ཁྲོ་གཏུམ།
བྱ་སྐད་དང་ལྗོན་ཚལ་གྱི་ངོགས་སུ་རོལ་བའི་ཚོར་བ་སྟེ
ཚ་ཚ་འུར་འུར་གྱི་འཇིག་རྟེན་དུ་འཐེན་པའི་དངན་པ་ཞིག
ངའི་ལིམ་ཇ་སྦྲང་རྩི་ཅན་པོ་ཁྱེར་ཤོག
ཤིང་སྟོང་གི་ལག་པ་ལོ་མས་ཐུར་དུ་དཔྱངས་ལ
གྲིབ་བསིལ་དང་ཉི་ཐིག་འདྲེས་བའི་མདུན་ཅོག་ཀོར་མོ་འདིའི་མཁྲིས་སུ
ངས་ངེད་ཚང་གི་དབྱར་ཁ་ག་དུས་སླེབས་པར་གློ་བ་རང་གྲོས་བྱས
ངའི་ལིམ་ཇ་སྦྲང་རྩི་ཅན་པོ་ཁྱེར་ཤོག
དེ་རིང་སྦྲང་རྩི་ལྟ་བུའི་སྙན་ངག་ཅིག་བྲིས་འདུག རོལ་མྱོང་བྱེད་རྒྱུ་སྐྱིད་པོ་ཞིག་རེད།
རོལ་མྱོང་བྱེད་རདངེས་ནས་སྐྱིད་པོ་ཞིག་རེད་ཀོ