བསྟན་འཛིན་ཚེ་བརྟན་ཆེ་བ། རང་ལོ་༡༥ འཛིན་རིམ་༡༠ དཔེ་སྟོན་སློབ་གྲྭ
ཉིན་མོ་དེར་ངས་གསེར་མདོག་ཅན་གྱི་ཉི་མ་ལ་བལྟ་སྐབས་ཁོང་གིས་ཞེན་ཆགས་དང་འཁྲེང་སེམས་ཀྱི་སྒོ་ནས་རི་རབ་རྒྱབ་ལ་ནུབ་སོང་ལ། དེ་ནས་རིམ་བཞིན་བུ་མོ་ངས་གནམ་མཁར་བལྟས་པ་ན། བྱ་བྱིའུ་རྣམས་རང་གནས་སུ་ངལ་གསོ་བར་བསྐྱོད་བཞིན་འདུག་ལ་ཐོག་ཁང་འོག་གི་མ་མ་ཚང་མས་རང་ཉིད་ཀྱི་བྱིས་པ་རྣམས་ལ་དགོང་ཟས་བཟའ་བར་ཤོག་ཅེས་སྐད་འབོད་བྱེད་ཀྱིན་འདུག་ལ། མྱུར་ཞིང་བྱིས་པ་ཆུང་ཆུང་རྣམས་ངོ་ལག་གཙང་མ་བཟོས་ནས་དགོང་ཟས་བཟའ་བར་ཕྱིན། ཀུན་གསལ་ནམ་མཁར་ཡོངས་སུ་སྐར་ཚོགས་འདྲ་མིན་གྱི་འོད་ལྷེམ་ལྷེམ་བྱེད་བཞིན་འོད་ཟེར་ཅན་གྱི་ཟླ་དཀར་སྒོར་མོ་དེ་ཤར། བུ་མོ་ངའི་གོམ་སྟབས་དལ་མོའི་ཉལ་ཁྲའི་ཕྱོགས་སུ་སྤོས་པ་ན་ཆུང་བྱིས་པའི་དུས་སུ་ང་ཡི་ཕ་མ་གཉིས་ཀྱིས་ང་ལ་ཨ་ལད་པད་ཀོ་དཀར་པོ་ཆུང་ཆུང་ཞིག་ལག་རྟགས་གནང་བའི་ཨ་ལད་པད་ཀོ་ཆུང་ཆུང་དེས་ང་ལ་རེ་སྒུག་བྱེད་བཞིན་འདུག
གུས་མོ་ངས་མགྱོགས་མྱུར་གྱི་ཨ་ལད་པད་ཀོ་དེའི་ཉེ་འགྲམ་དུ་སོང་ནས་མར་སྔས་མགོར་མགོ་བོ་བཞག་པ་ན་རྨི་ལམ་གྱི་ཞིང་ཁམས་ཕྱོགས་སུ་བསྐྱོད་སོང། ཨེ་མ་ སྤང་ལྗོངས་དེ་མཛེས་སྡུག་ལྡན་པ་ལ་ཨང་། ཕྱོགས་བཞི་ཡོངས་སུ་རི་བོ་ཆུང་ཆུང་གིས་ཁེངས་བཞིན་རི་བོ་དེའི་སྟེང་དུ་གངས་དཀར་པོའི་མཐའ་བསྐོར་འདུག འོད་ཟེར་ཅན་གྱི་ཉི་འོད་དེའི་གངས་དཀར་རྣམས་ཆུ་བོ་རྒྱུན་བཞིན་མར་སྤང་ལྗོངས་སྟེང་རྒྱུགས་བཞིན་འདུག ཆུ་བོ་དེའི་རྗེས་སུ་རྒྱུགས་པ་ན་ཁང་པ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་བུ་མོ་ཞིག་གི་སྡུག་བསྔལ་གྱི་ངུ་སྐད་ཐོས་བྱུང་།
བུ་མོ་ངས་ངུ་སྐད་དེའི་ཕྱོགས་སུ་རྒྱུགས་པ་ན་པཱ་ལགས་ཞིག་སྒོའི་འགྲམ་དུ་དངངས་འཚབ་ཀྱིས་ཡར་མར་རྒྱུགས་བཞིན་འདུག་ལ་ཞལ་ནས་མ་ནི་ཡང་ཐོས་བཞིན་འདུག ངས་མྱུར་བཞིན་ཁང་པའི་དྲ་མ་ཕྱོགས་སུ་བལྟས་དུས་སྐྱེ་དམན་མང་པོ་ཞིག་གི་ལག་ཏུ་རས་ཆ་རིང་པོ་ཞིག་བཟུང་ནས་འདུག་པ་དེའི་ནང་དུ་སྐྱེ་དམན་ཞིག་གི་ངུ་སྐད་ཐོས་བྱུང་། དེ་ནས་རིམ་བཞིན་སྐར་མ་ཁ་ཤས་ཤིག་སོང་བ་ན་ཕྲུ་གུ་དམར་འབྱར་ཞིག་གི་ངུ་སྒྲ་ཐོས་པ་དང་མི་མང་དེ་ཚོའི་གདོང་ལ་དགའ་ཚོར་གྱི་རྣམ་འགྱུར་དེ་མཐོང་བྱུང་། བྱིས་པ་དམར་འབྱར་དེར་བལྟས་པ་ན་མཁུར་ཚོས་དམར་ཞིང་ཀུ་ཤུ་ལྟར་འདྲ་ལ་གཟུགས་པོ་དེ་ནི་ཨ་ལད་པད་ཀོ་ལྟར་ཆུང་ཆུང་ལྟར་འདུག
བྱམས་སེམས་ཅན་གྱི་ཕ་མ་གཉིས་ཀྱིས་བྱིས་པ་ཆུང་ཆུང་དེ་ལ་བྱམས་སྐྱོང་དང་བརྩེ་སེམས་ཀྱི་ཐོག་ནས་གསོ་སྐྱོང་བྱེད་ཀྱི་འདུག རིམ་བཞིན་བྱིས་པ་ཆུང་ཆུང་དེ་འཛིན་རིམ་དང་པོར་སླེབས་པ་ན་ཕ་མ་གཉིས་ཀྱི་སྒོར་ལྔ་ཉིན་རེར་བྱིས་པའི་སྟོད་གོས་ཀྱི་ཁུག་མ་ནང་བླུགས། བྱིས་པ་ཆུང་ཆུང་དེ་ཡིས་འབད་བརྩོན་ལྷོད་མེད་ངང་ཤེས་ཡོན་ལ་དོ་སྣང་སྤྲད་ནས་འཛིན་རིམ་མཐོ་རུ་ཕྱིན། རྗེས་སུ་ནར་སོང་རྗེས་བྱིས་པ་དེ་ཡི་རང་ཉིད་ཀྱི་ཕ་མ་གཉིས་ལ་དྲིས་ལན་མཇལ་ཐུབ་པའི་དམ་བཅའ་བཞག
སྐབས་ཐོག་དེར་བུ་མོ་ངའི་རྣ་བའི་ནང་དུ་ཡར་ལངས་ཞེས་པའི་སྒྲ་དེ་ཐེངས་མང་ཐོས་པ་ན་གཉིད་ལས་སད་བྱུང་། དེ་ནི་ང་ཡི་རྨི་ལམ་ཞིག་རེད་འདུག བུ་མོ་ངས་རྨི་ལམ་དེ་ཉིན་ལྟར་རྨིས་ཀྱི་འདུག་ལ་ངས་ཀྱང་བྱིས་པ་དེ་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་ཡིན།
་་་་འོད་ཟེར་ཅན་གྱི་ཟླ་དཀར་སྒོར་མོ་དེ་ཤར། ་་་ཞེས་ཟླ་བ་ལ། ཟླ་དཀར་ལབ་པ་འདི་ཤིན་ཏུ་ནས་འཐད།
དེའི་ཕྱོགས་སུ་རྒྱུགས་པ་ན་པཱ་ལགས་ཞིག་་་
འདི།
དེའི་ཕྱོགས་སུ་རྒྱུགས་པ་ན་པཱ་༼ཕ་༽ལགས་ཞིག་
ཡང་ན།
དེའི་ཕྱོགས་སུ་རྒྱུགས་པ་ན་ཨ་ཕ་ལགས་ཞིག་
ཕ་མ་གཉིས་ལ་དྲིས་ལན་མཇལ་༼འཇལ་༽ཐུབ་པའི་དམ་བཅའ་བཞག
ཡག་པོ་འདུག ལམ་ཁ་ཆུང་ངུའི་ནང་གོམ་པ་སྤོས་ཚར་འདུག མུ་མཐུད་དང་ཡག་པོ་ཡོང་བ་འདུག ན་ཆུང་ལགས་ང་ཁྱེད་ལ་རེ་བ་ཆེན་པོ་ཡོད། །
ཁང་དཀར་ཚང་གིས་པེ་ཅིན་དུ་འཆད་ཁྲིད་གནང་བཞིན་པ།
[ རྣོ་མིག ] [ 2014-3-24 ]
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་སླར་ཡང་པེ་ཅིང་དུ་དཔེ་ཁྲིད་གནང་བཞིན་པ།
ཕྱི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་བཟུང་། ཉི་ཧོང་གི་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་སླར་ཡང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་དཔེ་ཁྲིད་གནང་འགོ་བརྩམས་ཤིང་། རྒྱུས་ལོན་པ་ལྟར་ན་ཁོང་གིས་ཐེངས་འདིར་ཟླ་གཅིག་རིང་ལ་པེ་ཅིང་དུ་དཔེ་ཁྲིད་གནང་རྒྱུ་ཡིན་པ་སྟེ། བདུན་ཕྲག་རེའི་གཟའ་ཟླ་བ་དང་གཟའ་ལྷག་པའི་ཉིན་དཔེ་རྙིང་དཔྱད་ཞིབ་སྐོར་ནས་དཔེ་ཁྲིད་གནང་བ་དང་། གཟའ་མིག་དམར་དང་གཟའ་ཕུར་བུ་ཉིན་བོད་མཁས་པའི<>གྱི་ལེའུ་གཉིས་པ། གཟའ་པ་སངས་ཉིན་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སྐོར་བཅས་ནས་དཔེ་ཁྲིད་གནང་རྒྱུ་རེད།
ངའི་རྨི་ལམ་ཞེས་པའི་ཆེད་རྩོམ་འབྲི་མཁན་འདི་ནི། བསྟན་འཛིན་ཚེ་བརྟན་ཆེ་བ། རང་ལོ་༡༥ འཛིན་རིམ་༡༠ པ་ཁོང་ནི། དཔེ་སྟོན་སློབ་གྲྭའི་གཟི་བརྗིད་ཅིག་རེད།
དངོས་གནས་སྙན་མོ་བྲིས་འདུག་པས།་་་་་་་རྗེས་སུ་ཡི་རང་ཡོད།་་་་མུ་མཐུད་ནས་འདི་ལྟར་མིང་དོན་མཚུངས་པའི་དཔེ་སྟོན་སློབ་མ་ཞིག་གི་གཟི་བརྗིད་འདི་རྒྱུན་སྐྱོང་རོགས།