Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་མི་ཚེ།

Posted on 2010-02-112010-02-11 By ཁ་བརྡ་ 21 Comments on ངའི་མི་ཚེ།

ཚེ་རིང་སྐྱིད།

(ཚེ་རིང་སྐྱིད་ནི་ཨ་རིའི་ཀོ་ལིམ་རྦེ་ཡ་གཙུག་ལག་སློབ་ཁང( Columbia University )་དུ་ཤེས་ཡོན་ཡར་རྒྱས་ཀྱི་སྐོར་ལ་སློབ་གཉེར་གནང་མཁན་བོད་རིགས་གཞོན་ནུ་མ་ཞིག་ཡིན། )

བརྩེ་དུང་ལ་བཅངས་བའི་རེ་འདུན་དང་། ཤེས་རིག་ལ་སྙེག་པའི་ཆོད་སེམས། མི་རིགས་ལ་དུང་བའི་བརྩེ་སེམས་སྟེ །འདི་ལྟར་རང་ག་ལ་ཡང་དྲག་ཏུ་འབར་ལ་སྟོབས་ཀྱིས་ཕྱུག་པའི་འདོད་སྲེད་འདི་གསུམ་གྱིས་ངའི་་མི་ཚེའི་ཁ་ལོ་བསྒྱུར་ལ་དབང་དུ་བཟུང་། བདེ་སྐྱིད་ཀྱིས་རབ་ཏུ་བཟི་ལ་ལུས་ཀྱི་དབང་རྩ་དྲག་ཏུ་འབར་བའི་ཚོར་བ་རྣལ་མ་དེའི་ཆེད་དུ་ ངས་བརྩེ་དུང་འཚོལ་བཞིན་ཡོད་ལ།འདི་ལྟར་བརྗོད་ཀྱིས་མི་ལང་ལ་བཅུད་ཀྱིས་ཕྱུག་པའི་ཚོར་བ་འདིའི་ཆེད་དུ། ང་ནམ་ཡང་དཔའ་མི་ཞུམ་ལ་མགོ་མི་སྒུར་ཏེ། ཐ་ན་འདི་ལྟ་བུའི་ཚོར་བ་སྐད་ཅིག་གི་ཆེད་དུའང་ངས་ཡོད་ཚད་བློས་གཏོང་ཕོད་ལ་གཏོད་འདོདཀྱང་ཡོད། ངས་ཤེས་རིག་ལའང་འདི་ལྟར་བརྩེ་དུང་ལ་བཅངས་བའི་འདོད་སྲེད་ལྟར་འཚོལ་བཞིན་ཡོད་དེ། ངས་ནམ་ཡང་རྟོགས་པར་དཀའ་ལ་རྙོག་འཛིང་ཆེ་བའི་མིའི་རིགས་ཀྱི་སེམས་ཁམས་རྟོགས་འདོད་ལ། བགྲང་ལས་འདས་ཤིང་རྒྱང་ཐག་རིང་བའི་སྐར་ཚོགས་དག་གང་གི་ཕྱིར་དུ་ཆེམ་ཆེམ་དུ་འཕྲོ་ཞིང་སིབ་སིབ་ཏུ་འདར་བ་ཡང་ཤེས་འདོད། དེ་བས་ངའི་འདི་ལྟར་ཡ་མཚན་གྱི་རྡོག་པོ་འཁུར་ཏེ་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ནས་ཤེས་རིག་གི་ཐང་ཆེན་དུ་བཞུད་པ་ཡིན་ལ། མཛེས་སྡུག་གི་བཅུད་ཀྱིས་ཕྱུག་བའི་བརྩེ་དུང་དང་ནུས་རྩལ་གྱི་སྟོབས་ཤུགས་མངའ་བའི་ཤེས་རིག་གིས་ང་ལ་སྔར་མ་མྱོང་བའི་བདེ་སྐྱིད་དང་ལོངས་སྤྱོད་སྟེར་མོད། འོན་ཀྱང་གནག་ནག་གི་རྗེས་སུ་འབྲངས་ཤིང་སློབ་སྦྱོང་གི་གོ་སྐབས་བྲལ་བའི་བྱིས་པ་ཚོའི་མདུན་ལམདང་། དམར་གཞུང་གི་གཉའ་བར་གནོན་ཅིང་ཡོད་ཚད་ལ་རང་དབང་མེད་པའི་བོད་རིགས་ཀྱི་ལས་དབང་དྲན་ན། ངའི་འཚོ་བ་དེ་སྔར་ལྟར་བཅུད་ཀྱི་དབེན་ལ་སེམས་ཁོངས་དེ་སྡུག་གིས་གང་། ངས་མི་རིགས་འདིའི་ལས་དབང་གིས་ཁ་ཕྱོགས་སྒྱུར་འདོད་ལ་གཉའ་རུ་ཐེག་པའི་སྡུག་བསྔལ་གྱི་རྡོག་ཁྲེས་དེ་ཡང་ས་རུ་འཕེན་འདོད།ཡིན་ཡང་ང་ལ་དེ་ལྟར་ཀྱི་སྟོབས་ཤུགས་མི་ལྡན་ལ་འཇོན་ཐང་ཡང་མེད། དེ་བས་ང་འདི་ལྟར་སྡུག་བསྔལ་གྱིས་མནར་ལ་རེ་ཐག་ཆད། འོན་ཀྱང་འདི་ནི་ངའི་མི་ཚེ་ཡིན་ལ་ངས་དེ་ཡི་རིན་ཐང་ཡང་སྔར་ནས་རྙེད་དེ། གལ་སྲིད་ལས་དབང་གི་བགོ་སྐལ་ལམ་སྔོན་བསགས་ཀྱི་བསོད་ནམས་ཤིག་ཡོད་ན་ང་སླར་ཡང་འདི་དག་གི་ཆེད་དུ་ཐེངས་གཅིག་འཚོ་འདོད།

སྣ་ཚོགས།

Post navigation

Previous Post: བལ་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་བོད་གྱི་ལོ་སར།
Next Post: བུད་མེད་ཚོས་ཐོབ་ཐང་ལེན་ཤེས་ན་རེད།

Comments (21) on “ངའི་མི་ཚེ།”

  1. གཅན་བཟོད་རྒྱམ། says:
    2010-02-11 at 2:32 am

    ཧྲ་གི་ཧྲ་གི ཤུ་རེ་བྱོས། སློབ་གྲྭ་ཞུགས་མ་དི་མོ་དེ་བཤད་ཀིན་བསྡད་ན་མི་ཧྲ། དེ་བས་སློབ་སྦྱོང་ལ་འབད་བརྩོན་བྱོས་དང་དེས་དགའ་ནི་རེད། སློབ་གྲྭར་འགྲོ་ཡིན་ཡོད་ཟེར་ན་དགའ་ནི་ཟིག་རེད།

  2. Tashi says:
    2010-02-11 at 3:24 am

    ཨ་རོགས་ཁྱོད་མཛེས་མ་ཚེ་རིང་སྐྱིད་ཡིན་ན་ང་ཁྱོད་ལ་དགའ་གི་རེད།
    I love you!

  3. ལྷོ་ཕྲུག་སྣ་བོ་ཆེ། says:
    2010-02-11 at 5:29 am

    བོད་མོ་འདིས་ཀོ་ལོམ་བྷི་ཡ་གཙུག་ལག་སློབ་ཁང་ན་སློབ་གཉེར་བྱེད་ཀྱིན་ཡོད་ཟེར་བ་གོ་དུས་དགའ་སྣང་ཞིག་དང་སྐྱིད་སྣང་ཞིག་བྱུང་།
    རྒྱུ་མཚན་ཅི་ཡིན་ང་རང་ངོས་ནས་ཀྱང་ཤེས་མ་སོང་།

  4. ལྷོ་ཕྲུག་སྣ་བོ་ཆེ། says:
    2010-02-11 at 5:36 am

    མིང་གྲགས་ལྡན་པའི་གཙུག་ལག་སློབ་ཆེན་ཞིག་ན་བསླེབས་ཡོད་དུས་དེ་མཚུངས་ཀྱིས་ཤེས་རབ་བསྐྱེད་ནུས་ཀྱི་དཔྱད་གཏམ་འདྲ་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྲིད།     དཔེར་ན་རྡོ་སྦིས་བློ་ཡོན་དང་རྔ་བ་རྒྱལ་ཁམས་པའི་དཔྱད་བརྗོད་རེ་ཟུང་སྤེལ་བ་ལྟར།
    དགོངས་དག        གོང་གི་རྩོམ་ཡིག་དེ་རིགས་ངས་དུས་རྒྱུན་ཀློག་གི་མེད་པ་ལྟར་དེ་རིང་འདི་ཡང་ཀློག་མེད།
    འོན་ཀྱང་མཆན་འདི་བཞག་དགོས་བྱུང་།

  5. སྐྱ་ཀ་ཁ། says:
    2010-02-11 at 7:11 am

    འདི་དོན་ངོ་མ་སུས་རྩོམ་རེད། གླེན་བཤད།

  6. གཅན་བཟོད་རྒྱམ། says:
    2010-02-11 at 7:18 am

    སྐྱ་ཀ་ཁ་ལགས། རྩོམ་གྱི་ཁ་བྱང་གི་འོག་དེ་ག་རང་ན་ཚེ་རིང་སྐྱིད་ཅེས་རྩོམ་མཁན་གྱི་མིང་བྲིས་མི་འདུག་གམ། ཞི་མོ་ཡག་ཆོར་དི་མོ་དེ་བཤད་མི་ཉན་ཡ།

  7. གཞོན་ནུ་ཟླ་མེད says:
    2010-02-11 at 8:54 am

    འོ་ད་ཡིན་ན་ཚེ་རིང་སྐྱིད་ནེའུ་ཡོག་ན་ཡོད་ནི་འེ་རེད། ཡང་གསར་འགོད་པའི་ལས་ཀ་དེ་གཡུག་དང་ནི་འེ་རེད། ངའི་བསམ་ཚུལ་བྱས་ན་བྱ་བ་གཅིག་ལ་ཤི་རེ་བྱས་ན་རེད། ཡར་ལ་གཅིག་འཇུས། མར་ལ་གཅིག་འཇུས། འདི་ནི་ང་ཚོ་བོད་པ་དང་ཁྱད་པར་དུ་ཨ་མདོ་བའི་གཤིས་ཀ་ཅིག་རེད། མིང་སྟོང་པ་ཆེན་པོ་རྐྱང་རྐྱང་བརྗེ་བོ་རྒྱབ་བསྡད་ན་དོན་དག་དེ་གང་ཕྱོགས་ལ་འགྲོ་གི་ཡོད་མེད་ཡང་མི་ཤེས་ཀི་ཡ།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-02-11 at 8:55 am

    http://www.youtube.com/watch?v=MkahfUomtpM
    ཁྱེད་རང་ལ་གླུ་དབྱངས་འདི་ཕུལ་ཡོད། ཁོམ་དུས་ཁོམ་དུས་ག་ལེར་ཉན་ན་སེམས་པ་ཅུང་ལྷོད་དུ་འབབ་པར་རེ་བ་ཡོད། བོད་ལ་བུད་མེད་ཁྱེད་རང་ལྟ་བུ་མི་ཉུང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།

  9. chime in italy says:
    2010-02-11 at 9:55 am

    very good.

  10. བློ་བཟང་བསྟན་འཛིན་ says:
    2010-02-11 at 12:12 pm

    ཚེ་རིང་སྐྱིད།་འདི་ནི་ང་ཚོ་ཚང་མའི་ལས་དབང་རེད། གལ་ཏེ་ལས་དབང་ལ་ཁ་ལོ་སྒྱུར་བའི་ཉིན་མོ་ཞིག་ཡོད་ན། གལ་ཏེ་ལས་དབང་གི་ཉིན་མོ་དེ་ལ་དབང་སྒྱུར་བའི་ཐབས་ཤེས་ཤིག་ཡོད་རྒྱུ་ན། ང་ཚོ་ཚང་མ་འདི་ལྟར་ཚོ་མི་དགོས་ཚོ་མི་དགོས་པའང་སྲིད།

  11. སེར་གཙང་འཇམ་དབྱངས་ says:
    2010-02-11 at 12:51 pm

    ངའི་མི་ཚི་ཞེས་པའི་རྩོམ་ཡིག་འདི་བཀླགས་པའི་རྗེས་ལ་གུས་བདག་ལ་དམིགས་གསལ་གྱི་བསམ་ཚུལ་གསར་པ་མང་དག་ཞིག་
    རྙེད་སོན་བྱུང་རྒྱུ་མཚན་གང་ལ་ཞེས་ན་དེང་སྐབས་ཕྲན་ང་ངའི་མི་ཚེ་ཞེས་པའི་བརྗོད་གཞི་འདི་སྒང་ལ་སྣོད་བསམ་བྱེད་བཞིན་ཡོད།།

  12. ཀརྨ་རྡོ་རྗེ་ says:
    2010-02-11 at 1:16 pm

    ཀུན་གྱི་ཤིས་ལ།

    བརྩེ་དུང་བཅངས་ཆེས་མྱ་ངན་ཆེ། །
    ཤེས་རྒྱའི་བློ་ཕྱེས་བདེ་བ་ཆེ། །
    རང་ཡུལ་སྡོད་དུས་གཞན་ཡུལ་ཐད། །
    གཞན་ཡུལ་སྡོད་དུས་རང་ཡུལ་དྲན། །

  13. གཅན་བཟོད་རྒྱམ། says:
    2010-02-11 at 1:29 pm

    ཁྱོད་རང་གི་སྟོབས་དང་ནུས་པ་ཇི་ལྟར་ཤུགས་ཆེ་ན་དེ་ལྟར་དུ་ལས་དབང་ཟེར་བར་ཁ་ལོ་སྒྱུར་ནུས་ལ། ཁྱོད་ཀྱི་ནུས་སྟོབས་ཅི་ཙམ་ཞེན་ཅིང་ཉམས་དམའ་ན་དབང་གིས་ཁྱོད་ལ་དེ་ལྟར་དུ་གང་དགར་ཁ་ལོ་བསྒྱུར་བར་བྱེད་དོ།།
    འདི་ནི་ལས་དབང་ལ་རྒོལ་སྟངས་ཤིག་གམ། རང་ཉིད་རང་གི་མགོན་དུ་སེམས་པའི་ཐབས་སམ་དོན་དངོས་ཀྱང་ཡིན་པར་སེམས་སོ།།

  14. གངས་དཀར་མ says:
    2010-02-11 at 4:30 pm

    ཀརྨ་རྡོ་རྗེ་ལགས་ཀྱི་གསུང་ལ་བྲོ་བ་འདུག

    བརྩེ་དུང་བཅངས་ཆེས་བརྩེ་དུང་བྲོ་བ་བརླག།
    ཤེས་རྒྱ་ཆེ་ཆེས་གོལ་ལམ་འཆོལ་བ་མང་།
    གང་དུ་འདུག་ཀྱང་གནས་བཟོད་མི་བདེ་བ།།
    འཁོར་བའི་གནས་སུ་ཤེས་པར་གྱིས་ཤིག་ཨང་

  15. ཚེ་རིང་སྐྱིད says:
    2010-02-11 at 6:38 pm

    དྲ་རོགས་ཡོངས་ཀྱིས་ངས་ཆེས་ཐོག་མར་་བྲིས་བའི་ང་ཡི་མི་ཚེ་ཞེས་པའི་རྩོམ་ཐུང་འདི་ལ་གདེང་འཇོག་དང་རག་འདེབས་གནང་བ་ལ་ངས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་འབུལ་ཞུ།
    འདི་རུ་འགྲེལ་བཤད་བྱེད་འོས་པ་ཞིག་ནི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་མིན་ཏེ།ང་ནི་ཕ་ཁྱིམ་སྦྲག་ནག་གྲུ་བཞི་རུ་ལུས་ཀྱི་ལྟེ་ཁྲག་འཕོས་ཤིང་ལུས་ཀྱི་ལང་ཚོ་འབྲོག་ཁུལ་དུ་རྒྱས་པའི་འབྲོག་མ་དཀྱིས་མ་ཞིག་ཡིན་ལ་སྒྱུ་རྩལ་གྱི་བགྲོད་ལམ་དུགོམ་པ་དང་པོ་སྤོ་མཁན་ཞིག་དང་ཆེས་རྨང་གཞི་བ་ཞིག་ཡིན།

  16. མེ་ཆ་། says:
    2010-02-11 at 9:16 pm

    ཡ་ད་ཡིན་ན་ཤི་ཐ་ཡ་། མྱི་ཚང་མས་ཁ་གླས་ནོ་མིན་ནས་། སྡེ་བྱི་མས་ང་མཛངས་མ་ཚེ་རིང་སྐྱིད་མིན་ཟེར་ནོ་འི་གོ་གི། ཚེ་རིང་སྐྱིད་གཉིས་ཡོད་ས་རེད་།

  17. རྩམ་དགའ་ says:
    2010-02-12 at 1:14 am

    ཨ་རོག་མེ་ཆ་ལགས་་་་ཚེ་རིང་སྐྱིད་མང་ནི་རེད་ཡ་་ངའི་སྙིང་སྡུག་མའི་མིང་ལ་ཚེ་རིང་སྐྱིད་རེད་ཀོ

  18. གཅན་བཟོད་རྒྱམ། says:
    2010-02-12 at 1:21 am

    ཨ་རོད་རྩམ་དགའ། ཁྱོད་ལ་ཡང་སྙིང་སྡུག་ཅིག་ཡོད་ནེ། ཡོད་ན་ཧྲ་གི་ཡ། ངས་ཁྱོད་ཕོ་ཧྲེང་ངེར་ལུས་རྒྱུ་རེད་འདོད་ཡོད་ཡ། དེང་སང་རླུང་རྟ་རྒྱུགས་ཀོ་ནི་མིན་ནམ།

  19. རྩམ་དགའ་ says:
    2010-02-12 at 2:35 am

    རླུང་རྟ་རྒྱུགས་དུས་རྒྱུགས་ཚོད་མེད་ཀི །
    མཛེས་མ་ཆ་བོ་འདུས་ནས་འོང་གི །
    རླུང་རྟ་མེད་དུས་མེད་ཚོད་མེད་ཀི །
    མཇེ་ངན་འདི་ལ་ལངས་རྒྱུ་མེད་ཀི །

  20. ཨིན་ཨིན says:
    2010-02-12 at 3:08 am

    སྡེ་བྱི་མོའི་རྩོམ་ལ་ལྟ་རྒྱུ་སྐྱུར་བཏང་ནས། ཆ་ལེ་ཆོལ་ལེ་ཏག་ཏག་བཤད་ནས་ཡོང་གོ་གི འེ་མྱི་སྡུག་ཆོ

  21. སེར་གཙང་འཇམ་དབྱངས་ says:
    2010-02-12 at 8:27 am

    མཛཻས་མ་ཚེ་རིང་སྐྱིད་ལགས་
    ཁྱེད་མཆོག་མཐོ་སློབ་འདི་རུ་བསློབ་གཉེར་བྱེད་རྒྱུ་རག་པ་ལ་ཕྲན་དགའ་ཚོར་ཤིན་ཏུ་ཆེ།།
    གང་ཡིན་ཟེར་ན་ཁྱེད་མཆོག་ནས་མཐོ་སློབ་འདི་རུ་བོད་མི་རིགས་ཀྱི་སླད་དུ་ལས་དོན་སྣན་མང་ཞིག་་སྤེལ་བའི་
    དྭངས་གཙང་མཆོག་འགྲཡུར་གྱི་རེ་སྨོན་ལན་བརྒྱ་ཡོད།།
    སེར་གཙང་འཇམ་དབྱངས་པས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (46)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme