ཁྲོ་གཏུམ།
ཉི་འོད་ཀྱི་ཟེར་མ་རི་རྩེར་འཛུམ་མེད་པའི་དུས་དེ་རུ
ངའི་རྣ་རྒྱབ་ན་རླུང་གཡུགས་པའི་སྒྲ་མཐོ
དེ་ནི་སྔོན་ཆད་ཀྱི་རླུང་གཡུགས་པའི་ལྷག་མ་ཞིག་རེད
རླུང་དེའི་དབང་གིས་མི་སྡེ་ཞིག་གི་སྐལ་ཆད་སོང་བ
དུས་རབས་ཤིག་གི་གས་ཆགས་མྱང་དགོས་པ་རེད
བརྡ་འཕྲིན་ནི་ཏིང་སྒྲའི་ཁྲོད་དུ་རྒྱུ་ཞིང
ཤོག་བུའི་ལས་དབང་པར་ངོས་སུ་འཕྱོ་བའི་བར་ལམ་ན
རླུང་ཤུགས་ཧ་ཅང་བཙན་པའི་སྡང་སྡུགས་མང
རི་སྟོད་ལ་བཙུགས་པའི་བརྡ་རྟགས་ཀྱི་ལྕགས་སྡོང་བཀྲོང་ངེར་འགྲེང
དྲ་ལམ་གྱི་ཁུག་སོ་རེ་རེ་ན་སྐད་ཆ་དང་ཡིག་འབྲུ་བར་མེད་རྩེན་ཞིང
སུ་ཞིག་གི་བློ་གྲོས་ནི་གང་ཞིག་གི་དཔལ་དུ་བལྟམས་ཡོད
ཨེ་མ ཀྱེ་མ ངའི་རྣ་རྒྱབ་ན་རླུང་གཡུགས་ཀྱིན་འདུག
དེ་ནི་དུས་སྔོན་མ་ཞིག་གི་རླུང་རྒྱུད་རེད་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་ཞོགས་པ།