ལྷོ་ཕྲུག་སྣ་བོ
འགའ་ཞིག་གིས་བུད་མེད་ཀྱི་འགྲམ་དུ་བསླེབས་དུས་སྐྱེས་པའི་རང་ཚུགས་ཤོར་འགྲོ་ཞིང་། ལྷག་ཏུ་ཆགས་པ་རྒྱས་དུས་ཀྱི་བུད་མེད་ཞིག་དང་གཅིག་པུར་འགྲོགས་སྐབས་བྱུང་ཚེ་འདོད་པ་མ་བསྟེན་པར་སྡོད་བཟོད་ཀྱི་གོ་སྐབས་གཏན་ནས་འབྱུང་མི་སྲིད་ཅེས་ཐག་ཆོད་པོས་ཡང་ནས་ཡང་དུ་སྨྲས་པ་གོ་མྱོང་། འོན་ཀྱང་ངས་ཉམས་མྱོང་དངོས་མའི་བརྒྱུད་རིམ་ལས་སྐད་ཆ་འདི་ཚད་བརྒལ་གྱི་རྫུན་གཏམ་ཆེན་པོ་ཞིག་ཡིན་པའི་བདེན་དཔང་ཐེངས་གཉིས་ལ་བྱས་པ་ཡིན། འཇིག་རྟེན་ཐོག་ཆོས་དང་འཇིག་རྟེན་གང་ཐད་ནས་སྟབས་བདེ་པོས་འགྲེལ་བཤད་དང་སྡོམ་ཚིག་འགོད་ཐབས་དཀའ་བའི་དོན་དང་བྱུང་བ་ཁྱད་མཚར་པོ་དེ་འདྲ་གློ་བུར་གློ་བུར་དུ་འཕྲད་ཅིང་མངོན་པའི་གནས་སྐབས་ཡོད། ང་གྲྭ་རྐྱང་འབྱོར་མེད་མིང་མེད་ཅིག་ལ་ཡང་ཇི་ལྟར་བསམས་ཀྱང་འགྲེལ་བཤད་གཙང་ཧྲིལ་ཧྲིལ་ཞིག་བརྒྱག་དུ་མི་བཏུབ་པའི་དོན་རྐྱེན་དེ་འདྲ་མང་དུ་བྱུང་མྱོང་། དེའི་ཁྲོད་ཀྱི་གཅིག་ཐེངས་འདིར་མ་སྦས་མ་གསང་བར་དྲྭ་གྲོགས་ཚོར་བཤད་པར་སྐྱོན་ཆ་ཞིག་མི་ཡོང་སྙམ།
ཁོ་མོ་གཉིས་ཀ་ཧ་ཅང་གི་མཛེས་མ་གཉིས་ཡིན་ཞེས་ངས་བརྗོད་མི་ཐུབ་སྟེ། ཁོང་གཉིས་ཀྱི་སྐྱེས་གཟུགས་དང་མིག་རིས་སོགས་དབྱིན་མོ་དང་རྒྱ་གར་མའི་མཛེས་པར་འགྲན་བཟོད་པའི་ཚོད་དུ་མེད། འོན་ཀྱང་བོད་མོའི་གྲལ་དུ་བསྒྲིགས་ཚེ་གདམ་ཀ་བྱས་པར་གྱོང་མེད་ཅིང་འགྱོད་མི་དགོས་པའི་མཛེས་ཉམས་ཀྱི་ཁྱད་ཡོན་ལྡན་པ་གཉིས་ཡིན། ཉིས་སྟོང་ལོའི་རྗེས་ནས་ད་ལྟ་བར་གྱི་ལོ་ཟླ་དུ་མའི་སྔ་ཞུགས་སུ་ཁོ་མོ་གཉིས་དང་སྔ་ཕྱིར་ཐུག ངས་དཀོན་མཆོག་དཔང་བཙུགས་ཀྱིས་བཤད་ཐུབ་པ་ཞིག་ནི། ངས་ཁོང་མོ་གཉིས་ཕར་འཚོལ་དུ་ཕྱིན་མེད་པ་དང་། ཁོང་མོ་གཉིས་ལ་གྲོགས་འབྲེལ་འཛུགས་པའི་སྟ་གོན་བརྩམས་མ་མྱོང་བ་དེ་ཡིན། དེ་ནི་ང་བུད་མེད་ལ་མི་དགའ་བའི་རྒྱུ་མཚན་གྱིས་མིན་པར། ཕྱོགས་གཅིག་ནས་ང་གྲྭ་པ་ཞིག་ཡིན་པ་དང་། གཉིས་ནས་ཆུང་དུས་ནས་གྲྭ་པ་བྱས་ཏེ་བུད་མེད་དང་འབྲེལ་འདྲིས་ཀྱི་མྱོང་བ་སོགས་གཏན་ནས་མེད་སྟབས་ཁོང་ཚོར་ཐ་ན་ཁ་བརྡ་ཙམ་བྱེད་རྒྱུར་ཡང་ངོ་ཚ་ཞིང་ཚ་གེ་ཚི་གེར་འགྱུར་འགྲོ་བའི་གཤིས་ཀ་ཞིག་ཡོད། གསུམ་ནས་བཤད་ན་ང་རང་སྤམ་འདོད་ཀྱང་ཅུང་ཟད་ཡོད་མཁན་གྱི་མི་ཞིག་ཡིན་པ་སོགས་ཀྱིས་ཡིན།
འདིར་བུ་མོ་གཉིས་པ་དེ་དང་ཇི་ལྟར་འཕྲད་ཚུལ་བརྗོད་རྒྱུ་མི་བདེ་གཤིས། བུ་མོ་དང་པོ་དེ་དང་འཕྲད་སྟངས་ཅུང་ཟད་བརྗོད་པར་སྟབས་མི་བདེ་བ་གང་ཡང་མི་འདུག དྲང་པོར་བཤད་ན་དེང་སང་ཁོ་མོ་གནས་སྟངས་གང་འདྲ་ཞིག་གི་ནང་ཡོད་མེད་ཀྱང་ཤེས་ཀྱི་མེད། སྐྱེས་པ་ཞིག་མཛེས་མ་ཞིག་དང་ཁ་ཐུག་པ་ཡིན་ན་ཚུལ་དེ་སྐྱེས་པ་དེའི་ངོམས་རིན་ཡོད་པའི་ཁྱད་ཆོས་ཤིག་ཏུ་བགྲངས་རུང་བ་རེད། ཡིན་ནའི་འདིར་ངས་ངོམས་རིན་ཡོད་པའི་ཁྱད་ཆོས་ཤིག་ཏུ་བརྩིས་ནས་ཁྱེད་ཚོར་སྒྲུང་འདི་ཤོད་ཀྱི་མེད། ངས་བཤད་འདོད་པ་ནི་གྲྭ་རྐྱང་ཞིག་གི་མི་ཚེའི་ནང་གྲྭ་སྒྲིག་གང་ཡང་མེད་པར་གློ་བུར་གློ་བུར་དུ་འཕྲད་ཡོང་བའི་འགག་འཕྲང་དོག་མོ་དེ་འདྲ་གང་མང་བརྒྱུད་དགོས་ཀྱི་ཡོད་པའི་ཚུལ་གསལ་བར་སྟོན་འདོད་པ་ཙམ་ཡིན།
ངས་ཚོར་དུས་ཁོ་མོ་ངའི་བྲང་ཁར་བསྙད་ནས་འདུག མིག་འབྱེད་འཛུམ་ཙམ་ཡང་བྱེད་ཀྱི་མི་འདུག སྐབས་དེ་དུས་ངའི་ལུས་པོ་ཡོངས་ལ་འདར་སིག་རྒྱག་གིན་འདུག་ལ་འདོད་ཆགས་དང་འཇིགས་སྐྲག་གི་བསམ་པ་གཉིས་འགྲན་པ་བཞིན་ཁོག་ནང་ནས་འཁྲུགས་ཀྱིན་འདུག ངས་སྐབས་དེར་ནམ་ཡང་ལག་ལེན་ལ་འདེབས་མི་ཐུབ་པའི་བྱ་བ་གཉིས་ཏེ། གཅིག་ཁོ་མོ་རྒྱང་དུ་ཕུད་རྒྱག་གཏོང་རྒྱུ་དེ་དང་། གཉིས་པ་ཁོ་མོའི་རེ་བ་ལྟར་འཁྲིག་པ་སྤྱད་རྒྱུ་དེ་རེད། ཁོ་མོའི་ངོ་གདོང་དང་བཅོས་མིན་ལྟ་བུའི་བརྩེ་བའི་ཉམས་འགྱུར་དེ་མཐོང་དུས་དངོས་གནས་ཁོང་ཁྲོའི་རྣམ་པས་རྒྱང་དུ་ཕུད་རྒྱུ་ཟེར་བ་དངོས་གནས་བློ་ཡུལ་དུ་ཤོང་མི་ཐུབ་པ་ཞིག་རེད།
སྐབས་དེ་དུས་ངས་༸གོང་ས་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བསྒྲུབས་ཏེ་ལོ་ངོ་འགའ་ཞིག་ལས་ཕྱིིན་མེད་ལ། ད་དུང་དགེ་སློང་བསྒྲུབ་རྒྱུའི་འཆར་གཞི་ཡང་བསམ་བློའི་ནང་བཀོད་ཟིན་ནས་ཡོད་པའི་དུས་ཤིག་ཡིན་ཅིང་། མི་རིང་བའི་སྔོན་ཕ་ཡུལ་ནས་ཡི་གེ་ཞིག་འབྱོར་བའི་ནང་དུ་ཡང་ངའི་ཨ་ཕས་འདི་ལྟར། ཁྱེད་ནས་སློབ་གཉེར་སོགས་གཞི་རྒྱ་ཆེན་པོ་བྱས་ཏེ་མཁས་པ་ཞིག་ཆགས་པ་མི་བྱུང་ཡང་དགེ་སློང་རྣམ་དག་ཅིག་བྱེད་དགོས་པ་ངའི་རེ་བ་ཡིན་ཞེས་བྲིས་འདུག ངས་ཁོ་མོར་འཁྲིག་པ་ཇི་ལྟར་སྤྱད་དུ་རུང་།
འདོད་བརྩེའི་ཚོར་བ་ཤུགས་དྲག་ཅིག་གིས་ཁོ་མོ་རྒྱང་དུ་ཕུད་རྒྱག་གཏོང་མ་ཐུབ་ཅིང་འཇིགས་སྐྲག་གི་ཚོར་བ་དེ་ལས་དྲག་པ་ཞིག་གིས་ཁོ་མོར་འཁྲིག་པ་སྤྱོད་མི་ཐུབ་པར་ལུས། ཡོ་འཁྱོམ་ཤིན་ཏུ་ཆེ་བའི་ཚོར་བའི་ཤུགས་ཀྱིས་དུས་ཚོད་ཅི་ཙམ་ཕྱིན་ཡོད་པ་དང་གཡས་གཡོན་དུ་གང་ཞིག་འབྱུང་གི་ཡོད་པའི་ཚོར་སྣང་ཡང་ཡོངས་སུ་འགག་འདུག ཁོ་མོས་གཏན་ནས་ཕར་འགྲོ་གྲབས་མི་བྱེད་པར་ངའི་བྲང་ངོས་སུ་བསྙད་ནས་མུ་མཐུད་བསྡད། གང་མཚམས་ཤིག་ནས་དགོངས་དག་ཟེར་བའི་སྐད་ངག་གཉོམ་པོ་ཞིག་ངའི་རྣ་བར་ལྷུང་ཞིང་། ཞིབ་ཏུ་བལྟ་སྐབས་ཁོ་མོའི་མཁུར་མགོ་ནས་མིག་ཆུའི་རྡོག་པོ་འགའ་ཡང་རྦབ་དུ་འགྲིལ་གྱིན་འདུག
ངའི་སེམས་ཚོར་དེ་ལས་ཤུགས་དྲག་ཏུ་ཕྱིན་ཞིང་སྐབས་དེ་དུས་ཀྱི་ཚོར་སྣང་འདྲ་བ་ཞིག་ངའི་མི་ཚེའི་ནང་བྱུང་བ་ཐེངས་རེ་གཉིས་ཡིན། ཐེངས་གཅིག་རྡོར་གདན་དུས་དབང་གནང་མ་ཐུབ་པའི་ལོ་དེར་༸གོང་ས་མཆོག་ནས་སྙུན་གཞི་ལྗིད་བཞེས་ཀྱིས་བཀའ་སློབ་གནང་སྐབས་ཤིག་ལ་ཚོར་བ་ཤུགས་དྲག་ཅིག་ཡོང་མྱོང་། དེ་དུས་ཀྱང་གཡས་གཡོན་དུ་གང་ཞིག་འབྱུང་གི་ཡོད་པའི་ཚོར་སྣང་ཡོངས་སུ་འགག་སྟེ་སྐད་ཤུགས་ཆེན་པོས་ངུས་པ་དྲན་གྱི་འདུག ཁོ་མོའི་འགྲམ་མིག་ཆུ་འཆོར་ཞིང་ངུ་ངག་འདོན་པའི་གནས་སྟངས་དེ་འདྲ་བྱུང་མེད་ཀྱང་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་ཁྱད་མཚར་པོ་དེ་འདྲ་བྱུང་། ངས་ཨ་མ་དང་རྨོ་མོ་ལགས། ང་རང་གི་གཅུང་མོ་གཉིས་ལས་གཞན་པའི་བུད་མེད་སུ་གཅིག་གི་འགྲམ་པར་ངའི་འགྲམ་པས་རེག་མ་མྱོང་། འོན་ཀྱང་སྐབས་དེ་དུས་ཀྱི་ཁོ་མོའི་ཉམས་འགྱུར་གྱིས་ངའི་འགྲམ་པ་རང་དབང་མེད་པར་ཁོ་མོའི་འགྲམ་ངོས་སུ་འབྱར་སོང་། ཁོ་མོའི་མིག་ཆུ་དང་དགོངས་དག་ཟེར་བའི་སྐད་ངག་གཉོམ་པོ་དེ་གོ་བའི་གནས་སྐབས་ནས་འདོད་བརྩེའི་ཚོར་བ་ཤུགས་དྲག་དེ་སྙིང་ཉེ་བའི་ཚོར་བ་དྲག་པོ་ཞིག་གི་ངོ་བོར་འཕོས་པ་ད་ལྟ་དྲན་གསོས་ཀྱི་འདུག
གློ་བུར་བའི་དོན་རྐྱེན་ཆེན་པོ་དེ་བྱུང་བའི་རྗེས་ནས་ཁོ་མོས་ངའི་ངོ་གདོང་ལ་ཐད་ཀར་བལྟ་གི་མི་འདུག འོན་ཀྱང་ཁོ་མོའི་གཤིས་ཀར་ཐེབས་པའི་འགྱུར་ལྡོག་དེ་འདི་གཅིག་པུ་ཡིན་མིན་ངས་བཤད་ཚོད་ག་ནས་ཐིག ཕྱིས་སུ་ངའི་གྲོགས་པོ་ཞིག་གིས་བཤད་ན་གནས་སྐབས་དེ་ལྟ་བུར་བུད་མེད་ཀྱི་རེ་འདུན་འདི་ལྟར་རྡོག་རོལ་བཏང་བ་ཡིན་ན་བུད་མེད་དེས་ཁྱོད་ལ་བཅངས་པའི་ཁོང་ཁྲོ་དང་ཞེ་སྡང་ནི་སྐལ་པའི་མཐར་ཡང་ཡལ་བར་མི་འགྱུར་ཟེར།
ཉིན་གཅིག་ང་ས་གནས་ག་གེ་མོ་ཞིག་ཏུ་བྲེལ་འཚུབ་ཀྱི་རྣམ་པ་ཅུང་ཟད་དང་བཅས་ཏེ་འགྲོ་སྐབས། ཕྱོགས་ངོས་ཤིག་ནས་ཨ་ཅག་ལོ་ལྔ་བཅུ་བརྒལ་སྙམ་བྱེད་པ། ཕྱི་ཚུལ་ནས་བལྟས་ན་སྐྱིད་ཉམས་ཀྱི་འཚོ་བ་རོལ་མཁན་ཞིག་ཏུ་སྣང་བ་ཞིག་གིས་སྐུ་ཞབས་ལགས། སྐུ་ཞབས་ལགས་ཞེས་སྐད་བཏང་སོང་། ངས་ཉེ་སར་ཕྱིན་ཏེ་ཁོ་མོའི་སྐད་ཆར་ཉན་ཞིང་གང་བཤད་པའི་དོན་རྣམས་ལ་ཡ་ལན་ཚུལ་དང་མཐུན་པ་ཞིག་བྱས་པ་ཡིན། དེ་དུས་ཨ་ཅག་ལགས་ཀྱི་མཉམ་དུ་ཁོ་མོའི་བྱད་དབྱིབས་དང་ཅུང་ཟད་འདྲ་ཞིང་སྐྱེས་གཟུགས་སྨིན་སྒང་ལ་སོན་པའི་བུ་མོ་ལོ་གཞོན་ཞིག་ཀྱང་འདུག དེ་ནི་ཁོ་མོ་སྟེ་ད་གིན་གོང་དུ་གླེང་མ་ཐག་གི་ངའི་བྲང་ཁར་བསྙད་ནས་མིག་ཆུ་གཏོང་མཁན་གྱི་བུ་མོ་དེ་ཡིན་ཅིང་། དེ་དུས་ཨ་མའི་བཀའ་བཀོད་ལྟར་ལག་ནང་གི་ཇོ་ལག་དེའི་ནང་ནས་ཅ་དངོས་འགའ་ཞིག་ཡར་འདོན་མར་བླུག་གི་བྱ་བ་ཕྲན་ཚེགས་ཤིག་ལ་མགོ་འཁོར་ནས་ཡོད་པ་ཞིག་ཏུ་དྲན་གསོས།
དུས་དེ་ནི་གོང་དུ་གླེང་བའི་དོན་རྐྱེན་འཇིགས་སྣང་ཚ་པོ་དེ་མ་བྱུང་བའི་དུས་ཡུན་གང་ཙམ་གྱི་སྔོན་ཞིག་ལ་ཡིན། དེ་ནས་ཨ་ཅག་ལགས་དེའི་ཉེ་འགྲམ་གྱི་བུ་མོ་དེ་དང་ངའི་འབྲེལ་བ་ག་ལེར་བར་ཐག་ཇེ་ཉེར་ཕྱིན་ཏེ་མཐར་འགྲམ་ཤ་ཐུག་པའི་ཚད་ལ་བསླེབས་པ་རེད།
འདི་གྲྭ་པ་ཞིག་གི་ངོས་ནས་བཤད་ན་བར་ཆད་ཧ་ཅང་ཆེན་པོ་ཞིག་རེད་ལ་ངའི་ངོས་ནས་བཤད་ན་མི་ཚེའི་ནག་ཐིགས་ཆེན་པོ་ཞིག་ཀྱང་ཡིན་སྲིད་པ་རེད། འོན་ཀྱང་དེང་སང་ངའི་གཡས་གཡོན་ནས་གྲ་སྒྲིག་དང་འཆར་གཞི་ཅི་མེད་པར་གཟན་གཤམ་སྟབས་བདེ་པོས་ཕུད་དེ་ཨ་ནི་རྒན་མོ་དང་ཨ་ཅག་ལོ་ལོན་ཚོའི་པང་ཐོག་ཏུ་ཐེ་ཚོམ་མེད་པར་མཆོངས་མཁན་གྱི་གཞོན་པ་དེ་ཚོ་མཐོང་དུས་ངས་འགག་རྩ་ཆེ་ཤོས་ཀྱི་དུས་སྐབས་སུ་ཀོ་ཐག་གློད་མི་འདུག་བསམ་པའི་སྤོབས་པ་སྐྱེ་ཡིན་འདུག
ད་ནས་བརྩིས་པའི་མ་ཤི་བར་གྱི་མི་ཚེའི་ནང་ད་དུང་བརྒྱུད་རིམ་འདི་འདྲ་ག་ཚོད་ཅིག་ལ་འགྲིམ་རྒྱུ་ལྷག་ཡོད་དམ།
གང་དུ་སུ་དང་འཕྲད་ཀྱང་རུང་། །
མཛེས་མ་རྣམས་དང་མ་འཕྲད་ཤོག །
གལ་ཏེ་འཕྲད་པའི་སྐབས་བྱུང་ཡང་། །
འཇིགས་སྐྲག་བསམ་པ་སྐྱེ་བར་ཤོག །
ཁ་ས་མེཀ་ལོར་དུ་ཕྱིན་པའི་ལམ་ཞོར་དུ་གཙུག་ལག་ཁང་གི་རྒྱལ་སྒོ་ནས་མེག་གྷན་གསུམ་མདོ་བར་གྱི་ལམ་ཐག་ཐུང་ངུ་དེའི་དབར་རྡ་སའི་ཁུལ་གྱི་ངོ་གདོང་རིག་མྱོང་གི་གྲྭ་ལོག་གསུམ་ལ་ཐུག་པས་རྐྱེན་བྱས་ཏེ་རང་གི་བྱུང་བ་འདི་ཤར་མར་བྲིས་པ་ཡིན།
དག་སེལ་བྱེད་རྒྱུ་མི་འདུག་ཁྱོད་ལ་སྡོམ་པ་མི་འདུག་ཁྱོད་གྲ་བ་མ་རེད།མགྱོགས་པར་གྲྭ་ཆས་ཕུད་རོགས།ཞབས་འདྲེན་མ་བྱེད།
དེ་འདྲ་མ་གསུངས་གྲྭ་བ་ལོས་ཡིན་ཁྲིམས་ཉི་ཤུ་རྩ་ལྔ་ཞུས་ནས་རྩ་བཞི་གང་ཀྱང་མ་གཏོང་པས་སོ།
བུད་མེད་ལ་ཤ་རྗེན་རེག་པ་ཙམ་གྱིས་གྲྭ་བ་ལོག་འགྲོ་གི་ཡོད་ན་དེང་སང་BUS་AND་གནམ་གྲུ་སོགས་ཀྱི་ནང་དུ་ཐུག་རྒྱུའི་ཉག་གཅིག་རེད།
འགྲམ་པ་ཐུག་པ་ཙམ་གྱིས་གྲྭ་བ་ལོག་འགྲོ་གི་ཡོད་ན་་་་ཁྱེད་རང་གིས་མཁྱེན་གསལ་ལྟར་ཕྱི་རྒྱལ་གྱི་གསར་འགོད་པ་བུད་མེད་ཞིག་གིས་་་༧གོང་ས༧་མཆོག་གི་ཞལ་རས་ལ་ཁ་པོག་དྲ་ཞིག་བསྐྱལ་བ་གློག་བརྙན་་ནང་དུ་མཐོང་རྒྱུ་འདུག་གོ།
ཁྱོད་གྲྭ་པ་རེད། ཡིན་ན་ཡང་ཁྱོད་ཀྱི་འགྲམ་པ་དེ་གྲྭ་པའི་འགྲམ་པ་མ་རེད། ཞིབ་ཆ་འདི་འདྲ་རེད།
གྲྭ་བ་མ་ལོག་ཙམ་བྱུང་བ་ནི་དཀོན་མཆོག་གི་ཐུགས་རྗེ་དང་ཁྱོད་རང་གི་སྡོམ་པ་དམ་ཚིག་ལ་གཙི་སྲུང་ཆེ་བས་
རེད། ཡིན་ནའང་སྐུ་ཉིད་རྗེས་སུ་ཐུགས་ཟབ་ཡག་པོ་མ་གནང་ན་ཁྱེད་ཀྱི་ལངས་ཚོའི་མཚར་སྡུག་གི་ལྕགས་ཀྱུ་དེས་
ཡང་མཛེས་མ་མི་ཉུང་བ་ཞིག་གི་ཡིད་དབང་འགུགས་པ་ལ་བསྙོན་གནས་མེད་པ་དེ་རེད།
ལྷོ་ཕྲུག་སྣ་བོ་ལགས་དངོས་གནས་ཁྱོད་གྲྭ་བ་སྡུག་རུས་ཚ་བོ་ཞིག་ཡོད་ཚོད་འདུག དེ་ནས་ཁྱེད་རང་གི་གསུང་པ་ལྟར་འདུལ་བའི་ཁྲིམས་དང་ཕ་མའི་བཀའ་ལ་རྟེན་ནས་སྡུག་རུས་བྱས་པ་ཞིག་ཡིན་ན་ངོ་མཚར་ཆེ། བསྟན་པའི་སྙིང་པོ་དང་ཕ་མའི་དྲིན་ལན་ངོ་མ་རེད་འདུག ཡང་མནོ་བསམ་ཞིག་བཏང་ན་གནས་ཚུལ་གཞན་ཞིག་ནས་ཁྱེད་ཀྱི་ཕོ་དབང་ལས་སུ་མི་རུང་བ་དེ་འདྲ་ཡིན་སྲིད། ཁོ་མོའི་འདོད་པ་ཡོངས་སུ་རྩིས་མེད་བཏང་བ་ཡིན་ཙང་སེམས་ཅན་བློས་སྤངས་བའི་ཉེས་ཡང་མི་ཡོང་བའི་ངེས་པ་མི་འདུག་ལགས།
ཁྱེད་རང་གྲྭ་བ་ཡིན་པ་མ་ཟད་ཚད་ལྡན་ཞིག་རེད། ད་དུང་བོད་ཡིག་གི་དག་ཆ་འདི་ལ་བལྟས་ན་ང་དོགས་པ་ཟ་སའི་དགེ་སློང་ཞིག་ཡོད། ཁོང་ནི་ངའི་སེམས་ནང་གི་དགེ་སློང་ཡག་ཤོས་ཤིག་ཡིན། ཁྱེད་རང་ཕལ་ཆེར་གཅིག་ཐེངས་ན་དེ་ཡིན་པ་འདྲ། མགོ་ནས་མཇུག་བར་དུ་ཞིབ་ཀློག་བྱས་ཡིན། ཁྱེད་རང་སུ་ཡིན་ལ་དོགས་པ་ཆེ་བ་ལས་ཁྱེད་རང་གྲྭ་བ་ཡིན་མིན་ལ་དོགས་པ་སྤུ་རྩེ་ཙམ་ཡང་མེད། གྲྭ་བ་རྣམ་དག་ཅིག་རེད། ད་ལྟ་ཁྱེད་བྲེལ་འཚུབ་ཀྱི་ངང་དུ་ཡོད་པ་འདྲ།
ཁྱེད་རང་གྲྭ་བ་ཡིན་པ་མ་ཟད་ཚད་ལྡན་ཞིག་རེད། ད་དུང་བོད་ཡིག་གི་དག་ཆ་འདི་ལ་བལྟས་ན་ང་དོགས་པ་ཟ་སའི་དགེ་སློང་ཞིག་ཡོད། ཁོང་ནི་ངའི་སེམས་ནང་གི་དགེ་སློང་ཡག་ཤོས་ཤིག་ཡིན། ཁྱེད་རང་ཕལ་ཆེར་གཅིག་ཐེངས་ན་དེ་ཡིན་པ་འདྲ། མགོ་ནས་མཇུག་བར་དུ་ཞིབ་ཀློག་བྱས་ཡིན། ཁྱེད་རང་སུ་ཡིན་ལ་དོགས་པ་ཆེ་བ་ལས་ཁྱེད་རང་གྲྭ་བ་ཡིན་མིན་ལ་དོགས་པ་སྤུ་རྩེ་ཙམ་ཡང་མེད། གྲྭ་བ་རྣམ་དག་ཅིག་རེད། ད་ལྟ་ཁྱེད་བྲེལ་འཚུབ་ཀྱི་ངང་དུ་ཡོད་པ་འདྲ།
དགོངས་དག་གོང་དུ་ངའི་མིང་ལ་སྔ་རིས་ཕྲིན་ལས་ལ་མངའ་རིས་ཕྲིན་ལས་ཞེས་ནོར་བཅོས་ཡོང་བ་ཞུ། ཁ་བརྡའི་ཁྱིམ་ཚང་འདིར་སླེབས་པ་དང་པོ་ཡིན་རྗེས་སུ་ཕྲན་གྱི་བསམ་ཚུལ་དང་མཆན་རྣམས་ལ་ནོར་འཕྲུལ་མཆིས་ཚེ་དྲྭ་གྲོགས་ཁྱེད་རྣམས་ནས་ནོར་བཅོས་དང་ལམ་སྟོན་ཡོང་བའི་རེ་བ་ཞུ།
འཁོར་བ་ལ་ངེས་འབྱུང་མེད་ན་སོར་སྡོམ་རྒྱུད་ལ་མེད་པ་ཐག་ཆོད་པ་རེད། འོན་ཀྱང་བོད་མིའི་གོམས་གཤིས་དང་ལུགས་སྲོལ་ལ་བུད་མེད་དང་ལྷན་དུ་དགའ་བདེའི་ཚོར་བ་མ་མྱོང་པ་ཙམ་ལ་སྡོམ་ལྡན་ཞེས་གླེང་པ་དེ་ལྟར་ན་ཁོང་ཚད་ལྡན་ཡིན་པ་འདྲ། ལོ་ངོ་སྟོང་ཕྲག་མང་པོའི་རིང་གཅེས་སྐྱོང་གནང་ཞིང་ད་ལྟ་འདོར་དཀའ་བའི་བོད་མའི་སེམས་ཁམས་འདི་ལ་སྒྱུར་བཅོས་ཕྲན་ཙམ་ཞིག་འགྲོ་བཞིན་འདུག དེ་ནི་ད་སྐབས་བཙན་བྱོལ་དུ་སྐྱེས་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་གྲྭ་གཟུགས་གྲངས་འབོར་ཉུང་རུ་འགྲོ་བཞིན་པ་འདི་རེད། དམར་སེར་གོས་ཀྱིས་གངས་ཅན་ལྗོངས་ཀྱིས་ཁ་དོག་སེར་པོར་བསྒྱུར་ཀྱང་། དོན་ལ་འདུལ་བ་དང་མཐུན་པའི་སྡོམ་ལྡན་ཞིག་མ་བྱུང་ཕྱིན་ལུགས་སྲོལ་དེ་ལ་སྒྱུར་བཅོས་ཤིག་བྱུང་ན་དགའ་བར་ངེས། དེས་ན་གྲྭ་ལོག་ལ་སྡུག་པོར་མི་བལྟ་ཞིང་དམར་སེར་གྱི་གོན་པ་ཙམ་ལ་རྩ་ཆེན་མཐོང་ཆེན་དུ་མི་འཛིན་རྒྱུ་དེ་གལ་ཆེན་པོ་རེད།
སྙིགས་དུས་འདི་ལ་བསྟན་པའི་གདུགས་དཀར་པོ།།
འཛམ་བུ་གོ་ལ་ཚ་གདུང་སེལ་བའི་གཉེན།།
ཀྱག་ཀྱོག་ལམ་འཕྲང་འགྲིམ་པའི་བཞུད་ལམ་ན།།
ཚུལ་འཆལ་དྲི་མས་མ་གོས་དྭངས་ཤེལ་ནོར།།
ལྷོ་སྤྲིན་བྱང་ལ་རྒྱུ་བ་འབྱུང་བའི་འཕྲུལ།།
ཕྲུག་གཅིག་ཉམས་སྣང་བན་བུན་དགེ་བའི་རྟགས།།
སྣ་ཞགས་རིང་དུ་བསྐྱང་ནས་མེ་ཏོག་འཐུ།།
སྤོས་ཀྱི་གླང་བོ་བཞིན་དུ་དགེ་མཚན་འབར།།
ལོ་ངོ་སུམ་ཅུ་སོ་གྲངས་སྔོན་དུ། མར་ཡུལ་གྱི་རིན་པོ་ཆེ་ཞིག་ལ་ཨ་རི་བ་ཞིག་གིས། རིན་པོ་ཆེ་དེ་གྲྭ་པ་མ་རེད། ལབ་སོང་། སུས་ལབ་ཀྱི་འདུག དྲིས་པས། རྡ་སའི་གཞོན་སྐྱེས་ཚོས་ལབ་ཀྱི་འདུག ལབ་སོང་། ཟེར། དེ་འདྲ་རྡ་སའི་གཞོན་སྐྱེས་ཚོས་རིན་པོ་ཆེ་བུད་མེད་ལ་རེག་དགའ་བ་སྤྱོད་པ་མཐོང་ནས། ལབ་པ་མ་ཡིན་པར་གཞན་ཞིག་མཐོང་ནས། ལབ་པ་རེད། ཨ་རི་བ་དེས་ལབ་པ་ལྟར་ན། ལུས་ལ་རེག་ན་ཆགས་སྤྱོད་དགའ་བ་མྱང་རྗེས། དབང་པོ་ཕྱི་ནང་གང་བེད་སྤྱོད་བཏང་ཡང་། ཨ་རི་བ་ཚོས་དེ་ལ་ཁུད་པར་མི་རྩི་ཟེར། ཉེ་ཆར་ལོ་ཁ་ཤས་སྔོན་ལ། ཡེ་ཤུའི་གྲྭ་པ་རྒན་གོག་རེ་ལ་སྐྱོན་འཛུགས་ཀྱིས་ང་བྱིས་པ་བཅུ་ཙམ་ཡིན་དུས་ལུས་ལ་རེག་ནས་ཆགས་སྤྱོད་བྱས་པས་ང་སེམས་ཐང་ཐང་མེད་པ་ཆགས་་སོང་ཟེར། ཆགས་སྤྱོད་ཀྱི་ལོ་ངོ་སུམ་ཅུ་བཞི་བཅུ་རྗེས་ལ་ཡང་ཡེ་ཤུའི་དགོན་ཚོགས་ནས། གུན་གསབ་དངུལ་ལེན་ཆེད་། ཁྲིམས་ཁང་ལ་ཁ་མཆུ་བཙུགས་པའི་གནས་ཚུལ་བཤད་པ་གོ་མྱོང་།
ངོ་མ་རླབས་ཆེན་རེད་ཁྱེད་གྲྭ་པ་ཡིན་པ་ཡིན་པར་མ་ཟད་གྲྭའི་ནང་གི་རིན་ཐང་ལྡན་པ་ཞིག་རེད་གང་ཡིན་ཞེ་ན་གྲྭ་པ་དེ་ཚོ་ཟུར་དུ་བསྡད་ནས་བུད་མེད་དང་འཕྲད་མེད་ཙང་ངོ་མ་དེ་ལྟ་བུ་བུད་མེད་གཅིག་དང་འཕྲན་ན་བཟོད་མི་ཐུབ་པའི་དོན་དག་སྣ་མང་ཞིག་ཡོད་པ་རེད་དེ་ཁྱེད་ཀྱི་མཁྱེན་ཡོད་པ་མ་རེད། དེ་འདྲ་བཟོད་སྲན་ཐུབ་པ་ངོ་མ་དགེ་མཐོང་ལགས་ཀྱི་གསུང་པ་བཞིན་རླབས་ཆེན་འདི་དང་འདི་ལྟ་བུའི་གྲྭ་པ་གང་མང་ཞིག་ཡོད་པ་དངོས་ཡོད་རེད།
ཨ་ཁ། རང་རེའི་བོད་ཀྱིས་གཏམ་དཔེ་དེ་ཤིན་ཏུ་ནས་ཀྱང་བདེན། ཁ་གདང་སར་རྩམ་པ་མི་འདེབས་ཞེས་པའི་དཔེ་ལྟར། ང་ཚོ་བོད་ཀྱི་ཕོ་གསར་ཚོ་ཡོད་བཞིན་དུ། ད་དུང་གྲྭ་རྒན་འདྲ་ལ་རྩེད་མོ་རྩེ་སྟེ་རེ་བ་བྱས་པ་ནི་ཆེས་ཐ་ཤལ་གྱི་སྤྱོད་པའོ། དེ་ལས་ང་ཚོ་སར་ཡོང་ན་འདོད་པ་སྐོང་རྒྱུར་གྲ་སྒྲིག་ཨང་བསར་ཡོད། མ་འོངས་པར་ལམ་དེ་དག་བརྒྱུད་མཛེས་མ་ཚོ་ཕེབས་ན་དགེ་མཚན་ཆེ་བར་སེམས།
རྗེས་སུ་ཡིད་རངས་ཡོད། ད་དུང་ཟབ་ཟབ་གནང་རོགས།
ཀ་བ་ལྟར་བརྟན་འཇིགས་བྲལ་སེམས་པ་ཡིས།
ཁས་བླངས་དམ་བཅའ་སྙིང་གི་ནོར་བུར་འཛིན།
ག་དུས་ཡིན་ཡང་རྡོ་རྗེར་གཅེས་ཉར་གྱིས།
ངོ་མ་དགེ་སློང་ཚུལ་ལྡན་ཡོང་བར་སྨོན།
དྲྭ་རོགས་དབང་འདུས་ལགས་བཙན་བྱོལ་ནང་གྲྭ་བ་ཉུང་རུ་འགྲོ་བཞིན་པ་དང་ཆབས་ཅིག་དུག་རྫས་བེད་སྤྱོད་བྱ་མཁན། རེག་དུག་ན་ཚ་ཡོད་མཁན། ཕ་མ་དང་རྒན་རབས་ལ་གུས་བཀུར་མེད་པ་སོགས་ཀྱི་གྲངས་འབོར་ཉིན་རེ་ལས་ཉིན་རེ་ཇེ་མང་དང་དཀའ་ངལ་ཇི་ཆེ་འགྲོ་བཞིན་པ་ནི་གོང་གི་མཇུག་འབྲས་རེད། གྲྭ་བ་བྱས་ཏེ་རིས་མེད་ཀྱི་དགོན་སྡེ་ཁག་ལ་ཆོས་ཞུགས་བྱས་རྗེས་གྲྭ་བ་མཐའ་མ་འཁྱོལ་ནའང་ཆོས་ཀྱི་བསླབ་བྱ་ལ་རྒྱུས་མངའ་ཡོད་པ་ཡ་རབས་ཅན་གྱི་གྲྭ་ལོག་མང་པོ་ཡོད།
ངོ་མ་མི་བརྟན་པོ་རྡོ་འདྲཞིག་ཡོད་པ་འདྲ། འགགས་རྩ་ལ་ཐུག་དུས་རང་ཉིད་གྱི་འདུལ་ཁྲིམས་སྲུང་ཐུབ་པ་ནི་དངོས་ནས་རླབས་ཆེན་རེད། མིག་དཔེ་བལྟ་འོས་པ་རེད།
རྩོམ་པ་པོས་རྟོགས་བཏགས་དང་སྒྲུང་རྩོམ་ཡིན་ན་གནས་ཚུལ་ཐ་དད་ལས། དོན་དངོས་ཡིན་ཚེ། འདི་རིགས་ཡི་རངས་འོས་པའི་གནས་ཡིན་པ་མ་ཟད། རིན་ཐང་དང་གཟི་བརྗིད་ཆེན་པོ་རེད། དེ་ཡང་འདུལ་སྡོམ་ལས། མིག་དང་སྲོག་བཞིན་གཅེས་བར་བསྲུང་། ཅེས་དང་། བཀའ་གདམས་གོང་མ་ཚོས། ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་། ཞེས་གསུངས་པ་ལྟར་སྡོམ་གསུམ་གཅེས་སྤྲིས་དང་། ཕངས་སེམས་བཟུང་འདུག་པ་ཧ་ཅང་ལེགས་པོ་འདུག དགེ་བའི་འབྲས་བུ་དེས་ཁྱེད་ཉིད་རྣམ་མཁྱེན་ཐོབ་པའི་དགེ་རྩ་ཆེ་ཤོས་སུ་འགྱུར་ངེས། རྟགས་ཙམ་འཛིན་པའི་རབ་བྱུང་གི་དུས་སུ་སླེབས་མེད་ཀྱང་། སྤྱི་ཚོགས་ནང་ངོས་འཛིན་འདྲ་མིན་དང་། གླེང་གཞི་སྣ་ཚོགས་ཡོང་དང་འབྱུང་བཞིན་པ་འདི་རིགས་ལ་འུ་ཚོའི་རབ་བྱུང་གི་སྡེས་མནོ་བསམ་དང་བླང་དོར་ལེགས་ཉེས་མ་འཁྲུལ་བ་གནང་དགོས་མ་ཟད། མིག་དཔེ་ཡག་པོ་དང་སྤུས་ཀ་དག་པོ་སྟོན་དགོས་པ་ནི་༧གོང་ས་མཆོག་གི་ལམ་སྟོན་ཇི་ལྟར་གནང་བ་དེ་བཞིན་དུ་ལག་བསྟར་བསམ་ཞིབ་ནན་པོ་གནང་དགོས་པ་ཤིན་དུ་གལ་ཆེ། གོང་དུ་ཀླུ་སྨྱོན་གྱིས་བཤད་པ་ལྟར་ན། འདུལ་གཞུང་གསར་བ་ཞིག་གསར་བཏོད་གནང་ཡོད་ཚོད་རེད་འདུག
རྩོམ་པ་པོས་རྟོགས་བཏགས་དང་སྒྲུང་རྩོམ་ཡིན་ན་གནས་ཚུལ་ཐ་དད་ལས། དོན་དངོས་ཡིན་ཚེ། འདི་རིགས་ཡི་རངས་འོས་པའི་གནས་ཡིན་པ་མ་ཟད། རིན་ཐང་དང་གཟི་བརྗིད་ཆེན་པོ་རེད། དེ་ཡང་འདུལ་སྡོམ་ལས། མིག་དང་སྲོག་བཞིན་གཅེས་བར་བསྲུང་། ཅེས་དང་། བཀའ་གདམས་གོང་མ་ཚོས། ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་། ཞེས་གསུངས་པ་ལྟར་སྡོམ་གསུམ་གཅེས་སྤྲིས་དང་། ཕངས་སེམས་བཟུང་འདུག་པ་ཧ་ཅང་ལེགས་པོ་འདུག དགེ་བའི་འབྲས་བུ་དེས་ཁྱེད་ཉིད་རྣམ་མཁྱེན་ཐོབ་པའི་དགེ་རྩ་ཆེ་ཤོས་སུ་འགྱུར་ངེས། རྟགས་ཙམ་འཛིན་པའི་རབ་བྱུང་གི་དུས་སུ་སླེབས་མེད་ཀྱང་། སྤྱི་ཚོགས་ནང་ངོས་འཛིན་འདྲ་མིན་དང་། གླེང་གཞི་སྣ་ཚོགས་ཡོང་དང་འབྱུང་བཞིན་པ་འདི་རིགས་ལ་འུ་ཚོའི་རབ་བྱུང་གི་སྡེས་མནོ་བསམ་དང་བླང་དོར་ལེགས་ཉེས་མ་འཁྲུལ་བ་གནང་དགོས་མ་ཟད། མིག་དཔེ་ཡག་པོ་དང་སྤུས་ཀ་དག་པོ་སྟོན་དགོས་པ་ནི་༧གོང་ས་མཆོག་གི་ལམ་སྟོན་ཇི་ལྟར་གནང་བ་དེ་བཞིན་དུ་ལག་བསྟར་བསམ་ཞིབ་ནན་པོ་གནང་དགོས་པ་ཤིན་དུ་གལ་ཆེ། གོང་དུ་ཀླུ་སྨྱོན་གྱིས་བཤད་པ་ལྟར་ན། འདུལ་གཞུང་གསར་བ་ཞིག་གསར་བཏོད་གནང་ཡོད་ཚོད་རེད་འདུག
ཁྲིམས་གྲོགས་མེད་པར་གྲྭ་པ་ཞིག་བུད་མེད་དང་མཉམ་དུ་ཁང་པ་གཅིག་གི་ནང་སྡོད་མི་ཆོག་པའི་འདུལ་བའི་བཅས་ཁྲིམས་དང་ཡོངས་སུ་འགལ་ཚར་འདུག བུ་མོ་དེ་ཁྱེད་ཀྱིས་རང་གི་བང་ཁུག་ཏུ་བཟུང་ནས་ཡུན་རིང་ཞིག་ལ་བསྡད་ཡོད་པ་འདྲ། རྒྱབ་ཏུ་གཟན་གཤམ་གྱོན་ནས་བུ་མོ་ཞིག་ལ་འཐམ་ནས་བསྡད་པ་མ་ཟད། ད་དུང་ཕན་ཚུན་འགྲམ་ཤ་ཡང་སྦྱར་ནས་བསྡད་འདུག ངོ་མ་ཡིན། དགོད་བྲོ་བོ་རེད་ཟེར་དགོས་སམ། ཡང་ན་སྐྱུག་བྲོ་བོ་རེད་ཟེར་དགོས། བཤད་དཀའ་མོ་ཞིག་རེད། གང་ལྟར་བུ་མོ་དེའི་མིག་ཟུང་ནས་ཡིད་སྐྱོ་བའི་མིག་ཆུ་ཞིག་མ་ཐོན་ན་དགེ་ཚུལ་ཁྱེད་རང་གིས་ཅི་ཞིག་བྱེད་ས་རེད། ངས་བལྟས་ན་ཁྱེད་ཀྱིས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བསླངས་ཡོད་རྒྱུ་རེད།
དྲྭ་གྲོགས་མང་དག་ཅིག་ནས་དགོངས་ཚུལ་དང་བསླབ་བྱ་གསུངས་འདུག་པར་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ།
འདུལ་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་སྔ་རྗེས་སུ་ཞུ་རྒྱུའི་སྐལ་བཟང་ཐོབ་པ་ཡིན་ཙང་སྡོམ་པ་འདི་ལྟུང་བ་དང་ཁ་ན་མ་ཐོ་བའི་ཆར་རླུང་གིས་རྩབ་ཧྲལ་དུ་ཕྱིན་པ་སྲིད་ཀྱང་། ཕམ་པའི་ཐན་པ་བཏང་སྟེ་སྡོམ་པའི་སྡོང་རྩ་མ་སྐམ་བར་དུ་གང་ལས་ཀྱང་རིན་བྲལ་དུ་བསམ་ཏེ་གཅེས་པར་ཉར་རྒྱུའི་འདུན་མོས་མི་དམན་ཙམ་ཡོད། གལ་ཏེ་བླ་མའམ་མཁན་པོ་གཞན་དག་ཅིག་གི་དྲུང་ནས་ཐོབ་པའི་སྡོམ་པ་ཡིན་དབང་དུ་བཏང་ན་སྡོམ་པའི་ངོ་བོར་ཁྱད་པར་ཞིག་ཅི་ལ་སྲིད་ཀྱང་ཐོབ་ཡུལ་གྱི་ཁྱད་པར་ལས་འདི་ལྟའི་རིན་ཐང་རྒྱག་པའི་བསམ་བློ་ཞིག་ང་ཐ་མལ་པ་ཞིག་ལ་ཡོང་ས་མ་རེད།
དེ་བཞིན་རང་གི་བཤེས་གཉེན་རྣམ་པའི་ཞལ་རས་ལ་ཡང་བལྟ་དགོས་ཀྱིན་ཡོད་པ་རེད་ལ་ཕ་མའི་བཀའ་དགོངས་བཙན་པོར་ཡང་བརྩི་དགོས་ཀྱིན་ཡོད་པ་རེད། དེ་བཞིན་ལོ་ངོ་བཅུ་ཕྲག་བརྒལ་བར་གཞུང་ཆེན་པོར་ཐོས་བསམ་སློབ་གཉེར་གྱི་ཆེད་དུ་དུས་ཚོད་བཏང་ཟིན་པའི་གནས་སྟངས་ལ་ཡང་བསམ་དགོས་ཀྱིན་ཡོད་པ་རེད་ལ་འཇིག་རྟེན་ཁྱིམ་པ་ཚོའི་རྫོགས་རྒྱུ་མེད་པའི་གཟའ་ཟླ་དང་ཕྲུ་གུའི་རྙོག་དྲྭ་སོགས་ཀྱི་དཔེ་གསོན་པོ་འདི་ཚོར་ཡང་བསམ་ཞིབ་ཅིག་བྱེད་དགོས་ཀྱིན་ཡོད་པ་རེད།
ཕལ་ཆེར་ཁ་སངས་ནས་བཤད་ན་གོང་དུ་བཤད་པའི་རྒྱུ་མཚན་འདི་ཚོ་ནི་ངས་ཕམ་པ་བཞིའི་འཇིགས་པ་ལ་འཇིགས་སྐྲག་ཏུ་མཐོང་དགོས་པའི་རྒྱུ་མཚན་ཡོད་ན་མེད་ན་དེ་ཚོ་ཡིན་སྲིད།
ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བཤད་ན་མཁན་པོ་ཉིད་རྩ་བ་ཆེ་རང་དྲགས་ནས་སྡོམ་ཞུའི་གནས་སྐབས་སུ་བཅོས་མའི་ངེས་འབྱུང་ཤུགས་དྲག་ཅིག་ནི་སྐྱེ་རྒྱུའི་གོ་སྐབས་བྱུང་མོད། དུས་རྒྱུན་ལྡན་ནས་འཇིག་རྟེན་དང་འཁོར་བའི་ཕུན་ཚོགས་ལ་ཞེན་པ་མི་རོ་བཞིན་དུ་ལོག་པའི་གཤིས་ཀ་ཞིག་ནི་ང་ལྟ་བུར་མཚོན་ན་གཏན་ནས་མེད་ཅེས་སྨྲས་ཀྱང་རྫུན་དུ་འགྱུར་གྱི་མ་རེད་བསམ། དེ་ལས་ལྡོག་སྟེ་ཆགས་སྡང་ཆེ་ཐག་ཆོད་ཀྱི་སྟེང་དགོས་དགོས་དང་མཁོ་མཁོའི་བསམ་པ་འཇིག་རྟེན་མི་ནག་པའི་བསམ་གཤིས་དང་ཁྱད་ཧ་ལམ་མེད་མཁན་ཞིག་ཡིན།
འོན་ཀྱང་ང་ཆོས་སྒོར་འཇུག་པའི་ཕ་མའི་ཐག་གཅོད་དང་འཆར་གཞིར་འགྲིག་པ་དང་དགའ་སྒོམ་བྱེད་ཀྱིན་ཡོད་མ་གཏོགས་ངས་ནམ་ཡང་འཁང་ར་བསྒྲགས་མ་མྱོང་ལ། དམིགས་བསལ་ང་ཆོས་སྒོར་འཇུག་རྒྱུ་དང་རྒྱ་གར་དུ་མངགས་པའི་ཐབས་བཀོད་གཙོ་བོར་འཐེན་མཁན་ངའི་སྤོ་སྤོ་ལགས་ལ་ངས་རླབས་ཆེན་གྱི་འགྲོ་ལམ་འདི་གཏོད་པར་ཐུགས་རྗེ་ཆེ་ཞེས་ཡང་ནས་ཡང་དུ་བཤད་མྱོང་།
གོང་བཤད་བྱུང་བའི་ནང་གི་བུ་མོ་དེ་ནི་བྱུང་བ་དེ་རང་དུ་གསལ་བཤད་ཞུས་པ་ལྟར་ངས་མགྲོན་འགུག་གི་ཆོ་ག་མ་བཏང་ཞིང་སྤྱན་འདྲེན་གྱི་བསུ་སྙན་མ་ཕུལ་བར་ཕེབས་པའི་གློ་བུར་བའི་མགྲོན་པོ་ཞིག་ཡིན། འོན་ཀྱང་ཁོ་མོ་ངའི་བྲང་ངོས་ལ་ཇི་ལྟར་འབྱར་བའི་བརྒྱུད་རིམ་ནང་ང་རང་ཆེས་ཡོངས་སུ་རྨོངས་ནས་ཡོད་པའི་དུས་སྐབས་ཤིག་ཡིན་སྲིད་ལ་ངས་ཕུད་རྒྱག་ནམ་ཡང་གཏོང་ཐབས་མ་བྱུང་།
སྐབས་རེ་ཤེས་ཚོར་ཅི་ཡང་མེད་པར་ཁོར་ཡུག་ཁྱད་མཚར་པོ་དེ་འདྲའི་ནང་དུ་བསླེབས་པ་སྲིད་ལ། ཁོར་ཡུག་དེ་འདྲའི་ནང་བསླེབས་ཚར་ནས་མ་གཏོགས་རང་རྟོགས་ཀྱི་བསམ་པ་མ་རྙེད་པའི་གནས་སྐབས་ཀྱང་ང་ཚོའི་མི་ཚེའི་ནང་ཡང་སེ་འབྱུང་གི་ཡོད།
ངས་དྲན་གསོས་པར། སྐབས་དེ་དུས་ཀྱི་མཚམས་ཤིག་ལ་འོག་གི་སྙན་ཚིག
སྨིན་མའི་འོག་གི་དཀྱུས་རིང་ཨུདྤལས།།
བརྩེ་བའི་ཉམས་ཀྱིས་ཡོན་པར་བལྟ་བྱེད་པའི།།
སྒེག་འཆང་མེ་ཏོག་གཞོན་ནུའི་རྣམ་འགྱུར་འདིས།།
དུས་རིང་སྙིང་ལ་ངལ་བའི་ཚོར་བ་སྦྱིན།།
ཞེས་པ་ཞིག་ཀྱང་བྲིས་འདུག
བརྩེ་བའི་ཉམས་ཀྱིས་ཡོན་པོར་ཞེས་པར་བཅོས་ཡོད།
ལྷོ་ཕྲུག་ལགས། ཁྱོད་ཀྱིས་མོ་སྡོམ་དྲག་པོ་ཞིག་སྲུང་ཡོད་པ་འདྲ། རྗེས་སུ་ཡི་རངས་ཡོད། གྲྭ་པ་ཡིན་ཚེ་སྡོམ་པ་ཚད་ལྡན་སྲུང་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
ཨོ་རེད། མོ་སྡོམ་རྐྱང་པ་ཞིག་གིས་གྲྭ་པ་ཡིན་པའི་ཁུངས་བསྐྱལ་མི་ཐུབ་པ་རེད། གྲྭ་པ་ཞིག་ཡིན་ན་ཇི་ལྟར་ཐབས་སྡུག་ཀྱང་རྩ་བཞི་ཆང་ལྔ་སྲུང་དགོས་རབས་ཡོད། མི་ཁ་ཤས་ཀྱིས་ཟེར་ན་དེང་སངས་སྲུང་དཀའ་ཤོས་དེ་མོ་སྡོམ་མིན་པར་རྐུ་སྡོམ་དེ་རེད་ཟེར་ངས་གོ་མྱོང་། རྐུ་སྡོམ་དེ་ཅ་ལག་ཕྲན་ཚེགས་དེ་དག་ཕར་གཏད་ཚུར་ལེན་ཚད་ལྡན་མི་བྱེད་པར་ག་དུས་ལོག་སོང་བ་ཙམ་ཡང་མི་ཤེས་པར་ནམ་ཞིག་འདུལ་བའི་གཞུང་ཆེན་དེ་དག་ལ་སློབ་སྦྱོང་བྱེད་སྐབས་སྔར་མོ་ནས་གྲྭ་ལོག་ཚར་ཡོད་སྐད། དེས་ན། འདུལ་བ་ཡོད་དུས་སྡོམ་པ་མེད། སྡོམ་པ་ཡོད་དུས་འདུལ་བ་མེད་ཟེར་བའི་སྡོམ་ཚིག་དེ་མགོ་འབུས་པ་འདྲ།
སངས་རྒྱས་ཀྱི་ཆོས་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད།སྤྱོད་པའི་ཆ་ནས་ཕར་ཕྱིན་ཐེག་པར་ཆགས་བྲལ་གྱི་སྤྱོད་པ་གཙོ་བོ་དང་སྔགས་ཀྱི་ཐེག་པར་ཆགས་བཅས་ཀྱི་སྤྱོད་པ་གཙོ་བོ་རེད། ལྟ་བའི་ཆ་ནས་ནི་སྟོང་བ་དང་རྟེན་འབྱུང་ཟུང་འབྲེལ་དུ་རྟོགས་པའི་ལྟ་བ་ནི་གཙོ་བོ་དང་རྟག་གཅིག་རང་དབང་གི་བདག་གིས་སྟོང་བར་རྟོགས་པ་ནི་ཕལ་བ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ནི་ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་གྱིས་གནོན་པ་ལྟ་བུ། དགེ་སློང་ལེགས་སྐར་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་སོགས་ཀྱིས་སྟོན་པའི་སྐུ་ལུས་ཀྱི་འོད་ཟེར་འདོམ་གང་བོ་དེ་མ་གཏོགས་སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་ནི་ཁོང་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
མདོ་སྔགས་གཉིས་གར་དབང་པོ་རྣོ་རྟུལ་གྱི་ཆ་ནས་ལམ་ལ་མྱུར་བུལ་བཤད་པ་དང་དཔེར་ན་སྔགས་བླ་མེད་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ནི་ཕར་ཕྱིན་ཐེག་པའི་དབང་པོ་རྣོན་པོ་ལས་ཀྱང་བརྒྱ་འགྱུར་གྱིས་རྣོ་བར་བཤད་པ་ལྟ་བུ་རེད། དེས་ན་བསྟན་པའི་གནད་ཤེས་པ་ལ་བདེན་པ་གཉིས་ཀྱི་རྣམ་བཞག་ཡག་པོ་ཞིག་ཤེས་དགོས་པ་ནི་གལ་ཆེ་ཞིང་། འོ་ན། བདེན་པ་གཉིས་འཇོག་སྟངས་ཇི་འདྲ་ཞིག་རེད་ཟེར་ན་རྒྱུད་བླ་མ་ལས་གསུངས་པ་ལྟར། དཔེར་ན་ཀུན་རྫོབ་བདེན་པ་ནི་སྦྲང་རྩི་ལྟ་བུ་དང་དོན་དམ་བདེན་པ་ནི་སྦྲང་རྩིའི་རོ་ལྟ་བུ་སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟ་བུ་ ངོ་བོ་དབྱེར་མེད་དུ་འཇོག་དགོས་པ་ཡིན་ནོ།། བདེན་གཉིས་འཇོག་ཚུལ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དང་གྲུབ་མཐའ་བཞི་གས་བདེན་གཉིས་འཇོག་ཚུལ་མི་འདྲ་བ་དང་། དེས་ན་གཞི་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་ཐུགས་ཟུང་འཇུག་གི་རྣམ་གཞག་ཡག་པོ་ཞིག་ཤེས་པ་ལ་མདོ་སྔགས་ཀྱི་གཞུང་མང་ལ་དཔེ་ཀློག་དང་ཞིབ་དཔྱོད། རིགས་ལམ་གྱི་འགྲོས་ལ་བརྟེན་པ་གལ་ཆེ་ཞིང་། དེ་མིན་འཇིག་རྟེན་གྱི་ཁ་དཔེ་ལྟར་རྩ་མ་ཟོས་བར་ལྕི་བ་གཏོང་རྒྱུ་མེད།
ངའི་བྲང་ལ་མ་སྙེས་ང་གྲྭ་བ་ཡིན། ངའི་སྒོར་ལ་མ་དགའ་དེ་གོར་ཟས་རེད།
བོད་ཀྱི་གཏམ་དཔེར།
ཙམ་ཁུག་ལ་ཕར་ལག་པས་མ་རེག་ན།
ཙམ་ཁུག་ཚུར་ཡོང་ནས་ལག་པར་མི་རེག
ཅེས་པ་ཞིག་གོ་མྱོང།་དེ་ཡིན་དུས་དང་པོ་དགེ་ཚུལ་ཁྱེད་རང་གིས་ཆགས་པའི་རྣམ་འགྱུར་བསྟན་པ་དང་དངུལ་སྒོར་གྱིས་ཚུར་བསླུས་པ་ཡིན་རྒྱུ་རེད། མ་གཞི་ནས་དེང་སང་གྲྭ་བ་དེ་ཚོས་སྣུམ་འཁོར་སོགས་ཀྱི་ནང་དུ་ཞབས་སྐྱག་གཅིག་གི་སྟེང་དུ་བུད་མེད་དང་ལྷན་དུ་བསྡོད་པར་མ་ཟད་སྣུམ་འཁོར་ཕར་ཁྱོག་ཚུར་ཁྱོག་བྱེད་དུས་ནན་གྱིས་བུད་མེད་ཀྱི་སྟེང་དུ་འགྱེལ་འགྲོ་བའི་ཚུལ་བསྟན་མཁན་མང་གི་ཡ།
གདམས་པ་ལས། གང་ལ་བདག་གིས་མ་ཆགས་ན། སྡུག་བསྔལ་བདག་ལ་མི་ཆགས་ཏེ། འཁོར་བའི་སྡུག་བསྔལ་དག་ལ་སུ་ཞི་ཆགས། ཞེས་པ་དེ་རྟག་་རྟག་རེད་འདུག འདུལ་བ་ཁྲེལ་དང་ངོ་ཚས་བསྲུང། དང་པོ་ནས་གཡོལ་དགོས། འགྲམ་འབྱར་དགོས་པའང་མེད་ལ། བྲང་སྙེས་ཀྱང་དེ་བས་ཡོང་དྭོགས་མེད།
ལ་སྟོད་འདི་ད་མི་དྲང་མོ་ཟེར་ནོ་རེད་ཡ། སྣུམ་འཁོར་ཕར་ཚུར་གཡོ་དུས་བུད་མེད་ཀྱི་སྟེང་དུ་འགྱེལ་འགྲོ་བ་འདི་ཡང་སྡུག་ཐུག་གི་ཆགས་བདེ་ལ་རོལ་སྟངས་ཞིག་རེད། འདི་ལྟ་བུ་ལ་འདུལ་བའི་ལས་བརྒྱ་རྩ་ཟེར་ན་ཡང་བྱས་ཡ་མེད་ཁོ་ཐག མ་ཟད་གཤིན་རྗེ་ཆོས་རྒྱལ་ཡང་གད་མོ་ཤོར་རྒྱུ་ལས་དགེ་སྡུག་གང་དུ་ཡང་གྲངས་ཀ་རྒྱག་ཐུབ་ཀྱི་མ་རེད་ཡ།
འོ་ད་དུང་བུད་མེད་ལ་རེག་པ་འདི་འདུལ་བ་ལས་ཀྱང་མཐའ་གཅིག་ཏུ་རེག་པའི་ལྟུང་བ་ཁོ་ནས་མ་ཁྱབ་པ་ཡིན་པ་འདྲ་འདུག དགག་པའི་རྗེས་སུ་སྒྲུབ་པ་ཟེར་བ་ཞིག་གི་དཔེ་བརྗོད་ལ། དགེ་སློང་གིས་བུད་མེད་ལ་རེག་པ་སྤྱིར་བཀག་ནས། གལ་སྲིད་བུད་མེད་ཞིག་ཆུས་ཁྱེར་བཞིན་ཡོད་ན་ངེས་པར་དུ་རེག་ནས་ལེན་པ་དང་སྲོག་སྐྱོབས་དགོས་པ་ངེས་པར་དུ་སྒྲུབ་དགོས་པ་རེད་འདུག འདུལ་བ་ལས་སྒྲུབ་པར་བཤད་པ་འདི་དག་མ་སྒྲུབ་ན་ལྟུང་བ་ཡོད་པ་འདྲ་འདུག
ཨོ་བུད་མེད་ལ་དགེ་ཚུལ་གྱིས་གལ་ཏེ་སྐྱོབས་དགོས་པ་སོགས་བྱུང་ཚེ་དགེ་སློང་གི་མཁར་སིལ་ལ་བརྟེན་ནས་གནང་དགོས་ལུགས་ཤིག་ཡོད།
དེ་ལའང་དགོངས་པ་ཞིག་བཞེས་དགོས་པ་འདུག
དང་པོ་ཕར་སྐྱོབས་ཚུལ་གྱིས་ལག་པ་ཏུག་ཙམ་བྱེད།
དེ་ནས་སྐད་ཆ་སྙན་མོ་འདྲ་བཤད།
དེ་ནས་བུད་མེད་དེ་ཡིས་ཁྱེད་ཀྱི་བཀའ་དྲིན་ངས་བསམ་སེས་བྱེད་ཟེར། དེ་ནས་དེང་དུས་ཀྱི་ཞལ་པར་དུ་འདྲ་རྒྱབ། དེ་ནས་མཉམ་དུ་དགོངས་ལྟོ་འདྲ་མཆོད། དེ་ནས་མགྲོན་ཁང་གཅིག་ཏུ་ཉལ། ཐ་མ་དེ་དེ་ག་རང་རེད། ཁྲི་སྟན་ཆེན་པོའི་སྟེང་དུ་བླ་གབ་ཆེན་པ་དེ་བཀབ། དེ་དུས་ལས་ཟིན་ཚར་པ་རེད།
བསྡུ་བའི་དངོས་པོ་བཞི་ཡིས་འགྲོ་ལ་ཕན་བཏགས་ཚུལ་དེ་འདྲ་རང་རེད།
ཨོ་བུད་མེད་ལ་དགེ་ཚུལ་གྱིས་གལ་ཏེ་སྐྱོབས་དགོས་པ་སོགས་བྱུང་ཚེ་དགེ་སློང་གི་མཁར་སིལ་ལ་བརྟེན་ནས་གནང་དགོས་ལུགས་ཤིག་ཡོད།
དེ་ལའང་དགོངས་པ་ཞིག་བཞེས་དགོས་པ་འདུག
དང་པོ་ཕར་སྐྱོབས་ཚུལ་གྱིས་ལག་པ་ཐུག་ཙམ་བྱེད།
དེ་ནས་སྐད་ཆ་སྙན་མོ་འདྲ་བཤད།
དེ་ནས་བུད་མེད་དེ་ཡིས་ཁྱེད་ཀྱི་བཀའ་དྲིན་ལ་ངས་བསམ་ཤེས་བྱེད་ཟེར། དེ་ནས་དེང་དུས་ཀྱི་ཞལ་པར་འདྲ་རྒྱབ། དེ་ནས་མཉམ་དུ་དགོངས་ལྟོ་འདྲ་མཆོད། དེ་ནས་མགྲོན་ཁང་གཅིག་ཏུ་ཉལ། ཐ་མ་དེ་དེ་ག་རང་རེད། ཁྲི་སྟན་ཆེན་པོའི་སྟེང་དུ་བླ་གབ་ཆེན་པ་དེ་བཀབ། དེ་དུས་ལས་ཟིན་ཚར་པ་རེད།
བསྡུ་བའི་དངོས་པོ་བཞི་ཡིས་འགྲོ་ལ་ཕན་བཏགས་ཚུལ་དེ་འདྲ་རང་རེད།
ད་ངའི་བྲང་ལ་སྙེས་ན་འགྲིགས། ད་ང་གྲྭ་པ་མིན། དེ་འདྲའི་བུ་མོ་དེ་ངའི་དབང་ཆེན་ཞུ་རོགས་ཀྱི་གྲོགས་སུ་བྱུང་ན་དགའ་བ་ལགས། དབང་གི་དམིགས་རྣམ་གསལ་རོགས་ལ་ཕན་ངེས་འདུག ཧ་ཧ། ཨེ་མ་ཧོ། །
འདི་ནི་དོན་དངོས་ཀྱི་མྱོང་སྣང་ཅུང་ཟད་ཅིག་ལ་གཞི་བཞག་གིས་རྟོགས་བརྟགས་ཀྱིས་བྲིས་བའི་སྒྲུང་རྩོམ་ཡིན་པ་འདོད། རྒྱུ་མཚན་ནི། སྐྱེས་བས་ཕལ་ལ་གོ་སྐབས་མ་སྤྲད་ན་བུ་མོ་ཞིག་གིས་དོན་མེད་དུ་མི་ཞིག་ཆེད་དུ་མིག་ཆུ་བཏང་བ་ལྟ་ཅི་བྲང་ཁ་བསྙེ་བ་དཀའ་སྟེ། སྐྱེས་དམན་ནི་དང་ཐོག་་སྐྱེས་བར་འཕྲད་ཚེ་ཞེ་དོག་ཡོད་པས་ཡིན། བྲང་གཞུང་ཕུར་ནས་མིག་ཆུ་བཏང་བའི་ཚེ་གཞི་ནི་འགྲོགས་འདྲིས་ཀྱི་དུས་ཡུན་རིང་ཞིང་བརྩེ་བའི་ས་ལ་གོམ་པ་བརྒྱ་ཆ་དགུ་བཅུ་ཙམ་སྤོས་ཟིན་པའི་ས་མཚམས་ཡིན་ལ། དེ་འདྲའི་དུས་ཡུན་ནི་ཉིན་གྲངས་དུ་མའི་འགྲོགས་འདྲིས་ཀྱི་དུས་ཡུན་ལས་ཕན་ཚུན་རྒྱུས་ལོན་ལས་བྱུུང་བས་གློར་བུ་ཐོལ་རྒྱག་གིས་ག་ལ་ཡོང་། མི་ཡོང་བའི་གནད་དོན་འདི་ནི་ཞིབ་པ་བྲིས་བ་ནི་དཔྱོད་ལྡན་རྣམས་ཡིད་ཆེས་སླེབས་པའི་གསོས་སུ་འགྱུར་བ་དཀའ།
འདོད་པ་ཅན་ལ་འདོད་པའི་སྦྱིན་པ་ནི།།
སྦྱིན་པའི་ནང་ནས་སྤྱིན་པའི་མཆོག་ཡིན་ཞེས།།
འཕགས་བོད་མཁས་གྲུབ་དུ་མའི་ངག་ཏུ་གྲགས།།
ཡིད་མི་ཆེས་ན་དེབ་ཐེར་ཀློག་ན་ཤེས།།
འདོད་པའི་བུ་ལ་འདོད་པ་སྟེར་བ་ན།།
དགེ་བ་མེད་ན་སྡུག་པ་ཅི་ལ་ཡོད།།
མཁས་དགུའི་གཙུག་རྒྱན་དགེ་ཆོས་དགོངས་ཡིན་པས།།
ཡིད་མི་ཆེས་ན་དགེ་རྩོམ་ཀློག་དང་ཤེས།།
མི་ལུས་རིན་ཅན་འཁོར་བའི་ལུས་མཆོག་ཡིན།།
མཆོག་གྱུར་ལུས་ཀྱི་དོ་བདག་རྟེན་བཟང་ནི།།
ཕོ་མོ་ལུས་ཀྱི་འབྲེལ་བས་གྲུབ་པས་ན།།
འཁྲིག་སྤྱོད་མེད་ཚེ་གནས་འདིར་ཅི་ལྟར་སླེབས།།
མི་ལུས་བཟོས་ན་སྡུག་པ་ཡིན་ནམ་ཅི།།
བུ་མོ་ཐུག་ན་ཉེས་བ་རེད་དམ་གང་།།
སྐྱེས་སྨན་སྤང་ཚེ་དགེ་བ་ཡིན་པའི་ཚེ།།
མི་ལུས་རིན་ཅན་སུ་ཡིས་རྒྱུད་འཛིན་བྱེད།།
དབུ་མེད་སྡུག་ན་སྡུག་ངལ་ཡིན་ནམ་ཅི།།
འདུག་རོགས་མེད་ན་དཀའ་ངལ་ཡིན་ནམ་མིན།།
འཁྲིག་པ་སྤྱོད་ཚེ་འཕྲོད་བསྟེན་རེད་དམ་གང་།།
འཁྲིག་བདེ་མྱོང་ན་མི་དགེ་ཅི་ལ་འགྱུར།།
སྐྱེས་སྨན་དགའ་ན་ཆགས་སྲེད་ཆེ་རེད་དམ།།
བུ་མོ་འགྲོགས་ན་རང་ཚུགས་མེད་ཡིན་ནམ།།
ཆུང་མ་བསྟེན་ན་བཟང་སྤྱོད་ལུགས་འགལ་ཚེ།།
རྣམ་འབྱོར་སྨ་བའི་མཛད་པར་ཅི་ལྟར་འགྲེལ།།
བུ་མོ་སྤངས་བ་ཕ་རྒན་ཆེད་ལེགས་སམ།།
མོ་འདོད་ཟློག་རྒྱུ་ནང་མའི་བཀའ་ཡིན་ནམ།།
ཕ་གསུངས་བརྩིས་ཚེ་ཡ་རབས་ལུགས་འགྲོ་ན།།
བླངས་དོར་འབྱེད་པའི་རྣམ་དཔྱོད་ཅི་ལ་འཇོག།
ཚེ་གཅིག་སངས་རྒྱས་འདོད་པའི་མི་ལ་ཡང་།།
འཁྲིག་པའི་བདེ་སྟོང་རྒྱུད་ནས་རབ་ཏུ་བྱུང་།།
གང་གི་ལམ་སྟོན་ཤཱཀྱ་ཐུབ་པའང་།།
སྐྱེས་སྨན་འགྲོགས་པས་སྲས་ཤིག་ཡོད་པ་གྲགས།།
མི་ལུས་མེད་ན་དགེ་འདུན་ཡོང་དོན་མེད།།
དགེ་འདུན་མེད་ན་ཆོས་བདག་ཡོང་བ་དཀའ།།
ཆོས་བདག་མེད་ཚེ་ཆོས་ལུགས་མཁོ་མེད་པས།།
མི་མཁོ་བྱ་བཞག་འདི་དག་སྐྱོང་དོན་ཅི།།
ནང་བསྟན་བྱུང་བ་མི་ལ་ཕན་ཆེད་དམ།།
རིགས་རྒྱུད་རྩ་རྫོགས་ཆེད་དུ་བྱུང་བ་རེད།།
གལ་སྲིད་མི་རིགས་འགོག་པའི་སླད་ཡིན་ན།།
སངས་རྒྱས་འགྲོ་དོན་བྱུང་བའི་རྣམ་ཐར་རྫུན།།
ཡིན་ཡང་གནས་ཚུལ་བྲིས་བ་དང་མ་བྲིས་བ་གཉིས་ལས་བྲིས་བ་དགེ་མཚན་ཆེ་བས་ཐུགས་རྗེ་ཞུ་འདོད་བྱུང་།
རྩོམ་པ་པོ་ལགས་གཤིས་རྒྱུད་དྲང་ཞིང་བདེན་པར་སྨྲ་བའི་གང་ཟག་ཡིན་ཚོད་འདུག རྗེས་སུ་ཡི་རང་ཡོད།
སོར་སོར་ཐར་པའི་སྡོམ་པ་ནི་ཞུ་ཡུལ་དེ་སྡོམ་པ་གཙང་ཞིང་སྡོམ་རྒྱུན་མ་འཆད་ཅིང་། ལྔ་ཕྲུག་ཉེར་ལྔ་སོགས་དང་ལྡན་ཞིང་།འཚོ་བ་བསོད་སྙོམས་བརྟེན་ཏེ་འཇིག་རྟེན་པའི་བྱ་བ་རྒྱང་རིང་དོར་བ་ཞིག་དགོས་པ་ལས། འཇིག་རྟེན་གྲགས་པ་དབང་བཙན་དུ་ག་དབང་བཙན་དུ་བྱས་ནས་མཐོ་བཤད་དང་འབྲེལ། མཁན་པོ་གཞན་ལས་ཞུས་ན་དེ་ཙམ་ཕན་ཐོགས་མེད་མདོགས་མ་གསུངས་རོགས།
མདོར་ན་ངའི་བསམ་ཚུལ་ནི་འདུལ་བ་ལས་བྱུང་བ་ལྟར་གྱི་མཚན་ཉིད་ལྡན་པའི་སྡོམ་པ་ཡོད་མཁན་ཞིག་ནི་ཞུ་ཡུལ་དང་ཞུ་མཁན་སུ་ལའང་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད་པ་གསལ་པོ་རེད། འོན་ཀྱང་དེའི་གསལ་བཤད་ཞུ་དགོས་པ་བྱུང་ན་གྲགས་པ་དབང་བཙན་པས་ན་ང་སྐད་ཆ་བཤད་མི་ཐུབ་པའི་ཚད་དུ་སླེབས་ཡོད། དེ་ནི་འཇིག་རྟེན་དབང་བཙན་པ་ཙམ་ལས་བདེན་རྫུན་ཐག་ཆོད་པ་ཡིན་པར་ངས་སེམས་གཏིང་ནས་ཁས་ལེན་བྱ་མི་ཐུབ། གནས་ཚུལ་དེ་ལ་ང་ཙམ་དུ་མ་ཟད་ཟླ་གྲགས་ཀྱང་ཞེད་པ་ཡིན་ཏེ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་གསུངས་པ་རེད།
ཡང་ཉིད་ཀྱི་གསུངས་དུ། (ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བཤད་ན་མཁན་པོ་ཉིད་རྩ་བ་ཆེ་རང་དྲགས་ནས་སྡོམ་ཞུའི་གནས་སྐབས་སུ་བཅོས་མའི་ངེས་འབྱུང་ཤུགས་དྲག་ཅིག་ནི་སྐྱེ་རྒྱུའི་གོ་སྐབས་བྱུང་མོད། དུས་རྒྱུན་ལྡན་ནས་འཇིག་རྟེན་དང་འཁོར་བའི་ཕུན་ཚོགས་ལ་ཞེན་པ་མི་རོ་བཞིན་དུ་ལོག་པའི་གཤིས་ཀ་ཞིག་ནི་ང་ལྟ་བུར་མཚོན་ན་གཏན་ནས་མེད་ཅེས་སྨྲས་ཀྱང་རྫུན་དུ་འགྱུར་གྱི་མ་རེད་བསམ། དེ་ལས་ལྡོག་སྟེ་ཆགས་སྡང་ཆེ་ཐག་ཆོད་ཀྱི་སྟེང་དགོས་དགོས་དང་མཁོ་མཁོའི་བསམ་པ་འཇིག་རྟེན་མི་ནག་པའི་བསམ་གཤིས་དང་ཁྱད་ཧ་ལམ་མེད་མཁན་ཞིག་ཡིན།)
དེ་ལྟར་ན་ཁྱོད་ལ་ངེས་འབྱུང་གི་སོར་སྡོམ་མེད་པས་ན། གོ་སྐབས་ཡག་པོ་ཞིག་བྱུང་སྐབས་ཟག་བཅས་ཀྱི་བདེ་སྐྱིད་ལ་མ་རོལ་བ་དེ་ཁྱོད་རང་ལ་གསབ་ཏུ་མེད་པའི་གྱོང་གུན་ཡིན། ཉིད་ཀྱི་སྡོམ་པ་ཞུ་སྐབས་མཁན་པོ་རྩ་ཆེ་དྲགས་ནས་བཅོས་མའི་ངེས་འབྱུང་ཞིག་སྐྱེ་བར་བཤད་མོད། མཁན་པོ་རྩ་ཆེ་བར་འཛིན་པའི་བསམ་ཚུལ་དེའི་དབང་གིས་དད་པ་ཤུགས་དྲག་ཅིག་སྐྱེས་ཡོད་ཚོད་འདུག ངེས་འབྱུང་བཅོས་མ་དང་བཅོས་མིན་གང་ཡིན་ཀྱང་། འཁོར་བ་མཐའ་དག་དང་འཁོར་བའི་བདེ་སྐྱིད། འཇིག་རྟེན་པའི་ཕུན་ཚོགས་མཐའ་དག་ལ་བློ་ལོག་འདོད་ཅིག་དགོས་པ་ལས། འཁོར་བའི་ནང་གི་གང་སྡུག་སྡུག་ཅིག་བསམ་བློའི་རྟེན་དུ་བླངས་ནས་དེ་ཡག་པོ་མི་འདུག་ཅེས་པ་ཙམ་དང་། རབ་ཏུ་བྱུང་བའི་མཁན་པོར་དད་པ་དང་མོས་པ་སྐྱེས་པ་ཙམ་གྱིས་སོར་སྡོམ་སྐྱེས་ཡོད་མེད་ཀྱིས་མཚན་གཞིར་གང་ནས་འགྱུར།
སྡོམ་པའི་མཚན་ཉིད་མེད་པའི་ཁྲིམས་ཤིག་བསྲུང་ཡོད་པ་འདྲ་སྟེ། ཉིད་ཀྱིས་སྡོམ་པ་བསྲུང་དགོས་པའི་རྒྱུ་མཚན་བཤད་སྐབས། གཅིག་ནས་བླ་མ་རྩ་ཆེན་དང་། གཉིས་ནས་བཤེས་གཉེན་གྱི་ཞལ་རས། ཕ་མའི་བཀའ་སོགས་བགྲངས་ནས་མཐར་གཏུགས་ན་མི་ཁར་འཛེམས་པ་ཙམ་ལས་རྒྱུ་མཚན་ཆེན་པོ་ཞིག་མེད་པ་འདྲ།
དེས་ནས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། ཞེས་པ་དང་། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླངས་ནས། །གཞན་ནོར་གཞི་བཅས་ལྡོག་པ་ལུས་ངག་ལས། །སོགས་སྲེག་བཅད་བརྡར་བའི་གསེར་བཞིན་དུ་སོ་སྡོམ་ཀྱི་ངོ་བོ་བཞག་པ་ལས་རིང་དུ་སོང་ཟིན་པ་འདྲ། མཁྱེན་ལྡན་མཆོག་ལ་རྩེད་ཙམ་ཡིན།
དོན་ལ། རིགས་མེད་གཟུགས་མེད་ཀློག་ཙམ་མི་ཤེས་ཀྱང་། །རབ་ཏུ་བྱུང་ནས་བུད་མེད་མ་བསྟེན་ན། །ཡོན་ཏན་གཅིག་པུ་དེ་ཡིས་འཇིག་རྟེན་འདིར། །གདུགས་བཞིན་མངོན་པར་མཐོ་བ་མ་ཡིན་ནམ། །ཞེས་པ་ལྟར་རྒྱུ་མཚན་དང་ནུས་པ་ཡོད་པ་བཤད་མི་དགོས་པ་རེད།
པ་ཞིག་དགོས་པ་ལས།
དགོངས་དག ཕུར་ཞེས་བ་ནི་སྙེས་ལ་བཅོས་བ་ཡིན།
འཇིག་རྟེན་གྱི་བདེ་བའི་ཡང་རྩེར་སོན་པའི་འཁྲིག་སྤྱོད་ཀྱི་བདེ་བ་དེ་ཁྱོད་ཀྱིས་མྱང་མ་ཐུབ་པ་འདྲ། གཅིག་ཐེང་ན་ཁྱེད་རང་ཕོ་ཡི་ནུས་པ་མེད་ནའང་ཐང་། གྲ྄་བ་ཡག་པོ་ཞིག་རེད་གཏན་ནས་བརྗོད་མི་ཐུབ། བུ་མོར་འགྲམ་པ་ཀླན་ཞོར་སྙིང་རྩ་འཕར་ཞོར་ད་དུང་གྲྭ་བ་ཞིག་ཡིན་མདོག་མ་སྟོན་པར་ང་ལ་ཕོ་དབང་གི་ནུས་པ་ཉམས་འདུག་བརྗོད་ན་ག་འདྲ་འདུག།
། དགེ་སློང་རྣམ་དག་ལ་ཕམ་ལྷག་གིས་མ་གོས་པ་ཞིག་དགོས་མོད། དགེ་ཚུལ་ཁོང་ནི་རྩ་བཞི་དང་འགལ་མེད་གི བསམ་པ་བཟང་ན་བུ་མོའི་འགྲམ་པར་གླན་ན་ཆོག་གི་ཡ། འབྲུག་པ་ཀུན་ལེགས་ཀྱིས། འཕྲལ་གཟུགས་ཇི་ལྟར་ཡིན་རུང་ཕུགས་བཙུན་ན་བཙུན་པ་ཡིན། ཞེས་གསུངས་འདུག ང་ལ་ཕྱི་རྒྱལ་བ་ཞིག་གིས་ཀྱང་འདི་ལྟར་བརྗོད་མྱོང། ཆོས་འདུལ་བ་ནང་བཞིན་བྱས་ན། མི་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག ཕོ་མོ་འདྲ་མཉམ་མ་རེད་ཟེར།
ཕྱི་རྒྱལ་བ་མགོ་སེར་དེ་ཚོས་སྐྱག་པ་ར་ཅིག་ཤེས་ན། གང་ལྟར་གོང་གི་ལྷོ་ཕྲུག་སྣ་བོས་བཤད་པའི་གནད་དོན་འདིས་ཁྲོད་ན་ཐུན་མོང་གི་སྐྱོན་ཅིག་ནི། འགྲམ་ཤ་གླན་པ་དེ་མ་ཡིན་པར་ཐོག་མའི་ངོ་ཤེས་པའི་རྒྱུད་རིམ་དེ་རེད། ལྷོ་ཕྲུག་སྣ་བོ་ཁྱེད་རང་ཆོས་ལུགས་དང་འདུལ་ཁྲིམས་ཀྱི་དངོས་གནས་བདེན་པ་དང་གནས་ལུགས་ཀྱི་ལུང་རེ་འདྲེན་རྒྱུ་ཡོད་མདོག་ཁ་བོ་རེད། དེའི་ཕྱོགས་ནས་ང་ལ་སྐད་ཆ་འདྲ་མེད། འོན་ཀྱང་། བུད་མེད་དེའི་ཁྱེད་རང་ལ་འགྲམ་ཤ་གླན་ས་དང་ཁྱེད་གཉིས་བར་གྱི་འབྲེལ་བ་དེ་ཚད་དེ་འདྲ་ཞིག་སླེབས་པའི་རྒྱུད་རིམ། ད་དུང་བུད་མེད་དེའི་མིག་ཆུ་བཞུར་དགོས་པའི་རྒྱུ་རྐྱེན། ངས་བསམ་ན་གནད་དོན་དངོས་ཁྱེད་རང་གི་བཤད་ཟིན་པ་འདི་འདྲ་ཞིག་ཡིན་མདོག་ཁ་བོ་མ་རེད། ཐོག་མའི་ངོ་ཤེས་པའི་རྒྱུད་རིམ་དེ་གསལ་བོར་མ་བཤད་པ་ཡིན་ན། ངས་ནི་ཁྱེད་རང་གྲྭ་བ་རྣམ་དག་ཅིག་རེད་མི་འདོད་དོ།
ལྷོ་ཕྲུག་སྣ་བོ་ཆེ། སྐད་ཆ་དེའི་མཐའ་ཆ་ཚང་བ་ཞིག་ཤོད་དང་ཉམ་འདུག ངས་ཉན་འདོད་ཆེན་པོ་འདུག་ཁྱེད་ཀྱི་སྒྲུང་དེ་ལ་ད་དུང་བཤད་ཡ་ཡོད་ཐག་ཆོད་རེད་འདུག་ཅིག་བྱས་ན་གཞན་ལ་ཕན་ཡང་སྲིད་ཡ་དྲ་གྲོགས་ལགས་ཤོད་དང་ཤོད་དང་།
བུད་མེད་ཞིག་གིས་ཁྱོད་ལ་འགྲམ་བཅར་དང་མིག་ཆུ་གཏོང་བའི་གཏམ་དེ་ལ་གཞིགས་ན་ ཁྱོད་ཀྱིས་སྔར་ནས་བརྗོད་རྒྱུ་མེད་པའི་རོ་ཞིག་མྱོངས་ཚར་བ་ཡིན་འདྲ།
ཧེ་ཧེ་ ཀུ་ཅུ་རེད་་་་་་་་་་་་་་་་
ཡིད་མི་ཆེས་པའི་སྐད་ཆ་འདི་དག་ཁུངས་ལུང་ཡོད༌པ་མ་རེད། ཡང་མིན་ན་སྔོན་ནས་མཚན་མཐུན་འཁྲིག་སྤྱོད་བེད་སྤྱོད་བཏང་པ་འདྲ།
སྐབས་འགར་ལྷ་མོ་མཐོང་ཡང་ཞེན་པ་ལོག།།
སྐབས་འགར་རྒན་མོ་མཐོང་ཡང་ཆགས་པ་སྐྱེ།།
སེམས་ཀྱི་བསླུས་པ་གྲངས་ཀྱི་མི་ལངས་པ།།
ད་ལྟའི་འཆར་སྒོ་འདི་ལ་ཡིད་རྟོན་ཅི།།
ཚིག་འདི་དགེ་ཆོས་ཀྱིས་གསུང་ཡིན་སྙམ། གང་ལྟར་བླར་རྒན་འདི་ཨིན་ཆུང་གི་རྐུབ་ལ་རྒྱུགས་སྡད་མཁན་ཞིག་ཡིན་པ་ཐག་ཆོད།
དང་པོ་ངས་ཡུལ་གངས་རིའི་ཁྲོད་ཀྱི་འདུལ་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་མཚོ་སྣ་བའི་གསུང་བཟང་ཚད་འཛིན་གྱི་གཞིར་བཞག་ནས་དགེ་སློང་རྣམ་དག་གི་མཚན་ཉིད་འཇོག་རྒྱུ་ཡིན།
དེ་ཡང་ཁོང་གི་གསུང་མཚོ་ཊིཀ་ལས་༼བསྙེན་རྫོགས་ཀྱི་སྡོམ་ལྡན་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་རྣམ་འབྱེད་གཅིག་ལས་འཕྲོས་པ་དང་འོད་ལྡན་ལས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་ལ།༽
ཞེས་འབྱུང་བ་འདི་ཁོ་ན་ལྟར་ལགས་ན་བུད་མེད་ལ་རེག་པ་དང་ཐུག་པ་ཙམ་གྱིས་གྲྭ་ཟུར་ཞིག་ཏུ་འགྱུར་མི་དགོས་རྒྱུ་སྨྲོས་ཅི་དགོས་ཏེ་དགེ་སློང་རྣམ་པར་མི་དག་པ་ཞིག་ཏུ་ཡང་འགྱུར་མི་དགོས་པ་འདི་མང་མང་གིས་མཁྱེན་དགོས་པའི་གནད་ཅིག་མིན་འགྲོ་བསམ། འོན་ཀྱང་བུད་མེད་ལ་རེག་པ་དང་ཐུག་པར་ཉེས་སྐྱོན་མེད་ཅེས་ཞུ་ཡི་མེད་ལགས།
དེ་ནས་དྲྭ་གྲོགས་བློ་ལྡན་བོན་ནག་ཚང་གིས་ཅ་ལག་ཕྲན་ཚེགས་ཕར་སྤྲོད་ཚུར་ལེན་མ་བྱས་པ་ཙམ་གྱིས་སྡོམ་པ་གཏོང་རྒྱུ་ཡོད་པ་འདྲ་ཞིག་གསུངས་སོང་། སྤྱིར་མ་བྱིན་ལེན་གྱི་ཕམ་པ་འདི་རྙོག་དྲ་ཚ་པོ་ཞིག་ཡིན་པ་འདྲ་སྟེ་འདིའི་ཚད་འཇོག་སྐབས་འདྲ་མིན་མང་པོ་ཞིག་སྨྲ་རྒྱུ་འདུག འོན་ཀྱང་ཁོ་བོ་ནི་གོང་དུ་དྲངས་ཟིན་ལྟར་ཀུན་མཁྱེན་མཚོ་སྣ་བའི་འགྲེལ་པ་ཉིད་ལ་ཁུངས་གཏུགས་པ་འོས་སུ་ཆེ་བར་བསམ་གྱིན་ཡོད་དེ་ལུང་རིགས་ཀྱི་སྟོབས་བླ་མེད་དུ་ལྡན་པའི་ཕྱིར་རོ།།
དེ་ཡང་ཁོང་ནས་༼དེ་ལྟར་གཞུང་རྣམས་ལས་བཤད་ཚུལ་མང་ན། རིན་ཐང་ཇི་ལྟར་བརྩི་ཞེ་ན། གཞུང་དེ་རྣམས་ཐམས་ཅད་ཀྱང་གསོད་པའི་ཆད་པའི་རིན་ཐང་གི་ཚད་དང་མཉམ་པ་མཚོན་པར་དགོངས་ཏེ། དེ་ལྟར་ན་ཡུལ་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱིས་ཕམ་པར་འགྱུར་རོ།། འདི་ལ་ལུང་རིགས་གཉིས་ལས།
ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་བཀྲི་ཞིང་སྲོག་དང་འབྲལ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ།།
རིགས་པས་ཀྱང་སངས་རྒྱས་ཀྱིས་རང་གི་ཉན་ཐོས་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་བཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང་། ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་རོ།།༽ཞེས་གསུངས་པར་དགོངས་བཞེད་གནང་ཚེ་ཅ་དངོས་ཕྲན་ཚེགས་ཕར་སྤྲོད་ཚུར་ལེན་མ་བྱས་པ་ཙམ་གྱིས་ས་ཕམ་པར་འགྱུར་མི་དགོས་པའི་གནད་མཁྱེན་པར་འགྱུར་རོ།།
དེ་ནས་དྲྭ་གྲོགས་ཀླུ་མོ་མཚོས་ང་ལ་ཕོ་དབང་གི་ནུས་པ་ཉམས་འདུག་བརྗོད་རོགས་གསུངས་བྱུང་། ང་དགེ་སློང་ཡིན་ཟེར་གྱིན་ཟེར་གྱིན་ཕོ་དབང་གི་ནུས་པ་ཉམས་འདུག་ཇི་ལྟར་བརྗོད་དགོས་པ་རེད་ལགས། ཕོ་དབང་གི་ནུས་པ་ཉམས་པ་དགེ་སློང་དུ་མི་རུང་སྟེ།
སྤྲུལ་དང་ཕོ་མོ་མ་ནིང་ལྔ་ལྔ་བཅུ། །
མཚན་ལན་གསུམ་འགྱུར་མཚན་དུག་མཚན་མེད་དང་། །
ཟ་མ་དུད་འགྲོ་མི་མིན་སྒྲ་མི་སྙན། །
ལུས་དག་སྡོམ་པ་འཐོབ་མིན་བཅོ་བརྒྱད་དོ། །
ཅེས་གསུངས་པའི་ཕྱིར་རོ་སྙམ་ལགས། འོན་ཀྱང་ཁྱེད་ལ་མི་འདྲ་བ་ཞིག་གསུང་རྒྱུ་ཡོད་ན་གསུང་རྐྱང་གནང་རོགས།
གོང་དུ་དྲྭ་རོགས་རྣམས་ཀྱི་རེ་འདོད་བཞིན་ངས་ཀྱང་སྣ་བོ་ཆེ་ལགས་ཁྱེད་ཀྱི་བུ་མེད་གཉིས་པ་དེ་ཇི་ལྟར་འཕྲད་པའི་ཚུལ་མདོ་ཙམ་ཡིན་གསུང་པ་ལ་གཞིག་ན་རྒྱས་པ་བཤད་ན་དེ་ཉེ་རུ་སོང་ཡོད་བཤད་མ་དགོས་སོ།
ད་དུང་ཁྱེད་ཀྱི་ངེད་ཚང་ལ་བུ་མེད་དང་པོ་དེ་ཇི་ལྟར་འཕྲད་པའི་སྐོར་བཤད་མི་ནུས་པ་གང་ཞིག་ཡིན། ད་སུང་དགེ་སློང་ཁྱེད་དང་ལྷན་དུ་མིག་ཆུ་གཏོང་རེས་བྱེད་བཞིན་ཡིན་ནམ། ང་ཚོ་ལ་གཅིག་གསུང་དང་སྒྲུང་སྙན་པོ་ཞིག་ཡོད་ས་རེད། དྲྭ་རོགས་ཚོས་མཆན་འདེབས་རྒྱུར་ངང་བསྒུག་བྱ་བཞིན་ཡོད་ཚོད་རེད།
གོང་གི་ལུས་དག་སྡོམ་པ། ཞེས་པ་ལུས་ངག་སྡོམ་པ་འཐོབ་མིན་བཅོ་བརྒྱད་དོ། །ཞེས་པ་ཡིན།
དེ་ནས་ངེས་འབྱུང་གི་བསམ་པ་མེད་པར་དགེ་སློང་དུ་ཇི་ལྟར་འགྱུར་སྙམ་གྱི་ཐུགས་དྭོགས་མི་ཆུང་བ་ཡོད་མཁན་ཡང་འགའ་རེ་ཡོད་པར་སྣང་བས། དེ་དག་ལ་རྗེ་བཙུན་ཙོང་ཁ་ཆེན་པོའི་གནམ་རྩེ་ལྡེང་མའི་ལུང་འདི་འབུལ་བ་ལགས་པས་ཐུགས་རྟོག་ཞིབ་ཏུ་མཛད་པར་ཅི་གནང་ཞེས་ཞུ་བ་ཡིན།
གནམ་རྩེ་ལྡེང་མ་ལས་༼མྱང་འདས་ཀྱི་བསམ་པ་མེད་པར་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་ན་འཁོར་བ་མཐའ་དག་གི་ཉེས་དམིགས་ཤེས་ནས་འདོར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་མ་སྐྱེས་ཀྱི་བར་དུ་སྡོམ་པ་མི་སྦྱིན་པར་འགྱུར་རོ་སྙམས་ན། འདིར་མྱང་འདས་ཀྱི་བསམ་པ་ནི་སྲིད་པའི་སྐྱོན་དང་ཞི་བའི་ཕན་ཡོན་བསམ་པས་ཡིད་འགྱུར་གྱི་མྱོང་བ་ཤུགས་དྲག་ལ་མི་བྱེད་ཀྱི། སྐྱབས་འགྲོའི་བརྡ་སྦྱར་བའི་གོ་བ་བརྟན་པོ་ལ་བྱེད་དོ།།༽ཞེས་གསུངས་པ་ལགས།
འདི་ལྟ་མིན་ན་དུས་དེང་སང་དགེ་ཚུལ་སློང་རྙེད་རྒྱུ་ཁག་ཙམ་མི་ཡོང་ངམ།
དྲྭ་གྲོགས་འཕྲིན་ལས་ལགས། ཁྱེད་ནས་མཁྱེན་གསལ་ལྟར་ངས་བྱུང་བ་དངོས་ཀྱི་ནང་གསལ་གསལ་ཐིང་ཐིང་བྱས་ནས་དེང་སང་ཁོ་མོ་གནས་སྟངས་གང་འདྲ་ཞིག་གི་ནང་ཡོད་མེད་ཀྱང་ཤེས་ཀྱི་མེད་ཅེས་ཞུས་ཡོད།
བུད་མེད་གཉིས་དང་གློ་བུར་དུ་ཁ་ཐུག་པའི་གནས་སྟངས་འདི་ངས་བཀྲ་མི་ཤིས་པ་ཞིག་ལ་བརྩི་ཡིན་ཡོད་སྟབས་གོང་བཤད་ལས་བརྒལ་བའི་གསལ་ཁ་གང་ཡང་གཏོད་འདོད་མི་འདུག འོན་ཀྱང་ལོ་རྒྱུས་འདི་འདྲ་ཞིག་གཤར་མར་འབྲི་དགོས་པ་དེ་བྱུང་བ་དངོས་ཀྱི་མཇུག་ཐད་དུ་ཞུས་ཟིན་ལྟར་དེང་སང་གྲྭ་གཞོན་ཧ་ཅང་ཧ་ཅང་གི་མང་པོ་མང་པོ་འཆར་གཞི་དང་གོ་རིམ་སོགས་ཅི་ཡང་ཡིད་ལ་མི་བྱེད་པར་གཅིག་ལ་གཅིག་འགྲན་གྱི་ངང་ཚུལ་ལྟ་བུས་ཨ་ནེ་རྒན་མོ་དང་ཨ་ཅེ་ལོ་ལོན་ཚོའི་པང་ཐོག་ཏུ་མཆོངས་བཞིན་པ་མཐོང་གིན་འདུག་སྟབས་ཚུལ་དེར་མ་བཟོད་པ་དང་རང་གི་བཟོད་སྒོམ་ལ་དགའ་སྒོམ་ཙམ་བྱེད་ཕྱིར་བྲིས་པ་ལས་གཞན་གྱི་ཀུན་སློང་ཅི་ཡང་མེད་ལགས།
ལྷ་ཕྲུག་ལགས་བུ་མེད་པ་གཉིས་པ་ལ་གློ་བུར་ཁ་ཐུག་ཅེས་གསུང་འདུག་པས་དེ་ཡང་ཅུང་ཟད་དོགས་གཞི་ཡོང་བ་སྨྲོས་མེད་ལ། འོན་ཀྱང་ཡུལ་དུས་གང་ཟག་ལ་གཞིག་སྟེ་དགོས་པ་རྒྱུ་མཚན་གྱིས་གསུང་མི་འདོད་པའང་ངོས་ལེན་ཡོད། ད་ནི་ཁྱེད་དགེ་སློང་སྡོམ་ལྡན་ཁ་རི་ཁ་ཐུག་ལྷག་བསམ་ཅན་ཞིག་ལ་ངོས་འཛིན་བྱས་ན་མི་འགྲིག་པ་མེད་པར་སྙམ། ད་དུང་དེ་འདྲ་བའི་དངོས་ཡོད་ཉམས་མྱོང་གི་སྒོ་ནས་མུ་མཐུད་འབྲི་གནང་ན་ཁྱེད་རང་གི་དགོངས་གཞི་ལྟར་ལོ་ཆུང་བན་དེ་རྣམས་ལ་ཕན་པར་མངོན།
བུད་མེད་གཉིས་པ་དེ་ཤོད་ག་ལ་ནུས།
དེ་བཤད་ན་གསང་བ་ཆེན་པོ་ཡོད་རྒྱུ་རེད། མ་ཟད་གལ་ཏེ་ཁྱེད་ཀྱིས་དེ་ལྟར་གསལ་ཐིང་ངེར་བཤད་ན་མོས་ཧ་གོ་ན་ཁྱེད་ཀྱི་མཚངས་ཐམས་ཅད་གསལ་ཐིང་ངེར་སློག་ངེས་རེད། དེ་ཡིན་དུས་གསལ་བསྒྲགས་མ་བྱས་ན་ཡག་གི་རེད།
ངོ་མ་བྱེད་ན་ཁྱེད་ཀྱི་བུད་མེད་དེ་ཡི་གདོང་པར་ཨོ་སྦྱར་བ་དེ་གསང་དགོས་པ་ཞིག་འདུག
ད་གྲྭ་ཆུང་ལོ་ཆུང་དེ་ཚོས་ཁྱེད་དང་འདྲ་བར་ཨོ་སྦྱོར་བའི་ཉེན་ཁ་ཤིན་ཏུ་ནས་ཆེ།
གཙོ་བོ་བསམ་པ་རེད་ཡ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།སྔ་མ་བླ་བྲང་བཀྲ་ཤིས་འཁྲིལ་དུ་ངའི་ངོ་ཤེས་གྲྭ་ཆུང་ཡོན་ཏན་ཅན་ཞིག་ཡོད། ཁོ་བསམ་པ་བཟང་དྲགས་ནས་གཞན་གྱིས་ཚུར་ག་ཚོད་བརྙས་བཅོས་བྱས་ནའང་ཕར་ཡ་ལན་སྤྲོད་ཐུབ་ཀྱི་མེད། ཉིན་ཅིག་ངས་ཁོ་ལ་བསམ་པ་བཟང་དྲགས་ན་གཞན་གྱིས་ག་བར་ཁྲིད་ཁྲིད་རེད་ཅེས་བཤད་པ་ན། ཁོས། ང་ལ། ཀུན་མཁྱེན་འཇིགས་མེད་དབང་པོ་ཚང་གིས་གཞན་དོན་བསྒྲུབས་ན་གསེར་གྱི་མཆོད་རྟེན་ཞིག་བཞེངས་བའི་ཕན་ཡོན་ཡོད་ནི་རེད། གསུང་གི་ཟེར། ང་གད་མོ་ཞིག་ཤོར། དེ་ཀུན་མཁྱེན་གྱི་གསུངས་ནི་མ་རེད། དངུལ་རའི་བླ་རྒན་ཞིག་གི་སྐད་ཆ་རེད། བླ་རྒན་དེ་ཚོ་ཁོམ་སོང་ན་ཁ་བརྡ་མང་ནི་རེད། ཁྱོས་གཏན་ནས་མཉན་མི་ཉན། ཁྱོད་འཕྲོ་བརླག་ལ་གཏོང་རྒྱུ་རེད་ཡ། ཅེས་ཁོ་ལ་ངས་སྙིང་ཉེ་བའི་སློབ་གསོ་བཏང་།
ཨོ་མིག་བརྒྱད་པ་ཁྱེད་དེ་སྐོར་ལ་རབ་འབྱམས་པ་ཞིག་ཡིན་ས་རེད།
གྲྭ་ཆུང་དེ་ཡིས་སྟག་མོར་ལུས་སྦྱིན་གནང་སྟངས་དང་འདྲ་སེ་ཞིག་བཤད་འདུག
ལྷོ་ཕྲུག་སྣ་བོ། ཁྱོད་ཀྱིས་མ་བྱིན་ལེན་གྱི་བརྩི་སྟངས་མཚོ་ཊྲིཀ་ན་ཤིན་ཏུ་མང་པོ་ཡོད་པ་ལས། གཅིག་ཀྱང་མ་དྲངས་པར། ལུང་དེ་ཁོ་ན་དྲངས་པ་ནི་ཤིན་ཏུ་ནས་གླེན་རྟགས་ཤིག་རེད། ལས་དང་པོ་པ་མང་པོ་ཞིག་ལ་དོགས་པའི་གནས་སྐྱེས་པའི་གཞི་ཞིག་རེད། གཞན་ཡང་རྐུན་ལས་ཀྱི་རིན་ཐང་ལ་རྟེན་ནས་སྲོག་ཁྲིམས་མི་གཅོད་པའི་རྒྱལ་ཁབ་དེང་སང་ཁེངས་བསྡད་ཡོད་པ་རེད། རྒྱལ་ཁབ་དེ་དག་ནས་དགེ་སློང་གིས་རྐུ་མ་ག་ཚོད་བརྒྱབ་ན་ཡང་འདུལ་བ་ནས་བཤད་ན་ཁེ་སང་རེད་དམ། ཁོང་ཚོས་རྐུ་མ་ག་ཚོད་བརྒྱབ་ན་ཡང་དགེ་སློང་གི་སྡོམ་པ་མི་ལྟུང་པ་རེད་དམ། མཐོང་ཚད་མ་བྲིས་ན་ལེགས།
གྲྭ་ལོག་དང་ལྟ་ལོག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། བླ་མ་དང་སྤྲུལ་སྐུ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད།
དགེ་སློང་དང་དགེ་སློང་རྣམ་དག་གཉིས་ལ་ཡིན་མིན་གྱི་མུ་གསུམ་ཡོད། རབ་བྱུང་བ་དང་ཆོས་པ་རྣམ་དག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད།
དམ་ཆོས་འདུལ་བ་ཡུལ་དུས་དང་མཐུན་པར་སྟོན་པས་བཅས་པ་མཛད་པ་ཞིག་ཡིན་སྟབས། མ་བྱིན་ལེན་གྱི་རྫས་རིན་ཐང་ཚང་བ་ཡུལ་དུས་གནས་བབས་ཀྱི་དབང་གིས་འཇོག་དཀའ་བ་ཞིག་ཆགས་འདུག། མཚོ་ཊིཀ་དང་རིན་ཕྲེང་གཉིས་གསུང་ཚུལ་མི་མཐུན་པ་ཅུང་ཟད་རེ་ཡོད་པའང་ཡུལ་དུས་ཀྱི་དབང་གིས་ཡིན་ནམ། ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་རྫས་རིན་ཐང་ཚང་བའི་ཚད་དང་དེང་སང་གི་པད་ཤག་ལ་རྩིས་བརྒྱབ་པའི་རྫས་རིན་ཚང་གཉིས་བསྡུར་བ་ཡིན་ན་ཡུལ་ཁྲིམས་དང་འགལ་བ་ཆགས་ཡོད་མེད། དེ་ལ་མ་བྱིན་ལེན་གྱི་ཕམ་པ་འབྱུང་གི་ཡོད་མེད་བཤད་དཀའ་བ་ཞིག་རེད། སྤྱིར་བཏང་དམ་ཆོས་འདུལ་བའི་སྐོར་གྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་གཞན་ཞིག་ནི། རབ་བྱུང་བ་ཚོའི་ལུས་ངག་ལ་སྦྱོང་བརྡར་བཟང་པོ་ཞིག་སྤྲོད་པ་ལྟ་བུའི་ཉེས་སྤྱོད་སྡོམ་པ་དང་ཀུན་གྱི་མིག་དཔེར་ལྟ་འོས་པའི་ཀུན་སྤྱོད་ཚད་ལོངས་པ་ཞིག་རེད། འཁོར་རྣམ་བཞིའིསྐབས་སུ་དགེ་སློང་དང་དགེ་སློང་མ། དགེ་བསྙེན་དང་དགེ་བསྙེན་མ་བཞི་ལ་གསུངས་འདུག རྒྱུ་མཚན་ཅི་ཡིན་ནམ།
ཉེ་བའི་ལོ་འགའི་སྔོན་སེར་བྱེས་ལྷ་རམས་པ་རིན་ཆེན་དངོས་གྲུབ་ཀྱིས། དགེ་སློང་མའི་སྐོར་གྱི་དོགས་སེལ་ནོར་བུ་ཀེ་ཏཀའི་ཕུང་པོ་ཞེས་བྱ་བ་ཞིག་བྲིས་འདུག བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་དམིགས་བསལ་དགེ་སློང་མའི་སྐོར་གྱི་ཉམས་ཞིབ་ཚོགས་ཆུང་ཞིག་བསྐོ་བཞག་བྱས་ནས་ད་བར་ཉམས་ཞིབ་བྱས་འདུག་ཀྱང་གྲུབ་འབྲས་འབུར་ཐོན་ཞིག་ཡོང་ཐུབ་མེད་པ་དང་གཙོ་བོ་བོད་ལ་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད་ཀྱི་སྐོར་དེ་རེད། ཁུངས་གཏུགས་ས་བཀའ་བསྟན་གྱི་གླེགས་བམ་དེ་ཚོ་རེད་དེ་ཆོས་རྒྱུད་ཁག་སོ་སོའི་སྔོན་བྱུང་མཁས་པ་ཚོས་གསུང་ཚུལ་དང་དགོངས་པ་བཞེས་ཕྱོགས་མི་འདྲ་བ་ཡོད་སྟབས། བསམ་ཚུལ་ཕྱོགས་ལ་ཕབ་རྒྱུར་ཁག་པོ་མིན་ནམ། རང་རང་ལུགས་ལ་རང་རང་དབུ་མ་བ་ཡིན་ཟེར་གི་ཡོད་པ་རེད།
ཟླ་མེད་ལགས་ཀྱི་བཀའ་བཀྱོན་ལ་གུས་བརྩི་ཡོད་ལ། ལས་དང་པོ་བ་མང་པོར་དྭོགས་གཞི་ཆགས་སྐོར་གསུངས་པ་ཤིན་ཏུ་བདེན།
སྤྱིར་ཁྱེད་གསུང་བ་ལྟར་མཚོ་ཊཱིཀ་ཏུ་བཞེད་ཚུལ་མི་འདྲ་བ་མང་དག་བཀོད་ཡོད་པ་བདེན་པ་རེད། འོན་ཀྱང་ཞིབ་པར་བཀླག་ན་དེ་དག་ཀུན་མཁས་པའི་བཞེད་སྲོལ་ཇི་ཡོད་རྣམ་གྲངས་ཙམ་དུ་འདྲེན་པར་མཛད་པ་ཙམ་ལས་མཚོ་སྣ་བ་རང་ལུགས་སུ་བཞེད་ནས་བཀོད་པ་ཞིག་མིན། གོང་འཁོད་མཆན་བུར་དྲངས་པའི་ལུང་དེ་ནི་ཀུན་མཁྱེན་མཚོ་སྣ་བ་རང་གི་དགོངས་ཚུལ་ཕྱོགས་སྡོམ་བྱས་པའི་གྲུབ་དོན་ཞིག་ཡིན་པ་ཞིབ་པར་གཟིགས་རྟོག་གནང་ཚེ་མཁྱེན་པར་འགྱུར།
རྒྱ་གར་དུ་མ་ཤ་ཀ་ལྔར་འདོད་པ། པ་ཎ་བཞིར་འདོད་པ། དངུལ་ཞོ་གཅིག་ལ་འདོད་པ། དངུལ་ཞོ་བརྒྱད་ཆ་གཅིག་ལ་འདོད་པ་སོགས་མི་འདྲ་བར་འདུག་ལ། རང་རེ་བོད་དུ་ཡང་ཀུན་མཁྱེན་བུས་ཚོང་འདུས་མགུར་མོའི་གསེར་ཞོའི་བཞི་ཆར་བཞེད་པ། རྗེ་བཙུན་རེད་མདས་གསེར་ཞོ་གང་གི་ཕྱེད་ལ་བཞེད་པ། འདུལ་འཛིན་རྒྱ་ཡིས་རྟ་རྒོད་མ་གཅིག་གི་རིན་ཐང་ལ་བཞེད་པ་སོགས་མཐའ་ཡས་པ་ཞིག་འདུག
གང་ལྟར་ནའང་ཀུན་མཁྱེན་མཚོ་སྣས་ཡུལ་ཁྲིམས་ཀྱི་ཆད་པ་རབ་གསོད་པའི་ཆད་པ་དང་སངས་རྒྱས་ཀྱི་བཀས་བཅད་ཀྱི་ཆད་པ་རབ་ཕམ་པའི་ཆད་པ་ཡིན་པའི་མཚུངས་བསྡུར་གྱི་རིགས་པ་ཞིག་བཀོད་དེ་གང་བརྐུས་ན་སྲོག་ཁྲིམས་ཀྱི་ཆད་པ་བཅད་རུང་བའི་རྐུ་རྫས་ཤིག་བརྐུས་པར་ཕམ་པ་འགོས་རུང་བའི་གནས་ལུགས་གསུངས་ཡོད། འདི་ནི་སྟོན་པའི་བཀའ་དགོངས་དང་ནམ་གཞར་ཡང་འགལ་དུ་མེད་པའི་རིགས་པ་ཡིན།
ངས་ཀྱང་གོང་དུ་ཀུན་མཁྱེན་གྱི་གསུང་འདི་ལུང་འདྲེན་ཞུས་ནས་གནས་ལུགས་ཀྱི་སྒོ་མོ་ཞིག་ཕྱེ་ཙམ་བྱས་ཁུལ་ལས་ཡུལ་ལུང་ཐམས་ཅད་དུ་སྲོག་ཁྲིམས་གཅོད་སྲོལ་ཡོད་བཞག་ལྟ་བུ་དང་སྲོག་ཁྲིམས་ཀྱི་ཉེས་པ་གཅོད་པའི་སྲོལ་མེད་སའི་ལུང་པར་རྐུན་པ་ཇི་ཙམ་བརྐུས་ཀྱང་ཕམ་པ་མི་འབྱུང་བ་ལྟ་བུའི་སྐད་ཆ་ཞིག་བཤད་མེད་ལགས།
འོ་ན་སྲོག་ཁྲིམས་གཅོད་སྲོལ་མེད་པའི་ཡུལ་ལུང་དུ་ཡུལ་ཁྲིམས་ཀྱི་རབ་སྲོག་གཅོད་ཡིན་སྲོལ་མེད་ཕྱིར། ཡུལ་དེར་ཡུལ་ཁྲིམས་རབ་ཀྱི་ཚད་ཅི་འདྲ་བ་ཞིག་ལ་འཇོག་གམ་སྙམ་ན། དེ་ནི་ཡུལ་དེ་པའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་དང་ཁྲིམས་སྲོལ་ནང་ཉེས་པ་གང་ཞིག་རབ་དང་ཕུལ་དུ་གྱུར་པར་འདོད་པའི་ཉེས་པ་དེ་ཉིད་གཞི་རྩར་གཟུང་ནས་དེ་དང་ཉེས་ཆད་གཅིག་གྱུར་དུ་གཅོད་རུང་གི་རྐུ་རྗས་བརྐུས་པར་ཕམ་པར་འཇོག་དགོས་པ་རེད། དཔེར་ན་ཚེ་བརྩོན་ལྟ་བུ་ཉེས་པ་རབ་ཀྱི་ཚད་དུ་ཡུལ་དེ་པའི་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་དང་ཁྲིམས་སྲོལ་གཉིས་ཆར་ཡོད་ན། དེ་འདྲའི་ཉེས་པ་གཅོད་རུང་གི་རྐུན་ལས་ལ་ཕམ་པར་འགྱུར་དགོས་པར་བཤད་ན་དོན་ལ་གནས་པར་འགྱུར་སྙམ།
དྲྭ་གྲོགས་མིག་བརྒྱད་པ་ལགས་ཀྱི་མུ་གསུམ་མུ་བཞིའི་རྣམ་གཞག་འདི་དེང་སང་སྤྱི་ཚོགས་ཁྲོད་གསལ་པོ་བྱས་ནས་འགྲེལ་བཤད་རྒྱག་དགོས་པའི་ཆོས་ཚན་གལ་ཆེན་ཤ་སྟག་ཏུ་མཐོང་། སྐྱ་བོའི་སྤྱི་ཚོགས་སུ་རིགས་ལམ་འཁྲིད་སྐབས་མུ་གསུམ་མུ་བཞིའི་འགྲོས་འདི་འདྲ་བའི་ལམ་ནས་འཁྲིད་རྒྱུ་བྱུང་ཚེ་དགོས་པ་ཆེ་བར་སེམས།
འོན་ཀྱང་ཁྱེད་ནས་ཆོས་པ་རྣམ་དག་དང་རབ་བྱུང་ལ་མུ་བཞི་ཡོད་སྐོར་གསུངས་འདུག་པར་དྭོགས་པ་ཏོག་ཙམ་ཡོད། རབ་བྱུང་ཡིན་མཁན་ཆོས་པ་རྣམ་དག་མ་ཡིན་མཁན་དེ་གང་འདྲ་ཞིག་ཡིན་ན། ཅིག་གསུངས་རོགས།
དེང་དུས་དགེ་འདུན་པའི་ནང་དུ་རྐུ་བྱས་པ་ཡོངས་གྲགས་ཅན་མང་པོ་ཡོད་པ་བསྟན་པ་འཇིག་པའི་སྔ་ལྟས་མིན་ན་ཅི་རེད།
གོང་དུ་དགེ་སློང་ཡིན་མིན་ལ་ཚིག་ཐག་ག་རེ་དཔྱད་ཀྱང་དགོས་པ་གང་ཡང་མཐོང་གི་མིན་འདུག་རྒྱུ་མཚན་དེ་ལ་སྡོམ་པ་ཡོད་མེད་ནི་སུས་བཤད་ཤིས་དེ་ལྐོག་གྱུར་ཡིན་པས་སོ། ཡིན་ན་ཡང་བུ་མེད་དང་ལྷན་དུ་འགྲོགས་པ་ཙམ་གྱི་སྡོམ་ཤོར་བའི་ངེས་པ་དང་མཉམ་དུ་ཉལ་བ་ཙམ་གྱི་དེ་དང་ལྷན་དུ་ཁྲིགས་སྤྱོད་རྟེན་པའི་ཁྱབ་པ་སུས་གྲུབ་ནུས། དངོས་ནས་ཀྱི་སྡོམ་པ་བསྲུང་ནུས་མཁན་ཞིག་ཡིན་ན་འཆི་སྲོག་ལ་ཐུགས་ཀྱང་སྡོམ་པ་སྲུང་མཁན་མང་པོ་ཡོད་པ་ལོ་རྒྱུས་དག་ལ་གཟིགས་ན་མཁྱེན་ངེས་རེད། སྡོམ་ཚིག་གཅིག་བཀོད་ན།
རང་གི་ལུས་ངག་ཡིད་གསུམ་ནི། །ཉོན་མོངས་གཞན་དབང་མ་ཤོར་བ། །དགེ་བའི་ཕྱོགས་སུ་བཀོལ་ནུས་ན། །མཛེས་ལྡན་ལྷ་མོ་སྟོང་སྐོར་ཀྱང་། །བ་སྤུ་ཙམ་ཡང་འགུལ་ནུས་མིན། །
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ།།སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས།།སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།།རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ།།ཞེས་གསུངས་པ་ལྟར་ཐོས་པ་དང་བསམ་པ་ཙམ་གྱིས་མི་ཆོག་པ། རྗེ་རིན་པོ་ཆེས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། ཞེས་པ་ལྟར་ཐོས་དོན་རྒྱུད་ལ་མི་སྦྱོར་བའི་རབ་བྱུང་བ་དེ་ཚོ་ཆོས་པ་ཡིན་ཀྱང་ཆོས་པ་རྣམ་དག་མ་རེད། སྤྱོད་འཇུག་ལས་ཀྱང་། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་འགྱུར་རམ།། ཞེས་གསུངས་པ་ལྟར་ཆོས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་སྨན་དེ་འཐུང་དགོས་བ་རེད། ད་དུང་རྒྱུན་དུ་ཁུ་འབྱིན་གྱི་ལྷག་མས་གོས་བའི་རབ་བྱུང་བ་ཆོས་ཅན། ཁྱོད་ཆོས་པ་རྣམ་དག་མ་ཡིན་ཏེ། ཆོས་ཚུལ་བཞིན་དུ་ལག་ལེན་མི་བྱེད་མཁན་དེ་ཡིན་པའི་ཕྱིར།
ཐོས་པའི་སོ་འཛུགས་ན། སྒྲོ་འདོགས་གཡུལ་ལས་རྒྱལ།
བསམ་གཞིགས་སྒྲོན་གསལ་ན། སྲིད་པའི་མཛོད་ཕུགས་མཐོང།
ཐོས་བསམ་དོན་བསྒོམ་ན། མཆོག་གི་ནོར་བུ་ཐོབ།
རིག་ལྡན་འདིར་འཇུག་མཛོད།
དྲ་གྲོགས་མིག་བརྒྱད་པ་ལགས། ཁྱེད་ཀྱི་མུ་གསུམ་མུ་བཞི་དེ་ཁྱེད་ཁོ་ནའི་བསམ་ཚུལ་ཙམ་ཡིན་ནམ་ཡང་ན་ཁུང་ལུང་གཞན་ཡོད་ན། ཁྱེད་ཁོ་ནའི་དྲན་ཚུལ་ཡིན་ན་དེ་ནི་བསམ་བློ་དགེར་བ་ཞིག་ཡིན་པས་དྲང་བདེན་ཞིག་ཏུ་མི་འགྲོ། ཁུང་ལུང་གཞན་ཡིན་ན་དེ་ལ་ཡང་དཔྱད་དེ་བཤད་དགོས།
བློ་ལྡན་དྲྭ་གྲོགས་མིག་བརྒྱད་པ་ལགས་སུ་ཞུ་བ།
ཁུ་འབྱིན་གྱི་ལྷག་མས་གོས་པ་ཙམ་གྱིས་ཆོས་པ་རྣམ་པར་མི་དག་པ་ཞིག་ཏུ་འགྱུར་མི་དགོས་པ་གོང་དུ་དགེ་སློང་རྣམ་དག་གི་མཚན་ཉིད་བཞག་པ་དེས་འཐུས། འདི་ལྟར་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམས་པའི་གང་ཟག་དེ་རབ་བྱུང་རྣམ་དག་གི་མཚན་ཉིད་ཡིན་ཕྱིར། རབ་བྱུང་རྣམ་དག་ལ་ཆོས་པ་རྣམ་དག་གིས་ཁྱབ་བོ།།
ཕམ་པ་བཞི་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་རྒྱུ་ཆོས་ཀྱི་ཉམས་ལེན་མིན་པ་ཞིག་ཏུ་དགོངས་ཀྱི་ཡོད་ན་ནི་དེར་ཟད། དེ་མིན་ཕམ་བཞི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པར་འཛེམ་པའི་སྤྱོད་པ་ཆོས་འདུལ་བའི་ཉམས་ལེན་རྣལ་མ་ཞིག་ཏུ་དགོངས་ཀྱིན་ཡོད་ན་ནི་སྤྱོད་ཚུལ་དེ་ཉིད་ཀྱི་བརྟུལ་ཞུགས་ལ་གནས་པ་ཆོས་པ་རྣམ་པར་དག་པ་རྣམས་ཀྱི་ཡང་རྩེ་ཉིད་དུ་མགྲིན་པ་བསལ་ཏེ་སྨྲ་བར་ལུང་རིགས་ཀྱིས་མི་གནོད་དོ་ཞེས་ཁོ་བོས་སྨྲ་སྤོབས་སོ།།
བློ་ལྡན་ལ་སྟོད་བུས་དྲངས་པའི་ལུང་། བསམ་གཞིགས་སྒྲོན་གསལ་ན། །སྲིད་པའི་མཛོད་ཕུགས་མཐོང་། །གསུང་བའི་སྲིད་པའི་མཛོད་ཕུག་ནང་ཡོད་རྒྱུ་དེ་གཡུང་དྲུང་མིན་ན་ཅི་རེད།
དོམ་ཁྲ་ལགས། མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས་པ་ངའི་ཐོག་མའི་འདུན་པ་ཡིན་ལ། དེ་ང་རང་སྒེར་གྱི་བསམ་ཚུལ་ཡང་ཡིན། དེ་མིན་ཁྱེད་ཀྱིས་བཤད་པ་ལྟར་སྒེར་གྱི་བསམ་ཚུལ་རྣམས་ལ་བདེན་པ་མེད་ན་ཧ་ཅང་ཐལ་བ་མ་ཡིན་ནམ། དེ་ཡིན་ན་དྲང་བདེན་མ་ཡིན་པས་ཁྱབ་ན། དཔེར་ན། མི་གཅིག་གི་མིག་གིས་མངོན་སུམ་དུ་མཐོང་སོང་ན་དེ་ཡོད་པའི་གྲས་སུ་བཞག་དགོས་ལ། མི་གཅིག་གི་མིག་གིས་མངོན་སུམ་དུ་མ་མཐོང་ན་དེ་མེད་པའི་གྲས་སུ་བཞག་མི་དགོས་པ་དེ་ལ་མངོན་སུམ་ཚད་གྲུབ་ཟེར་གི་རེད། མུ་བཞི་སོགས་རྩིས་ཚུལ་སྤྱིར་བཏང་བསྡུས་གྲྭའི་རིགས་པའི་འགྲོས་ཤིག་རེད། དེ་ཡང་མངོན་སུམ་གྱིས་མ་ཡིན་པ་རྗེས་དཔག་གི་དཔྱོད་ཤེས་ལ་བརྟེན་དགོས་པ་རེད། མུ་བཞི་དེའི་འཕྲོས་གཅིག་གོང་ས་མཆོག་གིས་གསུངས་ཚར་བ་རེད། ཁྱེད་ཀྱིས་ཨེ་ཤེས། གཞན་རིགས་པ་སྨྲ་བ་མང་པོ་ཞིག་གིས་དེ་ལྟར་འདོད་པས་ཁྱོད་ལ་དགོས་མཁོ་ཡོད་ན་རེ་རེ་བཞིན་ངོ་སྤྲོད་བྱེད་ཆོག དེ་མིན་ཀླན་ཀ་འཚོལ་བ་ཡིན་ན་ཅི་ཆ། སྐུ་ཉིད་ཀྱི་ཡིག་ནོར། ༼ཁུང་ལུང༽ཁུངས་ལུང། ༼བསམ་བློ་དགེར་བ༽བསམ་བློ་སྒེར་བ། ༼ཁུང་ལུང༽ཁུང་ནི་ཨུ་ཁུང་། ཁུངས་ལུང་ཞེས་པའི་ཁུངས་ནི་འབྱུང་ཁུངས་ཀྱི་དོན།།
ལྷོ་ཕྲུག་སྣ་བོ་ཆེ་ལགས། མཚོ་ཊིག་གིས་དེ་ལྟར་གསུངས་པ་དགེ་སློང་རྣམ་དག་ཨེ་ཡིན་བསམ། དེ་ལྟར་ཡིན་ན་དགེ་སློང་དང་དགེ་སློང་རྣམ་དག་གཉིས་ལ་ཁྱད་པར་མེད་འགྲོ་བ་མ་ཡིན་ནམ། དགེ་སློང་ཡིན་མིན་གྱི་ཚད་ནི་མཚོ་ཊིག་གིས་གསུངས་པ་ལྟར་དང་དགེ་སློང་རྣམ་དག་ཡིན་མིན་གྱི་ཚད་ནི་ཕམ་ལྷག་གིས་མ་གོས་པ་ཞིག་དགོས་པ་མིན་འགྲོ རྗེ་དགེ་འདུན་གྲུབ་ཀྱི་རིན་ཕྲེང་ལ་གཅིག་གཟིགས་དང་ཤེས་ངེས་ཡིན། རབ་བྱུང་བ་ཡིན་ན་ཆོས་པ་རྣམ་དག་ཡིན་པས་ཁྱབ་ན། རབ་བྱུང་བའི་ཁྲོད་ན་ཚོང་ལས་བྱེད་པ་དང་ལྐོག་ཟ་བྱེད་མཁན། ཉམས་ལེན་མེད་མཁན། ཁ་བཤད་དོན་ལ་མི་གནས་མཁན་དེ་ཚོ་ཆོས་པ་རྣམ་དག་ཨེ་ཡིན་དཔྱད་པར་གནས་སོ།།
གྲོགས་པོ་ལགས།
ཁྱོད་ཀྱིས་ཁ་ནང་གི་ཤ་ཞིམ་པོ་དེ།
ལྕེ་ཡིས་འབུད་རྒྱག་བཏང་འདུག་ག
ཕངས་བ་ལ་དངོས་གནས་ཕངས་བ་ལ།
ཡ་རབས་མེ་ཏོག་འཛུམ་གྱིས་རྒོད་པའི།།
སྟོན་པ་མཉེས་པའི་མཆོད་སྤྲིན་ཉིད་དུ།།
བསླབ་སྐྱོར་ཆོས་གྲོགས་བཙུན་པའི་སྡེ་ལ།།
སྙིང་ནས་ཕྱག་འཚལ་ངག་གིས་བསྟོད་དོ།།
ཁྲིམས་ལས་འདས་པའི་ཉེས་དམིགས་བཅུ་གས།།
སྙིང་ལ་ཚེར་མའི་རེག་བྱ་རྩུབ་ཡང་།།
བཤགས་སྡོམ་ཉམས་ལེན་རྟག་ཏུ་འབད་པའི།།
ཁྲིམས་ལྡན་བཙུན་པ་བདག་གིས་མཐོང་ངོ།།
རྒྱན་དྲུག་གཞུང་ལུགས་ནམ་མཁའི་མཐའ་ལ།།
ཤེས་རབ་སྣང་བ་འབུམ་དུ་བརྩེགས་པའི།།
རྩོད་སྒྲའི་ང་རོ་འབྲུག་སྟོང་ལྡིར་བ།།
རྔམ་སྟབས་ཙམ་མིན་བདག་གིས་མཐོང་ངོ་།།
འདོད་ཆུང་ཆོག་ཤེས་འཚོ་བ་སྐྱ་ཆད།།
གསོ་སྦྱོང་མེ་ཏོག་ལྟ་བུར་མཛེས་པའི།།
བླ་གོས་གུར་ཀུམ་ཚལ་དང་འགྲོགས་ཤིང་།།
ཁྲིམས་ལྡན་གྲྭ་བ་བདག་གིས་མཐོང་ངོ་།།
སྡོང་བུ་རྩ་བ་རྒྱས་སྣང་བ་འབུམ་དུ་བཞད་པ།།
དྲ་གྲོགས་མིག་བརྒྱད་ལགས་སྐུ་ཁམས་བཟང་སྐུ་ཉིད་ཀྱིས་ངའི་ཡིག་ནོར་དང་དོན་ནོར་ཚང་མ་ལ་ནོར་བཅོས་གནང་བ་ལ་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཡ་ཡིན། སླད་ཕྱིར་ཡང་དེ་འདྲ་གང་མང་གནང་བའི་རེ་བ་ཡོད། ང་དྲ་ལམ་འདིར་ཞུག་པའི་དམིགས་ཡུལ་དང་ཤིན་ཏུ་མཐུན་བྱུང་། ཞུ་ཡ་ཞིག་ལ་ངས་སྡུས་གྲྭ་དང་ཚད་མའི་རིགས་ལམ་སོགས་ལ་མིག་རིབ་ཙམ་བྱེད་སྨྱོང་ཡང་འགྲུབ་འབྲས་ཆེར་མ་ཐོན། འོན་ཀྱང་ད་ཆ་ངས་ཁྱེད་ལ་ཞུ་ཡ་དེ་མུ་གསུམ་མུ་བཞི་ཅེས་པའི་གོ་དོན་འདྲི་ཡི་མེད། ཁྱེད་ཀྱི་མུ་གསུམ་མུ་བཞིའི་རྩི་བྱ་དེ་ལ་ཤིན་ཏུ་ནས་ཀྱང་ཉན་ཁ་ཆེན་པོ་ཞིག་ཏུ་གོ་སྟེ་བསམ་བློ་སྒེར་བ་ཞིག་ཡིན་ན་ནི། མ་མཐོང་ཕྱིར་ན་མེད་པ་མིན། །ཅེས་ཞུ་ཡ་དང་ཡང་རང་ཉིད་ཀྱིས་ཚད་མ་རུ་འཛིན་སའི་ཚིགས་དུམ་ཞིག་འཕེན་ཡ་ཡོད་ཀྱང་ཁྱབས་དང་མ་ཁྱབས་དཔྱད་རོགས་ཞུ་ཡ་ཙམ་ལས་ངས་ཁེས་མི་ལེན་ཅེས་པའི་སྐད་ཆ་ག་ནི་ག་ནི།།
དོམ་ཁྲ་ལགས། སྐུ་ཉིད་ཀྱི་དགོངས་འཆར་ལ་ལན་ཞིག་འབུལ་ན། ངས་མུ་གསུམ་མུ་བཞིའི་རྩིས་ཚུལ་ཁུངས་ལུང་མེད་པ་ཁ་ནས་གང་བྱུང་ཤོད་པ་དེ་འདྲ་གཏན་ནས་མིན། དང་པོ། གྲྭ་ལོག་ཡིན་ལ་ལྟ་ལོག་ཡིན་མི་དགོས་པའི་ཁུངས་ནི། མདོ་ལས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།།ཞེས་པ་འདི་ནི་ཚུལ་ཁྲིམས་འཆལ་ཀྱང་ལྟ་བ་ཡང་དག་པ་ཡོད་པའི་ཆ་ནས་གསུང་གི་ཡོད། ལམ་རིམ་སོགས་ན་མང་པོ་ཡོད་རེ་རེ་བཞིན་བཤད་པར་མི་སྤོབས། གཉིས་པ་ལྟ་ལོག་ཡིན་ལ་གྲྭ་ལོག་མིན་པ་ནི། དགེ་སློང་ལེགས་སྐར་ལྟ་བུ། ཁོང་གིས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་དེ་ནི་ལྟ་ལོག་རེད། ལས་དེའི་དབང་གིས་དམྱལ་བར་སྐྱེས་བར་མདོ་ལས་གསུངས། གསུམ་པ་གྲྭ་ལོག་དང་ལྟ་ལོག་གཉིས་ཀ་ཡིན་པ་ནི། དང་པོར་དགེ་སློང་ཡིན་པ་གང་ཞིག་ལ་གྲོགས་མི་སྟེགས་ཅན་དང་འགྲོགས་ནས་ལྟ་སྤྱོད་གཉིས་ཀ་ཉམས་པ་མདོ་དང་འདུལ་བ་སོགས་ན་མང་པོ་ཡོད་པ་དེ་ཚོ་རེད། བཞི་པ་གང་ཡང་མིན་པ་ནི། དགེ་སློང་འཆར་ཀ་ལྟ་བུའོ།། འདི་དག་མདོ་ལས་གསུངས་པ་གཞིར་བཞག་ནས་བཤད་ཀྱི་ཡོད། རང་རེའི་སྤྱི་ཚོགས་འདི་ལའང་དེ་ལྟ་བུ་མུ་བཞིའི་དབྱེ་བ་མེད་ཅེས་ག་ལ་ཟེར་ནུས།
བླ་མ་ཡིན་ལ་སྤྲུལ་སྐུ་མིན་པ་ནི། ༼ སྤྲུལ་སྐུའི་མིང་མེད་ཀྱང་དོན་གྱིས་མཁས་བཙུན་བཟང་གསུམ་འཛོམས་པ༽ སྤྲུལ་སྐུ་ཡིན་ལ་བླ་མ་མིན་པ་ནི།༼ དཔེ་ཆ་མི་ཤེས་པའི་སྤྲུལ་སྐུ༽ གཉིས་ཀ་ཡིན་པ།༼ རྒྱལ་བ་རིན་པོ་ཆེ་ལྟ་བུ༽ གཉིས་ཀ་མིན་པ།༼ ཨ་ཚོགས་གླུ་དཀར་བྱམས་ལྟ་བུ༽
ལགས་སོ་གྲོགས་མིག་བརྒྱད་ལགས་སྐུ་ཁམས་བཟང་། དེ་ཚོ་ནི་སྡུས་གྲྭ་བའི་ཁ་ནས་ཆུ་རྒྱུག་རྒྱུག་བྱེད་ཡ་དེ་རེད་དེ་ཙམ་ཡིན་ན་ཤིན་ཏུ་བཟང་གི ངས་བསམ་པ་ཁྱེད་ཀྱིས་གོང་དུ་(དམ་ཆོས་འདུལ་བ་ཡུལ་དུས་དང་མཐུན་པར་སྟོན་པས་བཅས་པ་མཛད་པ་ཞིག་ཡིན་སྟབས་)ཞེས་གསུང་འདུག་པས་ད་ལྟའི་དུས་དང་མཐུན་པའི་དམིགས་གསལ་གྱི་མུ་གསུམ་མུ་བཞི་ཞིག་རྩི་ཡ་ཡོད་ཡིན་ན་སྙམ།།
ངས་གོང་དུ་རང་ཉིད་ཀྱི་ཚད་མ་འཛིན་སའི་ཚིགས་དུམ་རེ་ཡོད་ཀྱང་དེ་ལ་ཡང་དཔྱད་དེ་བཤད་དགོས་ཞེས་ཞུས་པ་བཞིན་དཔེར་ན་ཁྱེད་ཀྱི་གསུངས་མ་ཐག་པའི་མདོ་ལས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་། །འཇིག་རྟེན་ཕལ་པ་རྣམས་ཀྱིས་དོ་ཟླ་མིན། །ཅེས་པའི་ལུང་དེ་དང་(གསུམ་པ་གྲྭ་ལོག་དང་ལྟ་ལོག་གཉིས་ཀ་ཡིན་པའི་མུ)ཅེས་པ་གཉིས་ལ་དཔྱད་ན་ཁྱབས་པ་ཨི་འདུག་ལགས། ཐོག་མ་ཁོང་གི་ཉན་ཐོས་ཡིན་པ་གང་ཞིག་ལ་ཕྱིས་སུ་ཚུལ་ཁྲིམས་འཆལ་ལྟ་བ་ཡང་ལོག་སོང་བའི་གང་ཟག་དེ་འཇིག་རྟེན་ཕལ་པ་རྣམས་ཀྱི་དོ་ཟླ་མ་ཡིན་པ་བཤད་ན་ཅུང་ཟད་མ་བདེ་བ་ཞིག།
ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། སྐབས་འདིར་ངས་ལྟ་ལོག་ཅེས་པའི་ལྟ་བ་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། དཀོན་མཆོག་གསུམ་མེད་པར་ལྟ་མཁན་གྱི་གང་ཟག་དེ་ལ་ལྟ་ལོག་ཞེས་བརྗོད་ཀྱི་ཡོད།
སངས་རྒྱས་ཀྱི་ཆོས་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད།སྤྱོད་པའི་ཆ་ནས་ཕར་ཕྱིན་ཐེག་པར་ཆགས་བྲལ་གྱི་སྤྱོད་པ་གཙོ་བོ་དང་སྔགས་ཀྱི་ཐེག་པར་ཆགས་བཅས་ཀྱི་སྤྱོད་པ་གཙོ་བོ་རེད། ལྟ་བའི་ཆ་ནས་ནི་སྟོང་བ་དང་རྟེན་འབྱུང་ཟུང་འབྲེལ་དུ་རྟོགས་པའི་ལྟ་བ་ནི་གཙོ་བོ་དང་རྟག་གཅིག་རང་དབང་གི་བདག་གིས་སྟོང་བར་རྟོགས་པ་ནི་ཕལ་བ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་བཤད་ན། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་གྱིས་གནོན་པ་ལྟ་བུ། དགེ་སློང་ལེགས་སྐར་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོས་སྟོན་པའི་སྐུ་ལུས་ཀྱི་འོད་ཟེར་འདོམ་གང་བོ་དེ་མ་གཏོགས་སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་ནི་ཁོང་རྟེན་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
མདོ་སྔགས་གཉིས་གར་དབང་པོ་རྣོ་རྟུལ་གྱི་ཆ་ནས་ལམ་ལ་མྱུར་བུལ་བཤད་པ་དང་དཔེར་ན་སྔགས་བླ་མེད་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ནི་ཕར་ཕྱིན་ཐེག་པའི་དབང་པོ་རྣོན་པོ་ལས་ཀྱང་བརྒྱ་འགྱུར་གྱིས་རྣོ་བར་བཤད་པ་ལྟ་བུ་རེད། དེས་ན་བསྟན་པའི་གནད་ཤེས་པ་ལ་བདེན་པ་གཉིས་ཀྱི་རྣམ་བཞག་ཡག་པོ་ཞིག་ཤེས་དགོས་པ་ནི་གལ་ཆེ་ཞིང་། འོ་ན། བདེན་པ་གཉིས་འཇོག་སྟངས་ཇི་འདྲ་ཞིག་རེད་ཟེར་ན་རྒྱུད་བླ་མ་ལས་གསུངས་པ་ལྟར། དཔེར་ན་ཀུན་རྫོབ་བདེན་པ་ནི་སྦྲང་རྩི་ལྟ་བུ་དང་དོན་དམ་བདེན་པ་ནི་སྦྲང་རྩིའི་རོ་ལྟ་བུ། སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟ་བུ་བདེན་གཉིས་ངོ་བོ་དབྱེར་མེད་དུ་འཇོག་དགོས་པ་ཡིན་ནོ།། བདེན་གཉིས་འཇོག་ཚུལ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དེ་འདྲ་སོང་ཙང་གྲུབ་མཐའ་བཞི་གས་བདེན་གཉིས་འཇོག་ཚུལ་མི་འདྲ་བ་ཡོད་པ་རེད། དེས་ན་གཞི་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་ཐུགས་ཟུང་འཇུག་གི་རྣམ་གཞག་ཡག་པོ་ཞིག་ཤེས་པ་ལ་མདོ་སྔགས་ཀྱི་གཞུང་མང་ལ་དཔེ་ཀློག་དང་ཞིབ་དཔྱོད། རིགས་ལམ་གྱི་འགྲོས་ལ་བརྟེན་པ་གལ་ཆེ་ཞིང་། དེ་མིན་འཇིག་རྟེན་གྱི་ཁ་དཔེ་ལྟར་རྩ་མ་ཟོས་བར་ལྕི་བ་གཏོང་རྒྱུ་མེད། གནད་འགག་གཅིག་དེ་རེད། དེར་བརྟེན་རང་ཉིད་འཇིག་རྟེན་འདི་ན་བསླུ་བ་མེད་པའི་བློ་འཁེལ་སའམ་བློ་བརྟེན་ས་ཞིག་ངེས་བར་ཡོད་དགོས་ཏེ། དེ་མིན་གང་ཡང་མ་ཡིན་ཅི་ཡང་མི་ནུས་པ་ཞིག་ལ་བློ་གཏད་པ་ཡིན་ན་འགྱེལ་བ་འགྱེལ་བ་ལ་བརྟེན་པ་ལྟར་ཕན་ཐོགས་དཀའ་བས་ན། སྐྱབས་འགྲོ་དགོས་པའི་རྒྱུ་མཚན་དེ་རེད། བསླབ་པ་གསུམ། ཐོས་བསམ་སྒོམ། ལྟ་སྒོམ་སྤྱོད་གསུམ། འཆད་རྩོད་རྩོམ་གསུམ་གྱི་རིམ་པ་མཐའ་ལས་འདས་པ་གསུངས་ཡོད་ཀྱང་བསླབ་པ་གསུམ་གྱི་ཡོན་ཏན་ནང་དུ་མ་འདུས་པ་མེད། དེང་སང་གི་བརྗོད་སྟངས་ལྟར་བྱས་ན་ལྷག་པ་ཚུལ་ཁྲིམས་ནི་རང་ཚུགས་ཅན་དང་ལྷག་བསམ། ཚུལ་ལྡན། ཡ་རབས་ལ་གོ། ལྷག་པ་ཤེས་རབ་ནི་ཤེས་ཡོན་དང་དཔྱོད་ཤེས་ཀྱི་ནུས་པ། མང་དུ་ཐོས་བ། བསམ་བློ་ཕུལ་དུ་བྱུང་བ་ལ་གོ། ལྷག་པ་ཏིང་ངེ་འཛིན་ནི་སེམས་བརྟན་པོ་དང་རྕེ་གཅིག་པ། རྣམ་གཡེང་མེད་པ་ལ་གོ་སྟེ་འདིའི་ལྷག་པ་ཞེས་པའི་ལྷག་རྒྱུའི་དོན་ནི་འཇིག་རྟེན་ཕལ་བ་དང་མུ་སྟེགས་ཅན་ལས་ལྷག་པས་ན་དེ་ལྟར་བརྗོད། མདོར་ན་ལྟ་སྒོམ་སྤྱོད་གསུམ་མ་ཚང་བ་མེད་པར་སྟོན་པའི་རིག་པའི་གཞུང་ལུགས་ལ་སྡེ་སྣོད་གསུམ་ཞེས་ཡོངས་སུ་གྲགས་པ་ལྟར་རེད། འདུལ་བ་ཡུལ་དུས་དང་མཐུན་པར་བཅས་གནང་མཛད་པ་རེད་དེ། ཡོད་ཚད་ཡུལ་དུས་དང་བསྟུན་ན་ཧ་ཅང་ཐལ་ཆེས་བས་དེ་ལྟ་མ་ཡིན་ནོ།།
ཨ་མའི་བུ་ད་ཐེངས་ཡག་ཡག་ལ་ཧྲ་ཐེངས་ད་་སྡོམ་པ་མ་ཤོར་ནོས་རྗེས་མ་ཤུ་རེ་བྱོས་ྀ
དྲ་གྲོགས་མིག་བརྒྱད་པ་ལགས་སྐུ་ཁམས་བཟང་། ནང་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྒྱས་ཤིང་རྒྱས་པ་ངོ་སྤྲོད་གནང་འདུག་པས་ཐུགས་རྗེ་ཆེ། ཚིགས་ཀྱི་རྩ་བ་དོན་གྱི་སྙིང་པོ་(ཡོད་ཚད་ཡུལ་དུས་དང་བསྟུན་ན་ཧ་ཅང་ཐལ་ཆེ་བས་)ཞེས་གསུང་ན་དེ་འདྲ་ཞིག་བསྟོན་པའི་བཀས་བཅས་པ་ཡོད་དམ། མ་གཞི་དེ་དག་དགོས་པ་ཆེ་ཆུང་ལ་གནང་བ་རེད་དམ་ཡང་ན་འགའ་ཞིག་མ་གནང་བ་དེ་དག་མི་རུང་བ་རེད་དེང་གི་དུས་སུ་དེ་དག་དགོས་པ་ཆེན་པོ་བྱུང་བ་ཡིན་ན་ཁྱེད་ལ་ལམ་སྟོན་འདྲ་ཡོད་ན་ཞུ་རྒྱུ་དང་། གནས་ཚུལ་གཞན་ཞིག་ནི་ལྟ་ལོག་ཅེས་པའི་ཚིག་འདིའི་དོན་སྐྱེ་བ་སྔ་ཕྱི་ལས་རྒྱུ་འབྲས་དཀོན་མཆོགས་གསུམ་བཅས་མེད་བསམ་མཁན་དེ་ལྟ་ལོག་ཡིན་པས་དེ་འདྲ་བསམ་ན་དགེ་རྩ་རྒྱུན་ཆད་དེ་དམྱལ་བ་ལ་སྐྱེ་བ་གསུང་ན་དེ་དག་ཡོད་དོ་དྲན་མཁན་དེ་དག་གི་སྡིག་རྩ་ཆད་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན་ནམ་ཅེས་པའི་དྲི་བ་ཞིག་ལོ་གསུམ་གྱི་སྔོན་ནས་བྱུང་བ་རེད་དེ་ད་ལྟ་ཡང་ལན་གསལ་པོ་ཞིག་སུ་གང་གིས་ཕུལ་མེད།
དོམ་ཁྲ་ལགས། ལོག་ལྟ་ཟེར་ན། དང་པོ་ཉིད་ནས་སྐྱེ་བ་སྔ་ཕྱི་མེད་པར་ལྟ་བ་ཞིག་ལ་ཟེར་གི་མ་རེད། ལྟ་ལོག་དང་ལོག་ལྟ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། སྤྱིར་ལོག་ལྟ་ཟེར་ན་རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་གཅོད་པ་དང་། མི་དགེ་བ་ལ་འཇུག་ཅིང་སྡིག་སེམས་དམ་འཆའ་བ་སོགས་བླང་དོར་ལོག་པར་སྒྲུབ་པར་བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ།།ཞེས་བོད་རྒྱ་ཚིག་མཛོད་ལས་བཤད་འདུག་ལ། མཁས་པའི་གཞུང་ན་གསུངས་པ་ཡང་དེ་ག་རང་རེད། ལྟ་ལོག་ཟེར་ན་ལྟ་བ་ལོག་པའི་བསྡུས་ཚིག་ཅིག་རེད། དེས་ན་འདོད་ཆགས་ཀྱིས་རྐྱེན་བྱས་ནས་གྲྭ་བ་ལོག ལོག་ལྟའི་རྐྱེན་བྱས་ནས་ལྟ་བ་ལོག་ཅེས་སྦྱར་ན་འདུམ་བདེ་ལ། ལོག་སྟངས་ཁ་ཁ་རེད། མཐར་ལྟ་ཟེར་ན། འཇིག་ལྟའི་ཡུལ་གྱི་བདག་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་ཕྱི་མར་ཉིང་མཚམས་སྦྱོར་བ་མེད་པའི་ཆད་པར་ལྟ་བའི་རྣམ་པ་ཅན། བྱེད་ལས་དབུ་མའི་ལམ་གྱི་ངེས་བར་འབྱུང་བ་ལ་བར་དུ་གཅོད་པའི་ཤེས་རབ་ཉོན་མོངས་ཅན། ལྟ་བ་དེ་དག་གི་འབྱུང་རྩ་འཇིག་ལྟ་དང་། ངར་འཛིན། བདག་འཛིན་ཡིན། ང་ཚོའི་རྒྱུད་ལ་ལྟ་ངན་དེ་དག་ཡོད་མེད་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ཧ་གོ་ངེས་རེད། ཁ་ཤས་གྲུབ་མཐའི་དབང་གིས་སྐྱེས་པ་ཡང་ཡོད་ལ་གྲོགས་ཀྱི་དབང་གིས་སྐྱེས་པ་ཡང་ཡོད་དོ།།
བརྒྱ་བཤད་སྟོང་གི་མཐའ་མ་གནས་ཚུལ་ཐུང་ངུ་ནི། ཕོ་མོའི་འབྲེལ་བ་ཆ་རྒྱུས་དེ་ཙམ་མེད་མཁན་ཞིག་གིས་དགེ་འདུན་པ་རྣམས་ལ་འདུ་ཁྲིམས་རྣམ་དག་སྲུང་སླད་བྲིས་ཤིང་། ཤུགས་སུ་རང་ཉིད་ལའང་སྐྱེས་སྨན་འགུག་པའི་ནུས་པ་ཡོད་པ་རྩལ་སྟོན་གནང་ཏེ། མཐའ་མ་རང་ཉིད་ཀྱང་རང་ཚུགས་ཀྱི་ཅན་འདུ་འཛིན་པ་སྒྲུབ་རྒྱུ་དེ་རེད། དགེ་པས་མཚན་མཐུན་གྱི་ཆགས་སྤྱོད་བྱས་ན་ཉེས་བ་ཡོད་དམ། དགེ་འདུན་པས་དགེ་ཕྲུག་ཚོ་བཙན་ཡོམ་བྱས་ན་ཁྲིམས་ཆད་ཡོད་དམ། ཡེ་ཤེས་ཆོས་ལུགས་པ་ཚོར་གནས་ཚུལ་དེའི་དབང་གིས་ཁྲིམས་ཁང་དུ་འགྲོ་བའི་གནས་ཚུལ་མང་དུ་ཡོད་ཀྱང་བོད་དུ་དེ་ལྟར་མེད། དེ་ནི་བོད་ལ་བྱིས་པ་ཚོ་རྩེད་བྱེད་གནང་ན་ཆོག་པའི་གོམས་སྲོལ་ཡོད་པས་ཡིན་ནམ། བོད་ཀྱི་དགེ་འདུན་པ་ཚོ་ཡེ་ཤེས་ཚོ་དང་མ་འདྲ་བ་རེད། ཡང་མིན་ན་བོད་མི་ནི་ནུབ་ཕྱོགས་པ་ལྟར་ཁྲིམས་ལུགས་ཀྱི་འདུན་དུ་མི་ཚད་ལྡན་ཞིག་མ་ཆགས་པས་དམིགས་བསལ་ཡོད་པས་ཡིན་ནམ། ང་ཚོས་ཚུལ་ཆོས་མ་གནང་། ཚུལ་ཆོས་བྱས་ན་བོད་མིས་བོད་མི་མགོ་སྐོར་བཏང་བ་ལས་གཞན་སུ་ལའང་མགོ་སྐོར་བཏང་མི་ནུས། མགོ་སྒོར་བཏང་བའི་ཉེར་ལེན་གྱིས་མཐའ་མ་བོད་འདི་འགྲོ་མི་རིགས་ཀྱི་འདུ་ཤེས་དང་བྲལ་བའི་ཚུལ་ཚོས་ཀྱི་སྤྱི་ཚོགས་ཤིག་གྲུབ་ཅིང་དེས་རིམ་བཞིན་མི་རིགས་འདི་འཇིག་རྟེན་སྤྱི་འགྲོས་དང་ཁ་བྲལ་ཏེ་གསོད་ངེས་ཡིན་པས་ཡིན།
སྤྱི་ཚོགས་རྣམ་པ་གཅིག་མིན་སྣ་ཚོགས་རེད། ལམ་དང་ལུགས་སྲོལ་རྣམ་པ་གཅིག་མིན་སྣ་ཚོགས་རེད། ཡོད་ཚད་གཅིག་མིན་དུ་མ་ཡང་མིན་ནོ། ད་འོ་ན་གཅིག་སྟོན་དང་། དེས་ཡོད་ཚད་ལ་སྡོམ་ཚིག་རྒྱག་ཨེ་ཐུབ། སྡུག་པོ་སྡུག་པོའི་ས་ནས་སྡུག་སྐད་འདོན། ཕྱུག་པོ་ཕྱུག་པོའི་ས་ནས་སྨེ་ངག་འདོན། མཁས་པ་མཁས་པའི་ས་ནས་མཁས་ཚུལ་འདོན། རང་རང་ས་ན་རང་རང་གི་ཁྱད་ཆོས་དང་རང་རང་གི་རྣམ་པ་ངོམ། བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད། ཨ་ཕས་འདོད་པ་ཨ་མས་མི་འདོད། གྲྭ་བའི་ལུགས་སྲོལ་གྲོང་བས་མི་འདོད། ཡོད་ཚད་རྐྱེན་དང་ཕྲད་ནས་འདུས། འདུས་ནས་འཐོར། འཐོར་ནས་འདུས། བཏགས་དོན་བཙལ་ན་གང་ཡང་བརྙེད་རྒྱུ་མེད་དོ།།
ལགས་སོ་གྲོགས་མིག་བརྒྱད་པ་ལགས། ལྟ་ལོག་ཟེར་ན་འདྲ་ལོག་ལྟ་ཟེར་ན་འདྲ་གང་ལྟར་གནས་ཚུལ་དང་སྣང་ཚུལ་མ་མཐུན་པའི་བྱ་བ་ཞིག་གམ་འཛིན་སྟངས་ཤིག་དེ་ལས་གཞན་པ་ཅི་ཡང་བཤད་རྒྱུ་མེད། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་འཇུགས་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིགས་ཚོགས་ལ།། ལྟ་ལས་བྱུང་བ་ཞེས་དང་། ཡང་དེ་ཉིད་ཀྱིས་རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་གསལ་ཏེ།། ཅེས་པའི་ཚིག་དེ་ལ་ཁྱེད་རང་གིས་འབྲེལ་བཤད་ཞིག་མཛད་འདུག་ཀྱང་ངེད་གཉིས་ཀྱི་གོང་གི་རྩ་བའི་བརྗོད་བྱའི་ཟུར་ལ་འགྲོ་ཚར་འདུག་ལ་མ་གཞི་ལྟ་ལོག་དང་ལོག་ལྟའི་སྐོར་བཤད་འདོད་ཡོད་ན་ངས་མཆན་ཨང་༧༦པའི་ནང་དྲི་བ་དེ་ལོ་ཤས་ཀྱི་སྔོན་ནས་བྱུང་ཟིན་པ་རེད་ཅེས་དང་སུས་ཀྱང་ལན་བྱུང་མེད་ཚུལ་སོགས་ཞུས་ཡོད་གནས་ཚུལ་གཞན་ཞིག་ནི་ལོག་ཅེས་པ་དང་ལྟ་ཞེས་པ་དེ་གཉིས་ལ་གོ་དོན་ཁ་ཁ་རེ་ཡོད་ན་ཅི་ཤེས་ད་དུང་ཚུལ་ཞེས་པ་དེ་དང་ཁྲིམས་ཞེས་པ་དེ་གཉིས་ལ་དེ་དང་ཆ་འདྲ་བ་ཞིག་ཡོད་རྒྱུ་རེད་བསམ་སྙོང་།།
གཟུ་དཔང་ཞིག་བྱེད་ན་མ་གཏོགས་སྡུམ་ས་མ་རེད།
ལོག་ལྟ་ཞེས་པ་ནི་སྔར་རམ་སྔོན་དུ་སངས་རྒྱས་ཀྱི་བསྟན་པའི་སྒོ་རུ་བཞུགས་ཏེ་ཕྱིས་སུ་རྒྱ་རྐྱེན་སྣ་མང་གིས་རྐྱེན་པས་སེམས་གཏིང་ནས་ཡིད་ཆེས་དང་དད་པ་རླག་པར་བྱས་པ། དེས་ན་མཚམས་མེད་ལྔ་ལ་བཤག་རྒྱུ་ཡོད། ལོག་ལྟ་ཅན་ལ་བཤགས་རྒྱུ་མེད། ཅེས་གསུངས་ཡོད། ལྟ་ལོག་ཞེས་པ་ནི་ཕྱི་རོལ་མུ་སྟེགས་པའི་ལྟ་བ་དེ་དག་ནང་པ་ལ་ལྟོས་ཏེ་ལྟ་བ་ལོག་པའམ་ཕྱིན་ཅི་ལོག་ཡིན་པ་དང། དེ་ནི་དཔེར་ན། གང་ཟག་རྟག་གཅིག་རང་དབང་ཅན་དང། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་ལྟ་བ་རྣམས་ནི་ལྟ་ལོག་གམ་ལྟ་བ་ལོག་པར་ལྟ་བ་རེད་སྙམ། དོན་དུ་གོང་མ་གོང་མ་ལ་ལྟོས་ཏེ་འོག་མ་འོག་མ་རྣམས་ནི་རྟག་ཆད་ཀྱི་མཐའ་ལྷུང་བས་རེད། འོན་ཀྱང་འཇིག་རྟེན་པའི་ཁ་སྐད་དུ་ལྟ་ལོག་དང་ལོག་ལྟ་གཉིས་ཕན་ཚུན་བརྗེ་རེས་དང་གཅིག་པར་སེམས་བཞིན་ཡོད།
ཚུལ་དང་ཁྲིམས། ཚུལ་ནི་ཕྱི་ཡི་ཚུལ་དང། ཁྲིམས་ཞེས་པ་ནང་གི་བསྲུང་བྱའི་ཁྲིམས་ལ་བཤད་བཞིན་ཡོད་འདུག
དཔེར་ན། དྲང་སྲོང་པ་ཞིག་ལ་ཆ་བཞག་ན། རྩ་བ་བཞི་ལས་སོགས་ནི་ནང་གི་ཁྲིམས་ཡིན་ཞིང། ཕྱི་ཡི་སྤྱོད་ལམ་གྱི་བསྲུང་བྱ་དག་ནི་ཕྱི་ཚུལ་ཡིན་པར་བཤད་ཡོད་འདུག་གོ།
ཀུ་རྩེད་ཞུས་ཡིན་ཁྱེད་ལྷན་གཉིས་ཕྱོགས་ནས་དགོངས་ཚུལ་ཡག་པོ་ཞིག་གནང་བཞིན་འདུག་པར་ངོས་ནས་རྟག་ཏུ་ཡིད་ཟབ་ཀྱིས་ཀློག་བཞིན་ཡོད།
ལེགས་སོ་དྲ་གྲོགས་ལ་སྟོད་བུ། །གཟུ་དཔང་བྱེད་པ་ཤིན་ཏུ་ལེགས། །འོན་ཀྱང་གཟུ་དཔང་བྱེད་མཁན་ལ། །ཕྱོགས་ལྷུང་གཡམ་རྒྱུགས་མེད་པ་ཞིག །མེད་ཚེ་ཅི་བྱས་ངལ་བའི་རྒྱུ། །དེས་ན་སྙན་དབང་ལན་གཅིག་གཡོར། །སངས་རྒྱས་བསྟན་ལ་མ་གུས་ཚེ། །ཅི་བྱས་དོན་མེད་ཡིན་ཚུལ་འདི། །བཤད་ཚེ་ཚོར་བ་གང་འདྲ་འདུག །ཆོས་ལུགས་གཞན་དག་འགའ་ཤས་ཀྱིས། །འདི་ལ་ཅུང་ཟད་ཞན་ཁོག་ཟེར། །དེ་ཡང་ཅུང་ཟད་ཁག་པོ་ཡོད། །ད་དུང་ཁྱེད་ཀྱིས་ཕྱི་ཚུལ་དང་། །ནང་ཁྲིམས་ཞེས་པའི་ཐ་སྙད་གཉིས། །ཕལ་ཆེ་དེ་རིང་གསར་སྐྱེས་འདྲ། །སྤྱོད་ལམ་ཕྱི་ཡི་སྲུང་བྱ་དང་། །རྩ་བཞི་ནང་གི་ཁྲིམས་ཡིན་ཟེར། །འོ་ན་མི་ཚངས་སྤྱོད་པ་དང་། །ཅ་དངོས་རྐུ་དང་སྲོག་གཅོད་བཅས། །ལུས་ཀྱི་སྤྱོད་པ་མ་ཡིན་ནམ། །འདིའི་ཕྱོགས་ང་ལ་ལམ་སྟོན་ཞིག །ཞུས་ན་ལེགས་སོ་ཨི་གཏེར་ལགས།།
རེད། གྲྭ་བ་ཡིན་པ་ལས་ལོག་པ་དང་གྲྭ་བ་མ་ཡིན་པ་གཉིས་དོན་གཅིག་ཟེར་བ་ལྟར། ལྟ་ལོག་ཅེས་པ་ལྟ་བ་ཡིན་པ་ལས་ལོག་པ་ཙམ་ལ་བྱེད་རྒྱུ་མ་རེད། གང་ལས་ལོག་རྒྱུའི་ལྟ་བ་དེ་ལ་ཡང་དག་ཅིག་དགོས། དཔེར་ན། མི་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ལྟ་བ་ལ། གཞན་པ་ཞིག་གིས་མི་དེ་ལ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་འདྲ་ཆགས་པོ་མང་པོ་ཞིག་དྲངས་ནས་མི་དེའི་སྐྱེ་བ་སྔ་ཕྱི་ཡོད་འཛིན་གྱི་བློ་དོར་ནས་མེད་འཛིན་གྱི་བློ་སྐྱེས་སོང་ན་མི་དེའི་ལྟ་བ་ལོག་ཅེས་ཟེར་གི་རེད། བློ་དེའི་བྱེད་པ་དེ་ལ་བརྟེན་ནས་མི་དེ་ལ་ལྟ་ལོག་ཅེས་བརྗོད་ན་ཆོག སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། ལྟ་བ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད། འཁོར་བའི་རྩ་བར་གྱུར་བའི་ལྟ་བ་ནི་ལྷན་སྐྱེས། གྲུབ་མཐའི་དབང་གིས་བཞག་པའི་ལྟ་བ་ནི་ཀུན་བཏགས་ཡིན། གྲྭ་བ་ཞིག་བུ་མོ་མཛེས་མའི་རྣམ་འགྱུར་གྱིས་སེམས་ཤོར་ཏེ་དེ་ལ་བློ་ཞིག་སྐྱེས་པ་དེ་ནི་ལྟ་བ་ཟེར་གི་མ་རེད། དེ་ལ་འདོད་ཆགས་ཟེར་གྱི་རེད། ཁྱི་ལ་བུ་མོ་མཛེས་མའི་འདྲ་པར་ཞིག་བསྟན་ན་སེམས་ཤོར་གྱི་མ་རེད། དེ་ལས་ཤ་ཞིག་བསྟན་ན་ལམ་སང་སེམས་ཤོར་གི་རེད། སེམས་ཀྱི་བྱེད་ལས་མ་འདྲ་བ་རེད། འགྲོ་བ་སོ་སོའི་ལས་ཀྱིས་གོ་སྒྲིག་མ་འདྲ་བ་རེད། འདོད་ཆགས་ཀྱི་དམིགས་པ་ལ་ཡུལ་ཡིད་དུ་འོང་བ་ཞིག་བཞག་དགོས་མོད། དུད་འགྲོའི་རིགས་ལ་དབང་པོ་རྟུལ་དྲགས་པས་མཛེས་སྣང་ཡོང་གི་མེད་པ་རེད། བྱས་ཙང་ལྟ་བ་ཟེར་བ་མིའི་སེམས་ཀྱི་འཆར་སྣང་ལ་བརྟེན་ནས་འཇོག་གི་ཡོད་པ་རེད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་དུད་འགྲོ་ལ་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། རི་བོང་གི་རྣ་ལྟ་བུ་མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་མེད། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ།།
དྲ་གྲོགས་དོམ་ཁྲ་ལགས་གོང་དུ་ཀུ་རྩེད་ཞུ་ཡོད་པ་དེ་ཅུང་ཐུགས་ལ་མ་བབ་པ་འདྲ།
གཟུ་དཔང་ཟེར་བ་དེ་ཁྲིམས་དཔོན་དང་གཅིག་པ་འདྲ་ཞིག་རེད། གཅིག་གི་ཕྱོགས་ལ་མ་ཡོ་ནས་ཐག་གཅོད་བྱེད་ཐུབ་ཡ་ཡོད་པ་མ་རེད། བྱས་ཙང་ཁྲིམས་དཔོན་ཁོ་རང་གིས་སུ་བདེན་ཇི་ལྟར་མཐོང་བ་ལྟར་གཅིག་བདེན་གཅིག་མི་བདེན་བཤད་དགོས་པ་རེད། དབུ་མའི་ལྟ་བ་ནང་བཞིན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མར་གནས་རྒྱུ་ཤིན་ཏུ་ནས་དཀའ་མོ་རེད། འདི་ཞོར་ལ་ཞུས་ཤོར་སོང། མཁན་པོ་ལས་ཐོབ་པའི་ཚུལ་དང། སློབ་དཔོན་ལས་ཐོབ་པའི་ཁྲིམས་ཞེས་གཉིས་སུ་བཤད་ཡོད་འདུག མཁན་པོ་ལས་ཐོབ་པའི་ཚུལ་ནི་ཕྱི་ཚུལ་རབ་ཏུ་བྱུང་བའི་གོས་དང་འཕྲེང་བ་ལས་སོགས་རྫས་ལྔ་གནང་བའི་རིགས་དེ་ཚོ་རེད། སློབ་དཔོན་ལས་ཐོབ་པའི་ཁྲིམས་ཞེས་པ། གཙོ་བོ་རྩ་བཞི་དང། དེ་ནས་ཡན་ལག་ཉི་བརྒྱ་ལྔ་བཅུ་ལས་སོགས་ཡོད་པ་དག་རེད།་ འདི་དག་གཏམ་གསར་པ་དེ་འདྲ་མ་རེད། གནའ་བོའི་འདུལ་གཞུང་དག་ལས་གསལ་ཡོད་པས། མཐོང་ཕུལ་ཆེ་ཙམ་གནོང་དང་གཟིགས་ངེས་རེད། མ་གཞི་ནས་འདུལ་བ་ལ་རྟགས་རིགས་དང་བསྡུས་གྲ་ནང་བཞིན་གྱི་རྩོད་པ་བྱེད་ན་གང་འདྲ་ཡོང་མིན་དེ་ལའང་ཐུགས་བསམ་བཞེས་དགོས། ཁྲིམས་ནི་ཁྲིམས་སུ་བཅས་པ་ཡིན་པས་དེ་ལ་རིགས་པ་རྒྱུ་མཚན་བཏང་ན་དཀའ་སེ་ཡིན་འགྲོ། འོན་ཀྱང་དགེ་སྡིག་གི་ལས་གང་ཞིག་ཡིན་རུང་སྒོ་གསུམ་གང་རུང་གིས་མ་བསྡུས་པ་ཞིག་གཏན་ནས་མེད། དེས་ན་འདིར་ཡང་དེ་ག་རང་རེད། འོན་ཀྱང་སྒྲ་བརྗོད་འདོད་ཀྱི་རྗེས་སུ་འབྲེང་དགོས་པ་ཞིག་བཤད་འདུག
ཁྱེད་རྣམ་གཉིས་ནས་སྔར་ལྟར་བཀའ་མོལ་གནང་རོགས་ཉན་ནས་བསྡད་ཡོད།
ཀུ་རྩེད་ཞུ་ཡིན། ངས་ཁྱེད་ལ་ལམ་སྟོན་གང་ནས་ཞུ་ཐུབ། གལ་སྲིད་རིགས་པ་བཏང་ན་།༼ནང་ཁྲིམས་ཞེས་པའི་ཐ་སྙད་གཉིས། །ཕལ་ཆེ་དེ་རིང་གསར་སྐྱེས་འདྲ།༽ཐ་སྙད་ཡིན་ན་གསར་སྐྱེས་ཡིན་པས་ཁྱབ་དགོས། དེ་རིང་གསར་སྐྱེས་ཡིན་མིན་ནི་དེ་རིང་ཡོད་ཅིང་དེ་རིང་དངོས་པོ་ཡིན་ན་དེ་རིང་གསར་སྐྱེས་རེད།་
ད་བདེ་མོ་བཞུགས།
སྡོམ་པ་དང་ཚུལ་ཁྲིམས་གཉིས་ལ་ཁྱད་པར་ཡོད་དེ། སྡོམ་པ་ལ་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པའོ།། དེ་གསུམ་ག་ལྡན་པ་ལ་སྡོམ་པ་གསུམ་ལྡན་ཟེར་རོ།། ཚུལ་ཁྲིམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་མཁན་སློབ་ལས་ཐོབ་པ་ཨེ་ཡིན་བསམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བྱང་སེམས་ཀྱི་ཚུལ་ཁྲིམས་ཟེར། དེས་ན། སྡིག་པ་དང་ལྟུང་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁྱིམ་པས་སྲོག་བཅད་པ་སྡིག་པ་ཡིན་ཀྱང་ལྟུང་བ་མ་ཡིན། དགེ་སློང་གིས་སྲོག་བཅད་པ་སྡིག་ལྟུང་གཉིས་ཀ་ཡིན། དགེ་སློང་གིས་མཚན་མཐུན་ཆགས་སྤྱོད་བྱས་པ་ལྟུང་བ་ཡིན་ཀྱང་སྡིག་པ་མིན། ཁྱིམ་པས་ཤིང་བཅད་པ་སྡིག་ལྟུང་གཉིས་ཀ་མིན། དེ་མིན་པ་ཚུལ་གྱི་སྒྲ་དོན་མང་པོ་ལ་འཇུག་ཚུལ་སློབ་དཔོན་དབྱིག་གཉེན་གྱི་རྣམ་བཤད་རིགས་པ་ལས་གསུངས་འདུག་པས་རྗེས་སུ་ཕུལ་ཆོག
ལགས་སོ་གྲོགས་མིག་བརྒྱད་པ་ལགས། (གང་ལས་ལོག་རྒྱུའི་ལྟ་བ་དེ་ལ་ཡང་དག་ཅིག་དགོས། དཔེར་ན། མི་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་པར་ལྟ་བ་ལ། གཞན་པ་ཞིག་གིས་མི་དེ་ལ་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་འདྲ་ཆགས་པོ་མང་པོ་ཞིག་དྲངས་ནས་མི་དེའི་སྐྱེ་བ་སྔ་ཕྱི་ཡོད་འཛིན་གྱི་བློ་དོར་ནས་མེད་འཛིན་གྱི་བློ་སྐྱེས་སོང་ན་མི་དེའི་ལྟ་བ་ལོག་ཅེས་ཟེར་གི་རེད། བློ་དེའི་བྱེད་པ་དེ་ལ་བརྟེན་ནས་མི་དེ་ལ་ལྟ་ལོག་ཅེས་བརྗོད་ན་ཆོག )ཞེས་གསུང་ད་དེ་འདྲ་བའི་ལྟ་བ་དེས་སྔར་བྱས་ཀྱི་དགེ་རྩ་ཡོད་ཚད་འཇོམས་འགྲོ་བ་ཡིན་ཞེས་བརྗོད་ན་དེ་ལས་ལྡོག་པའི་བློ་ཞིག་སྐྱེ་བ་ཡིན་ན་སྔར་བྱས་ཀྱི་སྡིག་རྩ་ཚང་མ་མི་གཅོད་པའི་རྒྱུ་མཚན་ཅི། (དུད་འགྲོ་ལ་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད།)ཅེས་གསུང་འདུག་ཀྱང་འདི་ལ་རྒྱལ་བའི་བཀའ་དང་ཡང་ན་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ལས་བྱུང་བ་འདྲ་ཡིད་རྟོན་རུང་བའི་རྒྱབ་རྟེན་རེ་ཡོད་ན་ལས་ངོ་མ་ངོས་ལེན་དཀའ་ས་རེད་དེ་འདྲ་ཡོད་ན་ངས་ཁེས་ལན་ཆོག་དེ་ལས་གཞན་པས་ཅི་གསུང་ཡོང་ཅི་ཆ། (བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། རི་བོང་གི་རྣ་ལྟ་བུ་མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་མེད།)ཅེས་ཀྱང་གསུང་འདུག་སྟེ་འདི་ལ་ཡང་ང་དོགས་པ་ཆེ། དཔེར་ན་སྤྱང་ཀིའི་སྔར་རང་གིས་ཟ་བ་འདོད་པའི་ཕྱི་བ་དེ་ད་ལྟ་གང་དུ་ཡོད་མེད་སྣས་སྣུམ་ན་ཁོས་ཧ་གོ་ཐུབ་དེ་ཚེ་ཁོས་བློ་ཐབ་དུ་མའི་སྒོ་ནས་མཐར་ཕྱི་བ་དེ་ཁོས་ཟོས་པ་ཡིན་ན་རང་ལ་ཕན་པ་ཁོ་ན་ག་ལ་ཚད་ཕྱི་བའི་སྲོག་དེ་ལ་གནོད་པ་ཆེན་པོ་མ་བྱས་ཞེས་སུས་ཀྱང་བཤད་དཀའ་ལ་ད་དེ་འདྲ་བ་དུ་མ་ཡོད། ད་དུང་དུད་འགྲོའི་རིགས་ཀྱིས་བུ་མོ་ལ་མཛེས་སྣང་བྱེད་ཀྱི་མ་རེད་གསུང་ན་ལས་མཛེས་སྣང་བྱེད་ཀྱི་མ་རེད་གསུང་ན་བོང་བུའི་ཁ་ན་ཡོད་པའི་རྩ་ཡི་བྲོ་བ་དེ་བོང་བུ་ཁོ་ན་ལས་ཞེས་པའི་ཚིག་དེ་དྲན་པ་མཛོད། ལྟུང་བ་འདི་ལ་སྤྱིར་འཁོར་བ་དང་བྱེ་བྲག་ངན་འགྲོ་ལམ་དམན་པ་ཅེས་གསུམ་ཙམ་གསུང་འདུག་པས་སྡིག་ལྟུང་གཉིས་ཀྱི་ལྟུང་བ་དེ་གང་དུ་ཁས་ལེན་ན། ཁྱིམ་པས་ཤིང་བཅད་སྡིག་ལྟུང་གང་ཡང་མིན་དགེ་སློང་གིས་ཤིང་བཅད་ན་ལྟུང་བ་ཡིན་རྒྱུ་རེད་བ།
དྲ་གྲོགས་ལ་སྟོད་བུ་ལགས་སྐུ་ཁམས་བཟང་། ཡང་ངས་དེ་རིང་ཁྱེད་རང་གི་སྙན་དབང་དེ་གཡར་རོགས་ཞུ་ཡ་ཡིན་ད། (( བྱས་ཙང་ཁྲིམས་དཔོན་ཁོ་རང་གིས་སུ་བདེན་ཇི་ལྟར་མཐོང་བ་ལྟར་གཅིག་བདེན་གཅིག་མི་བདེན་བཤད་དགོས་པ་རེད། དབུ་མའི་ལྟ་བ་ནང་བཞིན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མར་གནས་རྒྱུ་ཤིན་ཏུ་ནས་དཀའ་མོ་རེད།))ཅེས་གསུང་འདུག་འདི་ལ་དངོས་གནས་ང་ཡང་མོས་མཐུན་ཆུང་གི ཁྲིམས་ཐག་ཡང་གང་ཟག་གིས་བཅད་པ་རེད་ལ་དབུ་མའི་ལྟ་བ་དེ་ཡང་གང་ཟག་གིས་བྱས་པ་རེད་དེ་གཉིས་ཀས་གང་ཟག་སོ་སོའི་བསམ་བློའི་ནང་གང་བྱུང་བ་དེ་བཤད་པ་ལས་གཞན་པའི་ཁྱད་ཆོས་ཤིག་ཅི་ཡང་མེད ། ཁྲིམས་ཐག་ནི་ཁྲིམས་ཡིག་ལ་རྟེན་ནས་བཅད་དགོས་ཀྱི་ཡོད་པ་རེད་ལ་འཇིག་རྟེན་འདིའི་ཁམས་སུ་ཁྲིམས་ཡིག་ཆེ་ཤོས་དེ་ཟས་གཙང་སྲས་པོས་བཟོས་པ་རེད་ལ་ཁོང་གི་དགེ་སྡིག་གི་ཁྲིམས་ཡིག་ཞིག་བཟོས་ཏེ་ཁྲིམས་དཔོན་གཤིན་རྗེ་ཆོས་རྒྱལ་ཅེས་པ་ཕྱོགས་ལྷུང་དང་གཡམ་རྒྱུག་མི་བྱེད་ལ་ལྐོག་ཟ་རུལ་སུངས་སོགས་མི་མངའ་བའི་གང་ཟག་ཞིག་ས་ཆ་ག་གེ་མོ་ཞིག་ལ་ཡོད་པ་བཤད་ལ་ཁྲིམས་དཔོན་དེའི་འོག་ཏུ་འཛམ་གླིང་འདིའི་སྟེང་ན་སྙན་གྲགས་དང་གཟི་བརྗིད་ཆེ་བའི་གང་ཟག་མཆོག་གྱུར་དུ་འཛིན་པ་དེ་དག་གིས་ཀྱང་སྤུས་མོ་བཙུག་དགོས་ཀྱི་ཡོད་པར་བཤད། མཐའ་བྲལ་དུ་འདོད་པའི་དབུ་མའི་ལྟ་བ་དེ་ཡང་ཁོང་གི་བསམ་བློ་ལས་བྱུང་བ་ཡིན་ཙམ་དེ་གཉིས་ལ་གསལ་བཤད་བྱེད་མཁན་སྡུས་གྲྭའི་རིག་པ་ཞིག་ཡོད་ཀྱང་ཕན་ཐོག་དཀའ། གྲོགས་མཆོགས་ལགས་མཁྱེན་དགོས་པ་ཞིག་ལ་དང་ལེན་ཞུ་མ་ཞུ་ནི་ངའི་འདོད་པ་ཡིན་ལ་བཟང་ངན་ཅི་ཞིག་བཤད་པ་དེ་ཁྱེད་ཀྱི་འདོད་པ་ཡིན་ང་ནི་བསམ་ཚུལ་ལ་ཉན་པ་དགའ་བས།།
ཚུལ་ཞེས་པ་དོན་དུ་མ་ལ་འཇུག་སྟེ། རྣམ་དཔྱད་རིག་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང་།།ལམ་དང་འབྲེལ་འབྱུང་རིག་པ་དང་། ཞེས་གསུངས་པ་དང་། སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་།།སྒོ་དང་སྡོམ་པ་མཚན་ཉིད་དང།།ཐབས་དང་རིག་པ་དོན་དང་འདོད།།ལེགས་པ་དག་ལ་འཇུག་པ་ལས།། ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཞེས་པའི་ཚུལ་ནི་སྡོམ་པ་ལ་གོ ལུས་ངག་གི་ཉེས་སྤྱོད་སྡོམ་པར་བྱེད་པས་ན་སྡོམ་པ་ཟེར། ཁ་ཤས་ཀྱིས་སྡོམ་པ་འཆིང་ཐག་ལ་ལྟ་བུ་ལ་སྦྱར་འདུག་མོད། ལུས་ངག་འཆིང་བྱེད་མ་རེད་ལུས་ངག་གི་ཉེས་སྤྱོད་སྡོམ་པ་རེད།
སྡོམ་པ་ནི། བཅས་རང་གི་ཉེས་སྤྱོད་ལས་སྡོམ་པ་དང་། ཚུལ་ཁྲིམས་ནི། རྒྱ་སྐད་དུ། ཤྰི་ལ་སྟེ། བསིལ་བའི་དོན་རེད། དེ་ཡང་ཉེས་པའི་འགྱོད་པའི་མེས་གདུང་བ་ལས་སྐྱོབ་པའི་བསིལ་བ་ལ་གོ་དགོས་འདུག
དུད་འགྲོ་རྣམས་ལ་ལོག་ལྟ་ཟེར་བ་ཡོད་པ་མ་རེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་མདའ་དཀྲུག་ཕུ་དཀྲུག་བྱེད་པའི་རྣམ་དཔྱོད་མེད་ལ། མཛོད་ལས། ལོག་པར་ལྟ་བས་དགེ་རྩ་གཅོད།།ཅེས་པ་ལྟར་འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་དབང་པོ་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། གནའ་སྔ་མོའི་དུད་འགྲོའི་རིགས་ལ་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་དང་གཏུམ་འབྲུག་སོགས་མང་པོ་ཞིག་རིགས་རྒྱུད་རྩ་སྟོང་དུ་ཕྱིན་པ་རེད། དེ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་གནོད་རྐྱེན་ཐེབས་པའི་དབང་གིས་རྩ་སྟོང་ཕྱིན་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། དཔེར་ན། དམག་དོན་དང་དྲག་རྩལ། མེ་མདའ། འཕུར་མདའ། རྡུལ་ཕྲན་མཚོན་ཆ་སོགས་བེད་སྤྱོད་བྱེད་སྟངས་ཁ་ཁ་རེད། རང་རྒྱལ་གཞན་ཕམ་གྱི་ལྟ་བ་དང་གཞན་ཕན་གྱི་ལྟ་བ། རང་ཉིད་སྲུང་སྐྱོབ་ཀྱི་ལྟ་བ། ཆོས་ལུགས་འཐེན་ཁྱེར་གྱི་ལྟ་བས་བེད་སྤྱོད་བྱེད་ཀྱི་རེད། དཔེར་ན། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་མི་དེ་གཅིག་པ་ཡིན་ཀྱང་ཁོ་གཉིས་ཀྱི་ལྟ་སྟངས་མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ཟེར་བ་དེ་རེད། དེར་བརྟེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ལྟ་བ་ཐམས་ཅད་སྤངས་མཛད་པ།།གོོ་དམ་དེ་ལ་ཕྱག་འཚལ་ལོ།།ཞེས་སྟོན་པ་ཤཱཀྱ་ཐུབ་པའི་རྟེན་འབྱུང་གི་ལྟ་བ་ལ་བསྔགས་བརྗོད་གནང་བ་ཡང་རྒྱུ་མཚན་མཐོང་བའི་སྒོ་ནས་བསྟོད་པ་རེད།
ཤར་ཤར་གཏགས་པས་ནོར་བ༼དོན་དག་ངོ་མ་བཤད་ན་ལྟ་མཁན་གྱི་མི་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད།༽ ཞེས་བར་བཅོས་རོགས།
དོམ་ཁྲ་ལགས། སྐུ་ཉིད་ཀྱི་དོགས་སློང་ཡག་པོ་རེད། ལོག་ལྟ་རྒྱུད་ལ་སྐྱེས་ན་དགེ་རྩ་ཐམས་ཅད་བཅོམ་པའི་ཁྱབ་པ་མི་འདུག་ཞུ།
དོམ་ཁྲ་ལགས་ཐུགས་རྗེ་ཆེ།
ཡིན་དང་ཡིན་ངས་རྣ་བ་ཀྲོང་ངེར་སླངས་ཏེ་ཁྱེད་གཉིས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་མཆན་བུ་དེ་ཚོར་རྟག་ཏུ་བལྟ་བཞིན་ཡོད་ལ་དེ་བཞིན་ཉན་བཞིན་ཡོད། ད་དུང་་་་་ཨོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོད། དེ་ཚད་མ་ཡིན་པར་སུས་ཤེས། ང་ཡི་རྩ་བའི་བླ་མས་ཤེས། དེ་ཚད་མ་ཡིན་པར་སུས་ཤེས་ཨོ་དེ་ལྟ་ང་ཡིས་ཤེས། དེ་ནས་རང་ཉིད་ཚད་མ་ཡིན་པར་སྒྲུབ་བྱེད་དཀའ་སེ་ཡོད་དཱ།
སླར་ཡང་གསན་མཛོད་དྲ་གྲོགས་མིག་བརྒྱད་ལགས། །དུད་འགྲོའི་རྒྱུད་ལ་ལོག་ལྟ་ཡོད་མེད་ཅེས། །ངས་ཀྱང་མ་བཤད་ཁྱེད་ཀྱིས་མ་གསུང་རོགས། །འགྲོ་བ་མི་ལ་བློ་སྟོབས་ཆེ་ཆུང་ཞེས། །ཡོད་མེད་ཞིབ་དཔྱད་རང་སེམས་ངལ་བའི་རྒྱུ། །དུད་འགྲོའི་རིགས་ལ་རང་གི་དབང་པོ་ལས། །རང་ཉིད་སྲུང་བའི་ནུས་པ་གཞན་ཡོད་མིན། །གསུང་ན་འདི་ནི་ཅུང་ཟད་ཐལ་བའི་སྐྱོན། །ཕྱི་བས་མེ་དང་ཆུ་ཡི་གནོད་པ་ལས། །གྲོལ་ཆེད་ཨི་ཁུང་ཁུང་ལག་དུ་མ་ཡོད། །བྱ་ཡི་རིགས་རྣམས་གངས་དང་ཆར་པ་ཡི། །གནོད་པ་ཀུན་ལས་རང་ཉིད་རྒྱལ་བའི་ཆེད། །བྱ་ཚོང་ཐོག་དང་ལོག་རྣམས་རྩིག་ཚུལ་ལ། །རིགས་ནི་དུ་མ་ཡོད་པ་བཤད་རྒྱུ་ཡོད། །ལྟ་ལོག་ཅན་གྱིས་སྟོང་བའི་དགེ་རྩ་དང་། །མ་སྟོང་ལུས་པའི་དགེ་རྩ་ཇི་ཙམ་ཡོད། །དེ་དག་བཀའ་དང་བསྟན་བཅོས་གང་དུ་གསུངས། །
གྲོགས་མིག་བརྒྱད་པ་ལགས། ཚན་རིགས་པས་བཤད་ན་རྨ་བྱས་རྨ་བྱ་དཀར་པོ་ལ་མཛེས་པོར་མཛིན་ཏེ་ཚང་མས་དགའ་བོ་བྱེད་ཀྱི་ཡོད་ཚུལ་དང་། རྨ་བྱ་དཀར་པོ་རང་ཉིད་གིས་ཀྱང་རང་ཉིད་ཀུན་གྱི་ཡིད་ལ་བབ་པའི་བྱ་ཞིག་ཡིན་བསམ་པའི་ང་རྒྱལ་ཡང་ཡོད་པ་བཤད། དེས་ན་ཁྱེད་ཀྱིས་ཁ་སེང་གསུང་ཡ་དེ་ལ་ཁྱེད་རང་གིས་ལམ་ཁ་ཞིག་རྩལ་རོགས་ཞུ་རྒྱུ་ཡོད།།
ལོག་ལྟས་སྦྱར་བྱུང་གི་དགེ་རྩ་གཅོད་པར་ངེས་ཀྱང་སྐྱེས་སྟོབས་ཀྱི་དགེ་བ་རྣམས་འཇོམས་མི་ནུས་པ་མཛོད་འགྲེལ་སོགས་གསུངས་ཡོད། སྤྱིར་འཇིག་ལྟ་ནི་འཁོར་བའི་རྩ་བར་གྱུར་བ་ཡིན་མིན་ལ་གྲུབ་མཐའ་གོང་འོག་གི་བཤད་ཚུལ་མི་མཐུན་པ་དང་དུང་འགྲོའི་རྒྱུད་ལ་ལྟ་ངན་གྱི་རིགས་ཡོད་མེད་ལའང་ཐེ་ཚོམ་རེད།
ལགས་སོ་དྲ་གྲོགས་མིག་བརྒྱད་པ། །དུད་འགྲོའི་རྒྱུད་ལ་ལྟ་ངན་ཡང་། །ཡོད་མེད་ཐེ་ཚོམ་ཡིན་གསུང་ན། །དུད་འགྲོའི་རྒྱུད་ལ་ལོག་ལྟ་ཡང་། །མེད་ཅེས་ཐག་གཅོད་མ་མཛད་རོགས། །ལོག་ལྟས་འཇོམས་དང་མ་འཇོམས་ཀྱི། །དགེ་ལ་སྦྱར་བྱུང་སྐྱེས་སྟོབས་ཅེས། །རྣམ་པ་གཉིས་ཀྱི་ངོ་བོ་གང་། །ཁ་གསལ་གསུང་ན་ཨི་རུང་ལགས། །གུས་པ་ཤེས་རབ་ཆུང་རྐྱེན་གྱིས། །དེ་དོན་ལེགས་པོ་མ་གོ་ཐལ། །འཇིག་ལྟ་ལྷན་སྐྱེས་ཀུན་བཏག་གཉིས། །དེ་ལ་འཇོག་ཚུལ་གྲུབ་མཐའི་ཁྱད། །ལྔ་ཕུང་བདག་ཏུ་འཛིན་པ་ལ། །ལྷན་སྐྱེས་ཀུན་བཏག་གང་ཞིག་འཇོག།
དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ལག་པ་ཡོད། ནམ་མཁའི་རླུང་ལ་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་དུད་འགྲོ་གཞན་དང་བསྡུར་ན་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་པགས་པ་ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་ལ་གཞན་གྱི་ས་ཆ་བདག་བཟུང་བྱེད་པའི་ནུས་པ་དང་བཙན་འཕྲོག་བྱེད་པའི་ནུས་པ། ཁང་པ་དང་ཉལ་ཆས་དང་མཁོ་ཆས་སྒྲིག་པའི་ནུས་པ། རང་ཁ་རང་གསོའི་ནུས་པ། ཐ་ན་རང་དགྲ་གསོད་པའི་ནུས་པ་སོགས་ཚང་མ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་དང་རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་མདོར་ན་མི་དང་སེམས་ཅན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་བཞིན་ཡོད་པ་གསལ་བོ་རེད། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
མཛོད་རྩ་ལས། མེད་པར་ལྟ་བས་རྩ་བ་གཅོད།།འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས།།ཅེས་གསུངས་པ་ལྟར་ལས་འབྲས་མེད་པར་ལྟ་བས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་རྣམས་གཅོད་པར་བྱེད་ཅིང་བཅོམ་པས་མ་ཁྱབ་པའི་ཞིབ་ཆ་དགོས། དགེ་རྩ་གཅོད་ཚུལ་ནི། དགེ་སྡིག་གི་རྒྱུ་འབྲས་ལ་སྐུར་བ་འདེབས་པས་གཅོད་དོ།། དེ་ལས། རྒྱུ་དང་འབྲས་ལ་སྐུར་འདེབས་པས།། ཞེས་གསུངས་སོ།། བྱེ་སྨྲ་ལྟར་ན་འདོད་པའི་ལོག་ལྟ་ཀུན་གྱིས་སྐྱེས་ཐོབ་དགེ་བ་སྐོར་དགུ་རིམ་གྱིས་གཅོད་པར་བྱེད་དོ།། དེ་ཡང་འགྲོ་བ་མིའི་ནང་དུ་དགོས།། དེ་ལས། ཀུན་གྱིས་རིམ་གྱིས་མིའི་ནང་དུའོ།། ཞེས་གསུངས་པ་ལྟར་རོ།། ཚེ་འདིར་ལོག་ལྟས་དགེ་རྩ་ཆད་པ་སླར་ཡང་མཚམས་སྦྱོར་བ་ཡོད་དམ་མེད་སྙམ་ན། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བའི།།མཚམས་མེད་བྱེད་པའི་འདི་ལ་མིན།།ཞེས་གསུངས་པ་ལྟར་མཚམས་མེད་ཀྱི་ལས་བྱེད་པའི་དགེ་རྩ་ཆད་པ་རྣམས་ལ་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་མེད་ཅིང་ལོག་ལྟས་དགེ་རྩ་ཆད་པ་རྣམས་སླར་ཡང་ལས་འབྲས་ཡོད་པར་ལ་ཐེ་ཚོམ་དང་ལྟ་བས་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ཡོད་པར་བཤད་དོ།།
དྲྭ་གྲོགས་མིག་བརྒྱད་པ་ལགས་ཀྱི་མཆན་༩༦པ་དེ་ལ་མངོན་པར་བསྟོད་དོ།།
དྲྭ་གྲོགས་དོམ་ཁྲ་ལགས་དང་མིག་བརྒྱད་པ་ལགས་ཀྱི་ཆོས་མཐུན་གཏམ་གླེང་ལ་རིན་ཐང་ལྡན་ནོ།། ཤེས་རྒྱུ་མང་ངོ་།།
སྤྱིར་ཁོར་ཡུག་དང་། རང་གི་ཚོ་པ་སོགས་ཀྱི་ཕྱིའི་མཛེས་སྡུག་དང་ནང་གི་སེམས་གཤིས་གཉིས་ཆར་གྱི་རིན་ཐང་དང་མཛེས་པར་ལྟ་བའི་འདུ་ཤེས་ཤིག་ནི་སེམས་ཅན་ཀུན་ལ་ཡོད་པ་ཡིན། མཛེས་ཤིང་ཡིད་དུ་འོང་བའི་རིགས་གང་ཡིན་ལ་དེ་ལྟར་དུ་ངོས་འཛིན་ཅིང་དེ་དང་ཉེ་བར་བྱེད་ལ། མི་མཛེས་ཤིང་ཡིད་དུ་མི་འོང་བའི་བྱ་དངོས་ཇི་ཡིན་ལ་དེ་ལྟར་དུ་ངོས་འཛིན་ཅིང་དེ་ལས་རྒྱང་དུ་འགྱེད་པའི་སེམས་གཤིས་ཤིག་ཁྱི་ཕག་བྱི་ལ་སོགས་ཀུན་ལ་འདུག དེ་བས་ལོག་ལྟ་ཟེར་བའི་སྐྱེ་བ་སྔ་ཕྱི་སོགས་ཡོད་མེད་དུ་ལྟ་བའི་ལྟ་བ་ཞིག་ནི་སེམས་ཅན་འདིའི་རིགས་ལ་ཡོད་དྭོགས་མེད་ཀྱང་སྔར་ལེགས་པོར་སེམས་མྱོང་བ་ཞིག་ལ་ཕྱིས་རྐྱེན་གྱི་རིགས་ཤིག་འཕྲད་སྟོབས་ཀྱིས་བློ་ལོག་པར་འགྱུར་འགྲོ་བའི་ངང་ཚུལ་ཞིག་ནི་ཁྱི་ཕག་བྱ་དེ་སོགས་ལའང་ཡོད་པ་འུ་ཚོས་མངོན་སུམ་གྱིས་ཤེས།
དེ་བས་སྒྲ་ཡངས་པའི་དབང་དུ་བྱས་ན་ལྟ་སྟངས་ལོག་འགྲོ་བའི་ཚུལ་འདིར་ཡང་ལོག་ལྟ་ཞེས་སྦྱར་མི་ཆོག་པའི་ཁྲིམས་བཙན་པོ་ཞིག་སུས་ཀྱང་བྱས་པ་མེད་སྙམ་སྟེ། སྒྲ་ནི་འདོད་པའི་རྗེས་སུ་འགྲོ་བའི་ཕྱིར་རོ་སྙམ།
དོམ་ཁྲ་ལགས་ཀྱིས་གསུངས་པ་ལྟར་རྨ་བྱའི་རིགས་ལ་མཛེས་འཛིན་གྱི་ལྟ་བ་འདི་ཤིན་ཏུ་ནས་ཡོད་དེ། རང་བྱུང་འཕེལ་འགྱུར་རིག་པའི་འགྲེལ་བཤད་དང་འབྲེལ་ནས་བཤད་ན་རྨ་བྱ་ཕོའི་རིགས་རྣམས་རིགས་རྒྱུན་སྟོངས་པ་མེད་པར་རྒྱུན་གནས་ཐུབ་པ་འདི་ཡང་འདོད་ཆགས་དང་འབྲེལ་བའི་མཛེས་འཛིན་གྱི་ལྟ་བ་ཞིག་ལས་བྱུང་བ་ཡིན།
སྤྱིར་རྨ་བྱ་ཕོའི་རིགས་ལ་རང་བྱུང་ཁམས་ཀྱིས་རང་བཞིན་འདེམས་སྒྲུག་བྱེད་པའི་ཆ་རྐྱེན་ཤིན་ཏུ་ཉུང་སྟབས། ཌར་ཝིན་གྱིས་རྨ་བྱ་ཕོ་ཞིག་མཐོང་བ་དང་སྐྱུག་མེར་ལངས་གྲབས་བྱས་ཟེར། རྒྱུ་མཚན་ནི་རྨ་བྱ་ཕོའི་ལུས་ཀྱི་གྲུབ་སྟངས་དང་ཆགས་སྟངས། འཚོ་སྟངས་སོགས་ཀྱི་སྟེང་དུ་ཌར་ཝིན་རང་གི་རང་བྱུང་འདེམས་སྒྲུག་གི་འགྲེལ་བཤད་དེ་རྒྱག་ཐུབ་ཀྱི་མེད་པས་རེད། དེར་བརྟེན་ཁོས་རྨ་བྱ་ཕོ་ཚོ་མཐོང་དུས་འཚིགས་པ་ཟ་ཡིན་ཡོད་པ་རེད།
འོན་ཀྱང་ཕྱིས་སུ་ཞིབ་ཚགས་ཀྱིས་དཔྱད་པ་ལས་མཁྲིགས་སྤྱོད་འདེམས་སྒྲུག་གི་འགྲེལ་བཤད་དེ་རྨ་བྱའི་རིགས་ལ་རྒྱག་ཐབས་ཡོད་པ་ཤེས་འདུག མཁྲིགས་སྤྱོད་འདེམས་སྒྲུག་ཟེར་དུས་རྨ་བྱ་ཕོའི་རིགས་ལ་རང་བྱུང་ཁམས་ཀྱི་ངོས་ནས་རིགས་རྒྱུན་སྲུང་སྐྱོབ་ཀྱི་ཆ་རྐྱེན་ཞན་ཡང་རྨ་བྱ་མོ་རྣམས་ཀྱིས་ཕོའི་མཛེས་ཆ་སྲུང་སྐྱོབ་ཀྱི་བྱ་སྤྱོད་དེ་ཧ་ཅང་ཚད་མཐོ་པོ་ཡིན་སྟབས། ཁོང་རྣམས་སྟོངས་པ་མེད་པར་རྒྱུན་གནས་ཐུབ་པར་སོང་མཁྲིགས་སྤྱོད་དང་འབྲེལ་བའི་མཛེས་པ་ངོས་འཛིན་གྱི་སེམས་གཤིས་དེ་ཁོང་ཚོའི་འཚོ་གནས་ཀྱི་རྒྱུ་རྐྱེན་ཡོད་ན་མེད་ན་དེར་འགྱུར་སོང་བ་རེད།
དྲ་གྲོགས་སྣ་བོ་ཆེ་ཁྱེད་ཀྱི་རྩོམ་ཡིག་འདི་དཔེལ་མེད་ཚེ་ངེད་ཚོ་ལ་འདི་འདྲའི་གོ་སྐབས་དེ་བྱུང་མེད་ཙམ་ཁྱེད་ལ་ཐུགས་ཆེ་ཞེས་སྔར་ནས་ཞུ་འདོད་ཡོད་ཀྱང་ང་ལེ་ལོ་ཆེ་བས་ཁྱེདཀྱིས་དྲན་སྐུར་མ་བྱུང་གི་བར་དུ་ལུས་སོང་བ་རེད། ད་གཟོད་ངས་དགོང་སེལ་དང་ཐུགས་རྗེ་ཆེ་ལྷན་དུ་ཞུ་དགོས་བྱུང་སོང་ལ་དེ་དང་ལྷན་དུ་ཁྱེད་ཀྱི་བྲང་ལ་སྙེ་མཁན་གཞོན་ནུ་མ་དེ་ཡང་སྐབས་ཀྱི་བརྗོད་བྱའི་བདག་རྐྱེན་ངོ་མ་དེ་ཡིན་ཙམ་མོ་ལ་ཡང་ཐུགས་རྗེ་ཆེ་ཞེས་ལོས་ཞུ་དགོས།
གྲོགས་མིག་བརྒྱད་པ་ལགས། དུད་འགྲོ་རྣམས་ནུས་མེད་དུ་ཁྱེད་ཀྱིས་སྒྲུབ་ཀྱང་ནུས་ལྡན་དུ་མཐོང་བའི་དུས་ཞིག་རེད་ཞུ་ཡ་ཡིན། ཇི་ལྟར་ཞེ་ན། ད་ལྟའི་དུས་འདི་ནི་ནད་ཐམས་ཅད་སྲིན་འབུ་ཕྲ་རགས་ལ་ངོས་འཛིན་བྱེད་པའི་དུས་རབ་ཞིག་དང་ད་དུང་གསོ་མི་བཏུབ་པའི་ནད་རིགས་དུ་མ་ཞིག་འབྱུང་དང་འབྱུང་བཞིན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཙམ་དུད་འགྲོ་རྣམས་ནུས་མེད་དུ་ག་ལ་ཡིན། ད་དུང་དེ་ལས་ཚབ་ཆེ་བ་ཞིག་ལ་ནད་ཀྱི་སྐལ་པ་ཞིག་བྱུང་བ་ཡིན་ན་འཛམ་གླིང་འདི་དུད་འགྲོས་འཇིག་སྟེ་དུད་འགྲོ་རྣམས་ཅི་འདྲའི་ནུས་ལྡན་ཞིག་ཏུ་གྱུར། ལོག་ལྟའི་སྐོར་ལ་སྤྱིར་དགེ་རྩ་གཅོད་བྱེད་ལ་ཁྱད་པ་ཡོད་ཀྱང་སྐབས་འདིར་རྩ་བའི་བརྗོད་གཞི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་མཆོགས་གསུམ་བཅས་མེད་པ་ལྟ་བ་ཞེས་པ་དེ་ཡིན་པ་དེ་དྲན་གནང་རོགས། དེ་མ་ཚད་བྱས་པ་ཆུད་མི་ཟ་མ་བྱས་པ་དང་མི་འཕྲད་ཅེས་པ་དེ་ཡང་དྲན་པ་མཛད་རོགས།།
ཆོས་འདལ་བ་འདུལ་བ་ངས་མི་ཤེས། ཕོ་རང་སེམས་འདུལ་ན་འདུལ་བ་ཡིན།
སྤྱིར་བཏང་ང་ཚོའི་འཛམ་གླིང་འདིར་སེམས་ཅན་མི་འདྲ་བ་ཧ་ཅང་མང་པོ་རེད། ལ་ལ་ནི་ཧ་ཅང་ཆེན་པོ་དང་ལ་ལ་ནི་ཧ་ཅང་ཆུང་ཆུང་ཡིན་པས་མིག་རྗེན་པས་མཐོང་མི་ཐུབ་པ་ཡང་སྨོས་མེད་རེད། འཛམ་གླིང་སྟེང་གི་སེམས་ཅན་ལུས་བོངས་ཆེ་ཤོས་ནི་ཉ་ཆེན་ཝེལ་ཟེར་བ་དེ་རེད། ཆུང་ཤོས་ནད་འབུ་ཕྲ་རབ་དང་སེམས་ཅན་གྱི་ཐོག་མའི་འབྱུང་ཁུངས་བྷེཀི་ཊེ་ར་ཡ་ནས་མགོ་ཚུགས་པར་ཡང་བཤད་ཀྱི་ཡོད། ང་ཚོའི་གཞུང་ན་དུད་འགྲོའི་རིགས་མི་འདྲ་བ་བྱེ་བ་སོ་དྲུག་ཙམ་ཡོད་པ་ཡང་གསུངས་ཡོད་པ་རེད། རིགས་གཅིག་ཡིན་པ་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ལ་སྤྱི་ཚོགས་སེམས་ཅན་ཟེར། དཔེར་ན། མི་དང་སྦྲང་མ། གྲོག་མ་ལྟ་བུའོ། །སེམས་ཅན་དང་རྩི་ཤིང་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་པ་ཚན་རིག་པ་ཚོས་གླེང་གི་ཡོད་ལ་དངོས་པོའི་གནས་ཚུལ་ཡང་རེད། སེམས་ཅན་དང་རྩི་ཤིང་གང་ཡིན་རུང་ཁམས་ཟས་ལ་ལ་བརྟེན་ནས་འཚོ་དགོས་བ་དང་། ཤ་ཟན་སེམས་ཅན་དང་རྩ་ཟན་སེམས་ཅན། ནུ་གསོའི་སེམས་ཅན་དང་ནུ་གསོ་མ་ཡིན་པའི་སེམས་ཅན། སྒལ་རུས་སེམས་ཅན་དང་སྒལ་རུས་མེད་པའི་སེམས་ཅན། རྐང་ལག་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། གཤོག་པ་ཡོད་པའི་སེམས་ཅན་དང་མེད་པའི་སེམས་ཅན། བདག་ཡོད་སེམས་ཅན་དང་བདག་མེད་སེམས་ཅན་ཚང་མས་ཁ་ཟས་ལ་བརྟེན་དགོས། མཛོད་འགྲེལ་སོགས་ལས་ཚེ་སྲོག་གསོ་བར་བྱེད་པ་ལ་ཟས་ཞེས་གསུང་གི་ཡོད། ཟས་བཞིའི་ནང་གི་ཁམས་ཟས་དེ་རེད། ཏིང་ངེ་འཛིན་གྱི་ཟས་དང་རྣམ་ཤེས་ཀྱི་ཟས། གཉིད་ཀྱི་ཟས་སོགས་མང་པོ་ཡོད་པ་རེད། ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་རེད། འབུ་དེ་དག་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པ་ཡང་གསལ་བོ་རེད། འབུ་མེད་ན་ནད་མེད། ནད་མེད་ན་སྨན་མེད། སྨན་མེད་ན་འཚོ་གནས་མི་ཐུབ་པ་ཡིན། འཇིག་རྟེན་འདི་ན་སྨན་མ་ཡིན་པ་ཡང་མེད་ལ་དུག་མ་ཡིན་པ་ཡང་མེད། འདུས་པའི་རང་བཞིན་ལས་སྨན་དང་དུག་ཏུ་འགྱུར་བ་ཡིན། སྨན་ཡང་དུག་ཏུ་འགྱུར་ལ་དུག་ཡང་སྨན་དུ་འགྱུར་བ་ཡོད། ལ་ལས་དམ་པའི་ཆོས་དུག་ཏུ་ངོས་འཛིན་ལ་ལ་ལས་སྨན་དུ་ངོས་འཛིན། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་གེགས་སུ་ངོས་འཛིན་ལ། ལ་ལས་ཉོན་མོངས་དུག་གསུམ་ལམ་སྒོམ་པའི་མཐུན་རྐྱེན་དུ་ངོས་འཛིན། འདི་ཚང་མ་ལྟོས་འཇོག་གི་རང་བཞིན་རེད། མི་མཐུན་ཕྱོགས་མེད་ན་ཡར་རྒྱས་མེད། དཔེར་ན། སངས་རྒྱས་བཞིན། རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།ཞེས་གསུངས་ལ་ལྟར། ལྟ་ངན་གྱི་དྲ་བ་ཐམས་ཅད་གཅོད་བྱེད་ངོ་མ་ནི་རྟེན་འབྱུང་གི་རིགས་པ་ཟེར་བ་དེ་རེད། དེང་དུས་ཚན་རིག་པ་མང་པོས་ཀྱང་ལྟོས་གྲུབ་ཀྱི་རིགས་པ་ལ་ཚད་མཐོ་བའི་གདེངས་འཇོག་བྱེད། འགྲོ་བ་མིས་རྣམ་དཔྱོད་འདི་བེད་སྤྱད་དེ་བྱམས་དང་སྙིང་རྗེ། ཀུན་དང་མཐུན་པའི་ལྟ་བ་ཞིག འཛམ་གླིང་ཀུན་ཁྱབ་ཀྱི་ལྟ་བ་ཞིག འཇིག་རྟེན་ཡོངས་ལ་ཁྱབ་པའི་ལྟ་བ་ཞིག གཅིག་ལ་གཅིག་རྟེན་གྱི་མཛའ་བརྩེ་ཟབ་མོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་རེད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། རྣམ་པ་ཚོས་དཔྱད་རོགས་ཞུ།
དེ་ཡང་ངས་གོ་ཚོད་ལ་རྨ་བྱའི་སྒྲོ་ཡི་ཁ་དོགས་རེ་རེ་ལ་ཡང་རྒྱུའི་དབྱེ་བ་དུ་མ་བཤད་རྒྱུ་ཡོད་པ་ཡིན་ཀྱང་ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་སུ་ཟིན་པའི་གང་ཟག་ཞིག་ལས་གཞན་སུ་གང་གིས་ཀྱང་དེ་ལ་འབྲེལ་བཤད་དོན་མཐུན་ཞིག་མི་ཡོང་བ་འདྲ། དེས་ན་སྐད་ཆ་དང་བྱ་བ་ཕར་ཆེ་ཐེ་ཚོམ། དེ་ལ་ཡང་ཕར་ཆེ་བ་ཤེས་ཆེར་འཛིན་པ་ཙམ་དུ་གོ དྲན་དགོས་པ་ཞིག་ལ་འཛམ་གླིང་ཞི་བདེ་དགོས་ཟེར་མཁན་དེ་མི་རེད་ལ་ས་སྒང་རིལ་བོ་འདི་སྐར་ཆ་གཅིག་གི་ནང་ལ་ཐལ་ཕུང་དུ་སྒྱུར་ནུས་པའི་རྡུལ་ཕྲན་མཚོན་ཆ་བཟོ་མཁན་དེ་ཡང་མི་རང་རེད། དེ་བཞིན་དུ་ང་ཚོའི་བོད་ཀྱི་རང་བརྩན་རྩོད་གླེང་ལ་ཡང་རིགས་འབྲེལ་ཆོག་པ་སྣང།
ཉམས་མྱོང་དང་བསླབ་བྱ་རེད། ཡིན་ན་ཡང་༧གོང་ས་མཆོག་གི་དགོངས་གཞི་ལྟར་ན་ཡང་གྲྭ་པ་ཉུང་ན་ཡག་རབས་ཀྱི་བཀའ་སློབ་མང་པོར་ཐོས་མྱོང་། དེང་རབས་གྲྭ་པ་མ་བྱས་ཀྱང་ཤ་ལ་རུས་པ་ཞིག་ཡོད་ན་མི་སྐྱོན་ཀི
དྲཱ་གྲོགས་གར་ཞཱ་པ་ལགས།
ཕལ་ཆེར་ཁྱེད་ཀྱིས་ནམ་རྒྱུན་༸གོང་ས་མཆོག་གི་བཀའ་སློབ་རབ་བྱུང་ངམ་སེར་མོ་བའི་སྡེ་ལ་གྲངས་འབོར་ཆེ་བའམ་མང་དྲགས་འདུག་གསུང་གི་ཡོད་པར་གོ་གནང་གི་འདུག་གམ།ཁྱེད་རང་ཞིབ་ཁྲ་གསན་དང།དེ་ནི་དེ་ལྟར་མ་ཡིན་ཏེ།སློབ་གཉེར་དང་།དགོན་པའི་ལས་དོན་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་གང་ལའ་མི་འབད་མཁན།སྤྱི་ཚོགས་ཀྱི་ཁུར་པོར་གྱུར་པའི་བཙུན་པའི་རྟགས་ཙམ་བཟུང་ནས་ཁྱིམ་པ་སུན་ཕྱུངས་ཏེ་ཉི་མ་གང་འཁྱོལ་བྱེད་མཁན་རྣམས་ལ་གསུང་གི་ཡོད་རེད་མ་གཏོགས་གྲངས་ཀ་མང་པོ་མེད་ན་བོད་ཀྱི་མི་འབོར་ཁྲོད་མཁས་དབང་རེ་གཅིག་རེ་གཉིས་ལས་མེད་པ་བཞིན་རེད།རྒྱ་དཀར་ནག་གཉིས་ལ་འཛམ་གླིང་དུ་མཁས་དབང་ག་ཚོད་མང་པོ་མི་འདུག་གམ།ང་ཆོ་ལ་འཛམ་གླིང་ཐོག་ངོམ་རྒྱུ་ནང་ཆོས་ཀྱི་ལྟ་གྲུབ།བསླབ་བྱ།ཉམས་ལེན།བཅས་གསུམ་པོ་ལས་གཞན་གང་གང་་་ངོམ་རིན་ཡོདདམ།་མཁས་པ་ཡང་མང་ཆེ་བ་གདན་ས་ཁག་གིས་གཙོས་ཆོས་བརྒྱུད་སོ་སོའི་ནང་ནས་སྲོལ་རྒྱུན་སློབ་གསོ་ཐར་ཕྱིན་ནས་བྱུང་བ་དེ་ཚོ་ཙམ་མ་རེད་པས།།༸གོང་ས་མཆོག་གིས་སྤུས་དག་པོ་གསུང་གི་ཡོད་པ་དང་།བོད་ཀྱི་མི་འབོར་ལ་དགོངས་ནས་དེ་ལྟར་གསུངས་པར་གདོན་མི་ཟ་བས།གྲཱ་ཟུར་རྣམས་ཀྱིས་རབ་བྱུང་རྣམ་དག་ཚོའི་སྐུ་ཚབ་ཞུས་ཏེ་བོད་ཀྱི་མི་འབོར་ལ་སྔར་བས་ལེགས་སྐྱེས་མང་ཙམ་འབུལ་དགོས་སོ།།།།
འདི་དག་མ་ཡིན་པའི་རྣམ་པ་མི་འདུག་རྫིན་གྱི་རྣམ་པ་ཤུགས་ཆེར་མངོན།དྲ་གྲོགས་ལགས་དེ་འདྲ་ཞིག་མ་རེད་དམ།
དོན་ངོ་མ་གྲྭ་བ་ཞིག་ཡིན་ན་བཟོད་བསྲན་དེ་འདྲ་ཞིག་ཡོད་ན་ཕྱིར་མི་འོང་ཐོབ་མེད་ཀྱང་དགྲ་བཅོམ་པ་ཞིག་ཡིན་པའི་རྣམ་པ་མི་འདུག་གམ། ཧ་ཧ་ཧ་ཧ་ཧ་ཧ་ཧ་
གང་ལྟར་དོན་བརྗོད་སྙན་ངག་ལ་བྱང་ཆུབ་པའི་ྩོམ་པ་པོ།རམཛེས་མའི་སྔས་མགོ་ཐེངས་ཤིག་གནང་མྱོང་བ་ཁོང་།རྩ་བ་བཞི་བོ་གང་རུང་ལས་འགལ་བའི་ཟབ་རྫུ་མཁན་ཞིག་མ་ཡིན་པར་ངེས་ཀྱང་།ཁྱིམ་པ་སུན་འབྱིན་གྱི་ལས་ཐེངས་མང་གསོག་མྱོང་བའི་ལྷག་ལྟུང་གི་བང་མཛོད་ཆུང་ཆུང་ཞིག་མ་ཡིན་པས་མ་ཁྱབ་སྟེ།ཐོག་མར་བྲང་ལ་གཉེ་མཁན་བུད་མེད་མཛེས་མ་དེ་དང་ཁོང་གིབློས་ཐུབ་་གྲོགས་ཕོ་མོ་ེརྣམས་སུན་ཕྱུང་བའི་ཕྱིརོ།ཞེས་ཞིབ་ཆའབྱེད་རྒྱ་ུནི་གོང་གསལ་རྩམ་ཆོས་དང་མཆན་རྣམས་ཀྱི་དབུ་མའི་ལམ་ཉག་གཅིག་དེ་ཡིན།
གང་ལྟར་དོན་བརྗོད་སྙན་ངག་ལ་བྱང་ཆུབ་པའི་ྩོམ་པ་པོ།མཛེས་མའི་སྔས་མགོ་ཐེངས་ཤིག་གནང་མྱོང་བ་ཁོང་།རྩ་བ་བཞི་བོ་གང་རུང་ལས་འགལ་བའི་ཟབ་རྫུ་མཁན་ཞིག་མ་ཡིན་པར་ངེས་ཀྱང་།ཁྱིམ་པ་སུན་འབྱིན་གྱི་ལས་ཐེངས་མང་གསོག་མྱོང་བའི་ལྷག་ལྟུང་གི་བང་མཛོད་ཆུང་ཆུང་ཞིག་མ་ཡིན་པས་མ་ཁྱབ་སྟེ།ཐོག་མར་བྲང་ལ་གཉེ་མཁན་བུད་མེད་མཛེས་མ་དེ་དང་ཁོང་གིབློས་ཐུབ་་གྲོགས་ཕོ་མོ་ེརྣམས་སུན་ཕྱུང་བའི་ཕྱིརོ།ཞེས་ཞིབ་ཆའབྱེད་རྒྱ་ུནི་གོང་གསལ་རྩམ་ཆོས་དང་མཆན་རྣམས་ཀྱི་དབུ་མའི་ལམ་ཉག་གཅིག་དེ་ཡིན།
དྲཱ་གྲོགས་མིག་བརྒྱད་པ་ལགས།
གོང་དུ་ཁྱེད་ཀྱི་བླ་མ་ཡིན་ལ་སྤྲུལ་སྐུ་མིན་པའིི་མུ།མཁས་བཙུན་བཟང་གསུམ་འཛོམས་པ་དེ་ཡང་ཁྱབ་པ་མི་འདུག་པས་ཞིབ་ཆ་ཞིག་ཀྱང་བསྣན་དགོས་པར་འདུག་ན་་་དེ་དོན་དགོངས་འཇགས་མཛོད།གང་ལགས་ཤེ་ན།་་དེ་ཡིན་ན་བླ་མ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ་་་་་་དེ་ཡིན་ན་ཁྱོད་ལ་སློབ་མ་ཡོད་པས་མ་ཁྱབ་པའི་ཕྱིར་་་་་མ་གྲུབ་ན་་་་་དེར་ཐལ་་་་་་མཁས་བཙུན་བཟང་གསུམ་འཛོམས་པའི་གཅིག་ཏུ་རྣལ་འབྱོར་ལ་བརྩོན་མཁན་གྱི་སྦས་པའི་རྟུལ་ཞུགས་འཛིན་པའི་སེ་རུ་ལྟ་བུའི་སྐྱེ་བོ་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཀྱི་ཁྲོད་དུ་ཡོད་སྲིད་པའི་ཕྱིར།དེར་ཐལ་བླ་མ་དང་སློབ་མ་གཉིས་ཕན་ཚུན་ལྟོསགྲུབ་ཡིན་པའི་ཕྱིར་རོ།།