང་དག་པ་ཞིག་ཡོད ཁོང་གི་ཡོན་ཏན་དེ་དག་ནི་གྲོས་ཚོགས་ཕྱི་ནང་གི་གཏམ་བཤད་དག་ལས་ང་ཚོས་གསལ་པོར་མཐོང་ཐུབ། གལ་ཏེ་གངས་ཅན་སྐྱིད་ཤོངས་ཀྱི་ནང་དུ་བོད་རིགས་ཆབ་སྲིད་པ་(དཔོན་རིགས) གཅིག་ལ་ཞེད་དགོས་ཀྱི་ཡོད་ཚེ། དེ་ནི་(ཚོགས་གཙོ་)སྤེན་པ་ཚེ་རིང་རེད། ཁོང་ནི་མི་དྲང་ཚུགས་ཅན་ཙམ་མ་ཟད་། སུས་ཀྱང་དོ་ཟླ་དཀའ་བ་ཞིག་ཀྱང་རེད། ད་དུང་ཁོང་ནི་བློ་གྲོས་རྣོ་ཞིང་ཐག་ཆོད་པ། དྲང་ཚུགས་བརྟན་པ་ཞིག་ཀྱང་རེད།
(ཚོགས་གཙོའི་)ཁྱད་ཆོས་འདི་དག་གིས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལྟ་བུས་། གྲོས་ཚོགས་ནང་དུ་ཚོགས་གཙོ་ལ་གཞི་མེད་ཀྱི་མི་གསོད་ནག་ཉེས་བཙུགས་ནས་མི་མང་གི་སེམས་སུ་དོགས་པ་རྣམ་རྟོག་སློང་ཐབས་བྱས་ཡོད་ཀྱང་། ལམ་ལྷོང་གང་ཡང་བྱུང་མེད། གཞི་མེད་ཉེས་འཛུགས་འདི་ནི་འོས་ཤོག་དང་འབྲེལ་བའི་ཆབ་སྲིད་ཅིག་རེད། གང་ལྟར་ཡང་གཞི་མེད་ཀྱི་ཉེས་འཛུགས་འདི་ཡིས་(ཚོགས་གཙོ་)སྤེན་པ་ཚེ་རིང་ལ་དབུས་གཙང་མི་མང་ནས་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད།
(བཀའ་བློན་ཁྲི་ཟུར་)འཇུ་ཆེན་ཐུབ་བསྟན་དང་(མདོ་སྟོད་སྤྱི་ཟུར་)བསོད་ནམས་སྟོབས་རྒྱལ། (སྤྱི་འཐུས་ལས་ཐོག་) བསྟན་པ་ཡར་འཕེལ་སུ་གཅིག་གིས་ཀྱང་(ཚོགས་གཙོ་)སྤེན་པ་ཚེ་རིང་རྒྱ་གར་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་སུ་མི་གསོད་ནག་ཉེས་ཀྱི་ཞུ་གཏུགས་བྱེད་ཐུབ་པའི་གདེང་སྤོབས་མེད། རྒྱུ་མཚན་ནི་ཁོང་ཚོའི་ཉེས་འཛུགས་དེ་གཞི་མེད་ཡིན་པས་སོ། དེ་བཞིན་(ཚོགས་གཙོ་)སྤེན་པ་ཚེ་རིང་གི་གཟའ་ཟླ་རྙིང་པ་ཨ་ཅག་པདྨ་དང་ཁོ་མོའི་ན་ཚོད་ཡོལ་བའི་ཕྲུ་གུ་གསུམ་གྱིས་ད་དབར་དུ་(ཚོགས་གཙོ་སྤེན་ཚེའི་) མི་གསོད་ཀྱི་ནག་ཉེས་ཡིན་པ་ལ་ཁས་ལེན་རྩ་བ་ནས་བྱས་མེད་ཅིང་གཞི་མེད་ཀྱི་ཉེས་འཛུགས་དེར་རྒྱབ་སྐྱོར་ཀྱང་བྱས་མྱོང་མེད། གཞི་མེད་ཀྱི་ཉེས་འཛུགས་འདི་ཡིས་ཕན་འབྲས་གང་ཡང་བྱུང་མེད་སྟབས། (སྲིད་སྐྱོང་)བློ་སེང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་(ཚོགས་གཙོ་)སྤེན་པ་ཚེ་རིང་ཆང་རག་ལ་དགའ་པོ་ཡོད་རེད་ཅེས་ཉེས་འཛུགས་བྱེད་འགོ་བརྩམས་པ་རེད།
འོན་ཀྱང་སྟབས་མི་ལེགས་པར་ད་དབར་དུ་སྤེན་པ་ཚེ་རིང་ནས་ཆང་རག་བཏུང་ནས་གཞུང་གི་ལས་དོན་ལ་འཐུས་ཤོར་གཏོང་བའི་གནས་ཚུལ་གཅིག་ཀྱང་(སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་རྣམས་ལ་) བསྟན་རྒྱུ་མེད་པ་རེད། ད་དུང་ཁོང་(ཚོགས་གཙོ་སྤེན་ཚེ་)ནས་རྒྱུན་དུ་གཞུང་གི་ལས་དོན་བསྒྲུབ་སྐབས་། ཆོལ་ཁ་དང་ལུང་ཚན་འཐེན་འཁྱེར་གྱི་རྙོག་གླེང་རིགས་བྱུང་སྐབས་ཐབས་མཁས་པོའི་ཐོག་ནས་གདོང་ལེན་བྱས་ཡོད།
དཔེ་མཚོན་གཅིག་ཞུས་ན། ཕྱི་ལོ་ ༢༠༠༩ ལོར་གྲོས་ཚོགས་ནང་དུ་ཆོལ་ཁའི་འཐེན་འཁྱེར་གྱི་དཀའ་ངལ་དང། ཕྱི་ལོ་ ༢༠༡༥ ལོའི་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་ས་མིག་གཉིས་གཅིག་མཚུངས་དགོས་ཀྱི་ཡོད་པའི་ངོ་རྒོལ་གྱི་དཀའ་ངལ་རིགས་བྱུང་སྐབས་ཁོང་གི་ཐབས་བརྒྱ་བྱུས་སྟོང་གི་བློ་གྲོས་དེ་ཡིས་(ང་ཚོར་)ར་སྤྲོད་གསལ་པོ་བྱས་ཡོད། ཁོང་ནས་ད་དབར་དུ་སུ་གཅིག་ལའང་མགོ་བོ་གཅིག་ཀྱང་སྒུར་མྱོང་མེད།
འོན་ཀྱང་ཁོང་གིས་སོ་སོའི་ནོར་འཁྲུལ་རྣམས་ཁས་ལེན་བྱས་ནས་སླད་མར་མི་འབྱུང་རྒྱུའི་ཐབས་ཤེས་བྱེད་དམ། ཁོང་གིས་འོས་ཤོག་ཁོ་ནའི་ཆེད་དུ་རྫུན་མི་ཤོད་པར་དྲང་པོ་བྱེད་དམ། ཁོང་གིས་རྙོག་འཛིང་ཅན་གྱི་གནད་དོན་རྣམས་ལ་དབྱེ་ཞིབ་ཡག་པོ་བྱེད་དམ། ཁོང་ནས་ཁོང་རང་གི་ལས་བྱེད་དམ་རྒྱབ་སྐྱོར་བ་རྣམས་ཀྱིས་ཚིག་སྐམ་པོ་དག་ངོ་འཕྲོད་ཐུབ་བམ། ཁོང་ནས་ཁོང་རང་གི་ལས་རོགས་ཡག་པོ་ཞིག་འདེམས་ཐོན་བྱེད་དམ། དེ་དག་ཐམས་ཅད་ལས་གལ་གནད་ཆེ་བ་ཞིག་ལ་ཁོང་ནས་༸གོང་ས་མཆོག་དང་འདྲ་བར་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་བཅས་ཀྱི་འཐེན་འཁྱེར་མེད་པར་ཚང་མ་གཅིག་མཚུངས་ཀྱི་ཐོག་ནས་གཟིགས་སྐྱོང་ཐུབ་བམ། (གོང་གི་དྲི་བ་འདི་དག་གི་ལན་དུ་) དེ་ཚོ་ཆ་ཚང་ཁོང་ནས་བྱེད་ཐུབ་ཀྱི་རེད། དེ་ཡང་ཁོང་གིས་ལོ་ངོ་ ༢༠ ལྷག་གི་ཉམས་མྱོང་ལས་གསལ་བོར་མཐོང་ཐུབ་པ་ཞིག་རེད།
ཁོང་ནས་གཏམ་བཤད་ཡག་པོ་ཞིག་སྤེལ་ཐུབ་བམ། (ཚོགས་གཙོ་)སྤེན་པ་ཚེ་རིང་གིས་བོད་སྐད་དག་མ་ཞིག་ཤོད་ཐུབ་ཀྱི་ཡོད་ལ། ཁོང་ནས་དུས་སྐབས་དང་མཚམས་པའི་སྐད་མཐོ་དམན་དང་ཤུགས་ཆེ་ཆུང་རྣམས་འོས་ཤིང་འཚམས་པའི་ཐོག་ནས་འཛེམ་ཟོལ་མེད་པར་ཉམས་དང་བཅས་ནས་སྐད་ཆ་གསལ་པོར་ཤོད་ཐུབ་མཁན་ཞིག་ཀྱང་རེད། ཁོང་ལ་ཡིད་སེམས་འགུལ་བའི་གཏམ་བཤད་སྤེལ་ཐུབ་པའི་ཁྱད་ཆོས་ལྡན་པས་། ཁོང་རང་བོད་པའི་ཆབ་སྲིད་ཀྱི་འདིང་ཆའི་སྟེང་དུ་གོ་གནས་མཐོན་པོ་ཞིག་བཟུང་ནས་ཡོད། སྤྱིར་བཏང་ཁོང་རང་ནི་རྒྱ་གར་མཐོ་སློབ་ནས་སློབ་སྦྱོང་ཐོན་པ་ཞིག་ཡིན་ནའང། ཁོང་གི་དབྱིན་སྐད་ནི་(སྲིད་སྐྱོང་)བློ་སེང་གི་ཧར་ཝཌ་དབྱིན་སྐད་ལས་ལྡབ་འགྱུར་གྱི་ལེགས་པ་ཡོད་།
ཁོང་གིས་དུས་གང་ཞིག་ལ་ཁ་གྲགས་དགོས་མེད་ཤེས་སམ། ཁོང་ནི་རྒྱུན་དུ་གྲོས་ཚོགས་ནང་དུ་རྙོག་ཟིང་ཞིག་བྱུང་ནའང་སྒམ་པོ་དང་བཟོད་བསྲན་ཆེན་པོའི་ཐོག་ནས་སྡོད་ཐུབ་མཁན་ཞིག་རེད། ཁོང་ནི་དོན་དམ་གྱི་ཨ་མདོའི་དཔའ་རྒོད་ཞིག་སྟེ། རྙོག་གླེང་རྣམས་ལ་ཐད་དཀར་ཞིབ་ཚགས་པོའི་ཐོག་ནས་བལྟ་ཞིང་སྤྱི་ཚོགས་བདེ་འཇགས་ཟེར་བ་ལའང་དམིགས་ནས་ཕྱོགས་ལྷུང་མེད་པའི་ཐོག་ནས་སྟངས་འཛིན་བྱེད་མཁན་ཞིག་རེད། ཁོང་ནས་མི་མང་གི་བསམ་ཚུལ་དང་སེམས་ཚོར་རྣམས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་བམ། འོས་མི་འདི་(སྤེན་པ་ཚེ་རིང་)ལ་དཀའ་ཉེན་ངོ་མ་ཞིག་འཕྲད་མྱོང་ཡོད་དམ། ཁོང་ལ་རྒྱུན་ལྡན་མིན་ཅིང་སྔོན་དཔག་དཀའ་བའི་གནོན་ཤུགས་རྣམས་བཏང་སྙོམས་ཀྱི་ཐོག་ནས་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་ཡོད་དམ། བརྗོད་པར་དཀའ་བའི་གནས་སྟངས་ནང་དུའང་ཁོང་གིས་གདོང་ལེན་ཇི་ལྟར་བྱེད་དམ།
མདོར་ན་ཁོང་ནི་བྲག་རི་ལྟ་བུར་བརྟན་ཅིང་། ཞི་འཇམ་གྱི་ཐོག་ནས་དྲག་པོའི་རླུང་འཚུབ་རྣམས་འགོག་ཐུབ་མཁན་གྱི་སྐྱེ་བུ་ཞིག་རེད། དོན་དམ་དུ་ཁྱད་ཆོས་དང་ཡོན་ཏན་དེ་དག་ནི་། འགོ་འཁྲིད་ཅིག་ལ་ངེས་པར་དུ་ཚང་དགོས་པ་ཤ་སྟག་རེད། སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་སུ་དབུས་གཙང་པ་ ༡༠༠༠༠༠ ཡིས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་དང་འོས་ཤོག་འཕེན་དགོས།
(ཚོགས་གཙོ་)སྤེན་པ་ཚེ་རིང་གི་(སྲིད་སྐྱོང་འོས་བསྡུའི་དྲིལ་བསྒྲགས་)གཏམ་བཤད་ཡོད་ཚད་ལ་བཅར་རོགས། ཉེ་བའི་ཟླ་ཤས་ནང་དུ་ཁོང་རང་ཕྱོགས་བསྐྱོད་དུ་གཏམ་བཤད་དང་བགྲོ་གླེང་གི་ཆེད་དུ་ཕེབས་སྐབས་མི་མང་སྟོང་ཕྲག་མང་པོས་དགའ་གུས་ཀྱིས་འབོད་སྒྲ་སྒྲོག་པ་དང་ཐལ་མོ་རྡེབས་པ། དགའ་བསུའི་ཆེ་བསྟོད་ཀྱིས་ཡར་བསྒྲེངས་(standing ovations)ཐེངས་མང་ཡོང་ངེས་རེད།
“འགོ་འཁྲིད་ཀྱི་འགོ་འཁྲིད་” “ང་ཚོའི་གདམ་ཀ ཟམ་གདོང་རིན་པོ་ཆེའི་ཐུགས་སྲས་” “ཕྱི་ལོ་ ༢༠༡༦ སྲིད་སྐྱོང། སྤེན་པ་ཚེ་རིང་” བཅས་པའི་འབོད་སྒྲ་སྒྲོག་ངེས་ཡིན།
སྤེན་པ་ཚེ་རིང་ལ་སྲིད་སྐྱོང་ཐོབ་ཀྱི་རེད་དམ།
དྲང་པོར་ཞུས་ན། ད་ལྟའི་ཆར་ཁོང་རང་(ཚོགས་གཙོ་སྤེན་པ་ཚེ་རིང་)སྲིད་སྐྱོང་ཐོབ་ཀྱི་རེད་ཅེས་པ་ང་ལ་གདེང་ཚོད་དེ་ཙམ་མེད། བཙན་བྱོལ་ནང་གི་འོས་ཤོག་འཕེན་མཁན་བརྒྱ་ཆ་ ༧༠ ནི་ངའི་ཆོལ་ཁ་དབུས་གཙང་པ་རྣམས་རེད། འོན་ཀྱང་དབུས་གཙང་པ་མང་པོ་ཞིག་ནི་གཉིད་ལོག་ནས་བསྡད་ཡོད། ཁོང་ཚོ་(དབུས་གཙང་པ་)ནི་གཉིད་ལོག་པ་ཙམ་མ་ཟད། གཉིད་ལོག་པ་ལ་དགའ་པོ་ཡོད་པའང་ཁོང་རང་ཚོས་ཁས་ལེན་བྱས། ཧ་ལམ་ཁོང་ཚོ་ནི་གཉིད་ཀྱི་འགྲན་རྩོད་ནང་བཞུགས་ཡོད་པ་ལྟ་བུ་འདུག དབུས་གཙང་པ་རྣམས་གཉིད་ལོག་རྒྱུ་མང་དྲགས་པས་གཉིད་ལས་སད་པའང་མི་འདོད་པར་འགྱུར། ད་དུང་ཁོང་ཚོས་ “ཁྱེད་རང་གིས་ང་གཉིད་ལས་ཅིའི་ཕྱིར་སད་ཀྱི་ཡོད་དམ་” ཞེས་ཚུར་རྒོལ་གྱིས་ཐོག་ནས་འདྲི་ཡི་རེད།
ཁོང་ཚོའི་འཁྲུལ་སྣང་ཅན་གྱི་རྒྱུ་མཚན་ནི། སྲིད་སྐྱོང་དུ་མི་ཡག་པོ་ཞིག་སླེབས་ན་གཞན་སུ་ལ་འཐོབ་ནའང་འགྲིག་གི་རེད་ཅེས་པ་དེ་རེད། རྒྱུ་མཚན་འདི་ནི་ཁ་གསལ་མེད་པ་ཞིག་རེད། མ་ཧག་ཊི་ཝན་གྱིས་ “ཁྱེད་ཚོ་ད་བར་དུ་སླུས་འདུག་ཅེས་པའི་ར་སྤྲོད་བྱེད་པ་ལས་སླུ་རྒྱུ་དེ་ལས་སླ་བ་ཡོད་’ཅེས་གསུངས་པ་བཞིན་རེད། ང་ཚོ་(ཚོགས་གཙོ་)སྤེན་ཚེའི་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ལྟ་བུའི་ཁུངས་མེད་ཀྱི་རྒྱུ་མཚན་ལ་གདོང་ལེན་ཇི་ལྟར་བྱ་དགོས་སམ།
(ཐུགས་སྣང། གོང་གི་རྩོམ་ཡིག་འདི་ནི་དབྱིན་ཡིག་ལས་སྒྱུར་བ་ཞིག་ཡིན་པས། ནང་དོན་དང་ཚིག་འགྲོས་ཀྱི་ཆ་ནས་ནོར་འཛོལ་དང་གོ་བ་ལོན་མི་ཐུབ་པ་ཡོད་ཚེ་། མ་རྩོམ་ལ་གཟིགས་པར་འཚལ། )
http://www.tibetsun.com/opinions/2016/01/06/why-i-will-vote-penpa-tsering-for-sikyong-2016
་་་་བོད་ཀྱི་འཐེབས་རྩ་ཁང་གི་འགན་འཛིན་དུ་བློ་བཟང་སྙན་གྲགས་དང། ཝ་ཤིང་ཊོན་གྱི་དོན་གཅོད་དུ་ཨུ་ཀ་ཚང་སྐལ་རྡོར་། དེ་བཞིན་སྦེང་ལོར་གྱི་ལྷོ་སྤྱི་རུ་ཆོས་འཕེལ་ཐུབ་བསྟན་ལྟ་བུ་རེད། ་་་་་
དང་པོ་རྩོམ་འབྲི་བ་ཁྱེད་ཀྱི་ཁ་ནག་སྐྱག་པ་བླུག
སྤྱི་ཚོགས་ཀྱི་རྒྱུན་ཤེས་ཙམ་ཡང་ཤེས་མི་འདུག གྲོས་ཚོགས་ཀྱི་ལས་རིམ་ལ་མིག་བལྟས་ཙམ་ཡང་མ་བྱེད་པར་ད་དུང་ཧམ་པ། བོད་ཀྱི་ཐེབས་རྩ་ཁང་དེ་གཞུང་གི་མིན་པར་སྒེར་ཐོག་ཏུ་ཡོད། སྒེར་ཚོགས་ཀྱི་ཚོགས་གཙོ་བསྐོ་བའི་དབང་ཆ་སྲིད་སྐྱོང་ལ་ཡོད་དམ། རྒྱུན་ཤེས་འདི་ཙམ་ཡང་མ་ཤེས་ནས། ད་ལོའི་གྲོགས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཏུ་ནང་སྲིད་བཀའ་བློན་གྱིས་ཆོས་འཕེལ་ཐུབ་བསྟན་ལྷོ་གཞིས་སྐུ་ངོ་བསྐོས་མྱོང་ཁྱོན་ནས་མེད་བཅས་བརྒྱུད་རིམ་དང་བཅས་པ་གསུངས་པ་དེ་མིག་གིས་ལྟོས། ཡིག་འཁྱོག་འགའ་འབྲི་བསམ་ན་སྤྱི་ཚོགས་ནང་གི་རྒྱུན་ཤེས་ཙམ་ལ་མ་རྨོངས་པ་བྱོས།
བཀའ་བློན་ཁྲི་ཟུར་)འཇུ་ཆེན་ཐུབ་བསྟན་དང་(བཀའ་བློན་ཁྲི་ཟུར་)བསོད་ནམས་སྟོབས་རྒྱལ། (སྤྱི་འཐུས་ལས་ཐོག་) བསྟན་པ་ཡར་འཕེལ་སུ་གཅིག་གིས་ཀྱང་་་་་་་
ཡང་དགོད་གཅིག་སློང་འདུག ཚོགས་གཙོ་བཀའ་བློན་དུ་བཀག་མཁན་བསོད་ནམས་སྟོབས་རྒྱལ་ཟེར་བ་དེ་སུ་ཡིན་ཡང་གསལ་པོ་ཤེས་མི་འདུག ཤ་ཚ
རྩོམ་སྒྲིག་པ་ལགས། (བཀའ་བློན་ཁྲི་ཟུར་) བསོད་ནམས་སྟོབས་རྒྱལ་ཟེར་བ་དེ་(མདོ་སྟོད་སྤྱི་ཟུར་)བསོད་ནམས་སྟོབས་རྒྱལ་ལ་བཅོས་རོགས་གནང། འདི་ནི་སྒྱུར་པ་པོས་ནོར་འཛོལ་ལས་རྩོམ་པ་པོའི་ནོར་འཁྲུལ་མིན། དགོངས་སེལ་ཞུ། །
སྲོང་བཙན་ནམ་ཏྲེ་ཧོར་བསོད་ནམས་ཟེར་བའི་གྲྭ་པ་དེའི་མདོག་xལ་ལྟོས་དང། གྲྭ་པ་སྡོམ་གཙང་ཞིག་བྱེད་རྒྱུའི་འབད་བརྩོན་མིན་པར་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་སྐད་ཆ་ཤ་སྟག་ཤོད་བཞིན་འདུག དངོས་གནས་གྲྭ་ཆས་མར་ཕུད་ནས་དགོན་པ་བཞག་ན་ཡག་གི་རེད། གཞན་མ་གཏོགས་སྐོར་ཟ་ཡོང།
xxཁྱོད་ལྟ་བུའི་ཆོལ་ཁའི་འཐེན་འཁྱེར་གྱིས་ཁེངས་པ་དག་གིས་བོད་མིའི་ནང་ཁུལ་དཀྲུགས་ཀྱི་འདུག xx
སྲོང་བཙན་གྱི་གྲྭ་ཆས་གྱོན་མ་ཉན་ན་་་འོས་བསྡུ་ཚར་སོང་ན་སྤེན་ཚེ་ལ་གྲྭ་ཆས་གྱོན་བཅུག་རོགས། འོས་བསྡུ་ཚར་ཚར་དུས་སྤེན་ཚེའི་ཚེ་མཇུག་ལ་ཆོས་འདྲ་བྱས་ནས་བསྡད་ན་དགའ་གི་རེད་བསམས་ཁུ། ཧཧཧཧ
ངས། ཕྱི་ལོ་ ༢༠༡༦ སྲིད་སྐྱོང་གི་འོས་ཤོག་དེ། སྲིད་སྐྱོང་ལས་ཐོག་པ་ལ། འཕེན་བགྱི་ཡིན།
སྲོང་བཙན་ཟེར་བ་འདི་ཡང་གྲྭ་བ་ཞིག་རེད་དམ། ད་སྐབས་སྤྱི་ཚོགས་ནང་དུ་དཀྲུག་ཤིང་བཟོ་མཁན་དང་རྙོག་གྲ་བཟོ་མཁན་གྲྭ་བའི་ནང་ནས་མང་དུ་འབྱུང་གི་ཡོད་པ་དེས། མ་འོངས་པའི་གྲྭ་བཙུན་གྱི་སྡེ་ལ་ཉམས་ཉེས་ཆེན་པོ་གཏོང་བའི་ཉེར་ལེན་རེད། མདོར་ན། དེང་སྐབས་གྲྭ་བ་ལ་སྡང་མཁན་དང་ཁ་གཏོང་མཁན་མང་དུ་བྱུང་ཞིང་འབྱུང་གིན་པ་ནི། གྲྭ་གཟུགས་འགའ་ཞིག་གི་བྱས་ཉེས་ཡིན། སྤྱིར། གྲྭ་བ་ཟེར་བ་དེ་ཕྱོགས་འཐེན་གྱི་དབང་དུ་མ་སོང་བར་སྤྱི་ཚོགས་ཀྱི་བློ་གཏད་ཡིད་བཅོལ་གྱི་གནས་སུ་འདུག་དགོས་མོད། ད་ནི་དངོས་གནས་་ཨ་ཁ་ཁ།
དེང་སང་གྲྭ་པ་ལ་སྡང་ཟུག་བྱེད་མཁན་མང་པོ་ཡོང་བ་ནི། ཡོན་ཏན་ཛན་གྱི་སྐྱེ་བོ་ལ། །ཡོན་ཏན་མེད་རྣམ་ལྷག་པར་སྡང་།། ཞེས་པ་ལྟར་རེད། དོན་ངོ་མ་སྤྱི་ཚོགས་ནང་བོད་སྤྱི་སེམས་ཁྱེར་ནས་ལས་ཀ་བྱེད་མཁན་ནི་གྲྭ་པ་ཚོ་རེད། སྐྱ་བོ་ཚོས་རང་ཉིད་ཀྱི་སྒེར་དོན་སྒྲུབ་རྒྱུ་དང་ཆོལ་ཁའི་འའཐེན་ཁྱེར་ཙམ་ལས་ཅང་ཤེས་ནི་མ་རེད། ལི་མ་རང་བཙན་ཟེར་བ་འདི་རང་བཙན་རྩོད་མཁན་ཞིག་ཡིན་པའི་སྐད་ཆ་ཡིན་ས་རེད། འོན་ཀྱང་མི་འདིས་དབུ་ལམ་ཁ་ལ་ཁྱེར་ནས་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་དང་ལྡིང་ཆ་གཅིག་གང་ལ་མི་འདུག་ཟེར་མཁན་སྤེན་པ་ཚེ་རིང་ལ་འོས་བླུག་རྒྱུ་ཡིན་ཟེར་བ་ནི། ཆོལ་ཁའི་ཞེན་ཁོག་ཙམ་རང་ཉིད་ཀྱི་ལྟ་བ་བརྟན་པོ་ཅི་ཡང་མེད་པའི་མི་ཤིག་བུ་རླུང་ཁྱེར་ཞིག་ཡིན་པ་གསལ་པོ་རེད་འདུག
ལྐུག་རྟོགས་འམ་ལུང་རྟོགས་ལགས་
ད་བར་མཆན་སྤེལ་མཁན་ཁོངས་ཡིག་གེ་བྲིས་པའི་ནང་དོན་དང་བརྗོད་བྱེད་ཚིག་གི་ཁོང་ཁྲོ་བཅས་པར་ཟུར་གནས་མི་ཞིག་གིས་དཔྱད་པའམ་ཡང་ན་སེམས་ཁམས་རིག་པའི་སྨན་པ་ཞིག་གིས་དཔྱད་ན་་དྲ་རྒྱ་དེའི་ཐོག་ཕྱོགས་ཞེན་གྱི་ར་གཟི་བ་ལྟ་བུའི་ཕྱོགས་ལྷུངས་ཀྱི་སྐད་ཆ་ཤོད་མཁན་ཁྱེད་ལས་ལྷག་པ་ཞིག་མི་མཐོང་།
ས་སྐྱ་ལེགས་བཤད་ལས་ ཁ་ཏཱས་མི་གཙང་བཟས་པའི་མཆུ་། ས་གཙང་གཞན་ལ་སྦེད་ནས་འཕྱིས་ཞེས་པ་དེ་དོན་དངོས་འཆར་ཁྱེད་རང་རེད་དོ་།
ཨེ་མ་ཧོ་། ད་དུང་ཁོང་ཁྲོད་གཟི་བའི་མི་ཕོ་ཁྱེད་གལ་ཏེ་དགེ་འདུན་པ་ཞིག་ཡིན་ན་དེ་བས་བློ་ཕམ་ཆེ་།
རྩོམ་ཡིག་དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག
་་་་་་་་་ ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་གལ་གནད་ཆེ་བའི་གནས་རིམ་ཆ་ཚང་(སྲིད་སྐྱོང་བློ་སེང་) ཁོང་རང་གི་ཆོལ་ཁ་(ཁམས་པའི་)མི་རྣམས་ལ་སྤྲད་ཡོད། ་་་་་་་་་
་་་་་་་་་ ང་ཚོའི་རེ་བ་རྣམས་སྟོང་ཟད་དུ་གྱུར་སོང་།
སྲིད་སྐྱོང་བློ་སེང་ནི་བོད་ཀྱི་ལོ་རྒྱུས་ནང་དུ་ནག་ཉེས་ཅན་ཞིག་ཏུ་འགྱུར་ངེས་པ་རེད། དེ་ཡང་ཁོང་ནི་རྒྱལ་སྤྱིའི་གསར་འགོད་པའི་མདུན་ན་
༡༽ “བོད་མི་ཚོ། ང་ཚོ་ལ་རྒྱལ་ཁབ་ཟེར་བ་ནམ་ཡང་ཡོད་པ་མ་རེད་”
༢༽ “ང་ཚོས་(རྒྱ་ནག་ལ་)བོད་ནང་དུ་མང་གཙོ་ལག་བསྟར་བྱ་རྒྱུའམ་བྱེད་རྒྱུ་འཇུག་རོགས་ཞེས་ཞུ་ཡི་མེད་”
༣༽ “ང་ཚོས་(རྒྱ་ནག་ལ་)བོད་ནང་གི་བོད་མི་རྣམས་ལ་མང་གཙོ་རྩོད་ཀྱི་མེད་” ལྟ་བུ་ཧ་ལས་དགོས་པའི་བསྒྲགས་གཏམ་སྤེལ་མཁན་གྱི་སྲིད་སྐྱོང་ཐོག་མ་དེ་ཆགས་ཡོད། སྲིད་སྐྱོང་བློ་སེང་གིས་ང་ཚོའི་རེ་འདུན་ཡོངས་རྫོགས་མེད་པར་བཟོས་སོང། ་་་་་་་་་་་་
་་་་་་་་་་་ སྤེན་པ་ཚེ་རིང་ལ་སྲིད་སྐྱོང་ཐོབ་ཀྱི་རེད་དམ།
དྲང་པོར་ཞུས་ན། ད་ལྟའི་ཆར་ཁོང་རང་(ཚོགས་གཙོ་སྤེན་པ་ཚེ་རིང་)སྲིད་སྐྱོང་ཐོབ་ཀྱི་རེད་ཅེས་པ་ང་ལ་གདེང་ཚོད་དེ་ཙམ་མེད། བཙན་བྱོལ་ནང་གི་འོས་ཤོག་འཕེན་མཁན་བརྒྱ་ཆ་ ༧༠ ནི་ངའི་ཆོལ་ཁ་དབུས་གཙང་པ་རྣམས་རེད། འོན་ཀྱང་དབུས་གཙང་པ་མང་པོ་ཞིག་ནི་གཉིད་ལོག་ནས་བསྡད་ཡོད། ་་་་་་་་་་་་་
ཏག་ཏག་རེད། སྤེན་ཚེས་ནང་སྲིད་འགན་དང་། བློ་སེང་གིས་ཕྱི་སྲིད་འགན་འཁུར་དགོས། དེ་ནས་ཁོང་གཉིས་ཀ་ལ་མི་མང་གིས་གུས་བརྩི་ཐོབ་པའང་སྲིད། དེ་ནས་ད་རྗེས་མའི་སྲིད་སྐྱོང་ལ་དབུས་གཙང་པ་ཞིག་གིས་སྲིད་སྐྱོང་འགན་འཁྱེར་དགོས་པའི་དུས་ལ་བབ་པ་འདྲ།
ཕྱོགས་ལྷུང་ཅན་སུ་ཡིན་གསལ་པོ་རེད། ཟླ་བ་ཚེ་རིང་དང་ཟླ་བ་ཕུན་སྐྱིད་འཕྲིན་ལས་སྐལ་བཟང་སོགས་ཀྱིས་སྐད་འཕྲིན་ཚོགས་པ་བཙུགས་ནས་ཡིག་ངག་གཉིས་ཐོག་ནས་ཆོལ་ཁའི་ཞེན་ཁོག་སྤེལ་ཅི་ཐུབ་ཀྱིས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བཤིག་བཏང་སོང་། ད་དུང་ཁོ་ཚོས་རྒན་རྒོན་ཚོའི་དད་པ་ལོག་སྤྱོད་ཀྱིས་སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ནང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་སྲིད་སྐྱོང་རང་ཉིད་ཀྱི་པར་ཡར་བཤམ་ཡོད་པའི་རྫུན་གཏམ་གྱི་མགོ་སྐོར་བཏང་དང་གཏོང་བཞིན་འདུག ད་དུང་ཉེ་ཆར་བོད་བཙན་པོའི་གདུང་རྒྱུད་དབུས་གཙང་སྤྱི་འཐུས་འོས་མི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཀླུ་མཁར་བྱམས་ཀྱི་བུ་ཕྲུག་ལ་ཁ་ལག་སྤྲད་བཞིན་པའི་པར་ཞིག་དྲ་ཐོག་ལ་བཀྲམ་ནས་སྐྱོན་འཛུག་འདྲ་མིན་བྱེད་ཀྱི་ཡོད་པ་མ་ཟད། དེ་ལ་གསལ་བཤད་གནང་མཁན་ཚོ་ཡང་སྐད་འཕྲིན་ཚོགས་པ་ནས་ཕྱིར་ཕུད་བྱེད་ཀྱི་འདུག སྤྱི་འཐུས་ཚོགས་གཙོས་གོང་ས མཆོག་རྫུན་མ་བཟོས་པས་མ་ཚད། ཚོགས་གཙོའི་རྒྱབ་སྐྱོར་བ་ཚོས་སྤྱོད་ངན་ཡང་འདི་འདྲ་རེད།
དབུས་གཙང་པ་དང་མངའ་རིས་པ་ལ་སྲིད་སྐྱོང་འོས་པའི་མི་ཞིག་མེད་པ་འདྲ། འོས་ཤོས་ནི་ལུག་རྫི་རེད་དེ་ལ་འོས་མ་བླུག་པ་རེད་ད་ཨ་མདོ་བ་ཞིག་འོས་དམིགས་སུ་བཏོན་པ་ནི་འུ་ཐུག་ཐབས་ཟད་པ་རང་རེད།
བོད་སྤྱི་དོན་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན་ན་བློ་བཟང་སེང་གེ་ལ་ཡང་བསྐྱར་གོ་སྐབས་ཤིག་སྤྲད་དགོས་པ་དེ་གལ་ཆེན་རེད་བསམ་གི།
གོང་གསལ་དབུས་གཙང་བ་རྣམས་ལ་བསྔགས་བརྗོད་ཞུ་གི་ཡོད་ སོ་སོའི་ཞེན་ཁོག་བྱེད་མ་ཤེས་ན་དུད་འགྲོ་ལས་སྡུག་གི་རེད་ འཇུ་ཆེན་གྱི་ཁམས་པའི་ཞེན་ཁོག་བྱས་པ་ཙམ་མ་ཟད་དབུས་གཙང་བ་ལ་ཕྲག་དོག་དང་སྡང་སེམས་ དཀྲུགས་ཤིང་ཁོ་ན་བྱས་པ་རེད་ བྱ་དུར་བཟང་པོ་ལ་བོན་པོའི་ཞེན་ཁོག་བསླབ་པ་ མངའ་རིས་སྤྱི་མཐུན་ཚོགས་པ་བཙུགས་པར་རྒྱབ་སྐྱོར་བྱས་པ་ ཀོང་པོ་ཁམས་ཀྱི་ཁོངས་གཏོགས་ཡིན་ཁུལ་བཤད་པ་ ཟླ་བ་ཚེ་རིང་གི་དཀའ་ལས་རྒྱབ་ཏེ་བཙུགས་པའི་ཡོངས་གླིང་སློབ་གྲ་གཞུང་གི་རེད་ཅེས་ཧམ་པ་བཤད་པ་ ནོར་གླིང་དང་ཨ་རི་བོད་ཀྱི་ཐེབས་རྩ་ལ་གང་ཡང་བཤད་ཐུབ་མེད་ བཀའ་ཁྲི་བསོད་སྟོབས་སྐབས་༧རྒྱལ་བ་རིན་པོ་ཆེས་ཁོ་རང་ཞིབ་འཇུག་ཚོགས་ཆུང་གི་འགོ་གཙོ་བསྐོས་རབས་བཤད་དེ་དབུས་གཙང་བ་རྐྱང་རྐྱང་ལ་སྡང་སེམས་བཅངས་སྟེ་དངུལ་བར་ཟོས་བྱས་སོང་ཟེར་བ་དང་གཞུང་དངུལ་སློག་མ་སོང་ཟེར་བ་སོགས་བཤད་ དོན་དུ་ཁོ་རང་རྒན་ཡོལ་མ་ཕྱིན་པར་གཞུང་གི་ཁང་པ་སྒེར་བདག་བྱས་སྟེ་བསྡད་པ་དང་ཁོ་རང་རང་ཉིད་ལ་གོ་གནས་སྤྲད་དེ་དབུས་གཙང་བ་ལ་སྡང་ཟུག་རྐྱང་རྐྱང་བྱས་བསྡད་པ་རེད་ ཕྱིས་སུ་འཇུ་ཆེན་དཀོན་མཆོག་དང་སྐྲ་རིང་པོ་སོགས་ཁོའི་རྗེས་འབྲངས་པ་ཚོས་སྔ་རྗེས་སུ་སྤྱི་ལྷན་ནང་བག་མེད་གུས་བཀུར་མེད་པའི་དཀྲོག་གཏམ་དང་སྡེ་བ་གཞུང་གི་ཆེ་མཐོང་ལ་གནོད་པའི་ལས་ཀ་གང་བརྩམས་ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་ཟུབ་རྒྱུ་མེད་པ་བསྡད་ཡོད་ ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱི་མི་འབོར་མེད་ཀྱང་སྤྱི་འཐུས་བཅུའི་རྐུབ་བཀྱགས་སྤྲད་ཡོད་པ་དེ་བེད་སྤྱོད་ཡག་པོ་གཏོང་མ་ཐུབ་ན་རྐུབ་བཀྱགས་ལྔ་ལ་གཅོག་འཐེན་བྱས་ན་མི་འགྲིགས་སམ་
སྤོབས་པ་མཐའ་ཡས། ཁྱེད་རང་ལ་གདོང་པ་དཀར་ནག་གཉིས་ཡོད་པ་དེ་རིང་གཞི་ནས་ཤེས་སོང་།
སྤོབས་པ་མཐའ་ཡས་ལགས། ཁྱེད་རང་ལ་གདོང་པ་དཀར་ནག་གཉིས་ཡོད་པ་དེ་རིང་གཞི་ནས་ཤེས་སོང་།