ཀླུ་སྨྱོན།
དེང་སྐབས་ང་ལ་ལོ་ངོ་བཅུ་བདུན་རིང་ལྷགས་པའི་དྲི་བ་གཅིག་གིས་གཙེས་བཞིན་འདུག དེ་ནི་ལོ་ངོ་བཅུ་བདུན་སྔོན་སྐུ་གྲོངས་པའི་ངའི་སློབ་དཔོན་ཞིག་དུས་རྒྱུན་ངའི་རྨི་ལམ་ནང་ཕེབས་འོངས་པ་དེ་རེད། ཁོང་སྐུ་ན་གཞོན་དུས་རབ་ཏུ་བྱུང་སྟེ་ནང་ཆོས་སློབ་གཉེར་གནང་། རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སློབ་གཉེར་ཕར་ཕྱིན་མ་རྫོགས་བར་དུ་གནང་། རིག་གསར་སྐབས་ང་ཚོའི་གྲོང་པའི་ནང་དུ་བཞུགས། ངའི་ཕ་རྒན་གྱིས་བརྗོད་པ་བཞིན་ཁོང་སྐུ་ཚེ་གང་བོར་ཞལ་རས་འཛུམ་གྱིས་ཁེངས་པ་ཞིག་ལས་ནམ་ཡང་མི་ལ་ངོ་ནག་པོ་དེ་འདྲ་སྟོན་སྲོལ་མེད། གལ་སྲིད་ཁོང་གིས་དེ་རིང་མི་གསར་བ་གཅིག་ལ་ཐུག་པ་ཡིན་ན་ལོ་བཅུའི་རྗེས་སུ་ཡང་མི་དེའི་མིང་དང་སྐད་ཆ་ཅི་བཤད་སོགས་དྲན་ཐུབ་པ་ཞིག་ཀྱང་འདུག ཁོང་གི་སྤུན་མཆེད་ལ་གསོས་ཕྲུག་བུ་བུ་མོ་གཉིས་ཡོད། བུ་མོ་དེ་ང་ལོ་བཅུ་གསུམ་ཡིན་དུས་ངས་ཆེས་ཐོག་མར་མཐོང་། དེ་དུས་མོ་རང་ལོ་བཅུ་གཅིག་ཙམ་ཞིག་རེད། མོ་མཐོང་ཙམ་ཉིད་ནས་ངའི་སེམས་པ་རང་དབང་མེད་པར་མོ་ལ་ཤོར་སོང་། བྱིས་པའི་སེམས་ཚོར་དྲག་པོ་དེ་ངའི་ཨ་མས་ཀྱང་ལམ་སེང་རྟོགས་ཏེ། གལ་སྲིད་ཁྱོད་རང་མོ་ལ་དེ་ཙམ་དགའ་ན་རྗེས་མ་ཁྱེད་རང་གཉིས་ཆེན་པོ་ཆགས་དུས་གཉེན་སྒྲིག་བྱེད་ཐུབ་ན་ཐང་གསུངས་མྱོང་། རྗེས་སུ་ང་གྲྭ་པ་བྱས་ཀྱང་ངའི་དགོན་པའི་སྟོད་ཕྱོགས་དང་དགོན་འདབས་ནས་བུ་མོ་འདིས་ཆུ་འཁུར་བ་དང་ཟོག་འཚོ་བ་གཉིས་ཀ་དགུན་དཔྱིད་ཀྱི་དུས་སུ་ཉི་མ་རེ་རེ་བཞིན་མཐོང་ཐུབ། ངའི་སེམས་པ་བུ་མོ་འདི་ལ་ཧ་ཅང་ཆགས། ང་དགེ་བཤེས་ཁོང་གི་ཤག་ཏུ་དཔེ་ཁྲིད་ལ་འགྲོ་ཐེངས་མང་པོ་ཞིག་ལ་བུ་མོ་འདིས་བྲང་གི་མྱོས་བུམ་ལྡེམ་བཞིན་ང་ལ་ཇ་འདྲེན་ཟས་འདྲེན་བྱེད། དེ་དུས་ངས་དགེ་རྒན་གྱིས་གསུངས་པའི་ལམ་རིམ་དང་ཕར་ཕྱིན་གྱི་ཚིག་གཅིག་ཀྱང་གོ་མི་ཐུབ་པར་རང་གི་སྙིང་དྲག་ཏུ་ལྡང་པའི་སྒྲ་དེ་ཙམ་ཁོ་ན་ཞིག་ཐོས།
ཉིན་ཞིག་དགེ་བཤེས་ཁོང་གིས་ང་ཁོང་གི་སྤུན་མཆེད་གྱི་ཁྱིམ་དུ་མདོ་སྡེ་བརྒྱད་སྟོང་པ་ཀློག་གི་འགྲོ་རོགས་གསུངས་པར་ངས་དགའ་བཞིན་དུ་ལགས་སོ་ཞུས་ཤིང་ང་ལ་སེམས་ཁྲལ་ཐོལ་བ་ཞིག་ཀྱང་སྐྱེས། ངས་དེ་དུས་བརྒྱད་སྟོང་པ་ཞིག་དཔྱིད་ཉི་རིང་མོ་གཅིག་ལ་བཀླགས་ནས་ཚར་ཐུབ་ཀྱི་ཡོད་པས། བརྒྱད་སྟོང་པ་ཀློག་བཞིན་བསྡད་ན་ངས་རང་ཉིད་ཤི་མ་ཤི་མེད་པར་དགའ་བའི་བུ་མོ་དེའི་མཛེས་པའི་བཞིན་རས་ལ་ཅེར་ནས་འདུག་ཁོམ་ཞིག་གང་ན་ཡོད། ཉི་མ་འདི་ངས་ནམ་ཡང་བརྗེད་པར་དཀའ། ངའི་སྙིང་གི་མཛེས་མ་འདིས་དེ་རིང་ཟས་འདྲེན་ཇ་འདྲེན་བྱེད་དུས་ནམ་རྒྱུན་ཐོས་མ་མྱོང་བའི་མིད་པའི་ནང་ནས་ཕུག་རོན་ཆགས་པས་གཟིར་པའི་སྐད་དེ་དང་ཧ་ཅང་འདྲ་བ་ཞིག་གྲག་ཡོང་། ངས་ཐད་ཀར་མོའི་གདོང་ལ་ལྟ་མི་ཕོད་པར་གྱུར། ཡིན་ཡང་དགེ་བཤེས་ཚང་གི་མདུན་ནས་རང་ཚུགས་ཤོར་བའི་རྣམ་འགྱུར་ཅི་ཡང་མ་བསྟན།
དགེ་བཤེས་ཚང་གི་སྤུན་མཆེད་འདིའི་མིང་ལ་ཨ་ན་ཟེར། ང་བརྒྱད་ལོའི་ཉིན་གཅིག་རྒྱ་དམག་གིས་ཁོ་རང་དང་ཆབ་ཆའི་མཁས་པ་གྲགས་ཅན་ཨ་ཁུ་དམ་ཆོས་ཟེར་བ་སོགས་མི་ཉི་ཤུ་རྩ་གྲངས་ཤིག་ངོ་ལོག་ཇག་པར་བརྩིས་ནས་འཛིན་བཟུང་གིས་ས་སྟོང་ཞིག་ཏུ་ཚང་མའི་ལག་གཉིས་རྒྱབ་ཏུ་བསྡམས་རྗེས་གྲལ་མཇུག་ནས་རེ་རེ་བཞིན་མེ་མདའ་གཞུས་ཏེ་དམར་གསོད་བཏང་། ཨ་ན་དང་དམ་ཆོས་གཉིས་གྲལ་མགོ་རུ་ཡོད་ཅིང་མཇུག་ནས་མེ་མདའི་སྒྲ་སྐད་རེ་རེ་དང་མཉམ་དུ་མི་རེ་ས་རུ་འགྱེལ་འགྲོ་ཞིང་། ཉི་མ་ལ་རུ་བཞུད་གྲབ་ཡིན་པས་གཡས་གཡོན་གྱི་གྲོག་རོང་དུ་གྲིབ་ནག་ཆེན་པོ་ཞིག་བབས་ཡོད། ཨ་ན་དང་དམ་ཆོས་གཉིས་ཀྱིས་རང་རང་གི་ཁ་ནང་གི་སོ་བཀོལ་ཏེ་གཅིག་གིས་གཅིག་གི་ལག་པ་རྒྱབ་ཏུ་བསྡམས་ཡོད་པའི་ཐག་པ་འཆོས། མི་བཅུ་ཙམ་དམར་གསོད་བཏང་ཟིན་ཞིང་། གསོད་རེས་ཁེལ་བ་དེས་ངུ་སྐད་དྲག་པོ་འདོན་བཞིན་ཞུ་བ་འཐེན། དེའི་གོང་གི་མི་དེས་ཁྲེལ་དགོད་དང་བཅས་མི་དེར། ང་ཚོ་དེ་རིང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་འཆི་གི་ཡོད་པས་ལྷ་བླ་མ་དཀོན་མཆོག་ཅིག་ཡོད་ན་ཚེ་ཕྱིོ་མར་སྐྱིད་ས་བདེ་ས་ཞིག་ཏུ་འགྲོ་བས་ཁྱོད་རང་འཇིགས་སྐྲག་སྐྱེ་དགོས་ཀི་མ་རེད་ཟེར་བཞིན་མིག་ནས་མཆི་མ་ཉིལ་ལེར་སོང་། སྐད་ཅིག་མ་དེའི་རིང་ཕན་ཚུན་གྱི་བཀྱིགས་ཐག་སོས་བཅད་ཟིན་པའི་ཨ་ན་དང་དམ་ཆོས་གཉིས་དུས་གཅིག་ཏུ་ཡར་ལངས་ནས་དགུང་ཁའི་གྲིབ་ནག་གིས་ཟིན་པའི་གྲོག་རོང་གི་ནང་དུ་བྲོས། དམག་མི་གཉིས་གསུམ་ཞིག་གིས་སྡིག་དམོད་བྱེད་བཞིན་མེ་མདའ་དྲག་འཕེན་བྱས། ཁོ་གཉིས་ཕྱི་བལྟས་མེད་པར་རང་རང་སར་བྲོས། ལོ་ངོ་སུམ་ཅུ་སོ་ལྔའི་རིང་ལ་ཕན་ཚུན་གྱི་གནས་ཚུལ་ཅི་ཡང་མ་ཐོས། འདི་ལོ་སྟེ་སྤྱི་ལོ་གོ་བཞི་ལོར་གཞི་ནས་གཅིག་གིས་གཅིག་རྩད་ཆོད་ཅིང་མཁས་པ་གྲགས་པ་ཅན་ཨ་ཁུ་དམ་ཆོས་ཚང་ང་ཚོའི་དགོན་པར་ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་སྐུ་མདུན་དུ་གསུང་ཆོས་གསན་པར་ཕེབས་དུས་ཁོང་གཉིས་ལྷན་དུ་འཛོམས། གནས་ཚུལ་འདི་རེ་ཞིག་གསར་འགྱུར་ཚ་བོ་ཞིག་ཏུ་གྱུར། ཨ་ཁུ་དམ་ཆོས་འདི་བས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཚང་ཆབ་ཆར་ཕེབས་པའི་སྐོར་ལས་བརྩམས་ཏེ་རྟོགས་བརྗོད་སྙན་ངག་ཁྱད་དུ་འཕགས་པ་ཞིག་བརྩམས།
ལོ་གཅིག་གི་དབྱར་གནས་གྲོལ་བའི་དགག་དབྱེའི་ཉིན་ཞིག གྲྭ་པ་མང་ཤོས་རང་རང་གི་ཕ་མའི་ཁྱིམ་དུ་ཕེབས་སོང་། ང་དགོན་པའི་མདུན་རི་མཐོན་པོ་མཛེས་ཤིང་བརྗིད་པ་ཞིག་ཡོད་པའི་སྒང་ལ་འཛེགས་ནས་ཁམས་བསང་དཔེ་མེད་ཅིག་བྱས་རྗེས་ཕྱི་དྲོར་དགོན་པར་ལོག་པ་ན། དགོན་པའི་གཡས་ཕྱོགས་ཀྱི་འདབས་རོལ་དེར་དགེ་བཤེས་ཚང་གཅིག་བུར་རྒྱང་རིང་དུ་གཟིགས་བཞིན་བཞུགས་འདུག ཁོང་གིས་ང་མཐོང་བ་ན། ཡེ་ཤེས། ཁྱོད་དེ་རིང་གྲྭ་དམངས་དང་འདྲ་བར་ནང་དུ་མ་ལོག་གམ་གསུངས། ངས་ང་རི་སྒང་ལ་འཛེགས་པའི་སྐོར་ཞུས། ཁོང་གིས་དགྱེས་པའི་ངང་། ཡག་པོ་རེད། ང་ཚོ་གྲྭ་པ་རེ་རེར་ཙི་ཙིའི་ཚང་དང་འདྲ་བའི་ཕ་མའི་ཁྱིམ་རེ་ཡོད་པ་རེད་དེ། དེར་སོང་ན་ཡང་བདེ་སྐྱིད་ཅང་ཡོད་པ་མ་རེད། ཅེས་གསུངས།
ནམ་རྒྱུན་དགོང་མོ་རེ་རེ་བཞིན་གྲྭ་གཞོན་ཚོས་རང་རང་གི་གྲྭ་ཤག་གི་ཀླད་དུ་བུད་ནས་གྲུབ་མཐའ་དང་ས་ལམ་ལམ་རིམ་སོགས་སྐྱོར་སྐྱང་བྱེད་དུས། དགེ་བཤེས་ཁོང་འཆར་ཅན་ངའི་གྲྭ་ཤག་གི་འཁྲིས་སུ་ཕེབས་ནས་ཆུ་ཚོད་ཕྱེད་ཀ་རེར་ངས་སྐྱོར་བའི་གྲུབ་མཐའི་གཞུང་དེ་ཚོར་གསན་གྱིི་རེད། ངས་ཁོང་གི་སྐུ་མདུན་ནས་གཞུང་ཆེན་འགའི་དཔེ་ཁྲིད་ཞུས་མྱོང་།
རྗེས་སུ་དགེ་བཤེས་ཚང་ལོ་གཉིས་རིང་བསྙུན་ནས་ངོ་མཚར་བའི་རྟགས་དང་བཅས་ཏེ་སྐུ་གྲོངས། ཉིན་དེར་ཁོང་གི་སྤུན་མཆེད་ཀྱི་གསོས་ཕྲུག་སྟེ་ངའི་སྙིང་གི་བུ་མོ་དེའི་ངུ་སྐད་ཀྱིས་དབེན་དགོན་ཆུང་ཆུང་དེ་ཡོངས་སུ་དཀྲུགས། ཉིན་འགའི་རྗེས་སུ་ངའི་རྒྱ་གར་དུ་ཡོང་རོགས་དང་དགེ་བཤེས་ཚང་གི་ཚ་བོ་དཀོན་མཆོག་དང་ང་ཚོའི་མཛེས་མ་བྱམས་མཚོ་སྐྱིད། མོའི་ཕ་མ་མི་གཅིག་པའི་སྤུན་མཆེད་འཇིགས་ལྡང་སོགས་མི་འགས་དགེ་བཤེས་བསྟན་འཛིན་ཚང་གདན་འདྲེན་ཞུས་ནས་དགོན་པའི་གཡས་ཕྱོགས་ཀྱི་རི་ངོས་ཤིག་ཏུ་དགེ་བཤེས་ཚང་གི་སྐུ་གདུང་སྦྱིན་སྲེག་བྱས། ཉིན་དེར་ཉི་འོད་དྲོ་ཞིང་བྱ་རྒོད་མང་པོ་ཞིག་གིས་ཡུན་རིང་ལྡིང་སྐོར་བརྒྱབ། སྦྱིན་སྲེག་གྲུབ་རྗེས་དཀོན་མཆོག་དང་བྱམས་མཚོ་སྐྱིད་ང་རང་སོགས་མི་འགས་སྦྱིན་སྲེག་གི་ཐབ་ཀའི་ནང་ནས་དགེ་བཤེས་ཚང་གི་རུས་ཐལ་ཕྱོགས་གཅིག་ཏུ་བསྡུས་ཤིང་དགེ་འདུན་པ་ཚོས་རུས་ཆོག་གནང་གྲུབ་རྗེས་ང་ཚོའི་རུས་ཐལ་དང་འཇིམ་པ་བསྲེས་ནས་སཙྪ་བརྒྱ་ཕྲག་འགའ་བཞེངས། ཉིན་འགའི་རྗེས་སུ་དགེ་བཤེས་ཚང་ཁོང་གི་སྤུན་མཆེད་ཀྱི་གསོས་ཕྲུག་འཇིགས་ལྡང་གི་རྨི་ལམ་ནང་བྱོན་ཏེ་སང་ཉིན་ཁྱེད་རང་ངའི་ལུས་པོ་སྦྱིན་སྲེག་བྱེད་ས་དེར་ཤོག་དང་ངེད་གཉིས་ཐུག་གསུངས། རྨི་ལམ་ཧ་ཅང་གསལ་བོ་ཡིན་པ་ནི་ཉིན་མོར་མི་དང་མི་ཐུག་པ་ཇི་བཞིན་འདུག་ཟེར། སང་ཉིན་ཁོ་དེ་གར་སོང་ཡང་ཁོས་དགེ་བཤེས་ཚང་གི་བར་དོའི་སྐུ་ལུས་མ་མཇལ། ཉིན་འགའི་རྗེས་སུ་དགེ་བཤེས་ཚང་གི་དགེ་ཕྲུག་དཀོན་མཆོག་ངེད་གཉིས་ཐེངས་གཉིས་པར་རྒྱ་གར་དུ་བྲོས། ལྷ་ས་ནས་གྲོགས་བློ་གྲོས་དཔལ་བཟང་གིས་ལམ་ཁྲིད་ཡག་པོ་ཞིག་ངོ་སྤྲོད་བྱས་པ་དེས་ཁྲིད་ནས་ཧི་མ་ལ་ཡ་བརྒལ་ཏེ་བལ་ཡུལ་བརྒྱད་རྒྱ་གར་དུ་འབྱོར། ལོ་གཅིག་གི་རྗེས་ནས་བཟུང་དགེ་བཤེས་ཚང་ངའི་རྨི་ལམ་ནང་བརྒྱུད་མར་བྱོན། ལོ་དྲུག་གི་རྗེས་སུ་ང་ཨ་རིར་འབྱོར། རྨི་ལམ་ནང་བལ་ཡུལ་དང་རྒྱ་གར་ཚར་གཅིག་ཀྱང་མི་གཏོང་བར་དུས་རྟག་ཏུ་ཕ་ཡུལ་གྱི་དབེན་དགོན་དེ་རང་གཏོང་ཞིང་། དབེན་དགོན་དེར་བསླེབས་དུས་དགེ་བཤེས་ཚང་ལ་མཇལ་བ་ཐེངས་མང་རྨིས། མདང་དགོང་ཡང་སྐྱར་རྨི་ལམ་ནང་དགེ་བཤེས་ཚང་མཇལ་ཡང་སྔོན་དང་མི་འདྲ་བ་ཞིག་ནི་རྨི་ལམ་ནང་དུ་ངས་དགེ་བཤེས་ཁོང་གྲོངས་ཟིན་ཡོད་བསམས་ཀྱང་ཁོང་གྲོངས་མི་འདུག་བསམ་བཞིན་འདུག ཡིན་ཡང་དགེ་བཤེས་ཚང་དགུང་ལོ་བརྒྱད་ཅུར་བསླེབས་པའི་ཞལ་རས་ཅན་ཞིག་ཏུ་མཐོང་ཞིང་། ཞལ་རས་ཀྱི་སྐྱི་ལྤགས་ལ་རུལ་ཐིགས་ལྟ་བུའི་ཚོས་གཞི་སྔོན་པོ་དེ་འདྲ་ཞིག་མཇལ་རྒྱུ་འདུག གང་ལྟར་ང་རང་ལ་རྙིང་བཀའ་ས་དགེའི་དགེ་བའི་བཤེས་གཉེན་སུམ་ཅུ་ཙམ་ཞིག་ཡོད་ཀྱང་དགེ་བཤེས་འདི་བ་ཚང་དུས་རྒྱུན་རྨི་ལམ་ནང་མཇལ་ཡོང་བ་འདི་ག་རེ་ཡིན་ནམ།
གྲ་རྒན་དང་དགོན་རྙིང་སོགས་རྨི་ལམ་དུ་གཏོང་བ་ནི་རང་ཉིད་ཀྱི་ཁ་ལས་རླུང་རྟ་མར་ངོའི་དུས་ཀྱི་སྐབས་ལ་བསླེབས་པ་ཡིན། གང་ལྟར་ཡག་རྟགས་ཤིག་མིན། གཟབ་གཟབ་གཟབ།
ཨ་རོ་རྟོགས་བཟོ་མང་དྲག་ན་རྩོམ་ཡིག་ལ་རིན་ཐང་མེད་པ་དང།རང་དང་རྩོམ་ཡིག་གཉིས་ཀྱིས་སྤྱི་ཚོགས་འགན་འཁུར་ཐུབ་མེད་པ་ཞིག་རེད།རྩོམ་ཡིག་འདི་ལྟ་བུ་ནི་ཉི་མ་མ་འཁྱོལ་བར་སྐད་ཆ་ལྡོམ་པོ་རེ་བཤད་པ་དང་གཅིག་མཚུངས་རེད།འདི་ལ་རྩོམ་ཡིག་ངོས་མཐོང་གང་ཡང་མི་འདུག
ཨ་ཨ་ འདི་འདྲའི་བསོད་ནམས། དགེ་བཤེས་མིང་དོན་མཚུངས་པ་ཐིག་ཡོད་ས་རེད།
རྩོམ་གཞི་ཞིག་གསར་དུ་བཞེངས་སྐབས་འཆར་ཡན་རྐྱང་རྐྱང་གི་སྒོ་ནས་རྩོམ་ལུས་ཤིག་གི་ངོ་བོར་གཏན་འབེབས་བྱེད་དུས་རྟོག་དཔྱོད་ཀྱི་ཚོར་འདུ་དྲག་པོ་ཞིག་གིས་མི་གཞི་དཔེ་ལེགས་ཅན་དང་།་་་མི་སྣའི་བྱ་སྤྱོད་གསོན་ཉམས་ལྡན་པ་ཞིག་ཏུ་སྐད་དང་ཡི་གེས་མུ་ཐག་ལ་བརྒྱུས་དུས་འཆར་སྣང་དང་དངོས་བྱུང་གང་ཡིན་གསལ་བོ་ཞིག་མེད་ན་དེ་ཡང་རྩོམ་རིག་སྒྱུ་སྩལ་གྱི་ཞན་ཆ་ཞིག་རེད།་་་དེ་བས་འཆར་སྣང་གི་རྟོག་བཟོའི་ཁྲོད་དུ་འཆར་སྣང་མི་སྣ་འོས་འཚམས་ཤིག་བསྐྲུན་ན་ཆེས་ལེགས་ཤིང་འཚམས་པར་འདོད།་་ཡིན་ན་ཡང་འཆར་ཡན་རྟ་ཕོ་རྒྱུགས་ལྷོད་ནས་ཁ་དཀྱུས་པའི་དུས་མཚམས་ཤིག་མེད་ན་ཡིག་ཚོགས་སྤུངས་པའི་བམ་རོ་ཞིག་དང་ཨ་ན་མ་ན་ཡིན།
རྟོགས་བརྗོད་ལྕགས་ཀྱི་མེ་ཏོག་གསེར་གྱི་མེ་ཏོག་ལ་བསྒྱུར་འདུག ད་ནི་རྨི་ལམ་ཀྱང་མངོན་ཤེས་ལ་བསྒྱུར་ན་འགྲིག་ག
རྟོགས་བརྗོད་གསེར་གྱི་མེ་ཏོག་རྩོམ་མཁན་དམ་ཆོས་ཟེར་བ་དེ་མ་རེད།
ཀླུ་སྨྱོན་འདི་སྨྱོས་ཡོད་པ་འདྲ།
ཧ་ལས་དགོས་པ་ཞིག་ལ།
ནང་པ་རྣམས་སྣང་བ་ཐམས་ཅད་རྫུན་དུ་འདོད་ཀྱིན་པ་ཞིག་ལ། ཁྱོད་རང་ད་དུང་རྨི་ལམ་གྱི་འཁྲུལ་སྣང་དེ་ལས་སད་མ་ཐུབ་པ་དེ་ནི་ཁྱོད་ཀྱི་རྫུན་རྐུབ་བརྟོལ་འདུག
ཞབས་འདྲེན་རེད། ཧ་ཧཧོ་ཧོ་ཧོ་ཧོ
ཕྱེད་ཙམ་ནས་བཀླགས་ནས་བཞག་པ་ཡིན། གང་ཡིན་ཞེས་ན། ཀླུ་སྨྱོན་ལགས་ཀྱིས་བྲིས་པའི་བོད་ཡིག་རྗོད་བྱེད་ཚིག་སྦྱོར་ལ་ང་ཀློག་རྒྱུར་དགའ་ཡང་། བརྗོད་བྱའི་ནང་ལ། གསར་འགྱུར་དང་བཅོས་སྒྲུང་། ལོ་རྒྱུས་དང་རང་བཟོ་བསྲེས་སྟབས་ཡིད་ཆེས་དཀའ་བའི་གནས་སུ་གྱུར་སོང་ལགས།
ང་རང་ཡང་བཅོས་སྒྲུང་དང་འཆར་ཡུན་གྱི་རྩོམ་རིགས་ལ་དེ་བས་མི་དགའ།རྩོམ་ཡིག་དེའི་རིགས་སྤྱི་ཚོགས་ཁྲོད་དུ་འགན་གང་ཡང་འཁུར་མི་ཐུབ་པ་མ་ཟད།ད་དུང་།ཉོག་དྲ་བཟོ་མཁན་ཀྱི་རྩོམ་ཡིག་ཁ་ཆག་སྣ་རལ་མང་པོ་ཞིག་འབྲི་དང་འབྲི་བཞིན་པ་རེད།དེ་ཚོ་འབྲི་མཁན་ཚོ་རང་རང་གི་མི་གཞི་དང་འབྲེལ་བ་དམ་པོ་ཞིག་ཡོད་པས་ན།རང་ཉིད་ཀྱིས་རང་ཉིད་ཀྱི་བསམ་སྤྱོད་གང་འདྲ་ཞིག་ཡིན་མིན་ཕྱིར་མངོན་བྱེད་པ་ཞིག་རེད།དེ་བས་བསམ་འདུན་བཅོས་མ་ཡིན་མཁན་ཚོེར་དེ་བས་དགའ་བོ་མེད།
ཁྱེད་ཀྱི་བརྩེ་དུང་གི་སྡུག་བསྔལ་འདི་་་་་ཁྱེད་ཀྱི་སྙིང་སྡུག་མའི་བཞིན་རས་འདི་་་་་ད་དུང་ཁྱེད་ཀྱི་དགེ་རྒན་ལགས།
ད་ཐེངས་ཀྱི་དེ་བཅོས་ཡིན་ས་མ་རེད། སྙ་མོ་བྱུང་སོང་། རྨི་ལམ་འདི་ལྟ་བུ་སུ་ལང་ཡོང་གི་ཡོད་ཚོད་འདུག
དགེ་བཤེས་ཚང་ཀླུ་སྨྱོན་ཚང་གི་རྨི་ལམ་ལ་འོང་བ་ནི་རང་བློར་སྦས་པའི་ཚུལ་དུ་སེམས་པ་ཡོད་པའི་རྟགས་ལས་གཞན་ལེགས་མཉེས་གང་ཡང་མ་ཡིན། ལེགས་པ་ལ་ང་རྒྱལ་དང་། ཉེས་པ་ལ་ཞུམ་པའི་རྣམ་རྟོག་མེད་ན། ལེགས་ཚོགས་འཕེལ་ལོ།།
གཞན་ལེགས་ཉེས་གང་ཡང་མ་ཡིན།
རྟོག་སྒྲུང་ཞིག་ཡིན་བཟོ་མི་འདུག གང་ལྟར་ས་མིང་སྡེ་མིང་དང་མི་མིང་སོགས་ཤེས་པས་ཡིན་ནམ་ང་ལ་ནི་སྙན་པོ་དཔེ་མེད་བྱུང་།
གཤིན་པོ་རྨི་ལམ་དང་དངོས་དང་ཉམས་སྣང་སོགས་སུ་ཡང་ཡང་རྨི་བ་ནི་ཡག་རྟགས་ཤིག་མ་ཡིན།
གང་ཡིན་ཟེར་ན་གཤིན་པོ་དེ་ཉིད་བར་དོར་འཁྱམས་པའི་རྟགས་ཤིག་རེད།
འོན་ཀྱང་དགེ་བཤེས་ཁོང་དེ་འདྲ་བ་ཞིག་ནི་ཡིན་མི་སྲིད། སྤྱིར་སྟངས་གཤིན་པོ་ཡང་ཡང་རྨི་ལམ་དུ་བཏངས་ཚེ་དེ་ནི་རྗེས་ལུས་ནང་མི་དང་ཤ་རག་རོག་པོ་ལས་སོགས་ལ་རེ་ཞིང་ཆགས་པའི་རྒྱུ་མཚན་ཞིག་རེད།
དེས་ན་རེ་ཆགས་བཀར་རྒྱུ་གལ་ཆེ། འོན་ཀྱང་དགེ་བཤེས་ཁོང་ནི་དེ་འདྲ་ཡིན་རྒྱུ་མ་རེད། གཅིག་བྱེད་ན་དགེ་བཤེས་ཁོང་གི་ཐུགས་འདོད་ལ་ཨ་ཁུ་གྲྭ་བ་ཡག་པོ་ཞིག་བྱུང་ན་བསམ་པ་དང། ཡང་ན་ཨ་ཁུ་གྲྭ་བའི་གནས་ས་དགོན་པ་དང། བུ་མོའི་གནས་མི་ཡུལ། ཟེར་བ་ལྟར་དགོན་པར་བསྡད་ནས་དགེ་སྦྱོར་བ་རྣལ་མ་བ་ཞིག་བྱུང་ན་བསམ་མོད་གང་ལྟར་དེ་འདྲ་ཞིག་ཏུ་མ་གྱུར་བར་བརྟེན་ཐུགས་ཀྱི་རེ་འདོད་དེ་མ་བསྐོང་ནས་ཁྱེད་ཀྱི་རྨི་ལམ་དུ་ཡང་ཡང་བཏངས་བ་མིན་འགྲོ། ཡང་མིན་ན་ཕྱི་གཟུགས་དགེ་བཤེས་རྨི་ནའང་ནང་དོན་དུ་ཁྱེད་ཀྱི་སྙིང་སྡུག་བུ་མོ་དེ་ཡིན་སྲིད། གཅིག་བྱེད་ན་བུ་མོ་དེ་ལ་འབྲེལ་བ་ཞིག་གནང་དང་རྨི་ལམ་དེ་གཅིག་བྱེད་ན་རྨི་མི་སྲིད།
ཡག་པོ་བྲིས་འདུག། ཀླུ་སྨྱོན་ལགས། ཡག་པོ་ཡིན་པ་ཐག་གི་ཆོད་རེད། རང་གི་རྩ་བའི་བླ་མ་དང་ཐུགས་སེམས་གཅིག་ཏུ་གྱུར་པའི་རྟགས་རེད། རང་གི་རྩ་བའི་བླ་མ་དང་དམ་ཚིག་མ་ཉམས་པའི་རྟགས་ངོ་མ་དེ་རེད། བླ་མ་མང་པོས་རང་རྣམ་དུ་གཟིགས་དང་གསལ་ངེས། བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྟགས་མིན་ན་གང་ཡིན། ངས་ནི་དེ་རིགས་དེ་ཡག་པོ་བརྩི་ཡི་ཡོད། ཉེ་བར་གང་དང་གོམས་པ་གང་ཅེས་པ་དེ་རྨི་ལམ་གི་སྐད་ཆ་རེད། རྩ་བའི་བླ་མ་ལ་དད་དམ་འགྱུར་བ་མེད་པའི་རྟགས་རེད།
དགེ་བཤེས་ལགས་ཨ་ཁུ་ཀླུ་སྨྱོན་ཚང་ལ་བཀའ་དྲིན་ཆེ་ཤོས་ཀྱི་དགེ་བའི་བཤེས་གཉེན་ཡིན་པས་རྨིས་པ་ཡིན་གྱི་རེད།
ཕ་བླ་མ་རྨིས་ན་དམ་ཚིག་ལྡན།
དམན་བུ་མོ་རྨིས་ན་ཆགས་སེམས་ཟུག
དེ་གཉིས་ཀ་རྨིས་པ་རྟེན་འབྲེལ་བཟང་།
ཐུགས་བདེ་བར་ཞུགས་ཅིག་ཀླུ་སྨྱོན་ཚང་།
ཉོན་མོངས་ལས་དང་བག་ཆགས་ཐམས་ཅད་ནི།
རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལལགས།
གཉེན་པོ་ཟག་བཅས་ཐར་པའི་ལམ་ཉིད་ཀྱང་།
རྩལ་ལས་རོལ་པར་ཤར་བའི་ཆོ་འཕྲུལ་ལགས།།
ཡེ་ཤེས་ལགས་ཤིན་ཏུ་བཟང་། མུ་མཐུད་སྣང་བ་བསྒྱུར་དགོས།
རྨི་ལམ་ནང་དུ་སློབ་དཔོན་རྨིས།
སེམས་པའི་ནང་དུ་མཛེས་མ་དྲན།
མཚན་ལ་རྨིས་དགོས་ཉིན་མོར་དྲན།
ཉིན་མོ་དྲན་དགོས་མཚན་མོར་རྨིས།
བླ་མ་རྨིས་རབ་བདེན་ན་ཐང་མོད་། འོན་ཀྱང་མ་བཤད་ནི་མ་སྟོག་བུ་མོ་དེ་ཡང་རྨིས་ཡོད་ངེས་རེད་།
རྨི་ལམ་མི་བཟང་རྨི་ལམ་བཟང་།།
རྨི་ལམ་རྡོ་རྗེ་འཆང་ཆེན་བཟང་།།
ནམ་ལ་ཆ་གསུམ་ཕྱི་ཆ་ལ།།
ཐོ་རངས་སྐྱ་སེ་ཤར་བ་ན།།
བླ་མ་རྡོ་རྗེ་འཆང་ཆེན་རྨིས།།
དངོས་གྲུབ་བྱིན་རླབས་འབྱུང་བའི་རྟགས།།
ཆོས་གྲོགས་མི་བཟང་ཆོས་གྲོགས་བཟང་།།
ཆོས་གྲོགས་བུ་མོ་སྙིང་སྡུག་མ།།
ཆུང་ཆུང་ལུག་རྫིའི་རྩེད་གྲོགས་མ།།
སྙིང་གི་དཀྱིལ་ལ་མདའ་ལྟར་ཟུག།
མི་རྟག་ཆོས་ཉིད་བསྟན་པ་ནི།།
དགེ་སློང་ཆོས་ལ་སྐུལ་བའི་བརྡ།།
རྨི་ལམ་ནང་དུ་ཡོང་པ་ནི།།
མཁའ་འགྲོའི་བརྡ་ཐབས་ཡིན་པར་ངེས།།
ཚེ་འདིར་བདེ་ཆེན་མ་སྦྱར་རུང་།།
བདེ་ཆེན་ལོངས་སྤྱོད་འཁོར་ལོའི་རྒྱན།།
བར་དོར་རྫོགས་པའི་རྟེན་འབྲེལ་ལགས།།
ཆོས་གྲོགས་ཀླུ་སྨྱོན་རིན་པོ་ཆེ།།
ཆ་ལུགས་སྦ་གསང་མེད་པར་ནི།།
ལྷུག་པར་སྟོན་དང་རིག་པའི་ཀློང་།།
ལྷུག་པར་གྲོལ་བར་ཐེ་མི་ཚོམ།།
དགའ་ལྡན་མི་ཕམ་བྱམས་མགོན་གྱིས།།
རྨི་ལམ་ན་ཡང་ཆོས་རྣམས་ཀུན།།
རྨི་ལམ་ལྟ་བུར་བལྟ་ལ་སོགས།།
གསུངས་པའི་བདམས་པ་ཁྱོད་ལ་ཤར།།
ཆོས་གྲོགས་ཀླུ་འབུམ་སྨྱོན་པ་ཁྱོད།།
ཆོས་ལ་ངེས་འབྱུང་རྣལ་མ་ཡོད།།
ཆོས་མིན་ཆོས་རྫུ་ཁྱོད་ལ་མེད།།
ཆོས་བྲལ་ང་ཡི་དག་སྣང་ལ།།
མི་རྣམས་ཕྱུག་པོ་ཚང་ལ་དགའ།།
ཁྱེད་ནི་དེ་ལས་ལྡོག་པ་སྟེ།།
ཉམས་ཆུང་དག་ལ་སྙིང་རྗེ་དབང་།།
དངོས་དང་ཟས་ཀྱི་སྦྱིན་པ་ཕུལ།།
ང་དང་འདྲ་བའི་ཆོས་བྲལ་དག།
ཚུལ་ཆོས་སྟོན་ལ་མཁས་པ་སྟེ།།
ལྐོག་ན་ཝ་མོ་ལས་ཀྱང་མགྱོགས།།
ཉིད་ཀྱི་ཚུལ་ཁྲིམས་མངོན་ལྐོག་མེད།།
མི་རྣམས་མཚང་ནས་དྲིས་པ་ན།།
ཁ་དང་ཁོག་པའི་བུ་ག་ནས།།
ཁོང་ཁྲོའི་མེ་ལྕེ་ཤ་ར་ར།།
ཁྱེད་ནི་དེ་ལས་ལྡོག་སྟེ་བཟོད།།
དེང་སང་ཆོས་པ་ཕལ་མོ་ཆེ།།
མིང་བཏགས་ལག་ཁྱེར་རེག་པ་ན།།
ཆོས་ཀྱི་པོ་ཏི་ཁ་ནས་བསྡམས།།
ཁྱོད་ཀྱིས་རྒྱུན་དུ་ཁ་འབྱེད་བརྩོན།།
ང་དང་འདྲ་བའི་ཆོས་པ་རྣམས།།
ཕྱི་ལ་འཁྱམ་ནས་འདོད་ཡོན་གྱི།།
རྒྱ་མཚོའི་ཀླུང་ན་ཡོམ་ཡོམ་གཡོ།།
ཁྱེད་ནི་རྩེ་གཅིག་བསམ་གཏན་བསྒོམས།།
ཕལ་བས་མི་ཚེར་ཆོས་སྦྱང་ཡང་།།
གནས་ལུགས་མདུན་དུ་བདར་བ་ན།།
མ་རིག་མུན་པ་ལྟུག་པོས་བསྒྲིབས།།
ཁྱོད་ནི་ཡེ་ཤེས་མེ་རབ་འབར།།
སྟོན་པ་བདེ་བར་གཤེགས་པའི་གསུང་ན།།
བསྔགས་པ་འདི་ལྟར་བརྗོད་པར་གཟིགས་དང་།།
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།།
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ།།
ཁྱོད་ནི་ཕ་རོལ་ཕྱིན་པ་དྲུག་ལ།།
ཉིན་དང་མཚན་དུ་བརྩོན་པ་འདི་ཡིས།།
བདག་གི་ཡིད་ཀྱི་ཉ་མོ་འདི་ཀོ།
རྒྱུན་དུ་རྒྱ་རུ་བཟུང་པ་འདྲ་འདུག།
དུད་སོགས་ལ་
མི་ལྡོམ་མི་རྐྱང་ཁེར་འདུག་ཅན། །
རྒྱག་པ་གཞོན་ནུ་ཟླ་མེད་ཚང་། །
གང་ཞིག་ཟིག་ནས་རྒྱུགས་ཡོང་སྟེ། །
ཨ་ཁུ་ཀླུ་ལ་ངོ་བསྟོད་བྱས། །
ཀླུ་ཡིས་རྨི་ལམ་མི་ལ་བཤད། །
མི་ཡི་བཟང་ངན་སྣ་ཚོགས་འགྲེལ། །
རྒྱག་པས་ཁོང་ཁྲོ་མ་བཟོད་པར། །
དྲང་གཏམ་སྨྱུ་གུའི་རྩེ་ནས་སྐྱུགས། །
གོང་དུ་ཆོས་གྲོགས་གཞོན་ནུ་ཟླ་མེད་ལགས་ཀྱིས་རྨི་ལམ་ན་ཡང་ཆོས་རྣམས་ཀུན་གསུངས་པས། ངས་འདིར་རྨི་ལམ་གྱི་སྐོར་གཞན་ཞིག་མི་བརྗོད་ཀ་མེད་བྱུང་། དེ་ནི་རྨི་ལམ་འཛིན་པའི་སྐོར་ཞིག་ཡིན། ང་ཚོས་རྨི་ལམ་འཛིན་པའི་གདམས་ངག་ལས་གསུངས་པ་བཞིན་རྨི་ལམ་སྤྲུལ་སྒྱུར་གྱི་ཉམས་ལེན་བྱེད་དུས། ཆེས་ཐོག་མའི་མཚན་མོ་དག་གི་རྨི་ལམ་རྣམས་ཆེས་གསལ་ཞིང་ཧ་ལམ་ཉིན་མོའི་དུས་ཀྱི་སྣང་བ་ཇི་བཞིན་འཆར་ཡོང་ཡང་། ཞག་མ་འགའི་རྗེས་སུ་སྔར་བཞིན་རྒྱུན་ལྡན་གྱི་རྨི་ལམ་རབ་རིབ་དེ་དག་གི་ནང་དུ་འཕྱན་འགྲོ་བ་དེ་ཅིས་ལན། རྣམ་པ་ཚོ་ལ་རྨི་ལམ་སྤྲུལ་སྒྱུར་གྱི་གདམས་པ་དེ་འདྲ་གསུང་རྒྱུ་ཨེ་ཡོད། ཇོ་བོ་རྗེའི་སྒྲོལ་མའི་ཉམས་ལེན་ལ་བརྟེན་པའི་རྨི་ལམ་འཛིན་པའི་གདམས་པ་དེ་ངས་ཤེས། འཇུ་མི་ཕམ་པའི་སྒྱུ་མ་བེའུ་བུམ་གྱི་རྨི་ལམ་འཛིན་པའི་སྐོར་དེ་དག་ཀྱང་ངས་ཤེས། གཞན་གདམས་ངག་མཛོད་ལས་བྱུང་བའི་རྨི་ལམ་སྤྲུལ་སྒྱུར་གྱི་གདམས་པ་རེ་ཟུང་ཡང་ཁོ་བོས་ཤེས། ཁྱེད་རྣམ་པའི་ཁྲོད་དུ་རྨི་ལམ་སྤྲུལ་སྒྱུར་རམ་རྨི་ལམ་འཛིན་པའི་གདམས་པའི་སྐོར་གྱི་ཕྱག་དཔེ་དང་དེའི་གདམས་ངག་ལག་ལེན་བྱེད་པའི་སློབ་དཔོན་དེ་འདྲ་ངོ་སྤྲོད་བྱེད་རྒྱུ་ཨེ་ཡོད།
དེ་རིང་ཉིན་གུང་མེག་སི་ཁོའི་ཟ་ཁང་ཞིག་ཏུ་སོང་སྟེ་ཁོ་ཚོའི་སྡེར་མ་ཆེན་པོ་ལག་པས་འཁྱོག་ཚད་དེ་འདྲ་ཞིག་ཡོངས་སུ་ཁེངས་པའི་ཟ་མ་ཞིམ་པོ་དཔེ་མེད་ཅིག་ཟོས་རྗེས་ནང་དུ་ལོག་རྗེས་ཉལ་སའི་ནང་འཛུལ་ཏེ་མིག་གཉིས་བཙུམས་ནས་བརྙན་འཕྲིན་ནང་གི་སྐད་ཆར་ཉན་བཞིན་བསྡད་པས་གཉིད་ཁུག་སོང་། གཉིད་ལམ་ནང་གི་ཚོར་བ་ཞིག་ལ་ངའི་ལུས་པོ་འདི་ཉལ་ཁྲིའི་སྟེང་དུ་མེད་པར་བར་སྣང་སྟོང་པ་ཞིག་ཏུ་འཕགས་བསྡད་ཡོད་པའི་ཚོར་བ་ཞིག་རྒྱུན་མར་བྱུང་། དེ་ཡང་ཚོར་བ་ཕྲ་བོ་ཞིག་གིས་ཤེས་ཀི་འདུག འདི་འདྲའི་ཚོར་བ་སྐྱིད་པོ་ཞིག་གཉིད་གོང་ནས་ཡོང་བ་ཐོག་མ་དེ་ཡིན་པར་འདོད། གཉིད་འདི་བེད་སྤྱད་དེ་ང་ཚོས་ཉམས་ལེན་ནམ་ཡང་ན་གཉིད་ཁོ་རང་ལ་ཞིབ་འཇུག་ཡག་པོ་ཞིག་བྱེད་ཐུབ་ན་ལེགས་པར་འདོད། དགེ་འདུན་ཆོས་འཕེལ་འཆི་ཁར་ངས་མི་འཆི་བའི་དུས་ཀྱི་རྣམ་པ་དེ་ཁྱོད་ཚོར་བཤད་གང་ཐུབ་བྱེད་ཀི་ཡིན་ལབ་འདུག་སྟེ་འཆི་ཁར་ཅང་ལབ་ཐུབ་ཡོད་ས་མ་རེད།
རྨི་ལམ་འཛིན་པའི་གདམས་ངག་ཟེར་ན་ཁྱོད་ཀྱིས་དྲངས་པའི་ཕྱག་དཔེ་དེ་དག་ཀློག་མ་མྱོང་མོད། ང་ལ་ནི་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། རྨི་ལམ་ཐམས་ཅད་རྫུན་མ་རེད།། གཅིན་རྡོ་ཐོག་བཏང་ན་བརླ་ཐོག་རེད།། གསུངས་པ་དེ་ཤིན་ཏུ་ནས་ཕན་པོ་ཞིག་འདུག རྨི་ལམ་འཛིན་ཚུལ་ཟེར་ན་མདོ་ཕྱོགས་ནས་བཤད་ན། ཆོས་ཐམས་ཅད་རྫུན་མར་ཡིན་པར་སྒྱུ་མའི་དཔེ་བདུན་གྱིས་སྒོ་ནས་གསུངས་པའི་རྨི་ལམ་དེ་ཡིན་རྒྱུ་རེད། དེ་ནི་རྨི་ལམ་ངོས་བཟུང་ཟེར་ན་འདྲ། རྨི་ལམ་འཛིན་ཟེར་ན་འདྲ། གང་ལྟར་སྣང་པ་ལྟར་མ་གྲུབ་པར་ངེས་བཟུང་པ་ཡིན་རྒྱུ་རེད། དེ་མིན་རྨི་ལམ་ནང་གི་མཛེས་མ་བཟུང་པའི་དོན་ནི་ཡིན་མིན་མི་ཤེས་ཡ། ང་ཚོ་སྐྱ་མིན་སེར་མིན་ལག་ལ་མཛེས་མ་མི་རེག་མཁན་ཚོས་རྨི་ལམ་འཛིན་པའི་གདམས་པ་དེ་འདི་ལྟར་ངོས་བཟུང་ན་ཡག་ས་རེད། རྨི་ལམ་དུ་མཛེས་མ་ཞིག་རྨིས་བཅུགས། དེ་ནས་མཛེས་མ་དེ་བཟུང་ནས་མ་བཏང་པར། བཙན་པོ་བྱས་ནས་གཡབ་ན་དེ་ག་རང་འགྲིག་གི་རེད་པ། ཡིན་ན་ཡང་གོང་གི་མི་ལ་རས་པས་གསུངས་པ་ལྟར་ཁ་བསྒྱུར་ན། རྨི་ལམ་སྙིང་སྡུག་རྫུན་མ་རེད།། མཇེ་སྟུ་ཐོག་བཏང་པ་བརླ་ཐོག་རེད།། ཟེར་ན་རྨི་ལམ་བཟུང་ཚུལ་གྱི་གདམས་པ་ཁྱད་དུ་འཕགས་པ་ཞིག་ཡིན་རྒྱུ་རེད།
འོན་ཀྱང་སྔགས་ཀྱི་སྐབས་སུ་བདེ་གསང་འཇིགས་གསུམ་སོགས་ཀྱི་སྐུ་གསུམ་ལམ་འཁྱེར་སྐབས་ཀྱི། སྐུ་གཉིས་པ་བར་དོ་ལོངས་སྤྱོད་རྫོགས་པའི་སྐབས་དེར་ངོས་འཛིན་དགོས་པ་འདྲ་འདུག ངོས་འཛིན་ཚུལ་དང་སྒོམ་ཚུལ་སོགས་མདོ་ཕྱོགས་རྫུན་མར་ངོས་འཛིན་པ་སོགས་དང་མི་འདྲ་བ་ཡིན་ས་རེད།།
མེ་སེ་ཀོ་ཟ་ཁང་ནང་གི་སྡེར་མ་ཆེན་པོ་ནང་གི་ཁ་ལག་དེ་མ་ཟ་མ་གཏོགས་གྲོད་ཁོག་ཉིན་ཤས་རིང་ན་གི་འདུག ན་ནིང་ཞིག་ལ་ངའི་རོགས་པ་གཅིག་དང་མཉམ་དུ་སོང་ནས་དེ་ཟོས་པ་ཡིན། གོང་ཡང་ཆེན་པོ་རེད། དེ་ཟོས་རྗེས་ཉིན་གསུམ་ལ་ཟ་མ་གཞན་ཞིག་ཟ་མ་ཐུབ། གྲོད་ཁོག་ན་ནས་ཟུག་བརྒྱབ་པ་དང་གང་མགྱོགས་གསང་སྤྱོད་ལ་མ་རྒྱུགས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ དྲི་མ་་་་་་་་་་་་་་་་་་་་་་་་་་
ཨ་རིའི་རྒྱལ་སའི་དུས་དབང་སྐབས་ང་ངུ་རུ་བཅུག་པའི་ཕུན་རོན་དེ་གྲོངས་རྗེས་འདི་ནས་བརྒྱ་མཆོད་སོགས་ཕུལ་ཏེ་བསྔོ་སྨོན་བཏོན་ཅིང་། ཨ་རི་དང་དབྱིན་ཡུལ་དུ་བཞུགས་པའི་གྲོགས་བླ་མ་ཚད་ལྡན་རེ་ཟུང་ལ་ཡང་ཐུགས་དམ་སྐྱབས་འཇུག་ཞུས་པ་དང་། ཉིན་གཅིག་དབྱིན་ཡུལ་དུ་བཞུགས་པའི་བླ་མ་ཞིག་གིས་ཕུག་རོན་དེ་ལྷ་རུ་སྐྱེས་པའི་མཚན་མ་ཤར་གསུངས། ཉིན་དེ་རང་གི་དགོང་མོར་ངའི་རྨི་ལམ་དུ་ནམ་མཁའ་ནས་དར་དཀར་གྱི་གྱོན་ཆས་གྱོན་པའི་བུ་མོ་འགའ་ངའི་འཁྲིས་སུ་བསླེབས་ཤིང་དགའ་བའི་རྣམ་འགྱུར་ཚད་མེད་སྟོན། རེ་ཞིག་གི་རྗེས་སུ་བུ་མོ་ཞིག་ངའི་མདུན་དེར་མཚོ་ཆུང་ཆུང་ཞིག་ཡོད་པའི་ནང་དུ་མཆོངས་སོང་། རྨི་ལམ་ནི་རྨི་ལམ་རང་ཡིན་པས་ཡིད་ཆེས་དེ་ཙམ་བྱེད་རྒྱུ་མེད་ཀྱང་། ངོ་ཤེས་བླ་མ་དེའི་གསུང་དང་དགོང་མོ་དེའི་རྨི་ལམ་གཉིས་ཐོད་གཏུགས་ན་ངོ་མ་ཕུག་རོན་དེ་ལྷ་ལ་སྐྱེས་ཟིན་པ་མིན་ནམ་ཡང་སྙམ་པ་ཞིག་འདུག་པས། གྲོགས་ཟླ་མེད་ཚང་ལ་དེའི་སྐོར་གསུང་རྒྱུ་འདྲ་ཅང་ཨེ་ཡོད། མི་གཞན་པས་མི་ཆོས་བླ་མའི་རྫུན་རེད་ཟེར་གི་རེད་དེ་དེས་ཅང་མི་སྐྱོན་གི
མེག་སི་ཀོའི་སྡེར་མ་ཆེན་པོའི་ཟ་མ་དེ་དང་ཤིང་ཏོག་གི་ཁུ་བ་གཉིས་བསྡོམས་ན་ཨ་སྒོར་བཅོ་བརྒྱ་རེད། ངས་ཉིན་གུང་དེ་ཟོས་རྗེས་ཕྱི་དྲོའི་ཁ་ཟས་བཟའ་མི་དགོས་པས་གོ་གཉིས་ཆོད་རེད། དེ་ངའི་གྲོད་ཁོག་ལ་འཕྲོད་ཤོས་ཀྱི་ཟ་མ་དེ་ཡིན།
རྟེན་འབྲེལ་གྱི་ཆོས་ཉིད་ཟེར་བ་དང་སྨོན་ལམ་གྱི་མཐུ་ཟེར་བ་དེ་ཚོ་འཛོམས་ན་སྐུ་ཉིད་ཀྱི་རྨི་ལམ་དེ་དག་དོན་དངོས་ཡིན་རྒྱུ་རེད། དེ་དག་དོན་དངོས་ཡིན་ན་མིན་ན་ང་ཧེབ་མི་ལངས་གི ང་ཧེབ་ལངས་ས་བོ་ཁྱོད་རང་གི་རྨི་ལམ་ནང་དུ་མཛེས་མ་རྐྱང་རྐྱང་རྨིས་པ་དེར་ཧེབ་ལངས་གི ང་འདི་མི་སྡུག་ཅན་ཞིག་ཡིན་པ་འདྲ་འདུག རྨི་ལམ་ནང་དུ་མཛེས་མ་ཞིག་ཕར་ཞོག ཨ་ཡེ་རྒན་མོ་ཞིག་ཀྱང་རྨི་ལམ་ནང་དུ་མི་ཡོང་གི ཡང་མིན་ན་ངས་དགོང་མོ་ཟ་མ་ཟ་རྒྱུའོ་མང་སོང་ནི་ཡིན་ས་རེད། མགོ་རྔས་ཐོག་མ་བཞག་སྔོན་དེར་མིག་ཕྱེད་ཀ་གཉིད་ཁུག་ཚར་བསྡད་ཡོད་ནི་རེད། ད་དུང་ལྒང་བུ་ནང་ལ་གཅིན་པས་ཁེངས་ནས་གསང་སྤྱོད་ནང་ལ་འགྲོ་དུས་ཀྱང་གཉིད་ཁུག་ཁུག་པ་རེད། ཐེངས་གཅིག་ཞོགས་པ་ནམ་ལངས་མ་ལངས་ཞིག་ལ་གསང་སྤྱོད་ནང་ལ་སོང་ནས། མིག་བཙུམ་མ་ཕྱེས་ཀྱིས་མཇེ་མགོ་གསང་སྤྱོད་ཀྱི་གསང་མིག་ལ་ཚད་ཚད་ནས། ད་ཡིན་ཐ་བསམ་དུས་གཅིན་པ་ཤེད་ཀྱིས་བཙུར་བ་ན། གཅིན་པ་རྐང་པའི་སྟེང་དུ་འཐོར་ཡོང་གི་འདུག་པས་མིག་ཡག་པོ་ཕྱེས་ནས་བལྟ་དུས། མཇེ་ངན་རྭ་ལྐོག་ནང་བཞིན་ལངས་ནས་གསང་སྤྱོད་ཀྱི་གསང་མིག་ལ་འཁེལ་མི་འདུག ཡར་རྩིག་པའི་ངོས་སུ་གཅིན་པ་གཏོར་ནས་ཕྱིར་རྐང་པའི་སྟེང་དུ་འཐོར་བ་རེད་འདུག གསར་འགྱུར་དེ་འདྲ་ཁྱོད་ལ་བྱུང་འེ་མྱོང་། ད་དྲང་མོར་ཤོད་ཡ།
འདི་ལ་ཡང་ཁྱོད་ཡིད་མི་ཆེས་ན་ཐང་། ནམ་རྒྱུན་ང་སེམས་སྐྱིད་པོ་མེད་པའི་དུས་དེར་གོས་དཀར་པོ་གྱོན་པའི་བུ་མོ་ཞིག་རྨི་ལམ་ནང་ཡོང་རྒྱུ་འདུག མོ་རང་ཆེས་ཐོག་མར་ཡོང་དུས་ནི་བལ་ཡུལ་ན་ཡོད་དུས་ཤིག་ཡིན། མོས་ངག་ནས་ཨྰ་ལི་ཀྰའི་རང་སྒྲ་སྒྲོག་བཞིན་ང་ཁྲིད་ནས་ས་ཆ་ཞིག་ལ་བསླེབས་སོང་། ས་ཆ་དེའི་རྡོ་ཚང་མའི་ངོས་ནས་འོད་འཚེར་བཞིན་འདུག་ལ་རྡོ་ལ་ལའི་ངོས་སུ་གཟུངས་སྔགས་དེ་འདྲ་ཡང་འོད་དུ་འཚེར་བཞིན་འདུག དེ་ནས་མོས་ང་ཁྲིད་ནས་ཁྲུས་རྫིང་ཆེན་པོ་ཞིག་གི་ནང་དུ་འཛུལ་སོང་ལ་དཀར་འཇམ་གྱི་ལག་པ་གཉིས་ཚུར་བསྲིངས་ཏེ་ངའི་སྐེ་རུ་འཇུས་སོང་། སྐབས་དེར་ངའི་སེམས་ནང་འདོད་ཆགས་དྲག་པོ་དཔེ་མེད་ཅིག་སྐྱེས་པས་ལམ་སེང་ལིང་གའི་ནང་ནས་ཁུ་བ་ཕྱིར་བཞུར་ཡོང་། ཡིན་ཡང་མི་འདྲ་བ་ཞིག་ལ་ངའི་ཁུ་བ་དེ་ནམ་རྒྱུན་དང་མི་འདྲ་བར་མདོག་སེར་པོ་གསེར་ཆུ་འདྲ་ཞིག་རེད་འདུག་ལ་ཐིགས་པ་གཅིག་གཉིས་ཙམ་མ་ཡིན་པར་ཆུ་སྦུག་ལས་ཆུ་བཞུར་བ་བཞིན་ཁྲུས་རྫིང་གི་ནང་དུ་རིམ་བཞིན་ཁྱབ་འགྲོ་བ་ཞིག་བཞུར་ཡོང་། དེ་རྗེས་སུ་ཡང་ལོ་མང་རིང་སེམས་པ་མི་སྐྱིད་དུས་བུ་མོ་འདི་སྐབས་རེར་རང་གིས་ངོ་ཤེས་པའི་བུ་མོ་དེ་འདྲའི་རྣམ་པ་དང་། སྐབས་རེར་ཐོག་མར་འཕྲད་པའི་བུ་མོ་དེའི་ཚུལ་དུ་ཡོང་ནས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་སྙིང་ཉེ་ཉེའི་རྣམ་འགྱུར་དང་བཅས་སྐབས་རེར་གཉིས་སྦྱོར་འདོད་པའི་བདེ་བར་རོལ་དུ་འཇུག་ཅིང་། སྐབས་རེར་གཅིག་གིས་གཅིག་ལ་འཁྱུད་དེ་ཡུན་རིང་འདུག་པས། གཉིས་ལས་སད་དུས་ཀྱང་བུ་མོ་དེའི་ལུས་ཀྱི་ཤ་དྲོད་ཀྱི་ཚོར་བ་དེ་ད་དུང་ལྷགས་བསྡད་པ་དེ་འདྲ་ཡང་འདུག བུ་མོ་འདི་སྐབས་རེར་ལོ་རེར་ཐེངས་རེ་ལས་མི་ཡོང་ཞིང་། སྐབས་རེར་ཟླ་རེར་ཚར་གཉིས་རེ་ཡོང་གི་འདུག
ང་སྔོན་ཆད་ཞིག་ལ་འཇིགས་བྱེད་ཀྱི་ལས་རུང་ལ་བསྡད་པ་ཡིན། བསྙེན་ཡིག་ཁག་ནས་གསལ་བ་ལྟར་ན་རང་ལ་རྨི་ལམ་བྱུང་པ་རྣམས་གསང་བ་བྱེད་དགོས་པ་འདྲ་ཞིག་གསུངས་འདུག དེ་བས་ན་ངས་བསྙེན་པ་སོགས་ཀྱི་སྐབས་སུ་་རྨིས་པའི་རྨི་ལམ་དེ་དག་གཞན་ལ་བཤད་རྒྱུར་དགག་བྱ་བྱེད་ཀྱི་ཡོད། འོན་ཀྱང་ཀླུ་སྨྱོན་ཚང་གིས་ཝ་ཤིན་ཀྲོན་ནས་ཕུག་རོན་ཞིག་ལ་སྙིང་རྗེས་མ་བཟོད་པར་སྤྱན་ཆབ་བསིལ་བ་དང་། བཀྲེས་སྐོམ་སེལ་བ། དེ་བཞིན་དུ་ཤི་རྗེས་བསྔོ་སྨོན་གསུངས་པ་དེ་དག ལན་དང་གྲགས་པ་སོགས་ལ་མ་རེ་བར་སྙིང་རྗེ་ཀུན་སློང་བྱས་པ་གང་ཞིག་ལ། སྨོན་ལམ་གྱི་མཐུ་བཙན་པས། ངས་བལྟ་ཚུལ་བྱས་ན་དེ་ནི་དངོས་བདེན་ལྷ་ཡུལ་དུ་སྐྱེས་པ་ཡིན་རྒྱུ་རེད། འདི་འདྲ་ལ་རིག་ཤེས་དང་ཚོར་ཤེས། ཡང་ན་མངོན་ཤེས་སོགས་ཀྱིས་བརྟག་པ་ལས། གཏན་ཚིགས་རིགས་པའི་ལམ་ནས་གཏན་འབེབས་བྱེད་ཐུབ་ཀྱི་མ་རེད། མཚན་ཉིད་རིགས་པ་དང་ཚན་རིག་སོགས་ཀྱི་ལམ་ནས་ཀྱང་འགྲེལ་བཤད་ཁེགས་པོ་ཡིན་རྒྱུ་རེད། སྐབས་དེར་༧གོང་ས་མཆོག་ནས་ཀྱང་ས་སྐྱའི་ལམ་འབྲས་ཀྱི་ཚད་མ་བཞི་ལས་འཕྲོས་ནས། ཉམས་མྱོང་ཚད་མ་བཤད་པའི་སྐབས་སུ་ཚན་རིག་གྱིས་གཏན་ལ་འབེབས་མི་ཐུབ་པའི་དཔེ་མཚོན་མང་པོ་ཞིག་གསུངས་སོང་ང་།
གལ་ཏེ་གཏན་ཚིགས་རིགས་པའི་ལམ་ནས་ཤོད་ཟེར་ན། ༡༽་ཡུལ་ཁྱད་པར་ཅན་རྒྱལ་ས་ཝ་ཤིན་ཀྲོན་ནས། ༢༽གང་ཟག་ཁྱད་པར་ཅན་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ་༧གོང་ས་སྐྱབས་མགོན་རིན་པོ་ཆེས་དྲུང་ནས། ༣༽ ཆོས་ཁྱད་པར་ཅན་ཐབས་ཤེས་ཡ་མ་བྲལ་བའི་ཆོས་ཐུན་དཔལ་དུས་ཀྱི་འཁོར་ལོ་གསུངས་སྐབས། ༤༽ གདུལ་བྱ་ཁྱད་པར་ཅན་ཀླུ་སྨྱོན་རིན་པོ་ཆེ་ལ། ༥༽ རྟོགས་པ་ཁྱད་པར་ཅན་སྙིང་རྗེ་རྒྱུད་ལ་འཁྲུངས་ནས། ༦༽ ལས་ཁྱད་པར་ཅན་སྐྱེས་པ་མང་པོར་རང་གི་མ་རྒན་བྱས་མྱོང་པའི་ཕུག་རོན་ནད་རོ་ཞིག་ལ་བསྔོ་སྨོན་གསུངས་པ་བཅས་ལས། བསྒྲུབ་བྱ་ཁྱད་པར་ཅན་བདེ་འགྲོ་འཕོ་བ་འདི་གོང་བསྒྲིགས་ནས་བཤད་ན་འགྲེལ་བཤད་འཚམ་པོ་ཞིག་ཡོད་པ་ཏན་ཏན་རེད་ལགས།།
གོང་གི་འདི་དག་ཚད་མ་རྣམ་འགྲེལ་ན་ཆོས་ཀྱི་གྲགས་པའི་ཕྱོགས་སྔ་སློབ་དཔོན་དབང་ཕྱུག་སྡེ་ཟེར་མཁན་ཞིག་གིས་ཚུལ་དྲུག་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་བཞག་ཡོད་པ་ལྟར། ངས་ཀྱང་ཚུལ་དྲུག་གི་སྒོ་ནས་བསྒྲུབ་བྱ་དེ་ཕ་རོལ་པོ་ལ་གོ་བར་བྱས་པའོ།།
ཨ་ཁུ་ཀླུ་སྨྱོན་ཚང་གི་རྨི་ལམ་རྗེས་མ་དེ་སྔོན་ཆད་ཀྱང་ཐེངས་གཅིག་གསུངས་སོང་། ངོ་མ་ལུས་དང་གྲིབ་མ་་བཞིན་འགྲོག་ནས་སྡོངས་གྲོགས་མཛད་པའི་མཁའ་འགྲོ་མ་ཞིག་ཡིན་ས་རེད། དེ་འདྲ་མ་ཞིག་ཡོད་བཞིན་དུ་ད་དུང་འཇིག་རྟེན་ཕལ་བའི་བུ་མོ་དག་ལ་སེམས་ཤོར་དགོས་དོན་མི་འདུག་ག སངས་རྒྱས་ལ་ཀ་ཁ་རེད་དེ་མཁའ་འགྲོ་མ་ཡིན་རུང་ཕྲག་དོག་ཡོད་ན་ཐང་ཡ།
ཟླ་མེད་བདེན་པ་རེད། བསྙེན་སྒྲུབ་ཀྱི་སྐབས་ཀྱི་རྨི་ལམ་གསང་དགོས་པ་རེད། ང་ལོ་འགའི་སྔོན་རིག་བྱེད་མའི་མཚམས་ཤིག་ལ་བསྡད་པ་ཡིན། དུས་ཚོད་ཐུང་ཐུང་བདུན་ཕྲག་གཅིག་ལས་མ་བསྡད་ཀྱང་རྨི་ལམ་སྐྱིད་པོ་དཔེ་མེད་དེ་འདྲ་བཏང་སོང་ལ། གལ་སྲིད་ཟླ་བ་གཅིག་ལ་བསྙེན་པ་འདི་སྐྱེལ་ཐུབ་ན་ངོ་མ་དགའ་རབ་ཅིག་ཡོང་ས་རེད་སྙམ་པ་དེ་འདྲ་འདུག་ཀྱང་དེ་དུས་ཀྱི་རྨི་ལམ་དག་མི་གཞན་ལ་བཤད་ཀི་མེད། གོང་གི་རྨི་ལམ་བུ་མོ་དེ་ནི་བསྙེན་སྒྲུབ་སྐབས་དམིགས་བསལ་དེ་འདྲའི་དུས་མ་ཡིན་པར་རྒྱུན་དུ་ཡོང་བ་ཞིག་ཡིན་པས་མི་གཞན་ལ་སྐབས་རེར་བཤད་ཐལ་འགྲོ་གི་འདུག
དེང་སང་གྲུབ་སྨྱོན་གང་མིན་གང་ཤེས་མོད།་་རྨི་ལམ་རྨིས་ན་མཁའ་འགྲོ་མ་ཟེར་བའི་བུད་མེད་རྐྱང་རྐྱང་མ་གཏོགས་རྨིས་ཀྱིས་མེད་པ་འདྲ་བས།་་་གཅིག་བྱས་ན་སྙིགས་མའི་དུས་འདིར་མཁའ་འགྲོ་མས་མ་གཏོགས་སེམས་རྒོད་སྨྱོན་པ་དག་ལ་སྡོངས་གྲོགས་དང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་ས་རེད།་་་ངོ་མ་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་ན་རྨི་ལམ་ལས་མཁའ་འགྲོ་མས་ཁ་བརྡ་ལག་བརྡ་བྱེད་སྲིད་ཀྱང་།་་་བྱེད་སྟངས་བྱེད་ལུགས་དབང་བོ་གཉིས་སྦྱོར་གྱི་ཁུ་བ་ཕྱི་ལ་འཕོ་རུ་བཅུག་ནས་ཉལ་ཆས་དང་ཉལ་གདན་རློན་པར་གཏོང་བ་ནི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།་་འདི་ཡང་རྒྱུ་རྐྱེན་རྟེན་འབྲེལ་གྱིས་འཐུས་ཡིན་ས་རེད།་་་ངོ་མ་མང་གི་ཡ།་་་་
རྨི་ལམ་གྱི་སྐོར་གྱི་དཔེ་ནི་ན་རོ་ཆོས་དྲུག་གི་ནང་དུ་གཟིགས་དང་དེར་ལེའུ་ཞིག་ཡོད་འདུག
གཞན་བོན་པོའི་དཔེ་ནི་ཁྱེད་རྣམས་ལ་ཐུགས་འདོད་ཡོད་མདོག་ཁ་བོ་མ་རེད།
འོན་ཀྱང་ཀླུ་སྨྱོན་ནི་མཐོང་ཕུལ་ཆེ་ཞིང་སེམས་ཁོག་ནམ་མཁའ་ལྟ་བུ་ཞིག་ཡོད་པ་ང་དྲ་རྒྱ་འདིར་སླེབས་པ་ནས་བཟུང་སྟེ་ཁྱེད་ལ་ཡོན་ཏན་དེ་འདྲ་ཞིག་ཡོད་པར་ཤེས་བྱུང་བས། གལ་ཏེ་ཁྱེད་ལ་གཟིགས་འདོད་ཡོད་ན།
བོན་གྱི་དཔེ་གཞུང་། ༼མ་རྒྱུད་སངས་རྒྱས་རྒྱུད་གསུམ༽ཞེས་པ་གསང་སྔགས་ནང་པའི་གཞུང་ལས་ཀྱང་ཤིན་ཏུ་དོན་ལྡན་པའམ་ཡེ་གཤེན་ཆེན་པོ་རྫོགས་རིམ་གཙོ་བོར་སྟོན་པའི་གདམས་པ། ཐབས་དྲུག་ལམ་ཁྱེར་ལས། ༼མ་རྒྱུད་ཐུགས་རྗེ་ཉི་མའི་རྨི་བ་ལམ་དུ་ཁྱེར་བའི་འགྲེལ་པ་བཞུགས་པ་ལེགས་སོ།༽
ཞེས་པར་གཟིགས་དང། མཁའ་འགྲོ་མ་གཅིག་ལས་བཅུ། བཅུ་ལས་བརྒྱ། བརྒྱ་ལས་སྟོང། སྟོང་ལས་ཁྲི་ཕྲག་བྱེ་བ་ས་ཡ་ལས་སོགས་ནམ་མཁའ་གང་བར་སྤྲུལ་བསྒྱུར་གྱི་ཐབས་ལམ་རྒྱ་ཆེ་བར་བཞུགས་ཡོད་འདུག
ཁྱེད་ཀྱི་ཆུང་འདྲིས་བྱམས་པ་ལ་དམིགས་པ་བསྒྱུར་ཏེ་རྨི་ལམ་སྤྲུལ་བསྒྱུར་བྱེད་ཆོག་གི་རེད།
དེ་རིང་འདི་ན་ངོ་མས་ཁ་བརྡ་སྐྱིད་པོ་ཟིག་བྱས་མེད་ཀི་ན་ཡུམ་་་་་འདི་མོ་ཁ་བརྡ་སྐྱིད་པོ་མ་གོ་ནས་ཡིན་རིང་བུད་ཐལ་་་་་་་་གཞོན་ནུ་ཟླ་མེད་ཀྱི་མཆན་ཨང་ཉེར་དགུ་བ་དེས་་་་གྲོད་ཁོག་ན་བཅུགས་སོང་་་་་ཧཧཧཧཧཧཧཧཧཧ
རྨི་ལམ་མང་ན་བཟང་རྒྱུ་མེད། གཉིད་སྟུག་པོ་ལོག་གི་མེད་པའི་རྟགས་རེད། ལོ་ན་ཚོད་མཐོ་རུ་སོང་བ་དང་ལྷན། ལུས་ཀྱི་རླུང་ཁམས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད། དེ་ནས་གཉིད་སྲབ་སྲབ་ཅིག་མ་གཏོགས་ཡོང་ཐུབ་ཀྱི་མེད། ཨོ་་་དེ་ནས་རྨི་ལམ་ཁྲལ་ཁྲུལ་རྐྱང་རྐྱང་རྨིས་ཀྱིན་ཡོད་ནི་རེད། མདོ་དོན་རྒས་རྟགས་རེད་ཟེར་རྒྱུ་ཡིན།
ཁ་བརྡ་ལགས། མཆན་བུའི་དུས་ཡུན་རྫོགས་པའི་ཚད་གང་འདྲ་རེད།
རྨི་ལམ་བརྟག་ཐབས་ལས་ལས་བཤད་པ་ལྟར། ནམ་གྱི་ཆ་སྟོད་སྔ་མའི་བག་ཆགས་ཡིན་པ་དང་ནམ་གུང་གི་རྨི་ལམ་ནི་བདུད་ཀྱི་ཆོ་འཕྲུལ་ཡིན་པ་དང་ཐོ་རངས་ཀྱི་རྨི་ལམ་ནི་མ་འོངས་ལུང་བསྟན་ཡིན་པ་རེད། སྤྱིར་ན་རྨི་ལམ་གྱི་སྐོར་འདི་སྒྱུ་མའི་དཔེ་བརྒྱད་ཀྱི་རྨི་ལམ་དང་མངོན་རྟོགས་རྒྱན་ལས་རྨི་ལམ་ན་ཡང་ཆོས་རྣམས་ཀུན།།རྨི་ལམ་ལྟ་བུར་ལྟ་ལ་སོགས།།ཞེས་པ་ལྟར་ཐ་མལ་བའི་ཤེས་པ་རྟོགས་པ་ཁྱད་པར་ཅན་དུ་འཕོ་འགྱུར་བྱུང་སྐབས་རྨི་ལམ་གྱི་རྟགས་མཚན་མི་འདྲ་བ་རེ་ཡོང་གི་ཡོད་པ་དང་། ང་རང་ཚོའི་རྨི་ལམ་ཕལ་ཆེ་བ་སྔ་མའི་བག་ཆགས་ཀྱི་དབང་གིས་ཤར་བསྡད་པ་ཞིག་ལས་གང་ཡང་མིན། མཚམས་རེར་གང་ལ་དགའ་ན་དེ་ལ་མཁས་པའི་དཔེ་ལྟར་ནམ་རྒྱུན་ཡང་དང་ཡང་དུ་རྨི་ལམ་བརྟག་ན་ཡག་པོ་ཡོང་གི་ཡོད་ཚོད། ཐབས་ཡག་ཤོས་ནི་རེ་དོགས་ཀྱི་བསམ་པ་གཞན་མེད་པར་དགུང་དྲོར་ཉལ་ཁར་བླ་མ་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ་ནས་ཉལ་ན་རྨི་ལམ་གསལ་བོར་ཡོང་བར་མ་ཟད་ལོ་ནས་ལོར་དྲན་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད། དགེ་སློང་གིས་རྨི་ལམ་དུ་བུད་མེད་ལ་ཆགས་སྤྱོད་བྱེད་པ་དེ་ལ་སྡིག་ལྟུང་གང་ཡང་ཡོད་པ་མ་རེད། དེའི་རྒྱུ་མཚན་བཅོམ་ལྡན་འདས་ཀྱིས་བཅས་པ་མ་མཛད་པ་དང་བག་ཆགས་ཀྱི་སྣང་བ་ཞིག་ཡིན་སྟབས་འགོག་ཐབས་ཡོད་པ་རེད།
ཨ་ལགས་གླུ་སྨྱོན་གྱིས་སློབ་དཔོན་དམ་པ་དང་བུ་མོ་མཛེས་མ་གཉིས་ཅིག་ཆར་དྲན་པ་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་ཚོད།
རྩ་འདབ་བརྒྱད་སྙིང་གི་ཕོ་བྲང་ན།།
མགོན་བླ་མ་ཡི་དམ་ཞི་ཁྲོ་དང་།།
ཡུམ་རྡོ་རྗེ་ཕག་མོས་གཙོ་བྱས་ནས།།
སེམས་ལྷན་སྐྱེས་བདེ་བས་སྨྱོ་བར་ཤོག།
མཆན་བུའི་དུས་ཡུན་རྫོགས་པའི་ཚད། དེ་ཁ་བརྡ་ཚང་གིས་བཤད་མི་དགོས་ངས་ཞུས་ཆོག རང་གཞུང་ལ་ངན་སྨོད་དང་སྤྱི་ཚོགས་ནང་འཁྲུག་བསླངས་པའི་ཚིག་མཚོན་ཡོང་ཚེ་མཆན་བུའི་དུས་ཡུན་རྫོགས་རེད། ཤེས་སོང་ངམ་དྲ་གྲོགས་ཚོ།
decnhygk vkr,glo dig;e;pdp
ཀླུ་སྨྱོན་ཁྱེད་ཀྱི་རྩོམ་ཡིག་བཀླག་པའི་རྗེས་ལ་སེམས་ཚོར་སྔར་ལས་མི་འདྲ་ཞིག་སླེབས་ཀྱི་འདུག་༔
གཉིད་དུས། འཆི་བ་དང་། ཆོས་སྐུར་ཉེ།
རྨིན་དུས། བར་དོ་དང་། ལོངས་སྐུར་ཉེ།
སད་དུས། སྐྱེ་བ་དང་། སྤྲུལ་སྐུར་ཉེ།
ཀླུ་སྨྱོན་ལགས། གོང་དུ་སྐུ་ཉིད་ཀྱི་མི་ཆོས་བླ་མའི་རྫུན་གྱི་སྐོར་ཞིག་གསུངས་འདུག ངས་འདི་ནས་དེ་སྐོར་ལ་ཅུང་ཟད་བཤད། མི་ཆོས་བླ་མའི་རྫུན་ཟེར་བ་ཡིན་མིན་རང་གིས་བརྟག་དགོས་པ་རེད། མི་ཆོས་བླ་མའི་རྫུན་ཤེས་པ་ལ་དང་པོ་མིའི་ཆོས་དང་བླ་མའི་ཆོས་གཉིས་གོ་དགོས་པ་རེད། དེ་ལ་ཡང་འགྲེལ་བཤད་མི་འདྲ་བ་གཉིས་འདུག
༡༽ལུང་རྣམ་འབྱེད་ལས། མིའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་མི་རྣམས་ཀྱིས་ཐོབ་ཀྱི། ཟ་མ་དང་མ་ནིང་གིས་ཀྱང་མི་ཐོབ་ན། དམྱལ་བ་དང་ཡི་དྭགས། དུད་འགྲོ་སོགས་ཀྱིས་ལྟ་སྨྲོས་ཀྱང་ཅི་དགོས་པའི་ཕྱིར། བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པ་བས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པ་བས་གཟུགས་མེད་པའི་ཁམས་ལས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ་ཞེས་གསུངས་སོ། འདི་ལྟར་ན་འདོད་ཁམས་པ་ཞིག་གིས་མི་ཆོས་སྟེ་མྱང་འདས་ཐོབ་མེད་ཀྱང་ཐོབ་ཡོད་པར་སྨྲས་པ་དང་། ཁམས་གོང་མའི་ཡོན་ཏན་ཐོབ་མེད་ཀྱང་དེ་ཐོབ་ཡོད་པར་སྨྲས་པ་ནི་མི་ཆོས་བླ་མའི་རྫུན་ཡིན་ནོ།
༢༽ མི་ཆོས་བླ་མའི་རྫུན་འགྲེལ་སྟངས་གཞན་ཞིག་ནི། ལུང་རྣམ་འབྱེད་ལས། མིའི་ཆོས་ནི་སྒྲིབ་པ་ལྔ་བོ་དག་གོ བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ་ཞེས་གསུངས་སོ། འདི་ལྟར་ན་མིའི་ཆོས་ལྔ་སྟེ། འདོད་འདུན་དང་། གནོད་སེམས་དང་། གཉིད་རྨིགས་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ་མི་ཆོས་འདི་ལྔ་བོ་ལ་གནས་བཞིན་དུ། བླ་མ་སྟེ་དེ་ལྔ་སྤངས་པར་སྨྲས་ན་མིའི་ཆོས་བླ་མའི་རྫུན་ཟེར་བ་དེ་ཡིན་ནོ།
གཞན་ཡང་རང་ཉིད་ལ་ཡོན་དན་དེ་མེད་བཞིན་དུ་ཡོད་ཟེར་ནས་སྨྲས་ན་རྫུན་ཙམ་ཡིན་ས་རེད། གོང་གི་བླ་མའི་ཡོན་ཏན་དེ་དག་ཡོད་བཞིན་དུ་ཡོད་པར་སྨྲས་པ་ཡིན་ན་ཡང་། ཉེས་པ་རྩ་ནས་མེད་པ་མིན་དེ། དགྲ་བཅོམ་བདེན་སྨྲས་ལྟུང་བྱེད་འབྱུང་པར་གསུངས་པའི་ཕྱིར་རོ། འདི་དག་ནི་གཞུང་ལུགས་ནས་བཤད་པ་དག་ཡིན།
འདི་དག་ལ་མི་འགལ་ན་མིས་ག་རེ་ཟེར་ན་ཡང་ཟེར་ཆུག མི་ཆོས་བླ་མའི་རྫུན་དུ་འགྲོ་སྟངས་ཡོད་ནི་མ་རེད།
རུ་ཤུལ་བུ། ཚང་མ་དེ་འདྲ་ཡིན་ས་མ་རེད། རླུང་ཁྲོད་་ཀྱི་མར་མེ་སོགས་མཆན་ལེགས་ཉེས་གང་ཡང་འདོག་ལོང་མེད་པར་མ་རྩོམ་བཀོད་པ་དང་མཆན་བུའི་དུས་ཡུན་རྫོགས་པ་གཉིས་དུས་མཉམ་རེད་འདུག་ག
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱི་དགོང་ཚུལ་བཞིན་ང་ལའང་ཤར་སོང་། རླུང་ཁྲོད་ཀྱི་མར་མེ་ལ་མཆན་སྒོ་རྒྱག་དགོས་པ་ཅི་ཡིན་རྟོག་པའི་གནས་སུ་ཡོད།
དགེ་སློང་ངམ་གྲྭ་བ་ཚད་ལྡན་ཞིག་ལ། འདོད་ཆགས་ཅན་མ་རྨི་ལམ་མང་པོ་བཏང་ན་དེ་ནི་་་ཉུ་ལེ་མ་་་ཚེ་ཡི་བར་ཆོད་གཏོང་དུ་ཡོང་བ་ཡིན་པས། དགེ་སྦྱོར་བས་སྔོ་བ་སྨོན་ལམ་དང་བགེེག་གླུད་སོགས་ཀྱི་རིམ་གྲོ་བྱེད་དགོས། ཅིས་ན་ཕོ་ཐིག་ལེ་ལ་ཚེ་སྲོག་གི་དྭངས་མའི་རྒྱུན་གནས་ཡོད་པར་གསུངས་ཡོད་པས། དེས་ན་ཐིག་ལེ་གང་བྱུང་ཟག་ན་དགེ་སྦྱོར་བའི་ཚེ་ལ་གནོད་པ་ཡོང་གི་ཡོད་པ་རེད། སྤྱིར་རྨི་ལམ་ཡག་སྡུག་ག་རེ་བཏང་བ་ཡིན་ནའང་དགའ་སྡུག་མེད་པར་བཏང་སྙོམ་ངང་ལ་གནས་དགོས་རྒྱུ་དེ་གལ་ཆེ། རྒྱུ་མཚན་ནི་རྨི་ལམ་མང་ཆེ་བ་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ཤེས་དགོས། །
རྨི་ལམ་ཆགས་པར་སོང་ན་ལྷ་ཡུལ་སྐྱེ་བའི་རྒྱུ། རྨི་ལམ་སྡང་བར་སོང་ན་དམྱལ་བ་སྐྱེ་བའི་རྒྱུ།
རྨི་ལམ་གཏི་མུག་སོང་ན་དུད་འགྲོ་སྐྱེ་བའི་རྒྱུ། རྨི་ལམ་རྨི་ལམ་ལ་ངོས་ཟིན་ན་ཐར་པ་ཟིན་པའི་རྒྱུ།