ངའི་མི་དམངས་དཀའ་ངལ་ནང་ལྷུང་འདུག ཁོང་ཚོ་ལ་རོགས་པ་བྱེད་ཅུག་རོགས། Posted on 2010-04-222010-04-22 By tenzin 12 Comments on ངའི་མི་དམངས་དཀའ་ངལ་ནང་ལྷུང་འདུག ཁོང་ཚོ་ལ་རོགས་པ་བྱེད་ཅུག་རོགས། ཐུགས་རྗེས་གཟིགས། གསར་འགྱུར།
འཛམ་གླིང་མི་མང་སྤྱན་གྱིས་གཟིགས་དང་། ། བོད་མིའི་རང་ཡུལ་རང་གི་ཡུལ་དུ། ། རྒྱ་དཔོན་མ་རབས་དམག་མི་དེ་ཚོར། ། ཡ་རབས་བོད་མིས་སྐུ་སྐྱིད་ཟེར་བགྱིད། ། རང་རིགས་བོད་མི་གོད་ཆག་མི་ལ། ། རོགས་པ་བྱེད་འདོད་དགོངས་ཁྲོལ་དོནདུ། ། ཕྱི་མི་རྒྱ་མིར་རེ་སེམས་དུད་ནས། ། ལག་གཉིས་མཐེ་བོང་ཀེ་རེ་སྟོན་བགྱིད། །
མཐེ་བོང་སྒྲེང་པ་འདི་ནི་བོད་ལུགས་ལྟར་རེ་བ་ཞུ་བ་ཡིན་མོད་ཀྱང་། པར་འདི་དྲ་བ་གང་སར་ཡོད་རུང་ཕྱི་རྒྱལ་བ་ཚོས་དེ་ལ་གོ་བ་གཞན་ཞིག་ལེན་གྱིན་འདུག ཁོ་ཚོས་མཐེ་བོང་སྒྲེང་པ་ནི་ལེགས་པོ་དང་ཡག་པོ་འདུག་ཟེར་བའི་དོན་ཡིན་པས། པར་འདི་དང་མཉམ་དུ་གསལ་བཤད་ཅིག་མེད་ན་ཕྱི་ལ་འགྲེམས་དུས་གོ་ལོག་འཐེབ་ཉེན་འདུག
ཨ་ལེ། བོད་མི་དམངས་སམ་ཡང་ན་ཡུལ་ཤུལ་མི་དམངས་ཚངས་དབྱངས་ཀྱི་མི་དམངས་ཡིན་པ་རེད། སྐྱབས་མགོན་རིན་པོ་ཆེས་ངོས་ཀྱི་མི་མང་གསུངས་འདུག་པ་ལྟར་ཚངས་དབྱངས་ཀྱིས་ཀྱང་ངའི་མི་དམངས་ཞེས་བཤད་འདུག་གཱ། ད་བོད་ལ་དབུ་ཁྲིད་མང་གི ཧ་ལམ་ཡག་རྟགས་ཤིག་ཡིན་རྒྱུ་རེད། མི་འདི་ཚོ་ལ་རྩ་ཚང་བའི་ཉི་མ་ཞིག་ཡོད་པར་སྨོན།
དམག་མིས་དགེ་འདུན་པ་བཀག་ནས་མྱ་ངན་ཞུ་བར་མ་བཏང་བས་དགེ་འདུན་པ་ཚོས་མཐེ་བོང་བསྒྲེངས་ཏེ་ཞུ་བ་འཐེན་པ་དེ་དགེ་འདུན་པས་དམག་མི་ཡག་པོ་ཡོད་པ་དང་དམག་མི་ལ་བཀའ་དྲིན་ཆེ་ཞུ་བར་གོ་བ་བླངས་ན་ནོར་བ་རེད། ཤིན་ཏུ་ནས་ནོར་བ་རེད། གོ་ནོར་ལོག་པ་རེད། དམག་མི་ཚོའི་ལག་ལ་གང་ཞིག་འཇུས་འདུག་གམ། རྒྱུག་པ་རེད། མི་སེར་རྡུང་བྱེད་ཀྱི་དབྱུག་པ་རེད། དགེ་འདུན་པ་དེ་དག་ཀྱང་གོང་ནས་བཀའ་འཁྲོལ་ནས་མྱ་ངན་ཞུ་སར་བཏང་བ་ཞིག་ཡིན་མོད། གྲྭ་ཆས་སྤྲས་ཡོད་པ་ཁོ་ནའི་དབང་གིས་དམག་མིས་བཀག་ནས་བཏང་གི་མེད་པ་རེད། དགེ་འདུན་པ་ཚོ་འུ་ཐུག་ནས་ཞུ་བ་འཐེན་པ་ཞིག་རེད། རྒྱབ་ལྗོངས་ཀྱི་འགྲེལ་བ་མེད་ཀྱང་པར་དེ་རང་གིས་དོན་གསལ་བར་སྟོན་ཐུབ། ང་ཚོ་བོད་རིགས་དགེ་འདུན་ཚོ་གསོན་པོ་སྲོག་སྐྱོབ་དང་། གཤིན་པོ་དུར་སྐྱེལ་ཡང་བྱེད་མི་འཇུག་པ་དེ་ནི་རྒྱ་གཞུང་ངན་དྲགས་པ་དང་རྒྱ་དམག་གཏུམ་དྲགས་པས་རེད། ལྟས་ངན་རྒྱ་དམག་དེ་ཚོ། ཤི་ཚར་ནས་དམྱལ་བ་རུ་རྣམ་སྨིན་འཁོར་ངེས་རེད།
ཁ་སང་ནས་དུས་བབ་དང་ཁ་བརྡ་སོགས་སུ་དགྱ་ནག་གིས་ད་རེར་རོགས་སྐྱོར་ཡག་པོ་བྱས་སོང་བའི་རྣམ་པ་སྟོན་མཁན་འདུག དེ་ནི་དགྲ་ངོ་གཉེན་ངོ་མ་ཚོར་བ་རང་རེད། ཁ་སང་མཚོ་སྔོན་བརྙན་འཕྲིན་ལས་གྲྭ་བ་གཅིག་ལ་བཅར་འདྲའི་སྐབས་གསུང་བ་ནང་བཞིན་རེད།ངས་བལྟས་ན་དགྱ་ནག་གིས་ཡག་པོ་ཞིག་ཁྱོན་ནས་བྱེད་ཀྱི་མེད།
༄། དངོས་གནས་རེད་ པར་འདི་ཡི་ནང་དུ་རྒྱ་ནག་གི་བོད་པ་ཚོ་ལ་རོགས་པ་ག་ཚད་ཞིག་བྱེད་ཀྱི་ཡོད་སྟོན་འདུག གོང་གི་དྲ་གྲོགས་ཚོས་གསུངས་པ་ལྟར་གྲྭ་པ་ཚོའི་མཐེ་བོང་སྒྲེང་བ་འདི་ཡི་ཞུ་བ་འཐེན་གྱི་ཡོད། ཡག་པོ་ཞིག་གི་དོན་དུ་མཐེ་བོང་སྒྲེང་གི་མེད་འདི་ཡི་དོན་དག་འགྲེལ་བཤད་གསལ་པོ་རྒྱབ་དགོས་ཀྱི་ཡོད། ཨ་ཙི་ང་ཚོ་འདི་འདྲི་སྐྱོ་གདུང་གི་ནང་དུ་ལྷུང་དུས་ཇི་འདྲི་སྐྱོ་བ་ལ། རྒྱ་ནག་གཞུང་གི་བྱེད་སྟངས་འདི་ལ་ལྟོས་དང་བོད་མི་རིགས་འདི་ལ་སྡུག་པོ་བྱུང་དུས་རོགས་པ་བྱེད་ཡ་ཕར་ཞོག་རོགས་པ་བྱེད་མཁན་བཀག་དགོས་དོན་ཇི་ལྟར་ཡིན་ནམ་ བླ་མ་མཁྱེན་ནོ་མཁྱེན་ནོ་ ལས་ངན་ཇི་གསག་པའི་འབྲས་བུ་ཡིན་ནམ། ང་ཚ་གང་དུ་འགྲོ་ གང་ནས་འཚོ་བ་བསྐྱེལ་ཨ་ཙི་། པར་འདི་རིགས་ས་ཕྱོགས་གང་ལ་ཁྱབ་ཀྱང་ང་ཚོའི་ངེས་པར་དུ་ཕྱི་རྒྱལ་གསར་འགོད་པ་ཚོ་ལ་འབྲེལ་བཤད་གསལ་པོ་རྒྱབ་དགོས་སྤུན་ཟླ་ཚོ། འབྲེལ་བཤད་ལོག་པ་རྒྱབ་མཁན་ཡོད་མི་སྲིད་པ་མིན།
བོད་མི་ཚོ་སྙིང་རྗེ་ རང་གི་སྤུན་ཟླ་འདས་བོ་རྣམས་དུར་འཇུག་བྱེད་རྒྱུའི་རང་དབང་ཡང་མི་འདུག ང་ཚོས་སྔོན་ལས་ག་འདྲ་ཞིག་བསགས་པ་ཡིན་ནམ།
བོད་མི་རིགས་ལ་དཀའ་སྡུག་གང་ཞིག་འཕྲད་སྐབས་ཤིན་ཏུ་མཁོ་དགོས་ཡོད་པ་ནི་བླ་མ་དང་གྲྭ་རྣམས་ཡིན་ངེས་རེད། གང་ཡིན་ཞུ་ན་ཁོ་ཚོ་ནི་ཚེ་འདི་ཕྱི་གཉིས་ལ་གཞན་ཕན་བསྒྲུབ་རྒྱུའི་དམ་བཅའ་འཇོག་ཟིན་པ་ཞིག་རེད། མ་ཟད་ཆོས་ལྡན་གྱི་བོད་མི་ཚོས་སེམས་ཀྱི་བརྟེན་ས་དང་སེམས་ཀྱི་ཉན་ས། སེམས་ཀྱིས་བསྒོམ་ས་ནི་ཁོ་ཚོ་ཁོ་ན་རེད། འདི་ལྟར་ཡིན་པ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཧ་གོ་བཞིན་དུ་གྲྭ་པ་ཚོ་ཤི་གསོན་སྐྱེལ་འདྲེན་བྱེད་མི་བཅུག་པ་འདིས་བོད་ལ་ཆོས་དད་རང་མོས་བཀག་གིན་ཡོད་པ་གསལ་པོ་མཚོན་ཐུབ་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན།
ང་ཨ་མདོའི་དྲ་རྒྱའི་ནང་ཞུགས་མ་བཅུག་ནས་ཉིན་ཁ་ཤས་ཆས་སོང་། ངས་ཁྱོད་ཚོ་ནང་བཞིན་དཀྲུགས་ཤིང་རྒྱབ་མི་ཤེས་ལ་འདྲ་ཆགས་ཆགས་ཀྱང་བཤད་མི་ཤེས། ངས་རྐྱེན་ཆག་བྱུང་བའི་བོད་རིགས་དེ་ཚོ་ལ་སེམས་གསོ་ཞིག་གཏོང་འདོད་བྱུང། དེའི་ཆེད་ང་དྲ་རྒྱ་ནང་ཐེངས་གཅིག་ཞུགས་བཅུག་རོགས། རྒྱ་གུང་ཁྲན་གྱིས་སྒོར་ས་ཡ་མང་པོས་ཞལ་འདེབས་རྒྱག་པ་ལས། ༸གོང་ས་མཆོག་གི་དབུ་བཞུགས་ཀྱིས་ཐེག་ཆེན་གཙུག་ལག་ཁང་དུ་ན་ཎི་དང་སྨོན་ལམ་ཚོགས་པ་འདིས་དྲག་ལེ་རེད། ད་དུང་གདན་ས་གསུམ་གྱིས་གཙོས་རིས་མེད་ཆོས་སྡེ་ཁག་གིས་སྨོན་ལམ་རྒྱ་ཆེར་གསུངས་པ་དེ་དག་ལ།་རྒྱ་སྒོར་དུང་ཕྱུར་མང་པོ་སྤྲོད་ཀྱང་ཁོག་ལེ་མ་རེད། ཕ་ཡུལ་བཞུགས་མཁན་ཚོས་འདི་ཡང་ཤེས་དགོས་ཀྱི་འདུག། རྒྱ་མིའི་དྲ་རྒྱ་ནང་ཡུལ་ཤུལ་ས་གཡོལ་ཐོག་ ཏཱ་ལའི་ནས་ག་རེ་བྱས་སོང་།་ཞེས་ཧ་ཧམ་༸གོང་ས་མཆོག་དང་བོད་གཞུང་གིས་གང་ཡང་བྱེད་མེད་པའི་བཟོ་འདྲ་བོ་དེ་འདྲ་བཀོད་འདུག་ དེ་ཚོ་ཁུངས་ལུང་མེད་པའི་གཏམ་ཡིན་པ་དེ་བོད་ལ་བཞུགས་མཁན་ཚོས་ཤེས་པ་ཞིག་བྱེད་དགོས་ཀྱི་འདུག
ང་ཨ་མདོའི་དྲ་རྒྱའི་ནང་ཞུགས་མ་བཅུག་ནས་ཉིན་ཁ་ཤས་ཆས་སོང་། ངས་ཁྱོད་ཚོ་ནང་བཞིན་དཀྲུགས་ཤིང་རྒྱབ་མི་ཤེས་ལ་འདྲ་ཆགས་ཆགས་ཀྱང་བཤད་མི་ཤེས། ངས་རྐྱེན་ཆག་བྱུང་བའི་བོད་རིགས་དེ་ཚོ་ལ་སེམས་གསོ་ཞིག་གཏོང་འདོད་བྱུང། དེའི་ཆེད་ང་དྲ་རྒྱ་ནང་ཐེངས་གཅིག་ཞུགས་བཅུག་རོགས། རྒྱ་གུང་ཁྲན་གྱིས་སྒོར་ས་ཡ་མང་པོས་ཞལ་འདེབས་རྒྱག་པ་ལས། ༸གོང་ས་མཆོག་གི་དབུ་བཞུགས་ཀྱིས་ཐེག་ཆེན་གཙུག་ལག་ཁང་དུ་ན་ཎི་དང་སྨོན་ལམ་ཚོགས་པ་འདིས་དྲག་ལེ་རེད། ད་དུང་གདན་ས་གསུམ་uྱིས་གཙོས་རིས་མེད་ཆོས་སྡེ་ཁག་གིས་སྨོན་ལམ་རྒྱ་ཆེར་གསུངས་པ་དེ་དག་ལ།་རྒྱ་སྒོར་དུང་ཕྱུར་མང་པོ་སྤྲོད་ཀྱང་ཁོག་ལེ་མ་རེད། ཕ་ཡུལ་བཞུགས་མཁན་ཚོས་འདི་ཡང་ཤེས་དགོས་ཀྱི་འདུག། རྒྱ་མིའི་དྲ་རྒྱ་ནང་ཡུལ་ཤུལ་ས་གཡོལ་ཐོག་ ཏཱ་ལའི་ནས་ག་རེ་བྱས་སོང་།་ཞེས་ཧ་ཧམ་༸གོང་ས་མཆོག་དང་བོད་གཞུང་གིས་གང་ཡང་བྱེད་མེད་པའི་བཟོ་འདྲ་བོ་དེ་འདྲ་བཀོད་འདུག་ དེ་ཚོ་ཁུངས་ལུང་མེད་པའི་གཏམ་ཡིན་པ་དེ་བོད་ལ་བཞུགས་མཁན་ཚོས་ཤེས་པ་ཞིག་བྱེད་དགོས་ཀྱི་འདུག ༼ང་བདེ་ཆེན་རྡོ་རྗེ་ཡིན། ང་མིང་རྫུན་འབྲི་འདོད་མེད། འོན་ཀྱང་ངའི་མིང་ཁ་བརྡ་དྲ་རྒྱ་ཐོག་བཀག་ནས་འགྲོ་གི་མི་འདུག དེ་ནི་ང་ཨ་མདོ་བ་མིན་པས་ལོན་པ་རེད། སྟག་སྨྱོན་དང་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ག་རེ་ལབ་ནའང་གཏོང་འཛིན་བཟོ་མཁན་མེད།་དེ་ནོ་ཁོང་ཚོ་ཨ་མདོ་བ་ཡིན་པས་རེད། ༽
འཛམ་གླིང་མི་མང་སྤྱན་གྱིས་གཟིགས་དང་། །
བོད་མིའི་རང་ཡུལ་རང་གི་ཡུལ་དུ། །
རྒྱ་དཔོན་མ་རབས་དམག་མི་དེ་ཚོར། །
ཡ་རབས་བོད་མིས་སྐུ་སྐྱིད་ཟེར་བགྱིད། །
རང་རིགས་བོད་མི་གོད་ཆག་མི་ལ། །
རོགས་པ་བྱེད་འདོད་དགོངས་ཁྲོལ་དོནདུ། །
ཕྱི་མི་རྒྱ་མིར་རེ་སེམས་དུད་ནས། །
ལག་གཉིས་མཐེ་བོང་ཀེ་རེ་སྟོན་བགྱིད། །
མཐེ་བོང་སྒྲེང་པ་འདི་ནི་བོད་ལུགས་ལྟར་རེ་བ་ཞུ་བ་ཡིན་མོད་ཀྱང་། པར་འདི་དྲ་བ་གང་སར་ཡོད་རུང་ཕྱི་རྒྱལ་བ་ཚོས་དེ་ལ་གོ་བ་གཞན་ཞིག་ལེན་གྱིན་འདུག ཁོ་ཚོས་མཐེ་བོང་སྒྲེང་པ་ནི་ལེགས་པོ་དང་ཡག་པོ་འདུག་ཟེར་བའི་དོན་ཡིན་པས། པར་འདི་དང་མཉམ་དུ་གསལ་བཤད་ཅིག་མེད་ན་ཕྱི་ལ་འགྲེམས་དུས་གོ་ལོག་འཐེབ་ཉེན་འདུག
ཨ་ལེ།
བོད་མི་དམངས་སམ་ཡང་ན་ཡུལ་ཤུལ་མི་དམངས་ཚངས་དབྱངས་ཀྱི་མི་དམངས་ཡིན་པ་རེད། སྐྱབས་མགོན་རིན་པོ་ཆེས་ངོས་ཀྱི་མི་མང་གསུངས་འདུག་པ་ལྟར་ཚངས་དབྱངས་ཀྱིས་ཀྱང་ངའི་མི་དམངས་ཞེས་བཤད་འདུག་གཱ། ད་བོད་ལ་དབུ་ཁྲིད་མང་གི ཧ་ལམ་ཡག་རྟགས་ཤིག་ཡིན་རྒྱུ་རེད། མི་འདི་ཚོ་ལ་རྩ་ཚང་བའི་ཉི་མ་ཞིག་ཡོད་པར་སྨོན།
དྲ་ཐོག་ཏུ་ཞིབ་འཇུག་བྱས་ན་སྨན་ཡག་པོ་རེ་རག་ཨེ་ཡོང་།
དངོས་གནས་བསམ་པ་སྐྱོ་དགོས་རྒྱུ་ཉག་ཅིག་རེད།
དམག་མིས་དགེ་འདུན་པ་བཀག་ནས་མྱ་ངན་ཞུ་བར་མ་བཏང་བས་དགེ་འདུན་པ་ཚོས་མཐེ་བོང་བསྒྲེངས་ཏེ་ཞུ་བ་འཐེན་པ་དེ་དགེ་འདུན་པས་དམག་མི་ཡག་པོ་ཡོད་པ་དང་དམག་མི་ལ་བཀའ་དྲིན་ཆེ་ཞུ་བར་གོ་བ་བླངས་ན་ནོར་བ་རེད། ཤིན་ཏུ་ནས་ནོར་བ་རེད། གོ་ནོར་ལོག་པ་རེད། དམག་མི་ཚོའི་ལག་ལ་གང་ཞིག་འཇུས་འདུག་གམ། རྒྱུག་པ་རེད། མི་སེར་རྡུང་བྱེད་ཀྱི་དབྱུག་པ་རེད། དགེ་འདུན་པ་དེ་དག་ཀྱང་གོང་ནས་བཀའ་འཁྲོལ་ནས་མྱ་ངན་ཞུ་སར་བཏང་བ་ཞིག་ཡིན་མོད། གྲྭ་ཆས་སྤྲས་ཡོད་པ་ཁོ་ནའི་དབང་གིས་དམག་མིས་བཀག་ནས་བཏང་གི་མེད་པ་རེད། དགེ་འདུན་པ་ཚོ་འུ་ཐུག་ནས་ཞུ་བ་འཐེན་པ་ཞིག་རེད། རྒྱབ་ལྗོངས་ཀྱི་འགྲེལ་བ་མེད་ཀྱང་པར་དེ་རང་གིས་དོན་གསལ་བར་སྟོན་ཐུབ། ང་ཚོ་བོད་རིགས་དགེ་འདུན་ཚོ་གསོན་པོ་སྲོག་སྐྱོབ་དང་། གཤིན་པོ་དུར་སྐྱེལ་ཡང་བྱེད་མི་འཇུག་པ་དེ་ནི་རྒྱ་གཞུང་ངན་དྲགས་པ་དང་རྒྱ་དམག་གཏུམ་དྲགས་པས་རེད། ལྟས་ངན་རྒྱ་དམག་དེ་ཚོ། ཤི་ཚར་ནས་དམྱལ་བ་རུ་རྣམ་སྨིན་འཁོར་ངེས་རེད།
ཁ་སང་ནས་དུས་བབ་དང་ཁ་བརྡ་སོགས་སུ་དགྱ་ནག་གིས་ད་རེར་རོགས་སྐྱོར་ཡག་པོ་བྱས་སོང་བའི་རྣམ་པ་སྟོན་མཁན་འདུག དེ་ནི་དགྲ་ངོ་གཉེན་ངོ་མ་ཚོར་བ་རང་རེད། ཁ་སང་མཚོ་སྔོན་བརྙན་འཕྲིན་ལས་གྲྭ་བ་གཅིག་ལ་བཅར་འདྲའི་སྐབས་གསུང་བ་ནང་བཞིན་རེད།ངས་བལྟས་ན་དགྱ་ནག་གིས་ཡག་པོ་ཞིག་ཁྱོན་ནས་བྱེད་ཀྱི་མེད།
༄། དངོས་གནས་རེད་ པར་འདི་ཡི་ནང་དུ་རྒྱ་ནག་གི་བོད་པ་ཚོ་ལ་རོགས་པ་ག་ཚད་ཞིག་བྱེད་ཀྱི་ཡོད་སྟོན་འདུག གོང་གི་དྲ་གྲོགས་ཚོས་གསུངས་པ་ལྟར་གྲྭ་པ་ཚོའི་མཐེ་བོང་སྒྲེང་བ་འདི་ཡི་ཞུ་བ་འཐེན་གྱི་ཡོད། ཡག་པོ་ཞིག་གི་དོན་དུ་མཐེ་བོང་སྒྲེང་གི་མེད་འདི་ཡི་དོན་དག་འགྲེལ་བཤད་གསལ་པོ་རྒྱབ་དགོས་ཀྱི་ཡོད། ཨ་ཙི་ང་ཚོ་འདི་འདྲི་སྐྱོ་གདུང་གི་ནང་དུ་ལྷུང་དུས་ཇི་འདྲི་སྐྱོ་བ་ལ། རྒྱ་ནག་གཞུང་གི་བྱེད་སྟངས་འདི་ལ་ལྟོས་དང་བོད་མི་རིགས་འདི་ལ་སྡུག་པོ་བྱུང་དུས་རོགས་པ་བྱེད་ཡ་ཕར་ཞོག་རོགས་པ་བྱེད་མཁན་བཀག་དགོས་དོན་ཇི་ལྟར་ཡིན་ནམ་ བླ་མ་མཁྱེན་ནོ་མཁྱེན་ནོ་ ལས་ངན་ཇི་གསག་པའི་འབྲས་བུ་ཡིན་ནམ། ང་ཚ་གང་དུ་འགྲོ་ གང་ནས་འཚོ་བ་བསྐྱེལ་ཨ་ཙི་། པར་འདི་རིགས་ས་ཕྱོགས་གང་ལ་ཁྱབ་ཀྱང་ང་ཚོའི་ངེས་པར་དུ་ཕྱི་རྒྱལ་གསར་འགོད་པ་ཚོ་ལ་འབྲེལ་བཤད་གསལ་པོ་རྒྱབ་དགོས་སྤུན་ཟླ་ཚོ། འབྲེལ་བཤད་ལོག་པ་རྒྱབ་མཁན་ཡོད་མི་སྲིད་པ་མིན།
བོད་མི་ཚོ་སྙིང་རྗེ་
རང་གི་སྤུན་ཟླ་འདས་བོ་རྣམས་དུར་འཇུག་བྱེད་རྒྱུའི་རང་དབང་ཡང་མི་འདུག ང་ཚོས་སྔོན་ལས་ག་འདྲ་ཞིག་བསགས་པ་ཡིན་ནམ།