འཇམ་དཔལ་ཚུལ་ཁྲིམས་ནས།
ལོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ཞིག་ཏུ་སྤོ་བོའི་ཡུལ་ནས་ཕྱིར་འབུད་བྱས་པའི་བུ་རྒོད་དེས་ཡུལ་ཡར་ལུང་ཚོ་པའི་འགོ་དཔོན་མཛད་ནས་རིམ་བཞིན་ཉེ་འཁོར་གྱི་ཚོ་པ་གཞན་རྣམས་ཀྱང་དཔའ་བཀོང་སྟེ་སྙན་གྲགས་དང་དབང་ཤུགས་ཇེ་ཆེར་གྱུར་། ལྡེའུ་དང་བོན་གྱིས་རྒྱལ་སྲིད་བསྐྱངས་ནས་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་དེ་ཐོག་མར་གོ་ལའི་སྣེ་མོ་གསུམ་པ་དེར་ཆགས། མི་ཐོགས་སུམ་ཅུ་ནང་ཞིག་འདས་པའི་རིང་ལ་སྤུ་རྒྱལ་བོད་ཀྱི་རྒྱལ་ཁབ་དེ་རིམ་བཞིན་ཡར་ལུང་བཙན་པོའི་མིང་དུ་ཆགས།
ཡར་ཀླུང་གཙང་པོའི་འགྲམ་ངོགས་ནས་དཔའ་རྒོད་ཀྱི་རྟ་ཕོའི་རྨིག་སྒྲ་ཕྱོགས་བཞིར་བསྒྲགས་ནས་འཛམ་གླིང་ལ་དཔའ་བོའི་གཏམ་རྒྱུད་ཅིག་གླེང་། དེ་དུས་ཤར་དཀྱིལ་གྱི་གླིང་འདི་ན་སྐུ་རྒྱལ་བོད་ཀྱི་མངའ་ཐང་གི་སྙན་པ་ཕྱོགས་བཅུར་རྒྱས་མགོ་བརྩམས་ཤིང་། སུམ་གཉིས་ས་ལ་དབང་བའི་བཙན་པོའི་ཁབ་ཆེན་པོ་དེ་རུ་འགྱུར་བའི་སྟ་གོན་ལ་ཞུགས། ནུབ་འཕགས་པའི་ཡུལ་ནས་བོད་ཀུན་བཟང་གིས་དབྱངས་གསལ་སོ་བཞིའི་འདུ་བྱེད་བསྒྱུར་ནས་ནང་རིག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་ཡོ་ལང་ཆེན་པོ་ཞིག་ཀྱང་བསླངས།
དེ་དུས་ངའི་བོད་འདི་སུམ་གཉིས་ས་ལ་དབང་སྒྱུར་བའི་བཙན་པོའི་ཁབ་སྟོབས་ལྡན་ཞིག་ཏུ་གྱུར་ཟིན། ནུབ་རྒྱ་གར་གྱི་ཆུ་བོ་གངྒའི་འགྲམ་ངོགས་ནས་ཤར་ཙི་ནའི་རྒྱལ་ཁྲང་ཨན་པར་དུ་སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་རུ་སྒྲིག་གི་རྡོག་སྒྲ་བསྒྲགས། ཙི་ནའི་དབང་པོའི་ཁྲི་ཡང་ཤོར་སོང་བ་མ་ཡིན་ནམ། སླར་ཡང་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས་རིག་གནས་ཀྱི་ཡོ་ལང་དེ་སྔར་བས་ཇེ་མགྱོགས་སུ་བཏང་། འདི་དུས་ཕྱི་ལུས་ཀྱི་སྟོབས་ཤུགས་ཆེ་ལ། ནང་རིག་པའི་འོད་ཟེར་ཀྱང་གསལ།
མངའ་བདག་ཁྲི་རལ་བ་ཅན་གྱི་དུས་དེར་སླེབས་པ་ན་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་རང་ཆོག་ཤེས་ཀྱི་ལག་པ་རྐུམ་པའི་མགོ་དང་པོ་བཙུགས། འོན་ཀྱང་ནང་བསམ་པའི་དངོས་པོ་ནི་མུ་མཐུད་དེ་གོང་དུ་སྤེལ་ཡོད་དེ། བཀའ་བསྟན་འགྱུར་པོད་བརྒྱ་ཕྲག་འགའ་ལ་སྐད་གསར་བཅད་ཀྱི་དག་བཅོས་མཛད་པ་སོགས་སོ།
རང་གི་ཆོས་ལུགས་ཀྱི་གྲུབ་མཐའ་དེ་གནས་ཙམ་ཞིག་བྱུང་ན་གང་ལ་ཡང་ཐེ་ཚོམ་མེད་མཁན་དེ་དག་གིས་མཐའ་དམག་གི་ཕྱུར་ཁ་བོད་ལ་སྐོར་ནས་རང་གི་ཕུ་ནུ་མིང་སྲིང་གི་སྲོག་ལ་རྒོལ་བར་རོགས་རམ་དུ་སྤྲན། ཡར་ལུང་བཙན་པོའི་སྐབས་ཀྱི་བཙན་པོའི་སྙིང་སྟོབས་དེ་སྣུམ་ཟད་ཀྱི་མར་མེ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་བཏང་།
དུས་རབས་བཅུ་བདུན་པར་སླེབས་པ་ན་ཕུ་ནུ་ནང་དམེ་བྱས་བྱས་མཐར་ཐང་ཆད་ནས་ཕྱིའི་མི་ལ་ནང་གི་མཛོད་གཏད། ཆོས་ཀྱི་རྒྱལ་པོ་ཞེས་མིང་དུ་བཏག་ནས་ཕྱི་མི་འཁྱམ་པོའི་རྡོག་མགོ་རང་གི་སྤྱི་གཙུག་ཏུ་དང་བས་བླངས།
གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་ལ་མིང་རྟགས་འགོད་དུས་སྔར་རང་ལ་དབང་མྱོང་བའི་འཛམ་གླིང་གི་སུམ་གཉིས་ས་དེའི་ཚབ་ཏུ་ད་ནི་བོད་རང་གི་སུམ་གཉིས་ས་ཁྱོན་ཡང་མི་ལག་ཏུ་ཤོར་ཚར་ཡོད། འོན་ཀྱང་ལྷག་འཕྲོས་ཀྱི་སུམ་ཆ་གཅིག་གི་ས་གཞིའི་ཐོག་དེར་སྔར་རང་བཙན་གྱི་སྲིད་གཞུང་དེ་ས་གནས་སྲིད་གཞུང་ཙམ་དུ་བཅུམ་ནས་ཉིན་མ་འཁྱོལ་ཐབས་ཙམ་ལ་གཞོལ། ཅང་མ་འགོར་བར་ཁས་བླངས་བའི་དོན་དག་ཐམས་ཅད་བརྩིས་མེད་དུ་བཏང་གཡེམ་མའི་བསླུ་བྲིད་ཡིན་པ་ངོས་འཕྲོད་སྐབས་རང་ས་གཡུ་དཀར་གྱི་ཁ་ཆུ་འདྲ་མོ་དེ་མི་ལག་ཏུ་བཞག་ནས་མི་ས་གཤིན་རྗེའི་བྱེ་ཐང་འདྲ་བོ་ཐོད་དུ་བླངས་ནས་མི་ཡུལ་དུ་གྱར། འོན་ཀྱང་ཞེ་སེམས་པ་གཉིས་ཀྱི་གཏོད་ས་ཞིག་བོད་མི་རིགས་ཀྱི་སྲིད་གཞུང་གི་འཕྲོ་ཙམ་ཞིག་མཉམ་དུ་ཁྱེར་ནས་ལྷག་ཡོད།
ཕྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཟླ་ལྔ་བའི་ཚེས་ཉེར་བདུན་ནི་བོད་རྒྱལ་ཁབ་ཀྱི་མཐའ་མའི་སྲོག་དབུགས་ཆད་པའི་ཉིན་མོ་རེད། འཕྲོ་ཙམ་ལུས་ཡོད་པའི་སྲིད་གཞུང་དེ་སླར་ཡང་བཅུམས་ནས་ཚོགས་སྡེ་ཞིག་ཏུ་བསྒྱུར་ཟིན། ལེ་བར་སྟོང་ཕྲག་འགའ་ཞིག་གི་ས་ན་འགའ་ཞིག་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་ཞུ་འབུལ་རེས་བྱེད་ཀྱིན་འདུག ད་ནི་ཡུན་རིང་རེ་སྒུག་བྱས་པའི་དོན་དེ་འགྲུབ་སོང་། གྲི་མཛུབ་མགོ་འདྲ་ཞིག་དང་། ཁྲག་ཐིགས་པ་གཅིག་འབྱིན་མི་དགོས་པར་དགྲ་བོས་འུ་ཅག་གི་འཇིགས་ཟིལ་མ་བཟོད་པར་རང་ཤི་བརྒྱབ་སོང་ངའ་ཞེས་ཟེར་བཞིན་ཐུགས་སྤྲོ་གཏོང་བཞིན་འདུག
ད་ལོ་ནི་བོད་མི་ཕྱི་ནང་གཉིས་ནས་རྣམ་རིག་སྒྲིམ་དགོས་པའི་དུས་ཚོད་གསར་པ་ཞིག་རེད། གང་ཡིན་ཟེར་ན། དེང་སང་བློ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་འདུག
༡ རྒྱ་ནག་ལྷོ་ཕྱོགས་ལ་ཐན་པ་དེས་རྐྱེན་པས་མི་མང་གིས་རྒྱ་ནག་གཞུང་ལ་གནག་སེམས་ཆེན་པོ་ཡོད།
༢ ཅང་ཞི་江西抚州市ས་ཁུལ་དུ་མི་མང་གི་གཞུང་ལ་སྐད་འབོད་ཀྱི་ནུས་པ་མ་ཐོན་པར་རླངས་འཁོར་ནང་འབར་རྫིས་བཞག་པ།
༣ ནང་སོག་ལ་མི་རིགས་ཁྱད་གསོད་ཀྱི་དོན་རྐྱེན་ལ་ཕྱི་ནང་སོག་པོ་ཡོངས་རྣམ་ཤེས་གསར་པ་འབུས་པའི་དུས་འདིར་ང་ཚོ་བོད་མི་རྣམས་ཀྱིས་གོ་སྐབས་ལ་སྒུག་དགོས་པ་ཡིན།
ཡང་སང་ནིངས་ནི་རྒྱ་ནག་གི་六四快到了༦.༤ དོན་རྐྱེན་བྱུང་བའི་དུས་དྲན་ལ་སླེབས་གྲབ་ཡོད།
ད་ལོའི་དབྱར་ཁ་ནི་ཚ་བ་ཆེ་ལ་རྒྱ་ནག་ནང་ལ་ཚ་རླབས་དེ་བས་ཆེ་རུ་འགྲོ་རྒྱུ་རེད། ཡོ་རོབ་ནང་གི་མེ་ཏོག་བ་ཀི་ལའི་གང་བུ་རྒྱ་ནག་ནང་ལ་འབུས་ཀྱིན་ཡོད།
ད་དེ་ཚོ་བསམ་ན་སྙིང་རླུང་ལངས་རོགས་རེད། ཉེ་ཆར་ཁ་ཆེའི་ཡུལ་ཁག་ནང་མི་མང་གིས་གཞུང་ལ་ངོལ་རྒོལ་བྱས་པར་གཞུང་ནས་མི་མང་གི་ཐོག་དྲག་གནོན་ལ་རྒྱལ་སྤྱི་ནས་གནོད་ཤུགས་དང་། ཐ་ན་མེ་འཕེན་གྱི་རོགས་སྣོན་བྱེད་བཞིན་པ་དེ་ལྟར་ཡང་། ཨ་ཞང་རྒྱ་མི་ཚང་ལ་རྒྱལ་སྤྱི་ཡང་བཞེད་ནས་དེང་སྐབས་བོད་མདོ་སྨད་རྔ་བ་ཁུལ་དུ་མི་མང་འདེབས་གསོད་བྱེད་བཞིན་པ་མཐོང་ཡང་མ་་མཐོང་ཚུལ་དུ་བཞུགས་པ་ནི་དྲང་བདེན་ཞིག་མིན་ཡང་ཕྱོགས་རེས་ཀྱིས་སླད་པའི་རྒྱལ་སྤྱི་འདི་ལ་ཡང་བདེན་དོན་ཞུ་ས་མིན་འདུག
ཕྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཟླ་ལྔ་བའི་ཚེས་ཉེར་བདུན་ནི་བོད་རྒྱལ་ཁབ་ཀྱི་མཐའ་མའི་སྲོག་དབུགས་ཆད་པའི་ཉིན་མོ་རེད།
ཞོག་པ་སྔ་མོ་ཞིག་ལ་གོང་གི་རྩོམ་འདི་མཐོང་བས་རྣམ་རྟོག་ཞིག་ཤར་བྱུང།
ཁྱེད་རང་སྒེར་གྱི་རྒྱལ་ཁབ་སྲོག་ཆད་ཡོད་ན་ངུ་སྐད་དེ་ཁག་མེད། ང་ཚོ་བོད་མང་གཙོའི་རྒྱལ་ཁབ་ཉི་མའི་ཟེར་བཞིན་ཚ་ངར་འོད་མདང་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་ཁྱོད་སྒེར་ནད་གཞི་དེ་བཟོད་ཡུན་རིང་ཐུབ་ན་ནད་དེ་ལས་གྲོལ་ལ་ཐེ་ག་ལ་ཚོམ།
ལོ་རྒྱུས་རྙིང་པ་བགྲང་སླ་ཡང་། གསར་འབྱེད་ལོ་རྒྱུས་ཤིན་ཏུ་དཀའ།
སྐྱ་རངས་ཤར་བའི་རི་མཐོང་བཞིན། །བགྲོད་ལམ་བདེ་བའི་ལམ་ཆེན་འཚོལ།
ྲ
བརྒྱ་བཤད་སྟོང་བཤད་ཀྱི་མདོ་རྩ་ནི་བོད་ལ་ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་རྩ་བ་ཉིད་ནས་མི་འདུག ཨ་ཤི་རེ་ཁོ།
ལོ་ཉེར་གཉིས་ཡན་གྱི་དེ་རིང་ང་རྒྱ་ནག་གི་གྲོང་ཁྱེར་ཤིས་ཨན་ན་ཡོད། ཉིན་འདིའི་སྔ་ཉིན་ཕྱི་ཉིན་བར་པེ་ཅིན་གཞུང་ལ་ངོ་རྒོད་བྱེད་པར་འགྲོ་མཁན་གྱི་སློབ་མ་ཚོ་ལྕགས་ལམ་ཁའི་སྒེར་གཉེར་ཟ་ཁང་ཚོའི་ནང་དུ་ཟ་མ་ཟོས་ནས་གང་ནས་ཡིན་ན་རིན་སྤྲོད་མི་དགོས་པ་མཐོང་། མཐོང་སྣང་དེས་སྤྱི་ཚོགས་རིང་ལུགས་ཀྱི་བཙན་འོག་གི་རྒྱ་མི་རྣམས་དམངས་གཙོ་ལ་རེ་བ་ཆེན་པོ་ཡོད་པ་ཤེས།